རྒྱ་གཞུང་གིས་ཡང་བསྐྱར་འབའ་རྫོང་གི་བོད་མི་བདུན་འཛིན་བཟུང་བྱས་ཏེ་རྫོང་གི་བཙོན་ཁང་དུ་བཀག་ཉར་བྱས་འདུག
འདི་གར་མིང་བརྗོད་འདོད་མེད་པའི་བོད་མི་ཞིག་གིས་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། རྒྱ་ནག་གཞུང་གིས་ཟླ་འདིའི་ཕྱི་ཚེས་ ༡༨ ཉིན་མཚོ་སྔོན་མཚོ་ལྷོ་འབའ་རྫོང་ས་གནས་སྲིད་གཞུང་གི་མདུན་དུ་སེར་སྐྱ་གཉིས་ཀྱིས་ཞི་བའི་ངོ་རྒོལ་གྱི་འགུལ་སྤེལ་བར་རྐྱེན་བྱས་ཏེ། འབའ་ཤིང་ཁྲི་དགོན་པའི་གྲྭ་བ་ ༥༠ ཙམ་ འཛིན་ བཟུང་ བྱས་ ཡོད་པ་མ་ཟད། ཉིན་དེའི་ཕྱི་དྲོ་བོད་མི་ཚོས་གྲྭ་བ་རྣམས་ཀློད་གྲོལ་གཏོང་དགོས་ཞེས་ངོ་རྒོལ་སྐད་འབོད་བྱས་སྟབས། ཡང་བསྐྱར་ཉ་ནག་དཔའ་མཆོག་གི་མི་ ༣ དང་། བལ་ཁོ་ས་ཆའི་མི་ ༣ ། རྩེ་ཁོག་རྫོང་ཧོར་ཉིན་ཕྱུག་ཞང་རོང་བོ་རྐ་ཆུ་སྡེ་བའི་རང་ལོ་ ༢༠ ཡིན་པའི་དུས་འཁོར་བཅས་བོད་མི་ ༧ འཛིན་བཟུང་བྱས་ཏེ་ད་ལྟའི་ཆར་འབའ་རྫོང་གི་བཙོན་ཁང་དུ་བཀག་ཉར་བྱས་འདུག
གསར་འགོད་པ། དོན་གོ
ཞི་རྒོལ་ཐོག་ལ་མི་མང་རྡོག་རྩ་གཅིག་རེད།།
སྐད་འབོད་གསལ་ལ་གངས་སེང་དར་ཆ་མང་གི།།
གོམས་འགྲོས་གནད་ལ་རྒྱལ་ཞེན་སྙིང་སྟོབས་བརྟན་པོས།།
རྒྱ་ནག་མཁྲེགས་འཛིན་སྙིང་ལ་ངལ་གསོ་སྤྲད་སོང་།།
ངའི་སྐྱེས་ཡུལ་འབའ་རྫོང་གི་མི་མང་རྣམས་ལ་གདུང་སེམས་མཉམ་མྱོང་གི་སྙིང་དྲག་ཏུ་ལྡིང་བཞིན་ཡོད།
འབའ་རྫོག་གི་དཔའ་བོ་རྣམས་ལ་གུས་འདུད་ཞུའོ།།
དེ་ནི་བདེན་པ་ཡིན་ངེས། གང་ཞེ་ན་དེང་སང་སྐད་འབོད་རྒྱག་མཁན་ཚོ་ལམ་སེང་མི་འཛིན་པར་གཙོ་བོ་སུ་རེད་ཅེས་བལྟས་ན་ག་ལེར་འཛིན་བཟུང་བྱེད་ཀྱི་ཡོད་པ་རེད། འབའ་རྫོང་གི་སྐད་འབོད་མཐོང་ན་མི་རིགས་འདིའི་སྙིང་སྟོབས་དངོས་དེ་མཐོང་གི