གཟའ་སྤེན་པའི་ཉིན་རྒྱ་གར་ལྷོ་ཕྱོགས་བྷེལ་ཀོབ་གཞིས་ཆགས་ས་གནས་ཆུ་སྒང་གི་གོ་སྒྲིག་འོག རང་ལུས་མེར་བསྲེགས་གཏོང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་ཆེད་བསྔོ་སྨོན་མཆོད་འབུལ་ཞིག་ཚོགས་འདུག
ཟླ་འདིའི་ཚེས་ ༡༤ ཉིན་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་གཞིས་ཆགས་ཀྱི་ས་གནས་ཆུ་བཞི་སྒང་དྲུག་གི་གོ་སྒྲིག་འོག རྣམ་གྲོལ་གླིང་གི་བཤད་གྲྭའི་དགེ་འདུན་པ་ཆིག་སྟོང་ལྷག་འདུ་འཛོམས་གནང་སྟེ། རང་ལུས་མེར་བསྲེགས་ཀྱིས་བོད་རང་དབང་སླར་གསོའི་ལས་འགུལ་སྤེལ་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་ཆེད། བསྔོ་སྨོན་སྐྱབས་འཇུག་དང་བཟང་སྤྱོད་སྨོན་ལམ་སོགས་ཆོས་ཕྱོགས་ཀྱི་མཆོད་འབུལ་ཞིག་ཚོགས་ཡོད་འདུག
སྐབས་དེར་ས་གནས་ཆུ་སྒང་ཚོགས་གཙོ་ཁྲི་འདུ་ཐོས་པ་ལགས་ཀྱིས་མཆོད་འབུལ་དེ་ཚོགས་དགོས་དོན་ནི། འདས་པའི་མི་ལོ་དྲུག་ཅུ་ལྷག་གི་རིང་བོད་བསྟན་སྲིད་རང་དབང་ཆེད་བོད་མི་ཚོས་ལས་འགུལ་སྣ་ཚོགས་སྤེལ་ཡོད་པ་ལྟར། སྐུ་སྲོག་དོར་མཁན་ཡང་གྲངས་མེད་པ་ཞིག་བྱུང་ཡོད་སྟབས། ཁོང་ཚོའི་ཆེད་དུ་བསྔོ་སྨོན་མཆོད་འབུལ་གནང་རྒྱུ་ནི་ང་ཚོ་ནང་པ་སངས་རྒྱས་པ་ཞིག་གི་ངོས་ནས་གལ་ཆེན་པོ་ཡིན་སྐོར་བརྗོད་ཡོད་འདུག
ཁོང་ཚོའི་བསྔོ་སྨོན་མཆོད་འབུལ་གྱི་སྐྱབས་ཐོའི་ནང་ ༡༩༩༨ ལོ་ནས་ད་ལྟའི་བར་བོད་ཕྱི་ནང་གཉིས་སུ་རང་ལུས་མེར་བསྲེགས་གནང་སྟེ་འདས་གྲོངས་སུ་ཕྱིན་པ་དང་། གར་སོང་ཆ་མེད་དུ་གྱུར་པ། ད་ལྟའི་ཆར་གསོན་པོར་གནས་ཡོད་པ་བཅས་རྒྱལ་གཅེས་དཔའ་བོ་དཔའ་མོ་ ༣༨ གྱི་མིང་དང་ལོ། ས་གནས། དེ་བཞིན་ཁོང་ཚོའི་རང་ལུས་མེར་བསྲེགས་བཏང་བའི་དུས་ཚེས་བཅས་རེ་རེ་བཞིན་བཀོད་ཡོད་འདུག
དཀར་མཛེས་བསོན་བུ་ལགས ཁྱོད་རང་གི་མིང་བྱང་འདི་ཁུར་ནས་སྐད་ཆ་དེ་འདྲ་མ་བཤད།
བསྔོ་སྨོན་དང་མཆོད་འབུལ་ནི་ཆེས་མཆོག་དུ་གྱུར་པའི་དགེ་རྩ་རླབས་ཆེན་ཞིག་ཡིན་ཡང་།
དེ་ལ་དྲང་བདེན་དང་ལྷག་བསམ་གྱི་སྔོན་འགྲོའི་ཀུན་སློང་མེད་ན་ངན་སོང་གི་རྒྱུ་འབའ་ཞིག་ཏུ་
འགྱུར་ངེས་ཡིན།གང་ལྟར་ཡང་མདོར་ན་ཕྱོགས་འཐེན་མེད་པ་དང་ཞེན་ཁོག་མེད་པ་ཞིག་ཡིན་ན་སྙིང་ནས་ཐུགས་རྗེ་ཆེན་ཞུ།
ལེགས་ཤག་ཞུ་ནི་མི་ཤེས་ཆུ་བཞི་སྒང་དྲུག་ཚོགས་པ།།
མི་ལེགས་ཞུ་ནི་མི་ཤེས་མདོ་ཁམས་བསྟན་བསྲུང་དྭངས་བླང་།།
བསྔོ་སྨོན་ཀུན་་སློང་བཟང་ཚེ་དགེ་བའི་རྒྱུ་རུ་འགྲོ་འོང་།།
དྲྭ་སྨྱུགས་མི་རྒོད་ང་ཡིས་ཁ་ནས་འདི་ལྟར་ཐལ་ལོ།།།།
བསྔོ་སྨོན་ཡག་པོ་རེད། དེ་ལས་ལྷག་གཅིག དབུས་བོད་མིའི་སྒྲིག་འཛུགས་དང་བོད་མི་རིགས་བཅས་ལ་ལྷག་བསམ་དཀར་བ་སྟོན་རྒྱུ་དང་། ཆིག་སྒྲིལ་རེད།
ཁྱེད་རང་ཚོས་བསྔོ་སྨོན་ག་ཚད་བྱེད་ཀྱང་ངོས་ལེན་རྩ་བ་ནས་མེད་དོ།
བསྔོ་སྨོན་གོ་སྒྲིག་གནང་བ་ལ་དགའ་བསུ་ཡོད། འོན་ཀྱང་། ཚོགས་པའི་ངོ་བོ་དང་ད་ལྟའི་ཚོགས་པའི་གནས་སྟངས་ལ་ངོས་ལེན་མེད།
ཆུ་སྒང་དབུས་རྒྱུན་ལས་རྣམས་རྐུབ་སྟེགས་ཐོོབ་ཚར་བ་ཡིན་དུས། བདེ་པོ་ཡིན་རྒུ་རེདོ།