མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་དོན་ལ་རྒྱབ་སྐྱོར་གནང་རོགས།

བོད་ཀྱི་དུས་བབ།
༢༠༡༢/༠༣/༡༧
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་བཀའ་བློན་ཁྲི་པ་མཆོག་གིས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་མཆོག་གི་མཚན་ཐོག་ཏུ་སྙན་ཞུ་ཞིག་ཕུལ་ཏེ། བོད་མིའི་དགོས་འདུན་ལ་བསམ་ཞིབ་དང་བོད་དོན་ལ་རྒྱབ་སྐྱོར་གནང་རྒྱུའི་འབོད་སྐུལ་ཞུས་འདུག

ཁ་སང་ཕྱི་ཚེས་ ༡༦ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་ཁྲི་པ་བློ་བཟང་སེངྒེ་མཆོག་གིས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་སྐུ་ཞབས་བྷན་ཀེ་མོན་མཆོག་གི་མཚན་ཐོག་ཏུ་སྙན་ཞུ་ཞིག་ཕུལ་ཡོད་པ་དང་། བཀའ་ཁྲི་མཆོག་གིས་ཕུལ་པའི་སྙན་ཞུའི་ནང་། ཕྱི་ལོ་  ༢༠༠༩ ལོ་ནས་བཟུང་བོད་ནང་བོད་མི་ཚོས་རང་ལུས་མེར་སྲེག་བཏང་བའི་ལས་འགུལ་མགོ་འཛུགས་གནང་སྟེ། ད་བར་བོད་མི་ ༢༨ ཀྱིས་རང་ལུས་མེར་སྲེག་བཏང་ཡོད་པ་དང་། འདི་ལོ་གཅིག་པུར་བོད་མི་ ༡༥ ཡིས་རང་ལུས་མེར་སྲེག་བཏང་ཡོད། བོད་མི་དེ་དག་གིས་རྒྱ་གཞུང་གི་དམ་བསྒྲགས་ཀྱི་སྲིད་བྱུས་ལ་ངོ་རྒོལ་དང་། ༸གོང་ས་མཆོག་བོད་ནང་གདན་འདྲེན་ཞུ་དགོས་དགོས་འདུན་བཏོན་ཏེ་མེར་སྲེག་བཏང་ཡོད་ཀྱང་། རྒྱ་ནག་གཞུང་གིས་བོད་མིའི་ལས་འགུལ་དེ་རྒྱལ་ཁབ་ཁ་བྲལ་གྱི་ངན་བྱུས་ཡིན་པའི་སྙོན་འཛུགས་འོག ཁ་བྲལ་ལ་ངོ་རྒོལ་ཞེས་ཉེས་མིང་བཏགས་ཏེ་དྲག་གནོན་བྱ་རྒྱུའི་དྲིལ་བསྒྲགས་བྱས་དང་བྱེད་མུས་ཡིན་སྟབས། བོད་གཞིས་བྱེས་གཉིས་ཀྱི་བོད་མི་ཡོངས་ཀྱིས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ལ། བོད་ཀྱི་ས་ཁུལ་སྤྱི་དང་ལྷག་པར་རང་ལུས་མེར་སྲེག་གཏོང་སའི་ས་ཁུལ་ཁག་ཏུ་དམིགས་བསལ་སྐུ་ཚབ་ཆེད་གཏོང་བྱས་ཏེ། དངོས་ཡོད་གནས་ཚུལ་ཇི་ཡིན་རྟོག་ཞིབ་གནང་རོགས་ཞེས་འབོད་སྐུལ་ཞུ་རྒྱུ་ཡིན། ཞེས་བཀོད་འདུག

ཡང་སྙན་ཞུའི་ནང་། འདི་ལོ་ཕྱི་ཟླ་ ༣ ཚེས་ ༡༠ ཉིན་གྱི་བོད་མིའི་རང་དབང་སྒེར་ལངས་ཐེངས་ ༥༣ པའི་སྐབས་ཀྱི་ང་རང་གི་གཏམ་བཤད་ནང་། བོད་མིའི་སྒྲིག་འཛུགས་འཛིན་སྐྱོང་བཀའ་ཤག་གིས་བོད་མི་དང་གྲོས་ཚོགས། རྒྱལ་སྤྱིའི་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག དེ་བཞིན་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་མདུན་ཐང་དུ་ཟས་བཅད་ངོ་རྒོལ་གནང་བཞིན་པའི་བོད་མི་ ༣ བཅས་ཚང་མར་འབོད་སྐུལ་ཞུས་པ་བསྐྱར་ནན་ཞུ་རྒྱུ་ཡིན། བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་ནག་དང་ཁ་བྲལ་ལམ་རང་བཙན་རྩོད་ཀྱི་མེད། ང་ཚོས་གྲོས་མོལ་གྱི་ལམ་ནས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་སྒྲོམ་གཞིའི་འོག་ཡོད་པའི་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་གི་གནས་བབ་རྩོད་བཞིན་ཡོད། བོད་མི་ཚོའི་རང་དབང་གི་འཐབ་རྩོད་དེ་འཚེ་བ་མེད་པའི་འཐབ་རྩོད་ཀྱི་མིག་དཔེར་འོས་པ་ཞིག་ཡིན་པ་མ་ཟད། འོས་འཚམ་ལྡན་པའི་ཆབ་སྲིད་དང་མང་གཙོའི་བཅོས་བསྒྱུར་ཞིག་ཀྱང་ཡིན། ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་ཐད་ཨ་རི་དང་འཇར་མན། ཧྥ་རན་སི། ཨི་ཊ་ལི། ཅེག་སྤྱི་མཐུན་རྒྱལ་ཁབ། པོ་ལན་ཌི། སུད་སི། ཨོ་སི་ཊོ་ལི་ཡ། ཁེ་ཎ་ཌ། ལྷོ་ཨ་ཧྤི་རི་ཀ་གཙོས་པའི་རྒྱལ་ཁབ་ཁག་གིས་གྲོས་ཆོད་དང་གཏམ་བཤད་བརྒྱུད་སེམས་འཚབ་ཀྱི་རྣམ་པ་བསྟན་ཡོད་སྟབས། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་ལམ་སྟོན་བཀའ་ཁྱབ་ལྟར། དཀའ་ངལ་གྱི་དུས་འདིར་བོད་མིའི་དགོས་འདུན་ལ་བསམ་ཞིབ་ཐོག་རྒྱབ་སྐྱོར་གནང་རྒྱུའི་རེ་བ་བྱེད་བཞིན་ཡོད། ཅེས་བཀོད་འདུག

                                                                                                              གསར་འགོད་པ། དོན་གོ

 

འབྲེལ་ཡོད་གསར་འགྱུར།

སྲིད་སྐྱོང་དང་དཔལ་འབྱོར་བཀའ་བློན་གཅིག་ལྕོགས་སྤེན་པ་ཚེ་རིང་མཆོག དབུས་བོད་མིའི་སྒྲིག་འཛུགས་ཀྱི་པར། ༢༠༢༦།༣།༡༥
Mobile App

རྩིས་ལོ་ ༢༠༢༦ ་་་ ༢༠༢༧ ལོར་སྔོན་རྩིས་ཧིན་སྒོར་ས་ཡ་ ༣༤༠༧།༤༢ འཆར་འབུལ་ཞུས་འདུག 

ཆུ་ཚོད་ ༦ སྔོན་ལ།
སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༡༡ པ་འཚོག་བཞིན་པ། ༢༠༢༦།༣།༡༦ བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་བཅུ་བདུན་པའི་སྔོན་རྩིས་གྲོས་ཚོགས་འཚོག་མགོ་བཙུགས།

ཆུ་ཚོད་ ༨ སྔོན་ལ།
བོད་ཀྱི་གྲངས་འཛིན་དཔེ་མཛོད་ཀྱི་མཉམ་འདུས་ཚོགས་སྡེའི་ཚོགས་ཆེན་ཐེངས་གསུམ་པ་འཚོགས། ༢༠༢༦།༣།༡༣ དུས་བབ་ཀྱི་པར།
Mobile App

སྟོབས་དང་ནུས་པ་གང་ཡོད་པ་ངོས་བཟུང་ནས་ང་ཚོའི་ཞན་ཆ་ཉུང་དུ་གཏོང་དགོས་ཞེས་གསུངས།

༢༠༢༦/༠༣/༡༣
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་ཡིག བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༣།༡༣ 
༧གོང་ས་མཆོག གསུང་འཕྲིན།

བོད་མི་ནང་ཁུལ་བོད་སྐད་ཡིག་སྦྱོང་སྤྱོད་དགོས་པའི་བཀའ་སློབ་ནན་པོ་ཕེབས་འདུག

༢༠༢༦/༠༣/༡༣
Mobile App

བུད་མེད་སྒེར་ལངས་ཐེངས་ ༦༧ པ་སྲུང་གཙི་ཞུས་སོང་།

༢༠༢༦/༠༣/༡༢
རྟག་བརྟན་ལའི་བགྲོད་ལམ། བོད་ཀྱི་དུས་བབ་ཀྱི་པར། ༢༠༢༦།༣།༡༢
Mobile App

ཆར་དུས་བསླེབ་རྒྱུར་ཟླ་གསུམ་ལྷག་ལས་མེད་པས་གཙུག་ལག་ཁང་གི་གཤམ་འོག་གཞུང་ལམ་ཞིག་གསོ་མ་ཐུབ་ན་འགྲོ་ལམ་རྦད་དེ་ཆད་ཉེན་འདུག

༢༠༢༦/༠༣/༡༢

མཆན། 3

  1. ཤིང་ལོ། says:
    ལོ་ 14 སྔོན།

    གོ་སྐབས་དམ་འཛིན་གནང་རྒྱུ་བཀའ་ཁྲི་མཆོག་གི་དགོངས་པ་ཡིན་ཞིང་། བོད་མི་ཆ་ཚང་གི་འདོད་པའང་ཡིན།

    Reply
  2. དཀར་མཛེས་གཉིད་དུང་། says:
    ལོ་ 14 སྔོན།

    བླ་མ་དང་གྲྭ་པ་མ་རེད་མ་གཏོགས་བཀའ་ཁྲི་བློ་སེང་ལྟ་བུ་ཕེབས་མི་འདུག བཀའ་ཁྲི་བློ་སེང་རྒྱལ་ལོ།

    Reply
  3. ཤར་མདའ། says:
    ལོ་ 14 སྔོན།

    བཀའ་ཁྲི་མཆོག་གི་དུས་ཚོད་ངེས་ཅན་ཞིག་གི་ཐོག་འདི་ལྟར་སྙན་ཞུ་གནང་པ་ཡི་རང་དང་དགའ་འོས་པའི་བྱ་བ་རླབས་ཆེན་ཞིག་རེད་གྲུབ་འབྲས་འབྱུང་མིན་རྗེས་སུ་ལྟ་རྒྱུ་ཞིག་རེད།   

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese