མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལས་འཁུར་དམ་འབུལ།

བོད་ཀྱི་དུས་བབ།
༢༠༡༢/༠༤/༠༦
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་གཟའ་ལྷག་པའི་ཉིན་དངོས་གྲུབ་ཚེ་རིང་ལགས་ཀྱིས་ཤེས་རིག་དྲུང་ཆེའི་ལས་འཁུར་དམ་འབུལ་ཞུས་འདུག

ཁ་སང་ཕྱི་ཚེས་ ༥ ཉིན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་ནང་། ཤེས་རིག་དྲུང་ཆེའི་གསར་པའི་ལས་འཁུར་དམ་འབུལ་གྱི་མཛད་སྒོ་སྟབས་བདེ་ཞིག་ཚོགས་ཡོད་ཅིང་། ཚོགས་འདུའི་དཔང་མིར་དྲུང་ཆེ་དངོས་གྲུབ་རྡོ་རྗེ་ལགས་བར་བཞུགས་ཐོག དྲུང་ཆེ་ཟུར་པ་གཡུ་ཐོག་ཀརྨ་དགེ་ལེགས་དང་དྲུང་ཆེ་གསར་པ་དངོས་གྲུབ་ཚེ་རིང་ལགས་རྣམ་གཉིས་ཀྱིས་ཕན་ཚུན་བར་གལ་ཆེའི་ཡིག་ཆ་ཁག་རྩིས་སྤྲོད་རྩིས་ལེན་གནང་རྗེས། དྲུང་ཆེ་དངོས་གྲུབ་ཚེ་རིང་ལགས་ཀྱིས་༸རྒྱལ་བའི་སྐུ་པར་མདུན་དུ། མཆོག་གསུམ་དཔང་འཛུགས་ཀྱིས་སྤྱི་པའི་ལས་དོན་ལ་འཐུས་ཤོར་མེད་པར་དྲང་བདེན་སྐྱོང་རྒྱུའི་དམ་བཅའ་བཞག་ཡོད་ལ། དེའི་རྗེས་ཤེས་རིག་ལས་ཁུངས་ཀྱི་ལས་བྱེད་ཚང་མས་ཁོང་ལ་འཚམས་འདྲིའི་མཇལ་དར་བསྒྲོན་ཡོད་པ་རེད།

འདི་ནི་དངོས་གྲུབ་ཚེ་རིང་ལགས་ཀྱིས་ཤེས་རིག་དྲུང་ཆེའི་ཐུགས་འགན་བཞེས་ཐེངས་གཉིས་པ་ཆགས་ཡོད་འདུག
གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

Mobile App

རང་བཙན་གོམ་བགྲོད་གནང་མཁན་ཚེ་རིང་མཐར་ཕྱིན་ལགས་ཅན་དྷི་སྒར་དུ་འབྱོར་འདུག

ཆུ་ཚོད་ ༩ སྔོན་ལ།
བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་འདུ་ཐེངས་ ༢༤ པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

 བྱང་ཨ་རིའི་བོད་རིགས་ཚོགས་པ་ཁག་གིས་ཚོགས་ཆེན་འཚོགས།

ཆུ་ཚོད་ ༡༡ སྔོན་ལ།
Mobile App

གཞུང་འབྲེལ་མིན་པའི་ཚོགས་སྡེ་ལྔ་ཡིས་ཞི་ཅིན་ཕིན་ལ་བསྒྲགས་གཏམ་སྤེལ།

༢༠༢༦/༠༩/༠༨
UN High Commissioner for Human Rights Volker Turk  Photo : Tawazon
Mobile App

འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༦༣ སྟེང་བོད་དོན་གླེང་སློང་བྱས།

༢༠༢༦/༠༩/༠༨
ཁྲིམས་རྩོད་པ་ཝང་ཤ་ཧོང་ཐའེ་ཝན་གནམ་ཐང་དུ། AP གསར་ཁང་གི་པར།
Mobile App

རྒྱ་ནག་གི་ཁྲིམས་རྩོད་པ་ཝང་ཤ་ཧོང་ཐའེ་ཝན་ལ་བྲོས་བྱོལ་དུ་འབྱོར་འདུག

༢༠༢༦/༠༩/༠༧
India, China to Hold First Corps Commander-Level Talks Today at Wacha Along LAC in Arunachal Pradesh | Image: X
Mobile App

རྒྱ་དཀར་ནག་གི་ཆེས་མཐོའི་དམག་དཔོན་བར་གྲོས་མོལ་བྱས། 

༢༠༢༦/༠༩/༠༧

མཆན། 5

  1. ཨ་མཆོད་འཇམ་དཔལ་ཚུལ་ཁྲིམས། says:
    ལོ་ 14 སྔོན།

    ནམ་མཁའ་བསྟན་འཛིན་ལགས་ཀྱིས་གསུང་བ་དེ་ཉམས་མྱོང་གནད་ཆེན་ཞིག་ཡིན་པས་ངེས་པར་དུ་དེའི་སྐོར་སེམས་དགོས།
    ངའི་བསམ་པར་དེའི་དཀའ་ངལ་སེལ་ཐབས་ཡག་ཤོས་ནི་ཐོག་མ་ནས་དབུ་ཅན་ཐོག་བོད་ཡིག་སློབ་རྒྱུ་དེ་རེད། འདི་ལ་དགེ་ཕན་མང་པོ་ཡོད་པ་བཤད་མི་དགོས་ཤིང་། ད་སྐབས་ཨ་མདོ་ཕྱོགས་ལ་ཆོལ་ཁ་གསུམ་ནང་ནས་བོད་ཡིག་གི་གནས་ཚད་མཐོ་ཤོས་ཡིན་པ་ཚང་མར་ཡོངས་གྲགས་ཡིན་ཞིང་། ཨ་མདོའི་ཡུལ་ན་དབུ་མེད་སློབ་སྲོལ་མེད་པར་ཐོག་མ་ནས་དབུ་ཅན་སློབ་པ་རེད། རང་རེའི་དབུས་ཕྱོགས་ལ་དར་བའི་དབུ་མེད་སློབ་པ་འདི་ལ་དགེ་མཚན་ལོས་ཡོད་ཀྱང་སྐྱོན་ཆ་ཆེན་པོ་ཡོད་པ་ད་ལན་འདིས་ནས་གཅིག་མངོན་གྱུར་བྱུང་བ་རེད། འདིའི་སྐོར་ལ་ཁོ་བོས་རྩོམ་ཉོག་ཅིག་ཀྱང་སྔོན་མ་ཞིག་ནས་སྤེལ་ཡོད། གཟིགས་འདོད་ན་དེར་གཟིགས་པར་ཞུ། http://www.njampel.blogspot.in/2010/06/blog-post.html

    Reply
  2. ཆོས་བཟང་། says:
    ལོ་ 14 སྔོན།

    བཟང་གི་ཤེས་རིག་ལས་ཁུངས་སུ་བཅར་མཁན་ཞིག་ཡོད་དང་ནི་རེད་་་་དེ་མིན་ཤེས་རིག་ལས་ཁུངས་ཕྱོགས་ལ་ལོ་གཅིག་རིང་བཅར་མཁན་མེད་རབ་འདུག

    Reply
  3. རྔ་བ་དགེ་འདུན་རྒྱ་མཚོ། says:
    ལོ་ 14 སྔོན།

    མཁྱེན་དཔྱོད་ལྷག་བསམ་ལྡན་པའི་སྐུ་ཞབས་དངོས་གྲུབ་ཚེ་རིང་ལགས།
    སྐུ་ཉིད་བསྐྱར་དུ་ཤེས་རིགས་དྲུང་ཆེར་ཕེབས་པར་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ།

    Reply
  4. ནམ་མཁའ་བསྟན་འཛིན། says:
    ལོ་ 14 སྔོན།

    དྲུང་ཆེ་གསར་བ་ཁོང་གི་ཕྱག་ལས་མཐའ་དག་ལམ་ལྷོང་ཡོངས་བར་སྨོན། ཤེས་རིག་ལ་དྲུང་ཆེ་ཐོག་འདྲ་བ་སླེབས་ན་ཤེས་རིག་ནས་དཔར་སྐྲུན་གནང་བཞིན་པའི་ལོ་ཆུང་བྱིས་པའི་བོད་ཡིག་སློབ་དེབ་འདི་དག་ལ་ངེས་བར་དུ་འགྱུར་བ་ཞིག་གཏོང་དགོས་ཀྱི་འདུག ཅི་ཞིག་གི་ཞེན་ཆགས་ཡིན་པ་བཤད་མི་ཐུབ་ཀྱང་། སློབ་དེབ་ཚང་མ་དབུ་མེད་ནང་དཔར་རྗེས། ཕྱི་རྒྱལ་ནས་སྐྱེས་བ་དང་འཚར་བའི་བྱིས་བ་དུས་ཚོད་ངེས་མེད་ཀྱི་འཛིན་གྲ་མ་གཏོགས་བོད་ཡིག་སྦྱོང་བའི་གོ་སྐབས་མེད་པའི་བྱིས་པ་ཚོས་སློབ་དེབ་ཀྱག་ཀྱོག་རེ་སློབ་ཐུབ་ཙམ་ལ་སླེབ་སྐབས་བོད་ཡིག་གི་དེབ་གཞན་དག་དབུ་མེད་ནང་ཡོད་སྟབས་ཀློག་ཐུབ་ཀྱི་མི་འདུག དེར་བརྟེན་བྱིས་པ་མང་པོ་ཞིག་ལ་བོད་ཡིག་འདི་མགོ་ཉོག་ཞིག་ཡིན་པའི་ཚོར་བ་སླེབས་ཏེ་མུ་མཐུད་དུ་འཛིན་གྲར་ཡོང་མཁན་ཇེ་ཉུང་རེད། དེར་མ་ཟད་སློབ་དེབ་ནང་ཚིག་མཛོད་གང་དུ་ཡང་མེད་པའི་མིང་ངམ་ཚིག ཡང་ན་ཁ་སྐད་ལྟ་བུ་མང་པོ་འདུག་པས་བྱིས་པ་སློབ་ལོ་རན་པ། རང་ངོས་ནས་ཚིག་མཛོད་དང་དྲ་རྒྱའི་ཚིག་མཛོད་སྤྱོད་ནས་སྦྱོང་མཁན་ཞིག་ཡིན་སློབ་དེབ་འདིར་དགོས་མེད་ཀྱི་ཚིག་མང་པོ་འདུག ད་དུང་བྱེད་འབྲེལ་ལས་ཚིག་དང་བྱེད་མེད་ལས་ཚིག་སོགས་པ་དབྱེ་བ་ཅི་ཡང་མེད་པར་བཀོད་རྐྱང་བྱས་འདུག་པས། རྨང་གཞིའི་ཡི་གེ་དང་དག་ཆ་བསླབས་དུས་ནས་ནོར་བ་ཞིག་སྦྱངས་བསྡད་ན་ཡར་་བསྐྱེད་མི་ཐོན་པར་ཁག་མི་འདུག

    Reply
  5. ཤིང་ལོ། says:
    ལོ་ 14 སྔོན།

    དྲུང་ཆེ་མཆོག་ལ་འཚམས་འདྲི་དང་། ཕྱོགས་བསྐྱོད་འཚམས་གཟིགས་ཀྱི་ཐོག་དེང་དུས་བོད་ཀྱི་ཤེས་རིག་གམ། བཙན་བྱོལ་ཁྲོད་ཀྱི་ཤེས་རིག་གམ་ཤེས་ཡོན་གྱི་སྐོར་ལ་གནའ་དེང་ཟུང་འབྲེལ་དང་། དེང་དུས་ཀྱི་དགོས་མཁོ་དང་མཐུན་པ། མི་ཡི་སེམས་ཁམས་དང་། དཔའ་འབྱོར་གྱི་འཕེལ་རིམ་སོགས་ལ་དཔྱད་པ་གནང་ནས་ཤེས་ཡོན་དེ་བེད་སྤྱོད་དང་དགོས་གལ་ཆེ་བའི་ལག་ལེན་དུ་ཐེབས་ཐབས་ལ་གོ་བསྡུར་བགྲོ་གླེང་ཤུགས་ཆེ་ཙམ་གནང་དགོས་རོགས་ཞུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese