མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཚེ་བརྟན་མ་བུ་གསུམ་མཱ་ཅང་ཊི་ལར་འབྱོར་རྒྱུ་རེད།

བོད་ཀྱི་དུས་བབ།
༢༠༡༢/༠༣/༢༩
Share on FacebookShare on TwitterShare on EmailShare on Whatsapp

ཚེ་བརྟན་རྡོ་རྗེ་མ་བུ་གསུམ་གྱིས་སྣེ་ཁྲིད་པའི་གོམ་བགྲོད་པ་རྣམས་རྒྱལ་ས་ལྡི་ལིའི་མཱ་ཅང་ཊི་ལར་འབྱོར་རྒྱུ་ཡིན་འདུག  

གསར་འགོད་པས་ཁ་པར་བརྒྱུད་ཚེ་བརྟན་རྡོ་རྗེ་མ་བུ་གསུམ་གྱི་གོམ་བགྲོད་ལས་འགུལ་ཐད་གནས་ཚུལ་རྒྱུས་ལོན་བྱས་པ་ལྟར་ན། དེ་རིང་ཕྱི་ཚེས་ ༢༩ ཉིན་གྱི་ཉིན་གུང་ཙམ་ལ་ཚེ་བརྟན་རྡོ་རྗེ་མ་བུ་གསུམ་རྒྱལ་ས་ལྡི་ལིའི་བོད་མི་འདུ་སྡོད་ས་གནས་མཱ་ཅང་ཊི་ལཱ་(MT) དང་རྒྱང་ཐག་སྤྱེ་ལེ་ ༥ ཙམ་གྱི་སར་འབྱོར་ཡོད་འདུག་ལ། ཉེ་ལམ་ཕྱི་ཚེས་ ༢༣ ཉིན་ཁོང་ཚོའི་གོམ་བགྲོད་དེར་མ་སུ་རིའི་གཏན་སློབ་ཀྱི་སློབ་མ་འགྱུར་མེད་བསྟན་འཛིན་ལགས་དང་། ངག་དབང་ལེགས་སྨོན། མ་སུ་རིའི་སློབ་གྲྭའི་མ་བྱན་བསོད་ནམས་ཉི་མ་བཅས་མཉམ་ཞུགས་གནང་ཡོད་པ་དང་། ཕྱི་ཚེས་ ༢༤ ཉིན་རེབ་གོང་ནས་ཡིན་པའི་བཀའ་ཐུབ་རྒྱལ་ལགས་དང་བཀྲ་ཤིས་བཅས་ཁྱོན་མི་ ༡༠ མཉམ་ཞུགས་གནང་འདུག མཉམ་ཞུགས་པ་ཚོའི་གོམ་བགྲོད་ལས་འགུལ་དེ་སང་ཉིན་སྔ་དྲོ་མཱ་ཅང་ཊི་ལཱ་རུ་མཇུག་སྡོམ་གནང་རྒྱུ་ཡིན་འདུག

གསར་འགོད་པས་ཚེ་བརྟན་རྡོ་རྗེ་ལགས་སུ་གོམ་བགྲོད་པའི་གཟུགས་པོའི་གནས་སྟངས་དང་ལམ་ཁར་དཀའ་ངལ་འཕྲད་ཡོད་མེད་སྐོར་བཀའ་འདྲི་ཞུས་སྐབས། “ ཁ་སང་ཞོགས་པ་ང་ཚོ་ལྡི་ལིར་འབྱོར་ས་མཚམས་སུ་འབྱོར་སྐབས་ས་གནས་ཉེན་རྟོག་པ་ཞིག་གིས་བཀག་འགོག་བྱས་ཏེ། ང་ཚོ་ས་གནས་ཉེན་རྟོག་མགོ་བའི་ནང་དུ་ཁྲིད་སོང་། ནང་དུ་འགྲོ་སྐབས་ཉེན་རྟོག་མགོ་བ་དེས་གོང་རིམ་ནས་ཁ་པར་འབྱོར་སོང་། ཁྱེད་ཚོའི་ལས་འགུལ་དེ་གང་འདྲ་རེད་ཅེས་དྲིས་སོང་། ངས་གོམ་བགྲོད་ཀྱི་འབོད་ཚིག་ལྔ་བོ་ཁོང་ལ་སྤྲད་དེ་གནས་ཚུལ་འགྲེལ་བཤད་བརྒྱབ་པ་ཡིན། དེ་ནས་ཁོང་གིས་ང་རང་སྒེར་ངོས་ནས་ཁྱེད་ཚོའི་ལས་འགུལ་ལ་རྒྱབ་སྐྱོར་ཡོད། ཡིན་ནའང་། ས་གནས་གཞན་པའི་ནང་གང་འདྲ་ཆགས་མིན་ཤེས་ཀྱི་མེད་ཅེས་བཤད་བཞིན་ང་ཚོ་འགྲོ་རུ་བཅུག་སོང་། དགོང་མོའི་ཆུ་ཚོད་ ༧ ཙམ་ལ་ལྡི་ལི་མདོ་སྨད་ས་གནས་ཚོགས་གཙོ་གཞོན་གྱི་གཉིས་ཀྱི་ཁས་ལེན་མིང་རྟགས་བཀོད་དེ་ང་ཚོ་ལྡི་ལིའི་ས་ཁོངས་ནང་འཛུལ་བ་ཡིན། ལམ་ཁ་ནས་མི་མང་པོ་ཞིག་གིས་ཟ་མ་འཁྱེར་ཡོང་ནས་རྒྱབ་སྐྱོར་ཡག་པོ་གནང་སོང་ ” ཞེས་བརྗོད་བྱུང་།

གླིང་ཚ་ཚེ་བརྟན་རྡོ་རྗེ་བུ་མ་གསུམ་གྱིས་གོམ་བགྲོད་མགོ་འཛུགས་གནང་སྟེ་དེ་རིང་ཉིན་ ༢༠ འགྲོ་བཞིན་ཡོད་པ་རེད། 

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

Mobile App

གྲྭ་མཛེས་དགའ་རྒྱ་མཚོ་ལགས་ཀློད་འདུག་ཀྱང་ལྟ་རྟོག་ནན་པོ་བྱེད་ཀྱི་འདུག

ཆུ་ཚོད་ ༡༦ སྔོན་ལ།
སྐབས་བཅུ་བདུན་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པའི་ལས་ཉིན་དྲུག་པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་ཀྱི་རྒྱལ་དར་དང་རྒྱལ་རྟགས་རྒྱལ་གླུ་བཅས་ཀྱི་ཚན་མཐུན་གཅིག་འགྱུར་གྱི་སྙན་ཐོར་བགྲོ་གླེང་གནང་སོང་།

༢༠༢༦/༠༣/༢༡
Tibet, China - Sep 7, 2012. Chinese soldiers walking at the Jokhang temple in Lhasa, Tibet. The Jokhang Temple has two Buddha statues sacred to Tibetan Buddhists. — Photo by phuongphoto
Mobile App

པེ་ཅིན་གཞུང་གིས་བོད་མི་དང་གྲངས་ཉུང་མི་རིགས་གཞན་དག་རྒྱ་སྒྱུར་བྱ་བ་ཁྲིམས་མཐུན་བཟོ་བཞིན་འདུག

༢༠༢༦/༠༣/༢༡
Loomer meets Dalai Lama, lauds him for standing firm against threats to freedom
༸གོང་ས་མཆོག གསར་འགྱུར།

ཨ་རིའི་ཆབ་སྲིད་ལས་འགུལ་བ་ལུ་མར་ལགས་ཀྱིས་༸གོང་ས་མཆོག་ལ་མཇལ་བཅར་ཞུས།

༢༠༢༦/༠༣/༢༡
Penny Wong, Richard Marles, Judith Collins KC, Winston Peters
Mobile App

བོད་ནང་གི་ཆོས་དང་རིག་གཞུང་སོགས་ཉམས་རྒུད་དུ་འགྲོ་བཞིན་པར་བློ་འཚབ་བསྟན།

༢༠༢༦/༠༣/༢༠
TTTTT
Mobile App

དྷི་ཚ་དགོན་པའི་གྲྭ་བ་བསམ་གཏན་ལགས་ཉེས་རྡུང་བཏང་ནས་བཀྲོངས་འདུག

༢༠༢༦/༠༣/༡༨

མཆན། 12

  1. དགྲ་ལྷ་རྩེ་རྒྱལ། says:
    ལོ་ 14 སྔོན།

    ཧ་ཧ་ཧ། མཱ་ཅང་དང་ཏག་སེ་རྩེ་མཁན་མང་པོ་ཡོད་སྟབས། རྩོམ་སྒྲིག་པས་ཟུར་ཟའི་ཚུལ་དུ་མཱ་ཅང་ཊི་ལ་ཞེས་བཏགས་པ་ཡིན་ས་རེད། ནམ་རྒྱུན་ཡིན་ན་མཱན་ཇུ་ནུ་ཀ་ཊི་ལ་རེད།

    གང་ལྟར་ཁོང་མ་བུ་གསུམ་ལ་ཤ་ཚ་དང་རྒྱབ་སྐྱོར་ཡོད་ལ། རྗེས་སུ་ཡི་རང་ཡང་ཡོད། བྱ་བ་ལེགས་འགྲུབ་ཡོང་བའི་རེ་བ་ཡོད།

    Reply
  2. འཇིགས་བྲལ་བསྟན་འཛིན། says:
    ལོ་ 14 སྔོན།

    ངའི་གྲོགས་པོ་ཚེ་བརྟན་རྡོ་རྗེ་ལགས་དང་། ཁོང་མི་ཨ་མ། ད་དུང་སྲིང་མོ་བཅས་ནས་བོད་བར་ཞི་བའི་གོམས་བགྲོད་ཀྱི་ལམ་ནས་བོད་དོན་འཐབ་རྩོད་གནང་བཞིན་པར་སྙིང་དབུས་ནས་རྒྱབ་སྐྱོར་གཙང་མ་ཞུ་རྒྱུ་དང་། ཁོང་རྣམ་པ་གང་དུ་སླེབས་ཀྱི་ཡོད་མེད་དང་། ག་རེ་བྱུང་བཞིན་ཡོད་མེད་བཅས་རིམ་བསྟུད་ཐོན་བྱུང་།

    ངའི་གྲོགས་པོ་མིག་དམར་ལགས་ཀྱིས་རྒྱ་གར་རྒྱལ་ཡོངས་སུ་མིག་བསྒྲིབས་རྒྱལ་དཀྲོགས་ཀྱི་ལས་འགུལ་སྤེལ་བཞིན་ཡོད་པ་རེད། དེའི་ཐད་ད་བར་གསར་ལམ་ཁག་གིས་གནས་ཚུལ་ག་རེ་འབྱུང་བཞིན་ཡོད་མེད་ཐད་བདག་སྤྲོད་ཧ་ལམ་གནང་མ་སོང་།

    ང་རང་ཉིད་ལ་མཚོན་ན་ཁོང་རྣམ་གཉིས་གྲོགས་པོ་ཡིན་ལ། ལྷག་པར་ཚེ་བརྟན་རྡོ་རྗེ་དང་ང་གཉིས་ཧ་ཅང་འདྲིས་པོ་ཡོད་པའི་གྲོགས་པོ་ཡིན། དེར་བརྟེན་ཁོང་གཉིས་ལ་ཁྱད་པར་ཕྱེ་འདོད་དེ་འདྲ་རྩ་བ་ནས་མེད་མོད། ཉིན་མང་པོ་འདིའི་ནང་མིག་དམར་ལགས་ཀྱི་སྐོར་ལ་གསར་འགོད་པ་ཚོས་བདག་སྤྲོད་མ་བྱས་སྟབས་གང་ནས་འགྲིག་མེད་པ་ཧ་མ་གོ་ཡང་། གཅིག་འགྲིག་མི་འདུག་བསམ་པའི་ཚོར་སྣང་འགོག་མེད་སྐྱེས་བྱུང་།

    Reply
  3. རྒྱལ་ཁམས་པ། says:
    ལོ་ 14 སྔོན།

    ངའི་རྒྱང་རིང་འདི་ནས་ཁྱེད་མ་བུ་གསུམ་ལ་དྲི་མེད་ལྷ་དར་དཀར་པོ་ཞིག་དང་ལྷན་དུ་སེམས་གཏིང་ནས་ཐུགས་རྗེ་ཆེ་ཞུ། ཁྱེད་རྣམས་ཀྱི་ལས་དོན་དག་ལམ་འགྲོ་ཡོང་བའི་སྨོན་ལམ་ཡོད། བོད་རྒྱལ་ལོ།

    Reply
  4. ལྷོ་ཕྱོགས་ཉི་ཟླ། says:
    ལོ་ 14 སྔོན།

    རྩོམ་པ་པོ་ཚེ་བརྟན་མ་བུ་གསུམ་གྱིས་དཀའ་ངལ་འདི་ང་ཚོ་ཚང་མའི་དཀའ་ངལ་ཡིན་ལ་ཁྱེད་མ་བུ་གསུམ་གྱི་རེ་བ་དེ་ཡང་ང་ཚོའི་ཚང་མའི་རེ་བ་ཡིན་པས་མི་སྒེར་དང་ཚོགས་པ་དག་གིས་མུ་མཐུད་དུ་རྒྱབ་སྐྱོར་བྱེད་ཐུབ་པའི་རེ་བ་ཆེས་ཆེར་ཡོད། ཚོགས་པ་ལྔ་ཡིས་ཁོང་ཚོ་ལ་རྒྱབ་སྐྱོར་བྱེད་ཀྱི་ཡིན་ལབ་ཀྱང་ད་དུང་གྲགས་འགུལ་ཅི་ཡང་མེད་པས་གཉིད་ཁུག་ནས་བསྡད་བཞིན་པ་ལ་བློ་ཕམ་ཡོད། དེ་མིན་གོམ་བགྲོད་པ་མིག་དམར་ལགས་ལ་ཡང་རྒྱབ་སྐྱོར་ཚད་མེད་ཞིག་བྱེད་རྒྱུ་རེ་བ་ཆེ། ཁྱེད་རྣམས་ཀྱི་ཕྱོགས་ལ་རྟག་པར་རྣ་ཡིས་ཉན་མིག་གིས་གྱེར་ནས་བསྡད་ཡོད། སེམས་པ་ཁྱེད་ཚོ་དང་མཉམ་དུ་རྟག་པར་ཡོད། སེམས་ཤུགས་མ་ཆགས་གངས་ཕྲུག་ཚོ། བོད་རྒྱལ་ལོ།

    Reply
  5. དཀར་མཛེས་བསོད་བུ། says:
    ལོ་ 14 སྔོན།

    མ་བུ་གསམ་ལ་རྒྱང་རིང་ནས་ཕེབས་བསུ་གྲ་སྒྲིག་ཡོད།

    Reply
  6. ཤིང་ལོ། says:
    ལོ་ 14 སྔོན།

    ལག་ཁ་བཏགས་མེད་ཀྱང་ཁ་ཚིག་ཡོད།།
    ཚིག་སྙན་མོས་བསུ་བ་ཡང་ཡང་བྱེད།།
    དོན་ལམ་འགྲོ་ཡོང་བའི་སྨོན་ལམ་ཞུ།།

    Reply
  7. དབུས་སྟོད་ཀྱི་སྐྱ་རེང་། says:
    ལོ་ 14 སྔོན།

    གེགས་མེད་ལམ་བདེའི་ངང་ལྡི་ལིར་འབྱོར་བར་འཚམས་འདྲི་ཞུ། རིམ་པས་དཀའ་ངལ་དང་རྙོག་འཛིང་ཆེ་རུ་འགྲོ་བར་སེམས་ཤུགས་མ་ཆགས་དམ་བཅའ་བཞིན་དུའོ།།

    Reply
  8. བསྟན་འཛིན་བརྩོན་འགྲུས། says:
    ལོ་ 14 སྔོན།

    ཁྱེད་རྣམས་ཀྱིས་གོམ་བགྲོད་འགོ་འཛུགས་གནང་པ་བཟུང་སྟེ། བོད་ཀྱི་གནས་ཐོག་འགྱུར་བ་མང་པོ་ཕྱིན་སོང། ཁྱེད་ཀྱིས་གོམ་ཁ་རེ་རེ་སྤོ་དུས་ང་ཚོའི་བོད་ཀྱི་བདེ་སྐྱིད་ལ་གོམ་ཁ་རེ་རེ་བཞིན་ཇེ་ཉེ་རེད། ཁྱེད་རྣམས་ཀྱིས་གཟིགས་དང་་་་་་ཁྱེད་རྣམས་ཀྱི་རྒྱབ་ཏུ་བོད་མི་ཅི་འདྲའི་མང་པོ་ཞིག་གིས་སེམས་ཁུར་དང་་་་་རྒྱབ་སྐྱོར་གནང་གི་འདུག བོད་ནང་དང་་་་ཕྱི་ལོག་གི་བོད་མི་ཚོས་། སེམས་ཤུགས་ཆེན་པོས་འབོད་སྒྲ། སེམས་ཤུགས་ཆེན་པོ་བློས་གཏོང་དག་མཐོང་སོང་ངམ། ད་དུང་མུ་མཐུད་དུ་ཅི་འདྲའི་ཡ་མཚན་པའི་གནས་ཚུལ་་་་་་ཧ་ལས་པའི་དཔའ་ངར། བཟོད་མི་ཐུབ་པའི་སྐྱོ་སེམས་སོགས་་་་་གང་དང་ཅི་ཡོང་སུ་ཞིག་གིས་རྟོགས་སམ།

    Reply
  9. ཧོར་བུ་ཡེ་ཤེས says:
    ལོ་ 14 སྔོན།

    ཁྱེད་མ་བུ་གསུམ་ལ་ཐུགས་ཆེ་ཞུ།

    Reply
  10. འབྲི་གུང་སྤྲོ་ཚེ། says:
    ལོ་ 14 སྔོན།

    ཁོང་མ་བུ་གསུམ་གཙོ་བོ་ལུས་ལ་ནད་མེད་པའི་སྨོན་ལམ་དང་དེ་བཞིན་བསྙེགས་བཞིན་པའི་ཁ་ཕྱོགས་དེ་བསྐྱོད་ཐུབ་པའི་རེ་བས་ཁེངས་ཡོད།

    Reply
  11. བློ་འཕེལ། says:
    ལོ་ 14 སྔོན།

    མ་བུ་གསུམ་གྱི་ལས་འགུལ་ལམ་འགྲོ་ཡོང་བའི་མདུན་དང་། ཁ་སྔོན་ས་གནས་སོ་སོ་ནས་རོག་པ་བྱེད་ཀྱི་ཡིན་ཞེས་ཁས་ལེན་བྱེད་མཁན་ཚོ་དེང་སང་ག་པར་འདུག།
    དུས་བབ་གསར་འགོད་པར་ཐུགས་རྗེ་ཆེ་ཞུ། དངོས་གནས་གསར་འགོད་པ་མཚན་ཉིད་ཚང་གི།

    Reply
  12. ཨ says:
    ལོ་ 14 སྔོན།

    གནས་ཚུལ་གོ་བས་དགའ་ཡོད། ཐུགས་རྗེ་ཆེ།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese