མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་གཞུང་དྲ་རྒྱ་ ༥༠༠ ་ལ་གཏོར་རྒོལ།

བོད་ཀྱི་དུས་བབ།
༢༠༡༢/༠༤/༠༦
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་ཐོན་པའི་གནས་ཚུལ་ལྟར་ན། རྒྱ་ནག་གཞུང་འབྲེལ་དྲ་རྒྱ་ ༥༠༠ ཙམ་ལ་གཏོར་རྒོལ་བཏང་ཡོད་འདུག

འདས་པའི་ཉིན་འགའི་ནང་རྒྱ་ནག་གཞུང་འབྲེལ་དྲ་རྒྱ་ ༥༠༠ ཙམ་ལ་གཏོར་རྒོལ་བཏང་ཡོད་པ་དང་། གཏོར་རྒོལ་གཏོང་མཁན་མི་སྒེར་དང་ཚོགས་པའམ་ཡང་ན་སྡེ་ཚན་གང་འདྲ་ཡིན་མིན་ཁ་གསལ་མེད་ཀྱང་། རྒྱ་མི་ཡིན་པའི་སྟེང་ནས་རྒྱ་གཞུང་གི་དྲ་རྒྱར་གཏོར་རྒོལ་གཏོང་དགོས་པའི་རྒྱུ་མཚན་དང་། ངོ་རྒོལ་དེར་རྒྱ་ནག་མི་མང་གིས་མཉམ་ཞུགས་དང་རྒྱ་ནག་དམར་པོའི་གཞུང་ལ་ངོ་རྒོལ་བྱ་དགོས་པའི་སྐུལ་འདེད་ཀྱང་བྱས་ཡོད་འདུག

གཏོར་རྒོལ་བྱས་པའི་དྲ་རྒྱ་ཁག་ཅིག་གི་མདུན་ངོས་སུ་ཚོན་མདངས་ནག་པོ་ཤར་ཡོད་པ་དང་། དེའི་སྟེང་ “བརྩེ་བའི་རྒྱ་ནག་གཞུང་། ཁྱེད་ཚོ་དུས་ནམ་ཡང་མར་འགྱེལ་མི་སྲིད་པའི་རྟག་བརྟན་ཞིག་མིན། དེ་རིང་ཁྱེད་ཚོའི་དྲ་རྒྱར་གཏོར་རྒོལ་བྱས་ཡོད།སང་ཉིན་གཏོར་རྒོལ་འདི་ཁྱེད་ཚོའི་སྟེང་དུ་བསླེབ་ངེས་པས། སྐབས་དེར་གདུག་རྩུབ་ཅན་གྱི་གཞུང་འདི་མགོ་རྟིང་སློག་གི་རེད།” ཅེས་བྲིས་ཡོད་པ་མ་ཟད། ཉེན་བརྡ་གཞན་ཁག་ཅིག་ཏུ་ “ དེ་རིང་ཁྱེད་ཚོས་(རྒྱ་གཞུང་) སོ་སོའི་རླབས་ཆེ་བའི་མང་ཚོགས་ལ་དྲག་གནོན་སྡུག་གཅོད་གང་བྱེད་བཞིན་པ་དེ། སང་ཉིན་ཁྱེད་ཚོའི་མགོ་ཐོག་ཏུ་ཡོང་ངེས་རེད། སྐབས་དེར་ཡ་ང་སྙིང་རྗེ་མེད་པ་ཞིག་འབྱུང་ངེས།”ཞེས་བཀོད་ཡོད་པ་དང་། དེ་བཞིན་ “ང་ཚོས་མང་ཚོགས་ཀྱི་མངོན་འདོན་ལྟར་རྒྱ་ནག་དམར་པོའི་གཞུང་ལ་གསར་བརྗེ་ངོ་རྒོལ་བྱེད་ཀྱི་ཡོད། ཚང་མས་སོ་སོ་རང་དབང་གི་མི་རེ་བྱས་ཏེ་དམར་པོའི་སྲིད་གཞུང་ལ་ངོ་རྒོལ་དང་གྱེན་ལངས་བྱོས།” ཞེས་མང་ཚོགས་ལ་སྐུལ་སློང་གི་ཡི་གེ་བྲིས་ཡོད་འདུག

ཁ་སང་ཕྱི་ཚེས་ ༥ ཉིན་རྒྱ་ནག་རྒྱལ་ཡོངས་གློག་ཀླད་དྲ་གནས་ཛ་དྲག་སྡེ་ཚན་གྱིས་ཕྱོགས་ཡོངས་ནས་གཏོར་རྒོལ་ཟིན་པའི་གཞུང་འབྲེལ་དྲ་རྒྱ་དག་བསྐྱར་བཟོ་བྱེད་པར་བྲེལ་འཚུབ་བྱུང་ཡོད་པ་མ་ཟད། གནད་དོན་དེའི་ཐད་སྐད་ཆ་གང་ཡང་བཤད་མེད་ཀྱང་། རྒྱ་ནག་གཞུང་གིས་གཞུང་འབྲེལ་དྲ་རྒྱར་གཏོར་རྒོལ་བྱུང་པར་ངོས་ལེན་བྱས་མི་འདུགའོན་ཀྱང་། དྲ་རྒྱ་གཏོར་རྒོལ་གཏོང་མཁན་གྱི་ཐོ་གཞུང་ནང་ཡོད་པའི་རྒྱ་གཞུང་གི་དྲ་རྒྱ་ཁག་ཁ་ཕྱེ་མི་ཐུབ་པ་འམ། ཁ་ཕྱེ་ཐུབ་པ་དག་གི་མདུན་ངོས་སུ་གོང་གི་ཡི་གེ་དེ་དག་ཤར་ཡོད་འདུག

གསར་འགོད་པ། བནྡེ་སྐྱབས།

འབྲེལ་ཡོད་གསར་འགྱུར།

A dozen Buddhist monks are trekking from Fort Worth, Texas, to D.C. to promote unity, compassion, and healing across the nation. (Walk for Peace/Facebook)
Mobile App

འཛམ་གླིང་ཞི་བདེའི་ཆེད་ནང་པའི་དགེ་འདུན་ ༡༩ ཡིས་གོམ་བགྲོད་གནང་བཞིན་པ།

ཆུ་ཚོད་ ༣ སྔོན་ལ།
བོད་པའི་ཚོང་ཁང་ ༡༡ ལ་མེ་སྐྱོན་དོན་རྐྱེན་བྱུང་། དྲ་ལམ་གྱི་པར།
Mobile App

བོད་པའི་དགུན་ཚོང་ཁང་ ༡༡ ལ་མེ་སྐྱོན་བྱུང་།

ཆུ་ཚོད་ ༤ སྔོན་ལ།
Trump on Wednesday signed a proclamation withdrawing the US from 31 United Nations organisations.
Mobile App

ཨ་རི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་སྡེ་ ༣༡ ནས་ཕྱིར་འཐེན་བྱ་རྒྱུ་ཡིན་འདུག

༢༠༢༦/༠༡/༠༨
Protesters wave pre-1979 Islamic Revolution flags of Iran during a demonstration against the Iranian regime's crackdown on protests, in central Paris, on January 4, 2026. (Photo by Blanca CRUZ / AFP)
Mobile App

ཨི་རན་ནང་སྲིད་འགྱུར་འབྱུང་ཉེན་འདུག

༢༠༢༦/༠༡/༠༧
The routes come from Indrunag, Gallu Devi, and Chamba over the Indrahar Pass
Mobile App

ཊི་རོན་ཌི་རི་སྒང་དུ་འགྲོ་བར་དམིགས་བསལ་ཆོག་མཆན་ཞུ་དགོས་ཀྱི་འདུག

༢༠༢༦/༠༡/༠༧
གསར་འགྱུར།

རྒྱ་ནག་གིས་བོད་ནང་གཞུང་ལམ་འཛུགས་སྐྲུན་གྱིས་བོད་ཀྱི་རང་བྱུང་ཐོན་ཁུངས་སྔོག་འདྲེན་བྱེད་པར་དམིགས་ཡོད།

༢༠༢༦/༠༡/༠༧

མཆན། 30

  1. thapkegyatso says:
    ལོ་ 14 སྔོན།

    རྒྱ་གཞུང་གིས་ས་གུང་ཁྲན་དང་གནམ་གུང་ཁྲན་ཞེས་ངར་སྐད་ཕྱོགས་ཡོངས་སུ་བསྒྲགས་དང་སྒྲོག་བཞིན་ཡོད་ཅིང་།དམར་པོ་སྲིད་གཞུང་འདི་ཐོག་མར་ཞེ་སྡང་དང་གདུག་རྩུབ་ཧམ་སེམས་ཁྲག་རྣག་གིས་བསླངས་པ་རེད་ལ།བོད་རབ་བྱུང་གཅིག་གི་དུས་ཡུན་ལ་བསམ་ཅུང་ཟད་ཀྱང་མ་ཤེས་པ་ཡིན་ཙང་།ཐ་མར་ཡང་དྲག་གནོན་དང་དམར་གསོད་ཀྱི་སྡིག་མིང་མཁུར་བཞིན་མགོ་རྟིང་བསློགས་ཏེ་ལོ་རྒྱུས་ཀྱི་གླེགས་བམ་ནག་པོ་རུ་སྦས་ན་ཏག་ཏག་རེད།མང་གཙོ་རྒྱལ་བར་ཤོག

    Reply
  2. ཨ་མཆོད་འཇམ་དཔལ་ཚུལ་ཁྲིམས། says:
    ལོ་ 14 སྔོན།

    འདི་ནི་རང་ཅག་ལ་མཚོན་ན་བཟང་ལྟས་ཀྱི་སྔོན་བརྡ་ཞིག་ཡིན་མི་སྲིད་པ་མི་འདུག ཨི་ཤི་རེ་ཁོ། ང་ཚོས་སྔོན་ནས་ལམ་དབུ་མ་མ་གཏོགས་མི་དགོས་ཞེས་ཁ་ཤོར་ཚར་བ་རེད། ད་བཟང་རུང་ཡམ་ཡམ་ཞིག་ལས་ཡོང་རྒྱུ་མེད། གང་ལྟར་རྒྱ་ནག་སྲིད་གཞུང་འདི་འཐོར་བའི་བར་གསེང་ཞིག་ན་ང་ཚོར་ཁེ་ཕན་ཞིག་བསམ་ནས་བསྡད་ཡོད།

    Reply
  3. འབྲོག་པ་རྣལ་མ། says:
    ལོ་ 14 སྔོན།

    གཏམ་བཟང་རེད་དམར་པོའི་གཞུང་མགོ་གཏིང་ལོག་ཡག་གི་རྟགས་ཡིན་གྱི་རེད། རྒྱ་ནག་པོ་གཞུང་དུམ་བུ་བརྒྱ་ཕྲག་མང་པོ་འཐོར་བར་ཤོག

    Reply
  4. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    དུས་ཡུན་མང་པོའི་སྔིན་ནས། ཁ་བརྡར་མེ་རིའི་ལྖགས་རི་གཏོར་སྟངས་ཟེར་བ་སླར་གསར་དུ་དྲན་དུ་བཅུག་སོང་། བཀའ་དྲིན་ཆེའོ། ལས་འགུལ་པ་ཚོར། །

    Reply
  5. ཁྲོ་ཕྲུག། says:
    ལོ་ 14 སྔོན།

    ༄༅། ། ཡ་ ད་དེ་རིང་གནས་ཚུལ་གསར་པ་ཡག་པོ་ཞིག་འདུག་ འདི་ནི་བོད་མི་རིགས་གཙོས་འགྲོ་བ་མི་ཡིས་ཐོབ་ཐང་འདྲ་མཉམ་དགོས་པའི་མི་དག་ལ་མཚན་ན་དགའ་འོས་པའི་དོན་ཅིག་དང་ དམག་ཕྱོགས་ཚོགས་པའི་གཞུང་འཛིན་པ་རྣམས་ཞེད་སྣང་སྐྱེས་དགོས་པའི་དུས་ཞིག་རེད། མི་མཐུན་དེ་དེ་འདྲ་ཡོངས་བ་ཤོག། ཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧ

    Reply
  6. ངས་པོ་རྒྱལ་མཚན། says:
    ལོ་ 14 སྔོན།

    རྒྱ་དམར་གུང་ཁྲན་ཏང་ལ་དེ་ལྟར་བྱུང་བར་བཀྲིས་རྟེན་འབྲེལ་ཞུ།

    Reply
  7. ཀླུ་ བློ་བསམ། says:
    ལོ་ 14 སྔོན།

    གཏོར་རྒོད་གཏོང་མཁན་ཡང་རྒྱ་ནག་ནང་ཁུལ་ཞིག་ཡིན་ན་དེ་བས་ཀྱང་འགྲིག་འདུག

    Reply
  8. ཤིང་ལོ། says:
    ལོ་ 14 སྔོན།

    ད་ཐེངས་ད་དམར་ནག་གཉིས་ཀྱི་གང་རུང་ནས་ཅིག་བཟོས་དང་ས་རེད་པཱ།

    Reply
  9. སེང་གདོང་སྐྱབས ། says:
    ལོ་ 14 སྔོན།

    བདེན་པ་ནི་སྔ་རྗེས་ཚམ་ལས་ནམ་ཞིག་གི་ཚེ་ན་སྤྲིན་བྲལ་གྱི་ཉི་གཞོན་ལྟར་གྲོལ་བར་ངེས་སོ།

    Reply
  10. ལྗང་སྨྱུག says:
    ལོ་ 14 སྔོན།

    བརྩེ་བའི་ཕྱི་ནང་གི་བོད་རིགས་དང་བོད་དོན་རྒྱབ་སྐྱོར་བ་ཚོ་ད་མུ་མཐུད་ཤུགས་རྒྱོབ། ད་དུས་ལ་བབ་ཡོད་པ་རེད། ད་འབྲས་བུ་སྨིན་པའི་དུས་ལ་སླེབས་ཡོད་པ་རེད། ཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧོ་ཧོ་ཧོ་ཧོ་ཧོ་ཧོ་ཧོ་ཧོ་ཧོ། བོད་རྒྱལ་ལོ། རྒྱལ་བ་རིན་པོ་ཆེ་བོད་དུ་གདན་འདྲེན་ཞུས་ཏེ་གཞིས་བྱེས་མཉམ་འཛོམས་ཡོང་བ་ཤོག་གང་མགྱོགས་ཡོང་བ་ཤོག་ཤོག་ཤོག

    Reply
  11. norlhatso says:
    ལོ་ 14 སྔོན།

    རྒྱ་ཇག་དེ་ཚོར་ཡོང་དགོས་རྒྱུ་དེ་ཡིན།

    Reply
  12. ལྷ་ཐོག་སྤྲིན་ཕུང་། says:
    ལོ་ 14 སྔོན།

    མི་རྟག་པ་ཚེས་འདུག་བ།།

    Reply
  13. ཤག་སྒང་པ། says:
    ལོ་ 14 སྔོན།

    མེ་མཆོད་བློས་བཏང་གིས་དྲིན་ལས་དེང་སྐབས་བོད་ལ་གཞུང་འབྲེལ་གྲོས་ཆོད་སོགས་ཀྱི་རྒྱབ་སྐྱོར་མངོན་གསལ་ཆེ་ཞིང་།

    རྒྱ་ནག་གཞུང་གི་ལྐོག་འགྱུར་གྱི་རང་གཤིས་ཕྱིར་མངོན་དུས་སྐབས་གང་ནས་བལྟས་ཀྱང་ང་ཚོ་་རྣམ་རིག་གྲུང་དགོས་པར་འདོད་དོ།།

    བོད་ཀྱི་སྨྱུ་གུ་པའི་རང་གཤིས་ངོ་མའང་གོང་གསལ་མཆན་བུ་ནམས་ནས་མངོན་གསལ་ཆེ་ལེར་གསལ་ལོ།།

    Reply
  14. norlhatso says:
    ལོ་ 14 སྔོན།

    རྒྱ་ཇག་གུང་ཁྲུན་ཏང་ལ་ཡོང་རྒྱུ་དེ་ལས་ཅི་ཡོད། ངོ་མ་དགའ་བསུ་ཞུ། ད་ལྟ་བར་འཛམ་གླིང་ཞི་བདེའི་དགྲ་རུ་ལངས་ཏེ་ཧམ་བཤད་དང་སྐྱག་རྫུན་གྱིས་རྒྱལ་སྤྱིའི་མི་མང་དང་རྒྱ་ནག་པ་ལ་མགོ་སྐོར་བཏང་བ་དང་། བོད། སོག་པོ། ཡུ་གར་གཙོས་པའི་གྲངས་ཉུང་མི་རིགས་ཚོར་གདུག་རྩུབ་སྲིད་ཇུས་ལག་བསྟར་བྱས་པའི་ངན་འབྲས་ཤིག་དང་། ལས་ཀྱི་རྣམ་པར་སྨིན་ཆུད་མི་ཟ་བའི་བདེན་དོན་ངོ་མ་ཉི་ཟེར་སྤར་མས་མི་ཁེབ་པ་ལྟར་འཆར་འོང་དུས་ཧོ་ཅན་ཐོ་གཙེས་པའི་རྒྱ་ནག་མགོ་ཁྲིད་ཚོ་གྷ་ཊ་སྦིས་བསད་པ་ནང་བཞིན་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་ནས་མི་མང་རྣམས་ཀྱིས་རུབ་རྡུང་བྱས་ཏེ་བསོད་རྒྱུར་ཐག་ཉེ་རུ་འགྲོ་བཞིན་པ་འདི་ནི། འཛམ་གླིང་ཞི་བདེ་དང་། རང་དབང་མང་གཙོའི་ཉི་མ་རྒྱ་བོད་སོག་ཡུ་གར་བཅས་ཀྱི་རྒྱལ་ཁམས་ལ་འཕྲོས་པའི་ལྟས་བཟང་ཞིག་ཤར་བའི་རྟགས་མཚན་རེད་ལ། རྒྱ་དང། བོད། སོག་པོ། ཡུ་གར་བཅས་ཀྱི་མི་མང་ཚང་མས་མཐུན་འབྲེལ་བྱས་ནས་གུང་ཇག་ལ་ངོ་རྒོལ་བྱ་དགོས་པའི་དུས་ལ་བབ་པར་སྙམ། བདེན་པ་ཉིད་རྣམ་པར་རྒྱལ་གྱུར་ཅིག

    Reply
  15. ཆོས་བཟང་། says:
    ལོ་ 14 སྔོན།

    དྲང་བདེན་འཚོལ་བའི་མི་རིགས་ཆེན་པོ་དེར་རྒྱལ་ཁ་ཐོབ་དགོས་

    Reply
  16. ཆོས་བཟང་། says:
    ལོ་ 14 སྔོན།

    ཡག་པོ་རེད་་་་དྲྭ་ལམ་དང་གསར་ལམ་ཁག་ཏུ་རྫུན་གཏམ་ཁོ་ན་ཁྱབ་བསྒྲགས་བྱས་ན་དེ་མིན་འོང་རྒྱུ་མེད་་་འདི་ནི་ང་ཚོ་བོད་པ་ཚོར་མཚོན་ན་དགའ་འོས་པ་ཞིག་རེད་་་་ནམ་རྒྱུན་ངན་བྱས་བྱས་ཁ་བྲལ་རང་ལུགས་པ་དང་ཏ་ལའི་རུ་ཚོགས་གིས་རྒྱུད་བསྐུལ་དང་བཟང་བྱས་བྱས་དམར་ཤོོག་ཚོགས་པ་དང་རྒྱ་ནག་གཞུང་གིས་བྱས་རབ་ཞིང་བྲན་ཁྲི་ཚོ་བརྒྱ་ལ་བཅིང་གྲོལ་བྱས་པའི་རྫུན་གཏམ་དེས་ཁོངས་མ་འཁྱོལ་བ་རེད་

    Reply
  17. ཀླུ་སྨྱོན། says:
    ལོ་ 14 སྔོན།

    རྣམ་སྨིན་འཁོར་བ་འདྲ།

    Reply
  18. ལུང་རྟོགས། says:
    ལོ་ 14 སྔོན།

    དེ་རིང་དྲ་རྒྱ་གཏོར་བ་བཞིན་སང་ཉིན་་་་་་་།

    Reply
  19. ཤིང་ལོ། says:
    ལོ་ 14 སྔོན།

    ༼ལས་བྱས་པ་ཆུད་མི་ཟ་བ།༽ད་མང་པོ་འགོར་གྱི་མ་རེད། བཙན་བྱོལ་བ་ཚོ་སོ་སོའི་ཅ་ལག་བསྡུ་གསོག་རྒྱོབ་དང་ཡུལ་དུ་འགྲོ།

    Reply
  20. བསོད་ནམས། says:
    ལོ་ 14 སྔོན།

    ངོ་མ་དགའ་འོས་པའི་གསར་འགྱུར་ཅིག་རེད་འདུག དུས་བབས་ཚང་ལ་ཐུགས་རྗེ་ཆེ་ཞུ། དུས་རབས་འདིའི་ལས་འགུལ་ལམ་ངོ་རྒོལ་བྱེད་སྟངས་ངོ་མ་བོ་འདི་འདྲ་མིན་ན་ཅི་རེད། རང་མི་རིགས་ཀྱིས་ཀྱང་འདི་ལྟར་བྱེད་ཐུབ་ན་ཅི་མ་རུང་ཨ་ཤུ་རེ་མཁོ། འུ་ཚང་ལ་འདི་འདྲའི་དེ་རིང་གི་མིའི་གླད་པ་ཅན་འདྲ་ཡོད་རྒྱུ་ན། རྒྱ་ནག་གིས་འཛམ་གླིང་མི་དམངས་ལ་མགོ་སྐོར་བྱེད་ཀྱི་ལམ་ཁ་ཡོད་ཚད་སྐད་ཅིག་གཉིས་པར་མེད་པར་བཟོས་ན། ད་གཟོད་འུ་ཚོས་གནས་སྟངས་ངོ་མ་ཞིག་འཛམ་གླིང་ལ་སྟོན་ཐུབ་པ་སྨོས་ཅི་དགོས།

    Reply
  21. གླག་སྨྱོན། says:
    ལོ་ 14 སྔོན།

    ཨ་ལ་ལ་དང་ཨེ་མ་ཧོ།། དགའ་བ་ལ་དང་སྐྱིད་པ་ལ།། དེ་རིང་དྲ་རྒྱ་གཏོར་རྒོལ་འདི།། སོང་ཉིན་རྒྱ་ནག་གཞུང་བབ།།

    Reply
  22. ཨ་ར་དཀར་པོ says:
    ལོ་ 14 སྔོན།

    རྒྱ་རིགས་དུང་ཕྱུར་མང་པོ་གོ་རྟོགས་སད་པའི་དུས་ཚོད་སླེབས་ལ་ཉེ་བ་འདྲ། ད་རེས་རྒྱ་གཞུང་གི་དཔོན་རིགས་ཚོ་འདར་སིག་ཅིག་ཤོར་ཡོད་ངེས། ཧཧཧ

    Reply
  23. གངས་ཟླ། says:
    ལོ་ 14 སྔོན།

    ཧ་ཧ་་་ད་ནི་ངོ་མ་བདེན་པ་དང་གནས་ལུགས་ཟེར་བའི་དོན་དངོས་ཤིག་འཛམ་གླིང་གི་ཉི་མ་བཞིན་ཤར་ཡོང་གི་མི་འདུག་གམ། གཞན་གནོད་ཀྱི་བསམ་བློར་རྩད་ནས་མི་དགའ་མཁན་གྱི་དཔའ་བོའི་མི་རིགས་ཤིགས་སྟེ། རི་ཁ་བ་ཅན་གྱི་བདེན་པའི་འཐབ་རྩོད་དེ་ངོ་མ་དོན་ལ་འཁྱོངས་བ་མ་ཡིན་ནམ། ད་ནི་ང་ཚོས་རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིན་ཐའོ་གཙོ་བྱས་དབང་ཆ་གཅིག་སྡུད་ལམ་ལུགས་མཁན་དག་གིས་ཁ་ཕྱིར་འཁོར་ནས་འཛམ་གླིང་སྤྱི་ལ་འགྲེལ་བཤད་གང་འདྲ་བྱེད་ཀི་འདུག ཅིག་ལྟ་དགོས། རྣམ་པ་ཚོས་རྒྱ་ནག་གི་དྲ་རྒྱ་གཏོར་རྒོལ་བྱེད་མཁན་དག་གི་བསྒྲགས་གཏམ་སྤེལ་བར་ཞིབ་ཏུ་མྱོང་རོལ་ཞིག་བྱོས་དང་། “བརྩེ་བའི་རྒྱ་ནག་གཞུང་། ཁྱེད་ཚོ་དུས་ནམ་ཡང་མར་འགྱེལ་མི་སྲིད་པའི་རྟག་བརྟན་ཞིག་མིན། དེ་རིང་ཁྱེད་ཚོའི་དྲ་རྒྱར་གཏོར་རྒོལ་བྱས་ཡོད།སང་ཉིན་གཏོར་རྒོལ་འདི་ཁྱེད་ཚོའི་སྟེང་དུ་བསླེབ་ངེས་པས། སྐབས་དེར་གདུག་རྩུབ་ཅན་གྱི་གཞུང་འདི་མགོ་རྟིང་སློག་གི་རེད།” ཅེས་བྲིས་ཡོད་པ་མ་ཟད། ཉེན་བརྡ་གཞན་ཁག་ཅིག་ཏུ་ “ དེ་རིང་ཁྱེད་ཚོས་(རྒྱ་གཞུང་) སོ་སོའི་རླབས་ཆེ་བའི་མང་ཚོགས་ལ་དྲག་གནོན་སྡུག་གཅོད་གང་བྱེད་བཞིན་པ་དེ། སང་ཉིན་ཁྱེད་ཚོའི་མགོ་ཐོག་ཏུ་ཡོང་ངེས་རེད། སྐབས་དེར་ཡ་ང་སྙིང་རྗེ་མེད་པ་ཞིག་འབྱུང་ངེས།”ཞེས་བཀོད་ཡོད་པ་དང་། དེ་བཞིན་ “ང་ཚོས་མང་ཚོགས་ཀྱི་མངོན་འདོན་ལྟར་རྒྱ་ནག་དམར་པོའི་གཞུང་ལ་གསར་བརྗེ་ངོ་རྒོལ་བྱེད་ཀྱི་ཡོད། ཚང་མས་སོ་སོ་རང་དབང་གི་མི་རེ་བྱས་ཏེ་དམར་པོའི་སྲིད་གཞུང་ལ་ངོ་རྒོལ་དང་གྱེན་ལངས་བྱོས།”ཞེས་འདི་པ་དག་ནི་ངོ་མ་གཏན་དུ་ཞིག་པ་མེད་པའིགནས་ལུགས་ཀྱི་ཐམ་ཀ་ངོ་མ་ཞིག་མ་ཡིན་ནམ། ཡང་གཅིག་བཤད་ན་གནས་ཚུལ་འདི་ནི་བོད་མི་རིགས་གཅིག་པུ་ཙམ་མ་ཡིན་པར། འཚེ་མེད་ཞི་བདེ་ལ་དགའ་བའི་མི་རིགས་དང་རྒྱལ་ཁབ་ཚོགས་སྡེ་ཁག་སུ་ཞིག་ཡིན་ཀྱང་། གནས་ལུགས་དང་རྒྱུ་མཚན་སྟོང་གི་མས་སྣེ་ནས་དགའ་བའི་ཕྱག་ཟུང་མི་རྡེབ་མཁན་སུ་ཞིག་ཡོད། བོད་ལ་མཚོན་ན་ལྷག་དོན་དུ་དགའ་དགོས་པ་ཞིག་རེད། ད་དུང་ཁ་རྩང་གི་ཨ་རིའི་གྲོས་ཚོགས་གོང་མའི་བོད་དོན་ཐད་གྲོས་ཆོད་དོན་ཚན་དྲུག་ཅན་དེ་དང་། ནོ་བྷེལ་ཞི་བདེའི་གཟེངས་རྟགས་བཞིས་མཁན་བཅུ་གཉིས་ཀྱིས་བོད་ནང་གི་དོན་རྐྱེན་དག་ལ་ཆེད་དམིགས་ཀྱིས་ཧུ་ཅུན་ཐའོ་ལ་༸གོང་ས་མཆོག་དང་མཉམ་དུ་དོན་ཕན་ལྡན་པའི་གྲོས་མོལ་དགོས་སྐོར་ཀྱི་ཡི་གེ་ཕུལ་བ་དང་། བཀའ་ཁྲི་མཆོག་ཉི་ཧོང་དུ་ཕྱོགས་ཕེབས་གནང་སྐབས་ཉི་ཧོང་གྲོས་ཚོགས་བོད་དོན་ཐད་དོན་ཚན་ལྔ་ཅན་གྱི་གྲོས་ཆོད་བཞག་ཡོད་པ་སོགས་ནི་ང་ཚོས་བལྟས་ན་ལྟ་ས་ཡོད་པ་ཞིག་དང་། ཉན་ན་ཉན་ས་ཡོད་པ་ཞིག་ཏུ་འདོད་ཡོད། ད་ནི་གང་ལྟར་ཀྱང་རྒྱལ་གཅེས་དཔའ་བོ་དཔའ་མོ་དག་གི་དྲིན་ལ་ངོ་མ་རེ་བ་ཡོད་ས་ཞིག་ཏུ་བསྐྱལ་འདུག ད་ནི་མི་རིགས་ལྔ་བཅུ་ང་དྲུག་གིས་མཉམ་དུ་རྒྱ་དམར་པོའི་ལག་འོག་ནས་འཛམ་གླིང་སྐྱེ་ཆེན་དམ་པ་དག་གི་རྗེས་སུ་སྤོབས་པ་དང་གནས་ལུགས་སྦྲེལ་ནས་ཡར་ལ་ལོང་ཤོག ས་ཡི་གོ་ལའི་རྟེན་ཕུར་ཡིན་པའི་བཙན་པོ་གདོང་དམར་བའི་སྣ་ཁྲིད་ནས་དཔའ་གླུ་ངོ་མ་ཞིག་ལོང་དང་། གནས་ལུགས་དང་རྒྱུ་མཚན་མེད་པའི་ཧམ་བཤད་གཏན་ནས་ཡིན་མི་སྲིད། དྲང་བདེན་དང་གནས་ལུགས་ཞུ་བ་འདི་དུས་གཏན་དུ་རྒྱལ་བར་གྱུར་ཅིག་སྨོན་པ་དང་བཅས་གངས་ཟླས།

    Reply
  24. རྒྱ་མཚོ། says:
    ལོ་ 14 སྔོན།

    རྒྱ་ནག་དམར་པོ་བོད་ནང་ལ་ཁྲག་གི་ཁོར་ལོ་ནས་ལོ་དེ་སླེཔས་ནས་རྒྱུ་འབྲས་ཞིག་འཁོར་པ་ཡིན་མོ་ད་རེས་དགའ་པ་ལ་སྐྱིད་པ་ལ་མི་ཐུན་ནས་གཏོང་རོགས་གངན་ཧཧཧཧཧ

    Reply
  25. རྒྱ་མཚོ། says:
    ལོ་ 14 སྔོན།

    འདུ་འདྲིའི་བདེན་པ་ཡིན་ན་ང་ཚོས་མི་མཐུན་ནས་ཤུགས་རྒྱབཔ་ཡིན་་ན་རེ་པ་ཆེན་པོ་ཞིགས་ཡོད་ཀྱང།འོན་ཀྱང་ང་ཚོས་བདེན་པ་མངོན་གྱུར་བྱུང་ཐུབ་པ་ཡིན་ཧ་ཧ་ཧ་ཧ་ཧ་དེ་འདྲིའི་ཡིན་ན་བཀྲ་ཤེས་བདེ་ཤོག་་

    Reply
  26. རྡོ་རྗེ་ཚེ་རིང་། says:
    ལོ་ 14 སྔོན།

    དེ་འདྲ་འཆར་འགོད་སྔོན་ནས་བསམ་བྱུང་། ད་ངའི་མངོན་འདོད་འགྲུབ་སོང་། མིང་མེད་ལགས་ཐུགས་རྗེ་ཆེ། 

    Reply
  27. སྐར་མདའ། says:
    ལོ་ 14 སྔོན།

    དགའ་བ་ལ། སྐྱིད་པ་ལ། གདུག་རྩུབ་ཅན་གྱི་རྒྱ་ནག་དམར་གཞུང་ལ་གཏོར་རྒོལ་ཐེབས་ཤོག

    Reply
  28. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    རྒྱ་གཞུང་གིས་རྫུན་སྒྲིག་བྱས་པའི་ཀླད་པ་གཏོར་ཐུབ་ན། མི་མང་དྲང་བདེན་རྒྱལ་ཁ་ཐོབ་ཐུབ་པ་ཆོས་ཉིད་རེད། རྒྱ་གཞུང་ཕམ་འགྱུར་ཅིག མི་མང་རྒྱལ་འགྱུར་ཅིག བོད་རྒྱལ་ལོ། །

    Reply
  29. གྲྭ་རྒོད says:
    ལོ་ 14 སྔོན།

    འདི་ངོ་མ་ཡིན་ན་ཡག་པོ་རེད་ཤིན་ཏུ་ལེགས། དུས་ཤར་ལ་ཉེ།

    Reply
  30. འབྲི་གུང་སྤྲོ་ཚེ། says:
    ལོ་ 14 སྔོན།

    བཀྲིས་བདེ་ལེགས། ཧཧཧཧཧཧཧཧཧཧ ད་མི་རྒས་ན་ལྷ་ཤི་བ་མཐོང་ཐག་ཆོད་རེད་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese