མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ང་ཚོས་ཕྱི་ལ་དོ་སྣང་ལས་ནང་དུ་དོ་སྣང་དེ་ཙམ་མི་བྱེད་དོན་ཅི།

བོད་ཀྱི་དུས་བབ།
༢༠༡༢/༠༣/༡༩
Share on FacebookShare on TwitterShare on EmailShare on Whatsapp

སྐྱིད་བྱམས་བསྟན་འཛིན་དགའ་བ།

དེ་རིང་ངས་རེ་གཟའ་ཉི་མའི་གུང་གསེང་གི་དུས་ཚོད་སྤྱད་ནས་བོད་དོན་གྱི་སྐོར་ལ་རྩོམ་ཡིག་ཅིག་བྲི་དགོས་བསམ་སྟེ།  རྒྱ་གཞུང་ལ་ད་དུང་སྟོང་བསམ་ཅི་ཞིག་བཅང་རྒྱུ་ལྷག་ཡོད་དམ་ཞེས་པའི་བརྗོད་གཞིའི་ཐོག་རྩོམ་ཡིག་ཅིག་འབྲི་བཞིན་པའི་སྐབས་སུ་ལོ་ན་བཞི་བཅུ་ཙམ་ལ་སོན་ཞིང་།   དབུ་སྐྲ་བོང་བ་ལྟར་ནག་པའི་སྤྱི་གཙུག་གི་དབུས་སུ། ཞོ་ལྟར་དཀར་བའི་དབུ་སྐྲ་དཀར་པོ་ཉུང་ངུ་ཞིག   མུན་ཁྲོད་ཀྱི་སྐར་མ་ཇི་བཞིན་ལྷམ་མེར་གསལ་བ། ཞལ་གྱི་ཡས་མཆུའི་སྟེང་དུ་སོལ་ལྟར་ནག་ཅིང་བཅོ་ལྔའི་ཟླ་དབྱིབས་ལྟར་སྒོར་བའི་རྨེ་བ་ཆུང་ཆུང་ཞིག དམར་ཞིང་སྨུག་པའི་ངོ་གདོང་ན་ཅུང་བསྒྲིབས་པའི་ཚུལ་དུ་གནས་ཤིང་། དེང་རབས་ཀྱི་སྤྱི་ཚོགས་སུ་བསྒྱུར་མ་ཐུབ་པའི་ཡུལ་མི་རྣམས་ཀྱི་ལུས་དྲི་བཞིན་བྱིང་ངེར་ཐུལ་འོང་བའི་ཨ་ཅག་ལགས་ཤིག་གིས་ངའི་གྲྭ་ཤག་གི་སྒོ་ཕྱེ་ནས་བཀའ་ཤག་ལ་ཡི་གེ་ཞིག་བྲི་རོགས་ཞེས་རེ་བསྐུལ་བཏོན་བྱུང་། 

 

ངས་ལམ་སང་ག་རེའི་སྐོར་ལ་ཡིན་མིན་དྲི་བ་ཞུས་པས་རིམ་བཞིན་འོག་ཏུ་འཆད་འགྱུར་ལྟར་ཁོ་མོས་དཀའ་ངལ་སྣ་ཚོགས་ཤིག་རྫོགས་རྒྱུ་མེད་པ་ལྟར་བརྗོད་པས་ང་ཡང་ཡིད་སེམས་རབ་ཏུ་འཁྲུག་པར་གྱུར། སྐབས་དེ་དུས་ངའི་སེམས་ལ་ལོ་རབས་བཞི་བཅུ་པའི་ནང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕོ་བྲང་ནང་གི་གད་པ་ཚོ་དང་གྲོགས་འདྲིས་གནང་བ་ལས་སྤྱི་ཚོགས་ནང་དྲང་བདེན་མེད་པའི་དཀའ་ངལ་སྣ་ཚོགས་ཤིག་ཐོས་མྱོང་བ་མ་ཟད། ཉམ་ཆུང་གི་བདེ་སྡུག་ཞུ་དབང་མེད་པར་བཙན་དཀའ་གཏོང་བ་སོགས་དངོས་སུ་གཟིགས་རྟོགས་བྱུང་སྟེ་ལེགས་བཅོས་ལས་ཁུངས་དང་གྱོད་ཞིབ་ལས་ཁུངས་བཙུགས་པ་སོགས་གཅིག་མཇུག་གཉིས་མཐུད་ཀྱི་དྲན་ངོར་གསལ་འོང་ལ། ལོ་རབས་བརྒྱད་བཅུ་པའི་ནང་ཧུའུ་ཡའོ་པང་དང་ཝན་ལི་སོགས་བོད་ནང་གཟིགས་སྐོར་དུ་ཕེབས་སྐབས་ཧུའུ་ཡའོ་པང་གིས་ཧང་སངས་པའི་སྒོ་ནས། ཀྲུང་དབྱང་གིས་བོད་ལ་རྒྱ་སྒོར་དུང་ཕྱུར་ཁ་ཤས་ཀྱི་འགྲོ་སོང་བཏང་ཡོད་པ་དེ་དག་ཚང་མ་ཡར་ཀླུང་གཙང་པོའི་ནང་དུ་གཡུགས་པ་རེད་དམ་ཞེས་པའི་གསུང་སྐད་ཤོར་བ་དེ་ཡང་ཡིད་ལ་ལྷང་ངེར་དྲན་པར་གྱུར། དེ་ལྟར་དྲན་དགོས་པའི་རྒྱུ་མཚན་ནི་དེ་དང་གཅིག་མཚུངས་ཀྱི་གནས་བབ་ཅིག་ལ་ལྷུང་ཡོད་པས་མིན་པར་གནས་ཚུལ་དེ་དང་ཕྱོགས་གཅིག་འདྲ་བ་ཡོད་པས་རེད།  ཁོ་མོས་བརྗོད་དོན་ལྟར་བྱས་ན་གཞིས་ཆགས་ནང་གནད་དོན་ཐག་གཅོད་བྱེད་མཚམས་ནི་དྲང་བདེན་མིན་པར་རྒྱུ་དངོས་ཆེ་ཆུང་དེ་ཡིན་པར་བརྟེན་ཁོ་མོ་ལྟ་བུའི་འབྱོར་མེད་ཉམ་ཐག་ཚོར་ག་དུས་ཡིན་རུང་གྱོང་ཁ་རག་གི་ཡོད་པ་མ་ཟད། གོང་རིམ་ལ་བདེ་སྡུག་སྙན་གསེང་ཞུས་རུང་ངོ་གདོང་ནག་པོ་སྟོན་གྱི་ཡོད་པ་མ་ཟད། ཐེངས་དུ་མར་ཞུས་ཚེ་གཏིང་ནད་བཟུང་ནས་ལུས་སེམས་གཉིས་ལ་དཀའ་ངལ་ཚད་མེད་མྱོང་དགོས་ཀྱི་ཡོད་ཚུལ་བརྗོད་བྱུང་།   

 

ད་དུང་ཁོ་མོས་བརྗོད་དོན་དེང་སང་ཁེ་བཟང་ཚང་མ་ཧམ་པ་ཆེ་བ་དང་མགོ་བདེ་བའི་རིགས་ལ་མ་གཏོགས་ཉམ་ཆུང་ཚོར་ཅི་ཡང་རག་གི་ཡོད་པ་མ་རེད་ལ།  བོད་གཞུང་གིས་མིང་ལ་སྐྱོབ་གསོ་ཞེས་བཏགས་ཀྱང་དོན་དུ་སྐྱོབ་གསོ་དེ་དག་ཕྱུག་བདག་ཚོར་རག་གི་ཡོད་པ་མ་ཟད། གཞིས་ཆགས་ནང་ཕྱུག་པོ་མང་པོ་ཞིག་གིས་བོད་གཞུང་གི་སྐྱོབ་གསོ་བཟས་ནས་མི་མང་དངོས་གནས་ཉམ་ཐག་ཚོར་རག་གི་ཡོད་པ་མ་རེད་ཟེར། 

 

གནས་ཚུལ་འདི་དག་གིས་རྐྱེན་པས་ཁོ་མོ་ནི་རང་མི་རིགས་ཀྱི་སྤྱི་ཚོགས་ལ་རེ་ཐག་ཆད་འདུག་པ་མ་ཟད། ང་ཚོས་ཁ་ནས་ལས་འབྲས་དང་ང་ཚོ་བོད་རིགས་སྤུན་ཟླ་གཅིག་པ་ཞེས་འབོད་ཀྱང་དོན་དངོས་ཀྱི་བྱ་སྤྱོད་ནི་རང་ཉིད་མི་སྣ་གང་འདྲ་ཞིག་ཡིན་མིན་གཞན་ལ་ར་སྤྲོད་བྱ་ཆེད་ཀྱི་བརྡ་རྟགས་དེ་ཡིན་པར་བརྟེན་ཁ་ལག་མི་མཚུངས་པའི་འཕྱོན་མའི་འཛུམ་བག་དེར་ཁོ་མོ་རྦད་དེ་ཡིད་ཐང་ཆད་འདུག  གནས་ཚུལ་འདི་དག་གིས་རྐྱེན་པས་ངའི་ཡིད་ལ་གོང་གི་ལོ་རྒྱུས་ཀྱི་བྱུང་བ་དེ་གཉིས་མི་དྲན་པ་ག་ལ་སྲིད། 

 

དེ་བས་ན་རང་ཕྱོགས་ཀྱི་ཞན་ཆར་ཕྱི་ཤུན་མཛེས་པོས་བཙན་འགེབས་བྱེད་པ་ནི་རང་ཕྱོགས་ཕམ་བྱེད་ཀྱི་རྐྱེན་རྩ་དང་། རང་ཕྱོགས་ཀྱི་ཞན་ཆ་ཞན་ཆར་ངོས་འཛིན་གྱིས་དེའི་སྐྱོན་གནད་སེལ་ཐབས་བྱེད་པ་ནི་ཡར་རྒྱས་ཀྱི་ཐེམ་སྐས་དང་མཐར་ཐུག་གི་རྒྱལ་ཁ་ཉག་ཅིག་དེ་ཡིན་པར་བརྟེན་ངས་དོན་དངོས་རང་བཞིན་སྦས་གསང་མེད་པར་རྒྱ་ཆེའི་ཀློག་པ་པོ་རྣམ་པས་ཁོ་མོ་ལྟ་བུའི་ཉམ་ཐག་སྐྱོ་བོའི་གནས་ཚུལ་དག་ཤེས་རྟོགས་ཐུབ་བྱེད་དུ་རྩོམ་འདིའི་ལས་ལ་འཇུག་པ་ཞིག་ཡིན་ལ། ཁོ་མོས་ཀྱང་ང་ཚོས་ཕྱི་ལ་དོ་སྣང་བྱེད་པ་ལས་ནང་དུ་དོ་སྣང་དེ་ཙམ་མི་བྱེད་པའི་རྒྱུ་མཚན་ཅི་ཞིག་ཡིན་མིན་གྱི་རྐྱེན་རྩ་འཚོལ་འདོད་ཀྱི་རེ་སྙེག་བྱེད་པ་དེའི་ཐོག་ནས་ཀྱང་ང་ཚོར་ཅི་ཞིག་བྱ་དགོས་པའི་བསྐུལ་བརྡ་གཏོང་གི་མི་འདུག་གམ།    

 

སྤྱིར་ཁོ་མོར་འཕྲད་པའི་དཀའ་ངལ་འགའ་ཞིག་ནི་རང་ངོས་ནས་མ་འགྲིག་པའི་ཞན་ཆ་ཡོད་ངེས་ཀྱང་གཞིས་ཆགས་ནང་ཕྱུག་བདག་མང་པོས་སྐྱོབ་གསོ་ལེན་པ་དང་སྐྱོ་བོའི་རིགས་ལ་སྐྱོབ་གསོ་མ་རག་པའི་གནས་སྟངས་ནི་གོང་རིམ་ནས་ཞིབ་བཤེར་ནན་ཏན་མ་བྱས་པས་ལན་པ་ཞིག་རེད་ལ། གནད་དོན་གང་ཞིག་ཐག་གཅོད་དགོས་རུང་དཔལ་འབྱོར་གྱི་གནོན་ཤུགས་འོག་ཏུ་མ་ཚུད་པར་ལས་འབྲས་དཔང་དུ་བཟུང་སྟེ་ཐག་གཅོད་བྱ་དགོས་པ་ནི་འཆམ་མཐུན་དང་ཞི་བདེ་བག་ཕེབས་ཀྱི་ཁྱིམ་ཚང་ཞིག་སྐྲུན་བྱེད་ཀྱི་མ་ལག་གཙོ་བ་དེ་ཡིན་རུང་། ཁོ་མོའི་འཚོ་གནས་དང་འབྲེལ་བའི་གནད་དོན་ཐོག་དེ་ལྟ་བུའི་ཐག་གཅོད་བྱུང་མེད་པ་ནི་ཁོ་མོ་དང་འདྲ་བའི་འབྱོར་མེད་ཚོའི་གྱོང་གུད་གཅིག་པུ་མིན་པར་འདས་པའི་མི་ལོ་ལྔ་བཅུའི་ནང་ང་ཚོའི་སྤྱི་ཚོགས་ལ་ཕོག་པའི་གྱོང་གུད་ཚབས་ཆེ་ཤོས་དེ་རེད་ཅེས་བརྗོད་ན་མ་འགྲིགས་པ་གང་ཡང་མེད། 

 

གང་ལགས་ཤེ་ན། འདས་པའི་མི་ལོ་དེ་དག་གི་ནང་ང་ཚོའི་སྤྱི་ཚོགས་འདི་འབྱུང་འགྱུར་བོད་མི་རིགས་རང་ཉིད་ཀྱི་སྤྱི་ཚོགས་དཔལ་ཡོན་གྱི་ཐོག་ནས་འཚོ་བ་སྐྱེལ་མཁན་ཞིག་ཡོང་ཐབས་ལ་ཐུགས་རེ་ཧ་ཅང་ཆེན་པོ་གནང་སྟེ་ཤེས་ཡོན་གྱི་གོ་སྐབས་ཆ་ཚང་ཞིག་བསྐྲུན་ཡོད་རུང་།   བློ་ཕམ་པ་ཞིག་ལ་དེ་ལས་ལྡོག་སྟེ་ང་ཚོའི་སེམས་ཁམས་ལ་ནུབ་ཕྱོགས་སྤྱི་ཚོགས་དཔལ་ཡོན་གྱིས་དབང་དུ་བསྒྱུར་ཏེ་དཔལ་འབྱོར་ནི་གནད་དོན་ཐམས་ཅད་ཐག་གཅོད་བྱ་བྱེད་དུ་ངོས་འཛིན་བྱེད་མཁན་ཞིག་ཏུ་གྱུར་ཡོད། འདི་ནི་ད་ལྟ་དང་མ་འོངས་པའི་ང་ཚོའི་ཕམ་ཁ་ཆེ་ཤོས་དེ་རེད་ལ་ང་ཚོས་ད་བར་ཤེས་ཡོན་སྤྲད་པའི་དགོས་དམིགས་ལ་ལྡོག་ཕྱོགས་ཀྱི་འབྲས་བུ་སྨིན་པ་ཞིག་ཀྱང་རེད།

 

དེ་བས་ན་གནད་དོན་འདི་ཚོའི་ཐོག་ལ་གོང་རིམ་ནས་ཞིབ་བཤེར་ནན་ཏན་བྱས་ཏེ་སྐྱོབ་གསོ་དེ་དག་འདྲེ་ཤར་སྒོར་གནས་པ་ལ། གླུད་ནུབ་སྒོར་གཏོང་བ་དོན་རེ་ཆུང་ཞེས་པའི་དཔེ་ཟླར་མ་སོང་བར།  ནད་ཐོག་སྨན་གྱི་དཔེ་ལྟར་གནད་ལ་འཁེལ་བ་ཞིག་ལག་བསྟན་བྱ་དགོས་ལ། འབྲེལ་ཡོད་འགན་འཛིན་དག་ལ་སླར་ཡང་སློབ་གསོ་རྒྱུད་སྤེལ་བྱ་དགོས་པའམ་ཡང་ན་འགྱུར་བཅོས་གང་དགའ་ཞིབ་བསྡུར་གྱིས་གནད་དོན་གང་ཡང་ཐག་གཅོད་བྱེད་པའི་ཚངས་ཐིག་ནི་རྒྱུ་འབྲས་དཔང་འཕེལ་གྱི་དྲང་བདེན་ཉག་ཅིག་ཡིན་པ་ཤེས་སུ་འཇུག་དགོས་པ་མ་ཟད། ཉམ་ཆུང་ལ་ལྟ་རྟོག་བྱ་རྒྱུ་ནི་འགན་འཛིན་རྣམས་ཀྱིས་དེ་བས་ཀྱང་གཡོལ་དུ་མེད་པའི་འགན་འཁྲི་ཞིག་ཡིན་པ་དེ་ཡང་དྲན་གསོ་བྱ་དགོས། 

 

འབྲི་མཚམས་འདིར་སླེབས་དུས་ངས་༸གོང་ས་མཆོག་གིས་གསུངས་པའི་ངོས་རང་ཁྱིམ་ཚང་དམའ་བོ་ཞིག་ལ་སྐྱེས་སྟབས་མི་མང་ཉམ་ཆུང་སྐྱོ་བོའི་གནས་ཚུལ་རྣམས་གསལ་པོ་ཤེས་ཀྱི་ཡོད་པས། མི་མང་ཉམ་ཆུང་ཚོའི་འཚོ་ཐབས་འདི་གང་ལེགས་སུ་འགྲོ་བའི་ཐབས་ཤེས་བྱས་པ་ཡིན་ཞེས་གསུངས་པ་དེའང་དྲན་འོང་ཞིང་། འགན་འཛིན་དེ་དག་ཀྱང་ཁྱིམ་ཚང་དམའ་བོ་ཞིག་ལ་སྐྱེས་ཡོད་ན་ག་ཚོད་སྡུག་ཀྱང་ཁོ་མོ་ལྟ་བུའི་ཁྱིམ་ཚང་སྐྱོ་བོ་དེ་དག་གི་གནས་སྟངས་ལ་བསམ་ཤེས་ཐུབ་རྒྱུར་ཕན་ཐོགས་ཅུང་ཟད་ཅིག་ཡོང་ངེས་པ་རེད་སྙམ་པའི་རྣམ་རྟོག་ཞིག་ཀྱང་སྐྱེས་བྱུང་། 

 

གང་ལྟར་ཡང་ད་ལྟའི་དུས་སྐབས་ཀྱི་བོད་ཀྱི་ཆབ་སྲིད་འཐབ་རྩོད་ནང་གལ་གནད་ཆེ་ཤོས་ནི་རང་མི་རིགས་ཀྱི་ཆབ་སྲིད་འཐབ་རྩོད་འདི་རྒྱུ་གནས་ཐུབ་བྱེད་ཀྱི་རྐྱེན་རྩར་གཏོགས་པའི་སྐད་ཡིག་རིག་གཞུང་སྲུང་སྐྱོབ་དང་། མི་མང་ཀྱི་འཚོ་བ་སྲ་བརྟན་ཕུགས་འཕེར་ཡོང་ཐབས་ལ་གཙོ་ཤུགས་ཀྱི་ནུས་པ་འདོན་དགོས་པ་ནི་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་དོ་གལ་ཆེ་ཤོས་སུ་ངོས་འཛིན་ཐུབ་དགོས་ལ། བོད་རིགས་ཡོད་དོ་ཅོག་གིས་འགན་འཁུར་བྱ་གཞི་ཆེ་ཤོས་དེ་ཡང་རེད། དེ་ལས་ལྡོག་སྟེ་ད་ལྟའི་དུས་སྐབས་ལ་ཕྱིའི་རྣམ་འགྱུར་ཁོ་ནར་གཡེངས་ཏེ་ནང་དོན་འཐུས་ཤོས་སུ་གྱུར་ན་འབྱུང་འགྱུར་བོད་མི་རིགས་འདི་ཕྱི་ནང་གཉིས་ནས་རྐྱེན་ངན་རུ་འཛིང་གི་གནས་བབ་ཅིག་ལ་གྱར་ངེར་པར་སོང་། ད་ལྟ་ནས་གྲ་སྒྲིག་སྡུག་ས་ནས་བྱས་ཏེ་ནང་དོན་ཚགས་ཚུད་ཡོང་ཐབས་ལ་གཙོ་ཤུགས་ཀྱི་ནུས་པ་མཉམ་སྤུངས་བྱ་དགོས་པ་གལ་གནད་ཆེ་ཤོས་སུ་མཐོང་ངོ་།།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

ཆུ་ཚོད་ ༢༡ སྔོན་ལ།
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

ཆུ་ཚོད་ ༢༢ སྔོན་ལ།
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

མཆན། 1

  1. ཧོར་བུ་ཡེ་ཤེས says:
    ལོ་ 14 སྔོན།

    ཁྱེད་ཀྱིས་གསུངས་པ་བདེན་པ་རེད། ང་ཚོས་ཕྱི་ལ་དོ་སྣང་མང་དྲག་ནས་ནང་ལོག་བརྗེད་འགྲོ་ཡི་ཡོད་པ་རེད། ད་བར་མི་མང་པོ་ཞིག་གིས་དགོང་ཚུལ་ཞུ་ཡོད་ཀྱང་གཞུང་གི་ངོས་ནས་དེ་ཙམ་དོ་སྣང་བྱས་མེད་པ་རེད། ས་གནས་མང་པོ་ཞིག་ལ་གནས་ཚུལ་དེ་ཡོད་ཡོད་པ་རེད། ཁ་ཤས་ས་གནས་མགོ་འཛིན་གྱི་ཡག་པོ་མི་བྱེད་པ་དང་ཁ་ཤས་ས་གནས་དེ་རུ་ཕྱུག་བདག་རྣམས་ཀྱིས་དབང་ཤུགས་ཀྱི་འགོ་འཛིན་ལ་དབང་ཆ་མེད་པ་དང་མགོ་འཛིན་པས་ཀྱང་དུས་ཚོད་བསྐྱལ་ནས་སྡོད་ཡོད་པ་སོགས་གནས་ཚུལ་འདྲ་མིན་ཡོད་པ་རེད།
    ངས་བསམ་ཚུལ་ལ་སོ་སོའི་རྒྱལ་ཁབ་སྐྱོང་དགོས་ན་དང་པོ་ས་མཚམས་དང་མི་སེར་མཉམ་ཆུང་སྐྱོང་དགོས་པ་དེ་ནས་ཞིང་པ་དང་སློབ་གྲྭ་སོགས་བསྐྱོང་ན་རྒྱལ་ཁབ་ཡར་རྒྱས་དང་མི་རིགས་གཅིག་གྱུར་ཆགས་ཀྱི་རེད་བསམ་བཞིན་ཡོད། འོན་ཀྱང་ངས་བསམ་ཚུལ་ནོར་བ་ཡིན་མིན་མི་ཤེས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese