མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཞི་བའི་འཐབ་རྩོད། ཞི་བའི་གོམ་བགྲོད་ལ་ཞུགས་པའི་མི་སྣ་དང་ཞལ་འདེབས་སོགས།༡།༡༠།༤།༡༢

བོད། ཤ་ཁྲག་རུས་གསུམ།
༢༠༡༢/༠༤/༡༠
Share on FacebookShare on TwitterShare on EmailShare on Whatsapp

༡།༤ཉིན། བྱམས་བརྩེའི་བདག་མོ་བོད་དོན་རྒྱབ་སྐྱོར་བ་ཨ་ཤ་རས་སྒྲས་མཆོག་ཉིན་བཀང་བོར་མཉམ་ཞུགས་དང་ཧིན་སྒོར་༢༥༠༠༠གནང་།
དབྲ་ཕྲུག་ཚེ་རིང་བདེ་སྐྱིད།
ཉིན་འགའི་སྔོན་དུ་མཉམ་ཞུགས་གནང་མྱོང་མཁན་གྱི་དཀའ་ཐུབ་རྒྱལ།
ད་ལྟ་ལྡི་ལིར་གནས་བསྡོད་འབུམ་བཟང་བཀྲ་ཤིས།
ཁོང་གསུམ་ཉིན་བཀང་བོར་གོམ་བགྲོད་མཉམ་ཞུགས་གནང་།
ནུབ་ཟས་ལྡི་ལུ་མདོ་སྨད་ས་རྒྱུན་གྱི་ངོས་ནས་ཟ་མ་ཁུར་ནས་འོང་མཁན་ནི་ཚོགས་གཞོན་རྟ་འགྲིན་དང་ཆོས་འཕེལ་ལགས་ཀྱི་སྒེར་འཁོར་བཏང་ནས་སླེབས།

༢།༤ཉིན་གྱི་དགོང་དྲོར།
ལྡི་ལི་ས་གནས་རྒྱུན་ལས་ཀྱིས་ཚོགས་གཙོ་དང་ཚོགས་གཞོན།
རྣམ་གྲོལ་གླིང་གི་གྲྭ་ཡོན་ཏན་རྒྱ་མཚོ། འབུམ་བཟང་བཀྲ་ཤིས།
ཀུན་ཐར་རྒྱལ་གྱི་སྒེར་འཁོར་བཏང་ནས་སླེབས་སོང་།
ང་ཚོ་ལ་ནུབ་ཟས་འཐེན་ཐིག་ཡང་འཁྱེར་འདུག
གྲྭ་ཡོན་ཏན་རྒྱ་མཚོ་ལགས་ཉིན་གཉིས་རིང་དུ་གོམ་བགྲོད་མཉམ་ཞུགས་དུ་ཕེབས་འདུག
འབུམ་བཟང་བཀྲ་ཤིས་ནི་འགྲོ་རོགས་གཏན་པོ་ཞིག་མ་སླེབས་བར་དུ་དྭང་བླང་གིས་ཕེབས་མཁན་རེད་འདུག

༤།༤ཉིན་ལྡི་ལི་མདོ་སྨད་ས་རྒྱུན་གྱི་ཚོགས་གཙོ་དང་ཆོས་འཕེལ་གྱིས་སྒེར་འཁོར་བཏང་ནས་དྭང་བླང་གོམ་བགྲོད་མཉམ་ཞུགས་པ་བུ་མོ་གཉིས་ཁྲིད་འདུག
ཨོ་རྒྱན་སྒྲོལ་མ་ཆུང་དུས་བོད་ནས་སླེབས་པ་དང་ད་ལྟ་མཐོ་རིམ་སློབ་གྲྭར་བསྐྱོད་འཆར་ཡོད་པའི་སློབ་མ་ཞིག་རེད་འདུག
བུ་མོ་བསམ་གཏན་ཆུང་དུས་བོད་ནས་སླེབས་པ་དང་ད་ལྟ་མཐོ་སློབ་དུ་སྤྱོད་བཞིན་ཡོད་འདུག
ཁོ་མོ་གཉིས་ཉིན་གཉིས་རིང་དུ་མཉམ་ཞུགས་གནང་སོང་།

༧།༤ཉིན་ང་ལ་ཁ་པར་ཁྲོད་ནས་ཉེ་དུས་ནས་འབྲེལ་བ་གནང་མཁན།
དབྱིན་ཡུལ་དུ་གནས་བཞུགས་ རྭ་རྒྱ་འཕྲིན་ལས་དང་ངག་དབང་གཉིས་ཀྱི་གཙོ་བའི་དེར་གནས་བོད་རིགས་སྤུན་ཟླ་མི་ ཉུང་བ་ཞིག་གིས་མ་སྐུལ་དྭང་བླང་གིས་ང་ཚོ་མ་བུ་གསུམ་གྱི་སྐོར་ལ་ཚོགས་འདུ་ ཚོགས་པ་དང་གཏམ་བཤད་སྒྲོག་སྤྱོང་གནང་འདུག་པ་མ་ཟད།
ཁོང་ཚོས་ལྡི་ལི་ས་རྒྱུན་ཚོགས་གཞོན་རྟ་འགྲིན་གྱི་མིང་ཐོག་ལ་ངེད་མ་སྨད་གསུམ་ལ་དབྱིན་ལན་སྒོར་མོ་༡༥༩༡.༦༢སྒྱུར་ཧིན་སྒོར་༡༢༦༠༠༠བཏང་འདུག་པ་མ་ཟད།
ངེད་མ་སྨད་གསུམ་ལུས་ཐོག་ནས་མཉམ་ཞུགས་བྱེད་མ་ཐུབ་ཀྱང་།
སྒོར་མོ་དེ་དག་ངེད་ཅག་གིས་གང་ལ་འཁོ་བ་དེ་ཡི་ཆེད་དུ་སེམས་པ་མཚོན་བྱེད་ཀྱི་ཞལ་འདེབས་ཙམ་ཡིན་ཟེར་ནས་གསུངས་སོང་།

༨།༤ཉིན་ན་ནས་ཏྲལ་ས་ཁུལ་ལ་གནས་བསྡོད་བོད་མིའི་སྐྱིད་སྡུག་ཚོགས་པའི་ཚོགས་གཙོ་པདྨ་སྲིད་ཐར།
རང་བཙན་ཚོགས་ཆུང་གི་ཚོགས་གཙོ་ཉི་མ་བསམ་མཁར།
བུད་མེད་ཚོགས་པའི་དངུལ་གཉེར་སྒྲོལ་མ་ཆོས་འཛོམ།
ས་གནས་གཞོན་ནུའི་འབྲེལ་མཐུད་འགན་འཛིན་བསྟན་འཛིན་འཇིག་མེད།
ས་གནས་གཞོན་ནུའི་ཚོགས་ གཞོན་ཟུར་བ་དབང་འདུས་བཅས་མི་སྣ་ལྔ་ས་གནས་དེ་ཡི་བོད་མི་ཡོངས་ཀྱི་ཚབ་དུ་ཕེབས་ ནས་ང་ཚོ་མ་བུ་གསུམ་ལ་ཧིན་སྒོར་གཅིག་ཁྲི་ཞལ་འདེབས་དང་མ་འོངས་པར་གང་འཁོའི་ མཐུན་རྐྱེན་སྤྱོར་བར་གྲྭ་སྒྲིག་ཡོད་ཅེས་གསུངས་སྟེ་ཁ་བཏགས་དཀར་གཙང་གིས་ བསྐྱེལ་མ་གནང་སོང་།

༨།༤ཉིན་གྱི་ཕྱི་དྲོར་ཚོགས་པ་བཅུ་གཅིག་གི་ཚོགས་འདུ་ཞིག་མ་སྐུལ་དྭང་བླང་གིས་ཚོགས་འདུག་པ་མ་ཟད།
ཚོགས་ཐོག་ནས་མང་མོས་བྱུང་ བ་ལྟར་ངེད་མ་སྨད་གསུམ་ལ་ལྟ་རྟོག་དང་རོགས་སྐྱོར་བྱེད་རྒྱུའི་གྲོས་འཆམ་བྱུང་ ནས་ཆིག་སྒྲིལ་ཚོགས་པའི་ཚོགས་གཙོ་བསྟན་པའི་དངོས་གྲུབ།
མངའ་རི་སྤྱི་མཐུན་ཚོགས་པའི་དབུས་རྒྱུན་གྲགས་པ་བསམ་གཏན་གཉིས་ཕེབས་སོང་།
ཁོང་གཉིས་ངེད་མ་སྨད་གསུམ་དང་བདུན་གཅིག་རིང་དུ་ཟས་གོས་གནས་མལ་ལྟ་རྟོག་གནང་དེ་ཕེབས་མཁན་རེད་འདུག
ཁོང་གཉིས་ང་ཚོ་ལ་ཐུག་ འཕྲད་བྱེད་དུ་ཡོང་སྐབས་རླངས་འཁོར་ཆུང་ཆུང་ཞིག་གི་འགྲུལ་གླ་ལྡི་ལི་གནས་ གཞུགས་མདོ་སྨད་པ་ལྷག་པ་ཚེ་རིང་ནས་ཧིན་སྒོར་བཞི་སྟོང་གི་ཞལ་འདེབས་གནང་འདུག

{ཚོགས་པ་བཅུ་གཅིག བོད་ཆོལ་གསུམ་ཆིག་སྒྲིལ་ཚོགས་པ།
དབུས་གཙང་ཆོས་ཀྱི་ཆོལ་ཁ། མདོ་སྨད་རྟའི་ཆོལ་ཁ། མདོ་སྟོད་མའི་ཆོལ་ཁ།
གསར་རྙིང་གཉིས། མངའ་རི་སྤྱི་མཐུན་ཚོགས་པ།
དབུ་མའི་ལམ་ལས་འགུལ་ཁང་ཚོགས་པ། བོད་རྒྱལ་ཡོངས་ཆབ་སྲིད་བཙོན་གྲོལ་ཚོགས་པ།
དྭང་ཟུར་སྐྱིད་སྡུག་ཚོགས་པ། རྡ་ས་ཚོང་ཁང་སྐྱིད་སྡུག་ཚོགས་པ།
རྡ་ས་ཟ་ཁང་སྐྱིད་སྡུག་ཚོགས་པ། }

༡་༤ཚེས་གཅིག་ནས་ད་ ལྟའི་བར་དུ་རྒྱ་གར་གྱི་ཚགས་ཤོག་མི་འདྲ་བ་དྲུག་དང་ས་ཁུལ་བརྙན་འཕྲིན་གསར་ འགྱུར་རྒྱུད་ལམ་གཅིག་བཅས་ལ་ང་ཚོའི་སྐོར་དང་འདྲ་དཔར་སླེབས་ཡོད་པ་རེད།

༡༠།༤།༡༢ཉིན་གོམ་བགྲོད་ཀྱི་ལམ་ཞོར་དུ་སྤུན་ཟླ་དག་གི་མཉམ་ཞུགས་དང་མི་རིགས་གཞན་གྱི་རྒྱབ་སྐྱོར་སྐོར་མདོར་ཞིག་བྲིས།

འབྲེལ་ཡོད་གསར་འགྱུར།

Meditation: Reflections of His Holiness the Dalai Lama, featuring Amjad Ali Khan, Amaan Ali Bangash, Ayaan Ali Bangash, and Kabir Sehgal, has earned a Grammy nomination for Best Audio Book, Narration & Storytelling Recording
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་གྷི་རེ་མི་ཡི་གཟེངས་རྟགས་ཐོབ།

ཆུ་ཚོད་ ༡༥ སྔོན་ལ།
Mobile App

བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བླུག་བཞིན་པ།

༢༠༢༦/༠༢/༠༡
Mobile App

བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤིས་མིན་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་བྱས་འདུག

༢༠༢༦/༠༡/༣༠
གསར་འགྱུར།

འབའ་ཁྲི་བློ་བཟང་ལུང་རིགས་ལགས་འཛིན་བཟུང་བྱས་འདུག

༢༠༢༦/༠༡/༣༠
གནས་མཆོག་རྡོ་རྗེ་གདན་དུ་ཡོད་པའི་ཞེ་ཆེན་དགོན་དུ་ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་པ། ༢༠༢༥།༡།༢༩ དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས།
Mobile App

ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག 

༢༠༢༦/༠༡/༢༩
British Prime Minister Keir Starmer with Chinese President Xi Jinping. Image source - X/@EuroPostAgency
གསར་འགྱུར།

བོད་ནང་གི་བཅའ་སྡོད་སློབ་གྲྭའི་ལམ་ལུགས་མཚམས་འཇོག་དགོས་པའི་འབོད་སྐུལ་ཞུ་ཡིག་ཕུལ།

༢༠༢༦/༠༡/༢༨

མཆན། 17

  1. ChongTsang says:
    ལོ་ 14 སྔོན།

    གླིང་ཚ་མ་སྨད་གསུམ་ལ། བརྩོན་པས་རི་བོ་འདེགས་པའི་སྙིང་སྟོབས་དེར་གུས་འདུད་དང་ཡི་རང་མིག་ཆུ་ཚུན་ཆད་དབང་མེད་དུ་འཆོར་བའི་འཁྲེང་སེམས་ཞིག་གིས། ད་ལྟར་མ་སྨད་གསུམ་གྱི་ལུས་གཟུགས་བདེ་ཐང་ཐོག་མདུན་སྐྱོད་བྱེད་བཞིན་པའི་ཁམས་འདྲི་ཞིག་ཐོག་མར་གཏོང་། དེ་བཞིན་ཁྱེད་མ་སྨད་གསུམ་ལ་རོགས་ཕན་དང་སེམས་ཤུགས་སྤར་མཁན་མཉམ་བགྲོད་པ་རྣམས་ལ་ཡང་ཁམས་འདྲི་ཞུ། ནམ་ཞིག་དུས་དང་སྐལ་བ་འཛོམས་ན་ང་ཚོ་ཚང་མའི་སེམས་ཀྱི་རེ་བ་མངོན་དུ་འགྱུར་བའི་ཆོད་སེམས་དང་སྨོན་ལམ་ཡོད། ཐུགས་རྗེ་ཆེ།

    Reply
  2. participation says:
    ལོ་ 14 སྔོན།

    བོད་མི་ས་ཡ་དྲུག་གི་བདེ་དོན་གྱི་ཆེད་དུ་རང་ཉིད་ཡོད་ཚད་རྒྱབ་ཏུ་བསྐྱུར་ཐུབ་པའི་སྙིང་སྟོབས་དང་ཆོད་སེམས་ལྡན་པའི་མ་སྨད་གསུམ་གྱི་རླབས་ཆེན་གྱི་རྗེས་སུ་ཡུ་རིང་དང་ཁོང་ཚོའི་ལས་འགུལ་ལ་མཉམ་ཞུགས་དང་རྒྱབ་སྐྱོར་ཞལ་འདེབས་གནང་མཁན་ཡོང་ལ་བཀའ་དྲིན་རྗེས་དྲན་བྱེད་ཀྱི་ཡོད།།རིང་ནས་སྙིང་དུ་བརྣགས་པའི་འདོད་པའི་དོན།།ཡོངས་རྫོགས་བོད་ལྗོང་རང་དབང་གཙང་མའི་དཔལ།།ལྷུན་གྲུབ་ཆོས་སྲིད་ཟུང་འབྲེལ་དགའ་སྟོན་ལ།།སྤྱོད་པའི་བསྐལ་བཟང་མྱུར་བ་མྱུར་དུ་སྩོལ།།

    Reply
  3. chok zyl says:
    ལོ་ 14 སྔོན།

    བོད་ཀྱི་དཔའ་རྒོད་ཁྱེད་མ་བུ་གསུམ་ལ་ང་རང་གི་སྒེར་ཐོག་ནས་ཅི་ཡང་བཤད་ཕོད་མ་སོང་། ཁྱེད་ཅག་གི་སྙིང་སྟོབས་དང་བློ་སྟོབས་ལ་རྟག་པར་ཡི་རང་བླ་མེད་ཞུ་བཞིན་ཡོད།

    Reply
  4. dadul1959 says:
    ལོ་ 14 སྔོན།

    ཁྱེད་མ་སྨད་གསུམ་གྱི་ཞི་བའི་མཐའ་རྩོད་དེའི་ཁྲོད་མཉམ་ཞུགས་མི་སྣ་དག་དང་། ཞལ་འདེབས་འབུལ་མཁན་སོགས་མི་རྒྱུ་གཉིས་ནས་ལྟ་རྟོག་དང་རོགས་སྐྱོར་གནང་མཁན་ཡོངས་ལ་ཁ་ཙམ་ཚིག་ཙམ་མིན་པ་སེམས་བསམ་པའི་གཏིང་ནས་ཐུགས་རྗེ་ཆེ་ལན་བརྒྱ་ཞུ་འདོད་ལགས། ད་དུང་ཡང་མུ་མཐུད་དུ་ཚོགས་སྒེར་ཚང་མས་མཉམ་རུབ་བྱེད་གལ་ཆེ།

    Reply
  5. Tatso says:
    ལོ་ 14 སྔོན།

    ཚེ་བརྟན་རྡོ་རྗེ་མ་བུགསུམ་ལ་སྙིང་ཐག་པ་ནས་གུས་འདུད་དང་རྒྱབ་སྐྱོར་ཞུ།
    ཁྱེད་ཅག་གི་བླ་མེད་ཀྱི་སྙིང་སྟོབས་ལ་ཡི་རངས་ཞུ།
    མཐར་ཁྱེད་རྣམ་པ་གསུམ་ལམ་བར་ནས་གེགས་དང་བར་ཆད་སོགས་ལས་རྣམ་པར་རྒྱལ་བར་སྨོན།

    Reply
  6. Karma1234 says:
    ལོ་ 14 སྔོན།

    རྒྱལ་གཅེས་པ་ཚེ་རྡོར་དང་མ་སྨད་གསུམ་ལ་དགའ་གུས་ཆེན་པོའི་མཚམས་འདྲི་དང་བསམས་དོན་ཡིད་བཞིན་འགྲུབ་པའི་སྨོན་འདུན་ཡོད། དེ་བཞིན་ལས་ཀྱིས་འཕྲད་པའི་གཟའ་ཟླ་དང་ཤ་ནས་ཆད་པའི་ཁྱེད་ཀྱི་ཕྲུ་གུ་བཅས་པར་སྐུ་ངལ་མི་ཡོང་བའི་རེ་བའང་སྙིང་ནས་ཞུ། བདེན་པའི་སྟོབས་ཡོད་ན་དུས་ལ་བབ། ཆོས་སྐྱོང་སྲུང་མར་མཐུ་རྩལ་ཡོད་ན་ངོམ་རན། ཁ་བ་རི་པའི་བདེ་སྡུག་ལ་གཞིགས་ན། མི་རྗེ་སྲོང་བཙན་ཀྱང་དུར་ས་ནས་བཞེངས་རན། བོད་རྒྱལ་ལོ། ཁྱེད་མ་སྨད་གསུམ་རྒྱལ་ལོ།། །།

    Reply
  7. sha tak ri sim says:
    ལོ་ 14 སྔོན།

    http://www.youtube.com/watch?v=QLOn-W1YdTQ&feature=share

    Reply
  8. chrgudo says:
    ལོ་ 14 སྔོན།

    བདུད་རི་ཧ་ཤང་ལ་སྐྱོད་བཞིན་པའི་ཀུན་ལྡན་མ་བུ་གསུམ་ལ་འཚམས་འདྲི་ཞུ་བ་དང་། རྐང་བར་བདེ་བོ་ཡོད་པའི་ལྷམ་དང་། གཟུགས་པོ་ལ་ཕན་པ་དང་། ངལ་སོས་སླ་བའི་སྐོམ་ཆུའི་རིགས་མང་ཙམ་མཆོད་རོགས། ད་དུང་ཨ་མ་ལགས་དང་སྟབས་བསྟུན་གྱིས་ཕེབས་རོགས་གནོངས། ཐུགས་རྗེ་ཆེ།

    Reply
  9. gyurmeytenzin says:
    ལོ་ 14 སྔོན།

    ཧཧཧ་་་་ཁྱེད་བུ་གསུམ་ཞལ་འདེབས་ཀྱིས་ཕྱུག་པོ་ཆགས་དུས་ཚུལ་ལོག་ཡོང་ན་དམིགས་ཡུལ་ངོ་མ་དེ་འགྲུབ་སོང་བ་མ་རེད་ཝེ་་་་ཨ་ཙི་རྩེད་མོ་ཡིན།

    Reply
  10. mekor says:
    ལོ་ 14 སྔོན།

    དྲ་གྲོགས་ཤ་ཁྲག་རུས་གསུམ་མ་བུ་གསུམ་ལ་ཐོག་མར་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ། ངས་ཁྱོད་ཚོའི་ཆོད་སེམས་དང་བློ་སྟོབས་དེ་མཐོང་དུས་ཁྱེད་ཀྱི་ཟིན་བྲིས་སུ་བསམ་ཚུལ་ཀྱང་འབྲི་ཐུབ་ཀྱི་མི་འདུག་་་་་རང་ཉིད་ལ་མཚོན་ན་ཉིན་གཅིག་གི་སྐད་འབོད་ལའང་འགྲོ་དགོས་ན་དཀའ་ངལ་འཁུར་ཐུབ་ལ་མ་ཐུབ་ལ་ཞིག་རེད་་་་་ངས་ཁྱེད་ཚོའི་རྒྱུན་རིང་གི་གོམ་བགྲོད་དང་ཚ་གདུང་གི་ངལ་བ་དག་ཆེད་བསད་ནས་བོད་མི་རིགས་ཀྱི་འཐབ་རྩོད་ལ་འདི་ལྟར་ཕེབས་པ་མཐོང་དུས་དེ་ལས་ཀྱང་ང་རང་ཉིད་ལ་ངོ་གནོང་དགོས་པ་ཞིག་་་་་ངས་གསར་འགྱུར་ཁག་ནས་ཁྱེད་མ་བུ་གསུམ་གྱི་བདེ་སྡུག་ཉིན་ལྟར་མཐོང་ཐུབ་ཀྱི་འདུག་ཀྱང་ངས་ཁྱེད་མ་བུ་གསུམ་ལ་སྡུག་རོགས་ཤིག་དང་རོགས་སྐྱོར་ཞིག་བྱེད་རྒྱུའི་ནུས་པ་མེད་པས་ངས་འདི་ནས་ཁྱེད་མ་བུ་གསུམ་གྱི་བསམ་དོན་ཡིད་བཞིན་འགྲུབ་པའི་སྨོན་འདུག་ཙམ་ལས་ཞུ་མ་ཐུབ་པས་དགོངས་འགལ་མེད་པར་ཞུས་པ་ཡིན།

    Reply
  11. tenphel says:
    ལོ་ 14 སྔོན།

    ངས་ཁྱེད་ཚོའི་སྙིང་སྟོབས་དང་ཆོད་སེམས་མཚོན་པའི་སྐད་ཆ་ཞིག་བཤད་མི་ཐུབ་ངོ་མ་རེད ། སྨོན་ལམ་ཞིག་བཏབ་ན་ཁ་དབྱངས་ཙམ་རེད། དེ་ནི་ཁྱེད་ཚོར་བཀའ་དྲིན་ཞུ་སྟངས་ཤིག་མ་རེད། གང་ལྟར་ངས་ཅི་གང་བཤད་མི་ཤེས་ཁི ཚོར་བས་ཤེད་ཀྱིས་དེད་ན་ཡང་མགྲིན་པའི་ནང་དུ་འགག་ནས་འདུག གང་ལྟར་ཁྱེད་ཚོ་ས་གནས་ག་བར་སླེབས་ཡོད་མེད་ཀྱི་སྐད་ཆ་རེ་གོ་ཐབས་བྱེད་རོགས། གཞན་ཅི་ཞུ་རྒྱུ་མེད།

    Reply
  12. lha mo says:
    ལོ་ 14 སྔོན།

    དྲ་གྲོགས་ཤ་ཁྲག་རུས་གསུམ་མ་བུ་གསུམ་ལ་མཚམས་འདྲི་ཞུ། གུས་པ་དང་ཐོག་ཁྱེད་ཚོ་མཉམ་དུ་འགྲོ་དགོས་སྙམ་ཡང་། མཉམ་ཞུགས་གནང་མ་ཐུབ་པས་དགོངས་སེལ་ཞུ་རྒྱུ་དང་སེམས་གཏིང་ནས་ཁྱེད་ཚོར་གདུང་སེམས་མཉམ་བསྐྱེད་ཡོད།

    Reply
  13. a yer mel says:
    ལོ་ 14 སྔོན།

    ངོ་མ་རེད། སྐུ་ཞབས་ཕུན་ཚོགས་ཀྱི་སྐད་ལས་གཞན་ངས་ཅི་ཞིག་བཤད།།

    Reply
  14. phuntsok says:
    ལོ་ 14 སྔོན།

    ཁྱེད་མ་བུ་གསུམ་གྱི་བློ་ཁོག་དང་། ཁྱེད་མ་བུ་གསུམ་ལ་རྒྱབ་སྐྱོར་བྱེད་སྟངས་འདིས་ང་ཚོའི་མི་རབས་ལ་གསལ་བཤད་གསལ་བོ་བྱེད་ཀྱིན་པ་ནི། སུ་ཞིག་གིས་སྤྱི་ཚོགས་སྣེ་ཁྲིད་ཐུབ་མཁན་ཞིག་དང་འཐབ་རྩོད་བྱེད་ཐུབ་ན། སྤྱི་ཚོགས་ཀྱི་ཟ་ཟུར་ནས་རྒྱབ་སྐྱོར་བྱེད་མཁན་ཡོད་པ་དང་། བོད་མི་རིགས་ཀྱི་འདུ་ཤེས་ཤི་ཐུབ་མེད་པའི་གནས་ལུགས་འདི་རེད། ངོ་མ་དགའ་ནི་ཞིག་རེད།

    Reply
  15. phuntsok says:
    ལོ་ 14 སྔོན།

    ད་དུང་སུད་སི་གནས་བཞུགས་ཀླུ་རྒྱལ་དོན་གྲུབ་ལགས་ཀྱིས་ཡོ་རོབ་བོད་རིགས་གཞོན་ནུའི་གྲོས་ཚོགས་གཉིས་པའི་ཐོག ཁྱེད་མ་བུ་གསུམ་གྱི་སྐོར་གྱི་གློག་བརྙན་ཐུང་ཞིག་འགྲེམ་སྟོན་བྱས་པ་དང་བསྒྲགས། ཁྱེད་མ་བུ་གསུམ་གྱི་ཆེད་ཞལ་འདེབས་ཀྱང་བསླངས་སོང་ལ། ཞལ་འདེབས་སུད་སྒོར་གཉིས་སྟོང་ཡས་མས་ཤིག་འདུས་ཡོད་ཚོད་ཡིན། ཕལ་ཆེར་རྒྱ་གར་སྒོར་མོ་ཆིག་འབུམ་ལྷག་ཡོད་ངེས། དེ་དག་ཀྱང་བྱ་བ་ལམ་འགྲོ་ཡང་བའི་མཐུན་རྐྱེན་དུ་གང་མགྱོགས་འབྱོར་ཡོང་ངེས།
    ཁྱེད་ཀྱི་ཨ་མ་ཏོག་ཙམ་བདེ་བོ་མི་འདུག་ཟེར་བ་ཞིག་གོ དེ་ངོ་མ་ཡིན་ནམ།

    Reply
  16. snowyson says:
    ལོ་ 14 སྔོན།

    ཁྱེད་མ་བུ་གསུམ་བསམ་དོན་ཡིད་བཞིན་དུ་འགྲུབ་པའི་སྨོན་འདུན་གྲངས་མེད་ཡོད་

    Reply
  17. ajamyang says:
    ལོ་ 14 སྔོན།

     ཁྱེད་རང་གི་ཨ་མ་གཙོས་ཁྱེད་མ་བུ་གསུམ་གྱི་སྐུ་ལུས་ལ་བདག་སྐྱོང་ལྷོད་མེད་གནང་རྒྱུར་བདག་གི་རེ་བ་ཡིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese