མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གཞི་རྩའི་རིག་གནས་ངོས་ཟིན་དགོས།

བོད་ཀྱི་དུས་བབ།
༢༠༡༢/༠༣/༢༥
Share on FacebookShare on TwitterShare on EmailShare on Whatsapp

                                         རྨེ་བ་འཇམ་དཔལ་ནོར་བུ།

མི་རིགས་ཤིག་ལ་མཚོན་ན། གང་ཞིག་དོན་དངོས་ཡིན་དང་མིན་སོགས་ཀྱི་སྐད་ཆ་ཡར་བཤད་མར་བཤད་ཇི་ལྟར་བྱས་ཀྱང་། ཐོག་མར་གནད་དུ་ངེས་དགོས་པ་ནི། མི་རིགས་དེའི་གཞི་རྩའི་རིག་གནས་ལ་གནས་ལུགས་དང་རྒྱུ་མཚན་ལྡན་པའི་ངོས་འཛིན་ཟབ་མོ་ཞིག་ཐོབ་དགོས་པ་ཡིན།

མི་རིགས་དེའི་གཞི་རྩའི་རིག་གནས་ནི་གང་ཞེ་ན། དེ་ནི་སྐད་ཡིག་སློབ་གསོའི་སྐོར་ཡིན་ལ། སྐད་ཡིག་སློབ་གསོའི་རིག་གནས་འདི་ལ་བརྟེན་ནས་མི་རིགས་རང་ཉིད་ཀྱི་ཆེས་རྨད་དུ་བྱུང་བའི་སྲོལ་རྒྱུན་དང་ཐོན་དངོས་སོགས་ལག་བརྒྱུད་བྱས་ཏེ་འོངས་དགོས་པས། རིག་གནས་འདི་ནི་འུ་ཅག་གི་གཞི་རྩའི་ཤེས་བྱ་ཡིན་དགོས་པ་བསྙོན་དུ་མེད། དོན་དངོས་འདི་ལ་སློབ་དཔོན་ཆེན་མོ་དོར་ཞི་གདོང་དྲུག་སྙེམས་བློ་མཆོག་གིས། སྐད་ཡིག་ནི་རིག་གནས་ཀྱི་བང་མཛོད་ཀྱང་ཡིན་ལ། བང་མཛོད་ཀྱི་ལྡེ་མིག་ཀྱང་ཡིན། ཞེས་གཏན་དུ་ཞུགས་པ་མེད་པའི་སྡོམ་ཚིག་འདི་འདྲ་གནང་ཡོད་པ་རེད། དེ་ནི་དངོས་གནས་བསམ་བློ་ཞིག་བཏང་ན་ཡིན་ཏེ། སྐད་ཡིག་སྤུས་ཀ་ཅན་ཞིག་མེད་ན། མདོ་རྒྱུད་ཀྱི་བསྟན་བཅོས་རིན་པོ་ཆེ་དག་གི་དགོངས་དོན་ནི་ལྟ་ཅི། མི་རིགས་རང་ཉིད་ཀྱི་འཚོ་བ་དངོས་མཚོན་པའི་དམངས་ཁྲོད་ཀྱི་རིག་གནས་མང་དག་ཅིག་གི་གསང་བ་འང་སྔོག་མི་ཐུབ་ལ། མི་རིགས་ཤིག་གི་རིག་གནས་ཞེས་ཇི་ལྟར་བཤད་ཀྱང་ཤོག་ངོས་ཀྱི་ཡི་གེ་ཙམ་དུ་ཟད་ངེས་སོ། དོན་དངོས་དེའི་ཕྱིར་ན། སྐད་ཡིག་སློབ་གསོའི་རིག་གནས་ནི་འུ་ཅག་གི་གཞི་རྩའི་ཤེས་བྱར་གྲུབ་པ་ཡིན།

དངོས་གནས་བཤད་ན། འུ་ཅག་གི་མེས་པོ་བཀའ་དྲིན་ཅན་དག་གིས་རང་ཉིད་ཀྱི་སྐད་ཆར་རང་ཉིད་ཀྱིས་ཞིབ་འཇུག་བྱས་ནས་སྐད་ཡིག་རིག་གནས་ཀྱི་རྣམ་གཞག་མང་པོ་ཞིག་མཛད་ཡོད་པས། འདི་དག་ནི་ཁོང་ཅག་གི་ཆེད་དུ་མིན་པར། ཕྱི་རབས་པ་འུ་ཅག་གི་ཆེད་དུ་ཡིན་པས། འུ་ཚོས་དུས་ཀྱི་གནས་བབས་ཀྱིས་བྱིན་པའི་སྲོག་དབུགས་སྡུད་ལེན་དང་། སྔོན་རབས་མེས་པོ་དག་གིས་བཞག་པའི་སློབ་གསོའི་རིག་གནས་ཀྱི་སྙིང་དོན་ལ་དཔུང་འཇུག་བྱེད་དགོས་མོད། དེང་སང་ཆེས་ཡིད་སྐྱོ་བ་ཞིག་ལ་འུ་ཚང་གི་གཞི་རིམ་གྱི་སློབ་མ་མང་པོ་ཞིག་གིས་བོད་རང་གི་རིག་གནས་ཀྱི་རང་རྐང་ཐུབ་པ་ཞིག་འོངས་རྒྱུར་བསམ་བློ་མི་གཏོང་བ་མ་ཟད། རང་གི་གནས་ལ་དགའ་ཞེན་དང་བརྩེ་བ་ཡོད་མཁན་ཚོར། ཨེ་ཁོས་མི་ག་གེ་མོ་ཞིག་ལ་ཁ་གཏོང་གི་འདུག ཡུལ་ག་གེ་མོ་ཞིག་ལ་ཁ་གཏོང་གི་འདུག་སོགས་ཟེར་ནས་གླེང་ལོག་སྣ་ཚོགས་ཤིག་བྱེད་ཀྱིན་འདུག

སྤྱིར་སྐད་ཆ་འདི་རིགས་ནི་ཁ་ཡ་བྱེད་དགོས་སའི་གནས་མིན་མོད། འུ་ཚང་གི་རེ་བ་ཅན་གྱི་སློབ་བུ་དག་གིས་དེ་ལྟར་གླེང་ལོག་སྣ་ཚོགས་བྱས་འོངས་ན་ངོ་མ་སེམས་ཁ་མི་བདེ་བ་ཞིག་རེད། དྲང་མོ་བཤད་ན་འུ་ཚང་གི་ད་ལྟའི་སློབ་གྲྭ་ཁག་གི་ནང་དུ་རང་གི་རིག་གནས་ལ་བློ་གཅིག་སེམས་གཅིག་གིས་དགའ་ཞེན་དང་བརྩོན་པ་མཐར་ཕྱིན་གནང་མཁན་ཅི་ཙམ་ཡོད། སློབ་གྲྭ་གཅིག་ལ་མཚོན་ན། དེའི་ནང་ནས་སློབ་མ་ཀ་ཚོད་ཅིག་གིས་བོད་ཡིག་ལ་དགའ་ཞེན་དང་བརྩོན་པ་བྱེད་ཀྱིན་འདུག དངོས་གནས་བཤད་ན་བོད་ནས་གསར་འབྱོར་བ་འགའ་ཞིག་རེད། ངས་འདི་གའི་སློབ་གྲྭ་རེ་འགའི་དགེ་རྒན་རེར་ཆེད་དུ་བཅར་འདྲི་བྱས་མྱོང་ཡོད། ཁོང་ཚོར་བཅར་འདྲི་བྱེད་སྐབས་སློབ་གྲྭ་འདི་བཟང་རབས་ཡག་རབས་ཁོ་ན་ལས་སྐྱོན་དང་མ་འདང་ས་འདི་རེད་ཟེར་ནས་སྣ་གཅིག་ཀྱང་བཤད་རྒྱུ་མི་འདུག ངོ་མ་སྐྱོན་དང་མི་འདང་ས་མེད་སོང་ནི་ཨེ་རེད་ཟེར་ན་གཏན་ནས་མ་རེད། སློབ་ཆེན་སློབ་མ་མི་རིགས་རང་ཉིད་ཀྱི་བརྡ་སྤྲོད་དང་སྤྱི་འགྲོས་ཀྱི་ཤེས་བྱའི་སྐོར་ལ་རྨོངས་བསྡད་ཡོད་པ་རེད། འདི་ནི་དངོས་གནས་མི་གླེང་ཐབས་མེད་ཅིག་རེད། །

                                        ༢༠༡༢ ། ༣ ། ༢༥ ཉིན་བྲིས།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

མཆན། 5

  1. རྨེ་བ་འཇམ་དཔལ་ནོར་བུ། says:
    ལོ་ 14 སྔོན།

    ཁྱེད་ཅག་གིས་བསམ་ཚུལ་བཏོན་པར་དགའ་ཡོད། དེང་སང་ངོ་མ་ཁྱད་མཚར་ཞིག་རེད། ང་ཁ་ངན་ནི་མིན་ད། བོད་སྐད་ཡིག་གི་འཆི་ལྟས་ཤིག་མ་རེད་ཟེར་ས་མི་འགྲོ་གི། དེ་ནི་དེང་སང་བོད་ནས་གསར་འབྱོར་བ་བ་མང་པོ་ཞིག སློབ་མ། གྲྭ་བ་སོགས་སུ་ཞིག་སླེབས་ཀྱང་། འདིར་ཐོན་དུས་ངས་བོད་ཀྱི་རིག་གནས་ཤིག་སློབ་དགོས་ཟེར་རྒྱུ་མེད་པར། ངས་དབྱིན་ཡིག་ཅིག་སློབ་དགོས་ཟེར་མཁན་རྐྱང་རེད་ལ། བོད་ཀྱི་རིག་གནས་སྐོར་གྱི་སྐད་ཆ་ཞིག་འདྲི་རྒྱུ་མེད་པར། དབྱིན་ཡིག་སློབ་ས་གང་དུ་ཡག་གི་རེད་སོགས་ཀྱི་སྐད་ཆ་རྐྱང་རྐྱང་འདྲི་རྒྱུ་འདུག དོན་དངོས་འདི་དག་ལ་བལྟས་ན། རྒྱ་ནག་གི་སློབ་གསོ་དེས་ང་ཚོ་གང་ཞིག་ཏུ་འདེད་ཀྱིན་ཡོད་པ་ཧ་གོ་ཡོང་གི་འདུག་ལ། རྒྱ་ནག་གི་སློབ་གསོ་དེས་ང་ཚོ་བགྱེལ་ནས་འགྲི་བཞིན་ཡོད་པ་འང་ཅི་ལ་ཧ་མི་གོ།

    Reply
  2. སྟག་ཕྲུག says:
    ལོ་ 14 སྔོན།

    ངས་འདི་ན་བསམ་ཚུལ་ཞིག་ཞུ་འདོད་བྱུང། ང་ཚོ་ལ་གནས་ཚད་འདིར་ལྷུང་བར་བྱེད་པའི་རྐྱེན་གཙོ་བོ་གཉིས་མཐོང་གི་འདུག དང་པོ། གཞི་རིམ་སློབ་གསོར་དགོས་ངེས་ཀྱི་རང་གི་སྐད་ཡིག་ལ་བག་ཆགས་འཇོག་མ་ཐུབ་པ། གཉིས་པ། སློབ་མའི་འབྲེལ་ཡོད་འཁོར་ཡུག་གི་གནོན་ཤུགས་སྟེ། དེ་ཡང་ཕ་མ་དང་གྲོགས་པོ་གྲོགས་མོ། དགེ་རྒན་དང་ལས་བྱེད་སོགས་རྒྱུན་དུ་སློབ་མ་ཤུགས་རྐྱེན་ཅན་གྱི་མི་རྣམས་ཀྱིས་རང་གི་སྐད་ཡིག་ལ་མཐོང་ཆེན་མི་བྱེད་པ་དང། ཐ་ན་བོད་ཡིག་སྦྱངས་པ་ལས་དབྱིན་ཡིག་སྦྱངས་ན་མདུན་ལམ་བཟང་བ་ཡོད་པའི་སློབ་གསོ་སྤྲོད་པ་ལྟ་བུ་རེད། རྐྱེན་རྩ་འདི་གཉིས་མེད་པར་བཟོ་བར་ཤེས་ཡོན་སྲིད་ཇུས་གསར་པ་ཁྱོན་ཡོངས་ནས་ལག་བསྟར་དང་དོན་འཁྱོལ་ཡོང་བ་བྱ་དགོས་པ་དང། སྤྱི་ཚོགས་ནང་དུ་བོད་སྐད་ཡིག་ལ་མཁྱེན་རྒྱ་ཡངས་བ་དག་ལ་ཆེ་མཐོང་དང་མཐུན་རྐྱེན་གང་ལེགས་བསྐྲུན་རྒྱུ། དེ་དང་ཆབས་ཅིག བོད་མི་རིགས་དང་བོད་ཀྱི་སྐད་ཡིག་དབར་གྱི་ཚེ་སྲོག་ལྟ་བུའི་འབྲེལ་བ་འདི་ངོས་འཛིན་གསལ་པོ་ཡོང་ཕྱིར་ཚོགས་སྡེ་དང་མི་སྒེར་ཚང་མས་འགན་འཁུར་ལྡན་པའི་ཐོག་ནས་སློབ་གསོ་རྒྱ་ཁྱབ་ཏུ་སྤེལ་དགོས་ལ། དེ་ཡང་ཁ་ནས་བཤད་བསྡད་པ་ཙམ་མིན་པར་ལག་ལེན་རང་གི་སྟེང་ནས་མིག་དཔེར་བསྟན་ཐུབ་པ་བྱ་དགོས། སྤྱི་ཚོགས་ནང་དུ་སློབ་གསོ་སྤེལ་སྐབས་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་ཀྱི་གསུངས་པ་ལྟར〞གནད་ལ་ཁེལ་བ། མཐར་མ་ལྷུང་བ། དོན་གྱི་ནང་ཉམས་ཟིན་པ།〝སྟེ་མན་ངག་འདི་གསུམ་ངེས་པར་དུ་དྲན་པར་བྱ་དགོས་སྙམ།

    Reply
  3. གཉའ་འབྲོང་ཐུ་བུ། says:
    ལོ་ 14 སྔོན།

    མི་རིགས་ཀྱི་སྐད་དང་ཡི་གེ་ནི་མི་རིགས་དེའི་ངོ་བོ་ངོས་འཛིན་སྤྱད་དང་། མི་རིགས་རང་བཞིན་གྱི་བསམ་བློའི་ལག་ཆ་ཡིན་ནི་རེད། མི་རིགས་རང་གི་ཡུལ་སྲོལ་གོམས་གཤིས་དང་། སྐད་ཡིག་བཅའ་དག་ཅིག་མེད་ན་དེ་འདྲའི་མི་དེ་མི་རིགས་དེའི་དབང་བོ་སྐྱོན་ཅན་ལྟ་བུ་རེད། གཞིས་ཆགས་ཀྱི་མཐོ་སློབ་ཁག་གི་གཞིས་ཆགས་ཀྱི་སློབ་མ་མང་ཆེ་བ་མི་རིགས་རང་གི་མི་བུ་ཞིག་ལ་བརྩི་ཐབས་མི་འདུག རྒྱུ་མཚན་ངས་གོང་དུ་བཤད་པའི་མི་རིགས་ཀྱི་མཚན་ཉིད་དེ་མི་ཚང་བས་སོ། །དེས་ན་ང་ཚོས་རྒྱུན་དུ་སྡུག་སྐད་འདི་འདྲ་མི་འདོན་ཀ་མེད་རེད།

    Reply
  4. ལྕགས་ཀྱི་མྱི། says:
    ལོ་ 14 སྔོན།

    ཨ་ཁུ་རྨེ་བའི་བསམ་ཚུལ་ལ་རྒྱབ་སྐྱོར་ཡོད་འོན་ཀྱང་། ཤ་ཚ་བའི་གཏམ་ལ་སྙན་པོ་མེད། །

    Reply
  5. བསྟན འཛིན་ཆོས་རྒྱལ says:
    ལོ་ 14 སྔོན།

    སྐད་ཡིག་གི་རིན་ཐང་ངོ་སྤྲོད་གནང་བར་བཀའ་དྲིན་ཆེ་ཞུ་འོས་ཀྱང། དུས་རབས་ཕྱེད་ཙམ་གླེང་བས་ཤེས་འདོད་མེད་པས་མ་གཏོགས་མ་ཤེས་པ་མེད་ཙང་། དུས་ཚོད་འཕྲོ་བརླག་གོ དེས་ཕྱིར་སྐད་ཡིག་རྩ་མེད་བཟོ་བར་གདོང་ལེན་ཇིར་ལྟར་གནང་དགོས་ཐད་རྩོམ་ཡིག་བྲིས་ན་དོན་ཡོད་རེད། རིག་འདོན་པ་དང་རྩོམ་པོ་དག་གིས་ཀྱང་དོན་ཡོད་ལས་དོན་མེད་མི་འབྲི་བར་རེ་སྐུལ་ཞུའོ།། གཞན་དུས་བབ་ཀྱིས་ཀྱང་རིག་པ་འདོན་པ་དག་ལས་སྐྱོན་བརྗོད་དག་མི་འགོད་བར་རེ་སྐུལ་སླར་ཡང་ཞུའོ།།གང་ཞེ་ན་་་རིག་པ་འདོན་་སར་སྐྱོན་བརྗོད་ལྟར་སྣང་གིས་བརྒྱ་ཆའི་དྲུག་ཅུ་ཡར་སྟོད་བརྒལ་འདུག་གོ།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese