༢༠༠༩ ལོར་བཙོན་འཇུག་ཁྲིམས་ཐག་བཅད་པའི་རྭ་རྒྱ་དགོན་པའི་གྲྭ་བ་གཉིས་ཉེ་ལམ་ཀློད་གྲོལ་བཏང་འདུག
རྒྱ་ནག་གཞུང་གིས་ ༢༠༠༩ ལོའི་ཕྱི་ཟླ་ ༣ པའི་ཚེས་ ༢༤ ཉིན་མགོ་ལོག་རྭ་རྒྱ་དགོན་པའི་གྲྭ་ཚུལ་ཁྲིམས་བཟོད་པ་ལགས་དང་མན་ངག་རྡོ་རྗེ་གཉིས་རྒྱལ་ཁབ་ཀྱི་ལས་ཁུངས་ལ་ངོ་རྒོལ་བྱས་པའི་ཉེས་མིང་འོག་འཛིན་བཟུང་བྱས་ཏེ། ལོ་དེའི་ཕྱི་ཟླ་ ༣ པའི་ཚེས་ ༢༩ ཉིན་ལོ་གསུམ་རེའི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་དེ་མཚོ་སྔོན་ནུབ་ཕྱོགས་བཙོན་ཁང་ཞེས་པའི་ནང་བཙོན་འཇུག་བྱས་ཡོད་པ་ལྟར། ཟླ་འདིའི་ཕྱི་ཚེས་ ༢༡ དང་ ༢༤ ཉིན་བཅས་སྔ་རྗེས་སུ་ཀློད་གྲོལ་བཏང་འདུག
གྲྭ་ཚུལ་ཁྲིམས་བཟོད་པ་ལགས་ནི། མཚོ་ལྷོ་ཁུལ་འབའ་རྫོང་རྨ་བྱང་གྲོང་རྡལ་ནས་ཡིན་པ་དང་། གྲྭ་མན་ངག་རྡོ་རྗེ་ལགས་ནི། མགོ་ལོག་རྨ་ཆེན་རྫོང་ཆུ་བ་སྡེ་བའི་ཡིན་པ་རེད།
གསར་འགོད་པ། དོན་གོ
སྐུ་ངལ་དེ་བོད་མི་རིགས་ཀྱི་ཚབ་མྱང་བ་རེད། ཡིན་ནའང་བོད་མི་རིགས་ཀྱིས་ཁྱེད་ཚོར་དྲིན་ལན་འཇོག་ཐུབ་རྒྱུ་རེད་ལ། ད་དུང་འུ་ཚང་ལ་ལས་ཀ་མང་པོའང་ལྷག་བསྡད་ཡོད་པ་རེད། སྐུ་ངལ་གསོ་རོགས་གནོངས། རེ་བ་དང་ཆེས་ཀྱི་ཐོག་ནས།
ཁོང་རྣམ་པ་གཉིས་བཙོན་ལས་གྲོལ་བར་བདག་གིས་རྟེན་འབྲེལ་ཞུ།