མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བྲག་མགོར་འཛིན་བཟུང་དང་དམ་དྲག

བོད་ཀྱི་དུས་བབ།
༢༠༡༢/༠༤/༠༦
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་ཁམས་བྲག་མགོ་དགོན་པའི་ཕྱག་མཛོད་འཛིན་བཟུང་དང་དགོན་གྲོང་གཉིས་ལ་དམ་དྲག་ཤུགས་ཆེར་བྱེད་ཀྱི་ཡོད་འདུག

རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་དགོན་པའི་གྲྭ་སྐལ་བཟང་ལགས་ཀྱིས་གསར་ལམ་དུ་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། འདི་ལོའི་ཕྱི་ཟླ་ ༡ པའི་ཚེས་ ༢༣ ཉིན་ཁམས་བྲག་མགོ་རྫོང་དུ་བོད་མི་སྐྱ་སེར་གཉིས་ཀྱིས་རྒྱ་ནག་གི་དྲག་གནོན་སྲིད་བྱུས་ལ་མི་འདོད་པའི་རྣམ་འགྱུར་བསྟན་ཏེ། ངོ་རྒོལ་སྐད་འབོད་བྱས་སྐབས་རྒྱ་ནག་དྲག་ཆས་དམག་མིས་བོད་མི་ཁག་ཅིག་དམར་གསོད་དང་བོད་མི་ཚོ་མུ་མཐུད་འཛིན་བཟུང་བྱེད་ཀྱིན་པའི་གནས་ཚུལ་ཐོན་བཞིན་པ་ལྟར། ཟླ་འདིའི་ཕྱི་ཚེས་ ༢ ཉིན་སི་ཁྲོན་ཞིང་ཆེན་དང་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་ཉེན་རྟོག་པ་བཅས་ཀྱིས། བྲག་མགོ་དགོན་པའི་ཕྱག་མཛོད་རྒན་པ་དགེ་བཤེས་བསྟན་འཛིན་དཔལ་བཟང་ལགས་སྐབས་དེའི་ལས་འགུལ་གྱི་སྣེ་ཁྲིད་པ་གཙོ་བོ་ཡིན་པའི་ཉེས་མིང་འོག་འཛིན་བཟུང་བཙན་ཁྲིད་བྱས་ཏེ། ད་ལྟའི་ཆར་གར་ཡོད་ཅི་བྱུང་གི་གནས་ཚུལ་ཤེས་ཀྱི་མེད་པར་ལྷག་ཡོད་འདུག

ཡང་གནས་ཚུལ་མཁོ་སྤྲོད་པས་བརྗོད་པ་ལྟར་ན། བྲག་མགོ་ཁུལ་དུ་ཞི་རྒོལ་གྱི་གནས་ཚུལ་བྱུང་རྗེས་དམག་མི་སྟོང་ཕྲག་མང་པོ་འགྲེམས་འཇོག་གིས་དམ་དྲག་བྱས་ཡོད་པ་མ་ཟད། ཉེ་ལམ་བྲག་མགོ་དགོན་པའི་ནང་དམག་མི་དང་ལས་བྱེད་མི་སྣ་མང་དུ་བཏང་སྟེ། གྲྭ་བ་བཞི་ལ་ལས་བྱེད་གཅིག་རེ་བསྐོ་བཞག་གིས་གྲྭ་བ་ཚོའི་འགྲོ་འདུག་སྤྱོད་གསུམ་དང་ཆོས་ཕྱོགས་ཀྱི་བྱེད་སྒོ་ཁག་ལ་དམ་དྲག་ཤུགས་ཆེར་བྱེད་ཀྱི་ཡོད་འདུག་ལ། ས་གནས་མི་མང་ལ་མཚོན་ནའང་། ད་ལྟའི་ཆར་ས་གནས་ཀྱི་རྫོང་དང་ཞང་གི་གཞུང་ལམ་ཁག་ཏུ་དམག་མི་འགྲེམས་འཇོག་གིས་ལྟ་རྟོག་བྱེད་ཀྱིན་པ་མ་ཟད། རོང་འབྲོག་གཉིས་སུ་སློབ་གསོ་རུ་ཁག་བཙུགས་ཏེ་སློབ་གསོ་སྤྲོད་ཀྱིན་པ་སོགས་དམ་དྲག་ཤུགས་ཆེར་བྱེད་ཀྱི་ཡོད་འདུག

དགེ་བཤེས་བསྟན་འཛིན་དཔལ་བཟང་ལགས་ནི། བྲག་མགོ་ནོར་བ་གྲོང་ཚོའི་ཕ་དོན་གྲུབ་བཀྲ་ཤིས་དང་མ་བདེ་དབང་གཉིས་ཀྱི་བུ་ཡིན་པ་དང་། ཕྱིས་སུ་བྲག་མགོ་དགོན་པའི་ཆོས་སྒོར་ཞུགས་ཏེ་སློབ་གཉེར་གནང་འདུག ༡༩༨༦ ལོར་བཙན་བྱོལ་དུ་ཕེབས་ཏེ་ལྷོ་ཕྱོགས་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་གི་ཆོས་སྒོར་ཞུགས་ཡོད་པ་དང་། ༢༠༠༩ ལོར་ཕྱིར་རང་ཡུལ་དུ་ཕེབས་ནས་དགོན་པའི་ཕྱག་མཛོད་ཀྱི་འགན་བཞེས་འདུག

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

རྒྱ་ནག་གཞུང་གི་ལས་བྱེད་ཡིན་པའི་བོད་མི་ཚོའི་ཁྱིམ་མི་འདས་གྲོས་སུ་གྱུར་བ་ཡིན་ནའང་ཆོས་ཕྱོགས་ཀྱི་བྱེད་སྒོར་ཞུགས་ཆོག་གི་མི་འདུག བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

བོད་རིགས་ལས་བྱེད་ཀྱིས་གཙུག་ལག་ཁང་དུ་ལྟད་མོ་ལྟ་ཆོག་ཀྱང་ཕྱག་འཚལ་མི་ཆོག

ཆུ་ཚོད་ ༢༠ སྔོན་ལ།
Tibettimes
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་ནས་བསྒྲུབ་བྱ་ཕོ་མོ་གྲངས་དྲུག་ཅུ་རེ་གསུམ་ལ་བར་མ་རབ་བྱུང་དང་དགེ་ཚུལ་གྱི་བསླབ་སྡོམ་སྩལ། 

ཆུ་ཚོད་ ༢༡ སྔོན་ལ།
Beijing is preparing to host the annual session of the National People’s Congress. Photo: Reuters
Mobile App

རྒྱ་ནག་གཞུང་གིས་དཔོན་རིགས་བཅུ་དགུ་དམར་ཤོག་ཚོགས་པའི་འཐུས་མིའི་ཚོགས་ཆེན་གྱི་ཁོངས་ནས་ཕུད།

ཆུ་ཚོད་ ༢༢ སྔོན་ལ།
ཧྥ་རན་སིའི་གྲོས་འོག་མའི་ཚོགས་གཞོན་སྐུ་ཞབས་ (Charles De Courson) མཆོག་དང་ཡུལ་དེའི་ཕྱི་སྲིད་བློན་ཆེན་Jean-Noël Barrot མཆོག  པར་དུས་བབ་ཀྱིས་བསྒྲིགས།
Mobile App

ཧྥ་རན་སིའི་ཕྱི་སྲིད་བློན་ཆེན་མཆོག་གིས་བོད་རྒྱ་འབྲེལ་མོལ་བསྐྱར་གསོ་དགོས་པའི་སྐུལ་འདེད་གནང་།

༢༠༢༦/༠༢/༢༧
མགྱོགས་འཕྲིན་ནང་བོད་ཡིག་བོད་སྐད་དང་བོད་ལྭ་གྱོན་པ་འགྲེམས་སྤེལ་བྱས་ཚེ་བཀག་འགོག་བྱེད་ཀྱི་འདུག འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་།
Mobile App

མགྱོགས་འཕྲིན་ནང་བོད་ཡིག་བོད་སྐད་དང་བོད་ལྭ་གྱོན་པ་འགྲེམས་སྤེལ་བྱས་ཚེ་བཀག་འགོག་བྱེད་ཀྱི་འདུག

༢༠༢༦/༠༢/༢༦
tibettimes
Mobile App

བོད་པའི་བྱིས་པ་རྣམས་དགོན་པར་འགྲོ་བར་དམ་དྲག་སྔར་ལྷག་བྱེད་བཞིན་འདུག

༢༠༢༦/༠༢/༢༦

མཆན། 2

  1. ཆོས་བཟང་། says:
    ལོ་ 14 སྔོན།

    ཉེས་མེད་བཙོན་དུ་འཛིན་པའི་སྨྱོ་ཧམ་ཆེ་བའི་སྒེར་གཅོད་པ་དག་ལ་འགལ་ཟླ་ཞིག་མི་དགོས་་་་གང་ལྟར་བོད་པའི་གྲྭ་བཙུན་དང་གཞོན་སྐྱེས་སློབ་སྦྱོང་བ་དེ་དག་ཐབས་གང་དྲག་གིས་མེད་པར་བཟོ་དགོས་པ་ཁོང་ཚོས་ལས་འགན་རེད་་་་འོན་ཀྱང་དུས་ནམ་ཡང་སྟོང་བསམ་དེ་འགྲུབ་མི་སྲིད་་་་

    Reply
  2. ཤིང་ལོ། says:
    ལོ་ 14 སྔོན།

    ཉེས་པ་ཅི་ཡང་མེད་ཀྱང་ཉེས་ཁྲིམས་བཅས་ཡོད་ལབ་ན། འགལ་ཟླ་ཞིག་དང་མི་སྲིད་པ་འདྲ་བོ་འདུག་ནའང་། སྨྱོ་ཧམ་ཅན་ཚོར་ཐབས་ཤེས་གང་ཡོད་དམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese