ཉེ་སྔོན་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་ཀིརྟི་སྒྲོལ་དཀར་ལྷ་མོ་ལགས་ཀྱིས་སྤྱི་དངུལ་ཧིན་སྒོར་འབུམ་གཉིས་ལྐོག་ཟ་བྱས་པའི་གནས་ཚུལ་བྱུང་ཡོད་ཀྱང་། ཕྱིས་སུ་སྤྱི་དངུལ་ཕྱིར་རྩིས་སྤྲོད་དང་ཚོགས་པ་ནས་རྩ་དགོངས་ཞུས་ཡོད་འདུག
ཟླ་འདིའི་ཕྱི་ཚེས་ ༡༡ ནས་ ༡༦ བར་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༡༠ ངྷ་ཤོད་བོད་ཁྱིམ་སློབ་གྲྭའི་ཚོགས་ཁང་དུ་ཚོགས་བཞིན་པ་ལྟར། ཚོགས་ཆེན་གྱི་ཉིན་གཉིས་པར་ཕྱོགས་མཐའ་ཁག་ནས་ཕེབས་པའི་ཚོགས་མི་ཞིག་གིས་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་ཀིརྟི་སྒྲོལ་དཀར་ལྷ་མོ་ལགས་ཀྱིས་སྤྱི་དངུལ་ཧིན་སྒོར་འབུམ་ ༢ ལྐོག་ཟ་བྱས་ཡོད་པའི་གནད་དོན་དེའི་ཐད། ཚོགས་གཙོ་དང་རྒྱུན་ལས་ནས་ཚོགས་ཆེན་ཐོག་གསལ་བཤད་བྱ་དགོས་པའི་བསམ་འཆར་བཏོན་ཡོད་པ་ལྟར། རྒྱུན་ལས་ཀྱི་ངོས་ནས་གནས་ཚུལ་དེའི་སྐོར་ཚོགས་བཅར་བ་ཡོངས་ལ་གསལ་བཤད་བྱས་ཡོད་ཀྱང་། གསར་འགྱུར་བརྒྱུད་ལམ་ཁག་ཏུ་ཡོངས་བསྒྲགས་ཐོག་གསལ་བཤད་གང་ཡང་གནང་མེད་པ་རེད། དེ་རིང་ཕྱི་ཚེས་ ༡༦ ཉིན་བུད་མེད་ལྷན་ཚོགས་ཀྱི་ངོས་ནས་ཚོགས་གཙོ་ཀིརྟི་སྒྲོལ་དཀར་ལྷ་མོ་ལགས་ཀྱིས་དངུལ་འཛིན་སྤྱད་དེ་སྤྱི་དངུལ་ལྐོག་ཟ་བྱས་པའི་བདེན་དཔང་ཡིག་ཆ་ཁག་དང་མཉམ་དུ། ཚོགས་གཙོའི་ལས་ཚབ་དང་ཚོགས་གཞོན། དྲུང་ཆེ། ཟུང་དྲུང་། ཉམས་ཞིབ་པ་དང་གསར་འགོད་འགན་འཛིན་བཅས་ཀྱི་མཚན་རྟགས་བཀོད་པའི་གསལ་བཤད་ཡི་གེ་ཞིག་གནང་སོང་།
ཡིག་ཐོག་གསལ་བཤད་དེའི་ནང་། ཉེ་ཆར་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ནང་། སྤྱི་དངུལ་ལྐོག་ཟ་བྱས་པའི་དོན་རྐྱེན་ཞིག་ལས་འཕྲོས་ཏེ་སྤྱི་ཚོགས་ནང་གླེང་སློང་མང་དག་ཅིག་བྱུང་ཡོད་པར། འདི་ག་སྐབས་དགུ་པའི་དབུས་རྒྱུན་ལས་ཁང་ནས་སྔ་ཕྱིའི་གནས་ཚུལ་བྱུང་རྐྱེན་དང་ཐག་གཅོད་ཇི་ལྟར་བྱུང་ཡོད་མེད་འཁྱོག་བཤད་ཅི་ཡང་མེད་པར་དྲང་བདེན་གཞུང་དྲང་གིས་གསལ་བསྒྲགས་མི་བྱེད་ཐབས་མེད་སོང་བར། འདི་ལོའི་ཕྱི་ཟླ་ ༣ ཚེས་ ༢ ཉིན་ཚོགས་གཞོན་གྱིས་དངུལ་འཛིན་ (Cheque ) ཨང་གྲངས་ ༦༡༦༤༤༢ བྱས་པ་ཞིག་ཚང་མེད་པ་ཤེས་རྗེས། འབྲེལ་ཡོད་ལས་བྱེད་ཚོར་སྐད་ཆ་དྲིས་ཀྱང་དངུལ་འཛིན་བེད་སྤྱོད་བྱས་མེད་པའི་ལན་འདེབས་བྱས་ཡོད། དེ་རྗེས་རྩིས་ཁྲར་ཞིབ་འཇུག་ཞིབ་ཚགས་བྱས་རྗེས་མེག་གྷན་ཨེས་བི་ཨེའི་དངུལ་ཁང་ལ་རྩད་གཅོད་བྱ་རྒྱུར་རེ་སྐུལ་ཞུས་པ་བཞིན། དངུལ་འཛིན་དེ་ནས་ཧིན་སྒོར་འབུམ་གཉིས་ལྡི་ལི་མཐོ་སློབ་ཨེས་བི་ཨེའི་དངུལ་ཁང་ནས་རྡོ་རྗེ་གླིང་གནས་སྡོད་མཱ་ཡ་པྲ་དྷན་ (Maiya Pradhan) ཟེར་བ་ཞིག་གི་མིང་ཐོག་ཏུ་བཏང་པ་ཤེས་རྟོགས་བྱུང་ཡོད། དེ་རྗེས་དྲུང་ཆེ་དང་རྩིས་པ་གཉིས་ཀྱི་རེ་སྐུལ་ཞུས་པ་ལྟར་མེག་གྷན་ཨེས་བི་ཨེའི་དངུལ་ཁང་འགན་འཛིན་གཞོན་པས་ལྡི་ལི་མཐོ་སློབ་དངུལ་ཁང་འགན་འཛིན་ལ་འབྲེལ་བ་ཞུས་ཏེ། དངུལ་དེ་དག་ཇི་ལྟར་བཏང་ཡོད་མེད་དང་གཏོང་མཁན་སུ་ཡིན་མིན་སོགས་དང་འབྲེལ་བའི་དངུལ་བཏང་འཛིན་རེའུ་མིག་ (cheque deposit slip and cheque ) ཅིག་གློག་འཕྲིན་བརྒྱུད་མེ་གྷན་དངུལ་ཁང་ཨེས་བི་ཨེའི་འགན་འཛིན་ལ་ཆ་ཚང་ཞིག་བསྐུར་གནང་ཡོད་པས། དེ་དག་ལས་ཨེས་བྷི་ཨེ་དངུལ་ཁང་ལག་དེབ་ཨང་ ༡༠༢༡༩༨༡༦༤༢༧ ནས་དངུལ་འཛིན་ཨང་གྲངས་ ༦༡༦༤༤༢ འཁོད་པའི་དངུལ་འཛིན་ (cheque ) དེའི་ཐོག་དྲུང་ཆེ་དང་ཚོགས་གཞོན་གྱི་ས་རྟགས་འཁོད་ཡོད་པ་ཤེས་རྟོགས་བྱུང་ཡོད། (དངུལ་འཛིན་ནང་ཚོགས་གཞོན་གྱི་ས་ཡིག་འཁོད་དོན་ནི། དེ་སྔོན་དྲུང་ཆེ་མ་གཏོགས་རྒྱུན་ལས་དང་ལས་བྱེད་ཚང་མ་དུས་དབང་ཞུ་བར་ (༣༢) འགྲོ་གཏན་འཁེལ་བར་བརྟེན། སྐབས་འཕྲལ་དངུལ་ཁང་ནས་དངུལ་བཏོན་དགོས་ཚེ་ངེས་པར་རྒྱུན་ལས་གཉིས་ཀྱི་ས་རྟགས་དགོས་པས་ཚོགས་གཞོན་གྱིས་དངུལ་འཛིན་སྟེང་དུ་ཁོ་མོའི་ས་རྟགས་བརྒྱབས་ཡོད། འོན་ཀྱང་དུས་དབང་རིང་དངུལ་འཛིན་བེད་སྤྱོད་བྱ་དགོས་བྱུང་མེད། ) དྲུང་ཆེ་རང་ཉིད་ནས་དངུལ་འཛིན་དེའི་སྟེང་ས་རྟགས་བརྒྱབ་མེད་སྟབས་རྒྱུན་ལས་ནང་ཁུལ་དུ་དོགས་འཆར་བྱུང་སྟེ། ཕྱི་ཟླ་ ༣ ཚེས་ ༢༨ ཉིན་སླར་ཡང་དྲུང་ཆེ་དང་རྩིས་པ་གཉིས་ཀྱིས་གནས་ཚུལ་ཞིབ་ཕྲ་ཤེས་རྟོགས་ཆེད་གསང་བའི་ཐོག་མེག་གྷན་ཨེས་བྷི་ཨའེ་དངུལ་ཁང་དུ་བསྐྱོད་རྗེས། གནས་ཚུལ་དེ་ཚོགས་གཙོས་རྡོ་རྗེ་གླིང་གནས་སྡོད་མཱ་ཡ་པྲ་དྷན་(Maiya Pradhan)ཞེས་པའི་བུད་མེད་ཞིག་བརྒྱུད་ཁོ་མོའི་ཁྱོ་གར་བསྐུར་ཡོད་པའི་དཔང་རྟགས་ར་སྤྲོད་ཁུངས་བཙན་རག་ཐུབ་པ་བྱུང་ཡོད། ཅེས་དང་།
ཡང་གསལ་བཤད་དེའི་ནང་མུ་མཐུད་བཀོད་དོན། ཕྱི་ཟླ་ ༤ ཚེས་ ༣ ཉིན་རྒྱུན་ལས་ཚང་འཛོམས་ཀྱིས་ཚོགས་གཙོར་རང་སྐྱོན་ངོས་ལེན་ཞུ་རྒྱུར་གོ་སྐབས་ཇི་ཙམ་ཕུལ་ཀྱང་དོན་ཕན་གང་ཡང་སོན་མེད་པས་རྒྱུན་ལས་མ་ཡིན་པའི་ལས་བྱེད་ཚོར་ཡང་བཅར་འདྲི་བྱེད་དགོས་བྱུང་ཡོད། ཁོང་ཚོའི་ཕྱོགས་ནས་ཀྱང་ཁས་ལེན་གང་ཡང་བྱས་མེད་པར་བརྟེན་གནས་ཚུལ་ཅི་ཡང་ཤེས་རྟོགས་ཐུབ་མེད། མཐར་འུ་ཐུག་ཐབས་ཟད་ཀྱིས་ཚོགས་གཙོ་གཙོས་རྒྱུན་ལས་དང་ལས་བྱེད་ཚང་མ་མོས་མཐུན་ཐོག་དངུལ་ཁང་བརྒྱུད་འབྲེལ་ཡོད་ཉེན་རྟོགས་པར་སྙན་གསེང་ཞུ་རྒྱུར་ཐག་གཅོད་བྱུང་ཡོད། འོན་ཀྱང་། ཕྱི་ཟླ་ ༤ ཚེས་ ༤ ཉིན་ཞོགས་པ་ཕྱག་ཚོད་ ༩།༣༠ ཐོག་རྒྱུན་ལས་ཚང་འཛོམས་སར། ཚོགས་གཙོས་དཔང་རྟགས་གཞིར་བཞག་ན་དོན་རྐྱེན་དེའི་བརྒྱ་ཆ་ ༩༠ ཙམ་ཚོགས་གཙོ་རང་ཉིད་ཀྱི་ཐོག་བབ་ཚུལ་གསུངས་ཏེ། ཁོང་མོར་ནག་ཉེས་མེད་ཀྱང་ཚོགས་པའི་ཆེ་མཐོང་ཆེད་གནས་སྐབས་རིང་ཁས་ལེན་བྱ་རྒྱུའི་རྣམ་འགྱུར་བསྟན་ཀྱང་རྒྱུན་ལས་ཚང་མས་ཁས་ལེན་བྱས་མེད་པ་མ་ཟད། དེའི་རྗེས་རྩིས་པ་དང་དྲུང་ཆེ། ཚོགས་གཞོན་གསུམ་མེག་གྷན་ཨེས་བྷི་ཨེའི་ (SBI) དངུལ་ཁང་དུ་བསྐྱོད་ཁར་ཚོགས་གཙོ་ཀིརྟི་སྒྲོལ་དཀར་ལྷ་མོས་དོན་རྐྱེན་དེ་ལས་གཡོལ་ཐབས་མེད་པ་ཤེས་ཏེ། དེ་སྔོན་ཚོགས་གཞོན་གྱི་ས་ཡིག་འཁོད་པའི་དངུལ་འཛིན་ཞིག་ལྐོག་ཏུ་ཉར་ཏེ་དྲུང་ཆེའི་ས་རྟགས་བརྫུས་མ་བརྒྱབ་ནས། ཕྱི་ཟླ་ ༣ ཚེས་ ༡༥ ཉིན་ལྡི་ལི་མཐོ་སློབ་ཨེས་བྷི་ཨེའི་དངུལ་ཁང་བརྒྱུད་སྤྱི་དངུལ་ཧིན་སྒོར་འབུམ་གཉིས་རྡོ་རྗེ་གླིང་གི་ཁོ་མོའི་ཁྱིམ་མཚེས་མཱ་ཡ་པྲ་དྷན་(Maiya Pradhan) ཞེས་པའི་བུད་མེད་ཞིག་ལ་བསྐུར་བ་ངོས་ལེན་གཙང་མ་བྱས་ཡོད་པས། སྔ་ཕྱིའི་གནས་ཚུལ་བྱུང་རྐྱེན་དེ་དག་ལ་བརྟེན་ནས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ནས་ཚོགས་གཙོ་ཀིརྟི་སྒྲོལ་དཀར་ལྷ་མོ་ད་ལྟའི་ལས་གནས་ནས་རྩ་དགོངས་ཞུ་དགོས་པ་དང། རང་སྐྱོན་ངོས་ལེན་ཞུ་ཡིག་འབྲི་དགོས་པ། ཧིན་སྒོར་འབུམ་གཉིས་ལས་ཁུངས་ལ་ཕྱིར་སློག་དགོས་པ་བཅས་གཏན་འབེབས་བྱུང་བ་བཞིན། ཁོ་མོས་ཀྱང་དེ་ལྟར་ཁས་ལེན་བྱུང་བ་དུས་ཐོག་ཏུ་ལག་ལེན་བསྟར་ཡོད། ཅེས་བཀོད་འདུག
གནས་ཚུལ་དེའི་ཐད་ཚོགས་གཙོ་ཀིརྟི་སྒྲོལ་དཀར་ལྷ་མོ་ལགས་སུ་ལ་བཅར་འདྲི་བྱས་པར། ཁོ་མོས་ “ང་རང་ལ་མཚོན་ན་ལོ་ ༢༠ ལྷག་གི་རིང་ལྷག་བསམ་རྣམ་དག་གིས་སྤྱི་ཚོགས་ནང་ཞབས་ཞུ་བསྒྲུབས་ཡོད་པ་ཚང་མས་མཁྱེན་གསལ་རེད། དུས་ཡུན་འདི་དག་ནང་མི་མང་གི་ངོས་ནས་ང་རང་ལ་ཡིད་ཆེས་ཡོད་ལ། ང་རང་གི་ངོས་ནས་ཀྱང་ལྷད་མེད་ཡིན། ད་རེས་གནས་ཚུལ་འདི་འདྲ་ཞིག་བྱུང་ཚར་བ་རེད། ཡིན་ཡང་། ངའི་ངོས་ནས་ཚོགས་པས་དངུལ་ཟ་སེམས་དང་ཀུན་སློང་ངན་པ་ཞིག་ཁུར་ཏེ་ལས་པ་ཞིག་ཆགས་ཀྱི་མེད། གནས་ཚུལ་བྱུང་སྟངས་དེ་ཉེ་སྔོན་ཕྱི་རྒྱལ་དུ་ཡོད་པའི་ངའི་བུས་ཁོའི་རོགས་པ་སྐྱོབ་ཆེད་གཞན་དང་འཁྲུག་འཛིང་ཤོར་སྟེ་བཙོན་འཇུག་བྱས་རྗེས། མཐའ་མར་ཚེ་བཙོན་གྱི་ཁྲིམས་ཐག་གཅོད་ཉེན་འདུག་ཅེས་ང་ལ་ཁ་པར་བསླེབས་སོང་། སྐབས་དེར་མགྱོགས་པོར་དངུལ་ཕོན་ཆེན་པོ་ཞིག་གྲ་སྒྲིག་བྱ་དགོས་བྱུང་སྟེ། མི་ཡར་མར་མང་པོ་ཞིག་ལ་གཡར་རྗེས་གང་འཚམ་རག་སོང་མོད། ཆ་ཚང་མ་འདང་སྟབས་ཐོག་མར་ལས་ཁུངས་ཀྱི་དངུལ་བེད་སྤྱོད་བཏང་རྗེས། མགྱོགས་པོ་ཕྱིར་སློག་དགོས་བསམ་སྟེ་བླངས་པ་ཡིན། ཕྱིས་སུ་ཕྱིར་སློག་པའི་དངུལ་ཡང་ང་ལ་རག་ཏེ་ཚོགས་པས་མ་བཤད་སྔོན་དུ་ཕར་རྩིས་སྤྲོད་དང་གསལ་བཤད་བྱ་དགོས་བསམ་ཡོད་ཀྱང་། ཚོགས་ཆེན་དང་ས་གནས་འདྲ་མིན་དུ་འགྲོ་དགོས་པ་སོགས་ཀྱིས་དུས་ཚོད་རྕ་བ་ནས་མ་རག་པར། ཕར་གསལ་བཤད་གནང་ཁོམ་མ་བྱུང་བར་ཚུར་ལབ་དགོས་བྱུང་བ་རེད། གོ་སྐབས་སྤྲད་ཡོད་ཀྱང་ལས་བྲེལ་གྱི་དབང་གིས་འཕྱི་དྲགས་ཏེ་གནས་ཚུལ་འདི་འདྲ་ཞིག་བྱུང་བ་རེད། དེ་ང་རང་གི་ནོར་འཁྲུལ་ཡིན་པ་ངོས་ལེན་བྱེད་ཀྱི་ཡོད། ” ཅེས་བརྗོད་བྱུང་།
གནས་ཚུལ་འདི་སྤྱི་ཚོགས་ཁྲོད་ཤུགས་ཆེན་པོ་ཁྱབ་ཀྱིན་ཡོད་སྟབས། མང་ཚོགས་ལ་གསལ་བཤད་དང་བརྗོད་འདོད་པའི་སྐད་ཆ་ག་རེ་ཡོད་མེད་དྲིས་པར། ཁོ་མོས། “ ཕྱིས་སུ་ངའི་ངོས་ནས་དངུལ་རྩིས་སྤྲོད་བྱས་པ་དང་མཉམ་དུ་རྒྱུན་ལས་རྣམ་པར་དགོངས་སེལ་ཞུས་པ་ཡིན་ལ། ཁ་སང་ཆེད་དུ་ཚོགས་ཆེན་དུ་བཅར་ཏེ་ཚོགས་བཅར་བ་ཡོངས་ལ་དགོངས་སེལ་ཞུས་པ་ཡིན། ཉེ་ཆར་ང་ཚོའི་ངོས་ནས་གནས་ཚུལ་ཕྱིར་བསྒྲགས་མི་བྱེད་རྒྱུ་བྱས་ཡོད་ཀྱང་། གནས་ཚུལ་གང་སར་ཁྱབ་འདུག་ལ། ད་རེས་ཁོང་ཚོའི་གསར་འགོད་གསལ་བསྒྲགས་ཤིག་ཀྱང་བསྐྱངས་པ་རེད། མ་འོངས་པར་གསར་འགོད་གསལ་བསྒྲགས་བརྒྱུད་དེ་གནས་ཚུལ་ཅི་ཞིག་བྱུང་ཡང་དེའི་འགན་ང་ལ་མེད་ཞུ་རྒྱུ་ཡིན། དེ་བཞིན། མི་མང་ལ་ང་རང་ཉིད་ཀྱི་ངོས་ནས་ད་ལྟའི་བར་ནང་མི་དང་ཕྲུ་གུ་ཚང་མ་བློས་བཏང་སྟེ་ཞབས་ཞུ་བསྒྲུབས་ཡོད་ཀྱང་། ད་རེས་ལས་ཀའི་ཐོག་འགལ་འཛོལ་བྱུང་སྟེ་གནས་ཚུལ་འདི་འདྲ་ཞིག་ལྷག་པར་ཚང་མར་དགོངས་སེལ་ཞུས་པ་ཡིན། ཚང་མས་ཐུགས་ལ་མ་གནོད་པ་ཞིག་གནང་རོགས་ཞེས་ཞུ་རྒྱུ་ཡིན། མ་འོངས་པར་ང་མི་སྒེར་བ་ཞིག་གིས་དམིགས་བསལ་གྱི་ཁྱད་པར་བཟོ་མི་ཐུབ་ཀྱང་། རང་ངོས་ནས་ལྷག་བསམ་རྣམ་དག་གིས་སྤྱི་ཚོགས་ལ་ཞབས་ཞུ་བསྒྲུབ་རྒྱུའི་འདུན་པ་ཡོད། ” ཅེས་བརྗོད་བྱུང་།
གསར་འབྱོར་ཞུ་བ་ལགས། མཆན་སྒོ་རྒྱག་དགོས་ཟེར་མཁན་ང་རང་ཡིན། ང་རང་གླེན་པ་ལུག་འདྲ་བ་ཞིག་ཡིན་ནའང་ཁྱད་པར་མི་འདུག འོན་ཀྱང་ཁྱེད་ཀྱིས་ཐེར་འདོན་བྱེད་ཀྱིན་པའི་ཐ་ཚིག་འདི་འདྲ་ཚར་བརྒྱ་ནས་སྟོང་ལ་བསྒྲགས་ཀྱང་ཕན་གི་མ་རེད།མི་ཚང་མས་ཤེས་ཡོད་པ་རེད། ཁྱེད་གཅིག་བུ་མ་གཏོགས་ཚང་མས་དྲ་རྒྱ་ཀློག་གི་ཡོད་པ་མ་ཟད། དེའི་སྐོར་ལ་ཞིབ་འཇུག་ཀྱང་བྱེད་ཀྱི་ཡོད་ངེས།
ངས་མཆན་སྒོ་རྒྱག་དགོས་ཟེར་དོན་ནི་ཁྱེད་ལྟ་བུའི་དྲ་བ་བེད་སྤྱོད་ལོག་པར་གཏོང་མཁན་དག་གིས་གཟས་ནས་སྤྱི་ཚོགས་ལ་དཀྲུགས་ཤིང་དང་སྐད་ཆ་བསྐྱར་ཟློས་མ་གཏོགས་བྱ་མི་ཤེས་པ་འདིས་ཕན་ལས་གནོད་ཆེ་གི་བསམ་པས་ཡིན།
གལ་སྲིད་ཁྱེད་ལ་བསམ་ཚུལ་གསར་བ་ཡོད་ན་འདོན་རོགས། ཁྱེད་ལ་དཔྱད་འབྲས་གསར་བ་ཡོད་ནའང་འདོན་རོགས། དེ་མིན་སྡིགས་དམོད་ཁོ་ན་དང་བསྐྱར་ཟློས་ཀྱི་སྐད་ཆ་དེ་དག་བཤད་པ་ལས་བཞག་ན་ཕན་ངེས།
ང་ནི་ལོ་ངོ་དུ་མའི་རིང་རང་རེའི་དྲ་ཐོག་འདི་ནས་རིག་པ་འདོན་པ་དང་རྩོམ་ཡིག་སྤེལ་མཁན་ཞིག་ཡིན་པའི་ཆ་ནས་འགན་ཞིག་འཁུར་ནས་སྐད་ཆ་བཤད་ཀྱི་ཡོད། གལ་སྲིད་ཁྱེད་ཀྱི་རྣ་བར་མ་ཉན་པ་བྱུང་ན་དགོངས་དག
སྒྲོལ་དཀར་ལྷ་མོ་ཟེར་བ་འདིས་གཞུང་རྒྱུ་ལྐོག་ཟ་བྱས་པ་རང་ཉིད་ཀྱིས་ཁེས་བླངས་བཞིན་དུ་ད་དུང་ཟ་སེམས་མེད་ཚུལ་དང་ལྷག་བསམ་དང་ལོ་ངོ་ཉི་ཤུ་སོགས་སྐད་ཆ་འབྲེལ་མེད་རྐྱང་བཤད་དེ་ལྐུག་པའི་སྒང་ལ་གླེན་རྟགས་ཀྱང་བསྟན་གྱི་འདུག་པའི་ཚུལ་ལ་ལྟས་ཡོང་ན་ཕལ་ཆེར་ཁོང་མོ་ཇི་བྱེད་འདི་བྱེད་མེད་པའི་གནས་སུ་ཆགས་ཡོད་པ་འདྲ། མི་ཁ་གཅིག་གིས་མཆན་སྒོ་བརྒྱག་དགོས་ཚུལ་གླེན་བཞིན་པ་འདི་ནི་རྐུན་མོ་འདི་ལས་ཀྱང་ལྐུག་པའི་བླུན་པོ་ལུག་འདྲ་མ་དག་དག་རེད། ད་ལྟ་ནི་དྲ་རྒྱའི་དུས་རབས་རེད་ལ་དྲ་རྒྱའི་གསར་འགོད་རང་དབང་གིས་སྤྱི་ཚོགས་ཀྱི་ཕྱོགས་ཡོངས་ལ་དག་ཐེར་བྱེད་ཀྱིན་པ་འདི་ནི་ཆེས་བླ་ན་མེད་པའི་སྤྱི་ཚོགས་ཞབས་ཞུ་ཞིག་ཆགས་ཀྱི་ཡོད་པས། ཚོགས་གཙོ་དང་སྤྱི་འཐུས་ལྟ་བུའི་མི་སྣ་དག་གི་སྐྱོན་དངོས་གནས་པ་བཤད་མི་ཆོག་ཚེ་དྲ་རྒྱ་དེ་ཉམས་ཆུང་ནུས་མེད་ཚོར་ཁ་སྡོང་གཏོང་བྱེད་ལས་གཞན་གང་ཡང་མེད་པ་ཞིག་རེད། གཞུང་དངུལ་ལྐོག་ཟ་བྱེད་མཁན་གྱི་མི་ངན་འདི་དག་བོད་སྤྱི་བའི་ལས་དོན་སྒྲུབ་རྒྱུའི་ཐོབ་ཐང་ངམ་རིན་ཐང་གང་ཡང་མི་འདུག་པས་མདོ་སྨད་སྤྱི་འཐུས་ནས་གང་མགྱོགས་རྩ་དགོངས་ཞུ་རྒྱུར་དྲ་གྲོགས་ཚོ་རྒྱབ་སྐྱོར་གནང་རོགས། གང་ཡིན་ཟེར་ན་བཀའ་ཤག་གསར་བས་སྣེ་ཁྲིད་པའི་བོད་གཞུང་འདི་རུལ་སུངས་ཅན་ཞིག་ཏུ་མི་འགྱུར་གྱིས་ཆེད་དུ་ཡིན། གང་མགྱོགས་སྤྱི་འཐུས་ནས་རྩ་དགོངས་ཞུ་རོགས།
བོད་མི་རིགས་ཀྱི་ཆེད་དུ་བློ་དཀར་གཞུང་དྲང་དང་། དུང་བ་ཟབ་མོའི་ཐོག་ནས་ལ་རྒྱ་དང་སེམས་ཤུགས་གོང་ན་མེད་པའི་རྒྱལ་གཅེས་དཔའ་བོ་དུ་མ་ཞིག་གི་རྔ་པ་ཀིརྟི་ཕྱོགས་ནས་གཟི་བརྗིད་ལྡན་པའི་ངང་རང་ལུས་མཆོད་འབུལ་གནང་དང་གནང་བཞིན་པར་རྒྱལ་སྤྱི་དང་འཛམ་གླིང་མིང་མང་གི་རྔ་པ་ཀིརྟི་ཕྱོགས་སུ་ཁ་ཕྱོགས་ནས་རྒྱ་ནག་གཞུང་ལ་གནོན་ཤུགས་དང་གྲོས་ཆོད་ཡང་འཇོག་དང་འཇོག་བཞིན་པའི་སྐབས་འདིར།
སྐབས་བཅོ་ལྔ་པའི་བོད་མང་གི་སྤྱི་འཐུས་དང་བུད་མེད་ཚོགས་པའི་ཚོགས་གཙོ་ཀིརྟི་སྒྲོལ་དཀར་ལྷ་མོས་དྲུང་ཆེའི་ས་ཡིག་བརྫུན་བཟོས་ཐོག་ཚོགས་དངུལ་ལྐོག་ཟ་བྱས་པའི་ལས་ངན་དེར་བོད་ཕྱི་ནང་གཉིས་ཀྱི་མི་མང་རྣམས་ལ་བློ་ཕམ་ཆེན་པོ་བྱུང་ཡོད་པ་ནི་བརྗོད་མ་དགོས། མ་ཚད་ད་དུང་ཡང་ཁོ་མོས་ཟ་སེམས་མེད་ཞེས་པ་དེའང་ཡིད་ཆེས་གཏན་ནས་བྱ་ཐབས་མེད་པ་ཞིག་ཏུ་གྱུར་འདུག རྒྱུ་མཚན་ནི། དང་ཐོག་དངུལ་འཛིན་སྦས་བསྐུངས་དང་དེ་ནས་ས་རྟགས་བརྫུན་མ་བརྒྱབ་པ་དེའི་ཐོག་ནས་དངོས་གསལ་དོད་པོ་ཆགས་ཚར་བ་རེད། མ་ཚད་དེའང་ཁྲིམས་འགལ་མ་ཏོག་འགྲོ་ས་མེད་པ་ཁོ་མོ་ཙམ་མ་ཚད་ཚང་མས་ཧ་གོ་དོན་གསལ་ཡིན་པར་སྨོས་མེད་རེད། གལ་སྲིད་ཟ་སེམས་མེད་པ་ཡིན་ན། དང་ཐོག་ནས་ལས་ངན་དེ་ལྟར་བྱས་རྒྱུ་བཞག་ནས་དབུས་རྒྱུན་ལས་ཐོག་རྣམས་ལ་རང་ཉིད་ཀྱི་ཁྱིམ་ཚང་ལ་དཀའ་ངལ་གང་ཡོད་གསལ་བཤད་དང་། དེ་ནས་ཕྱག་དངུལ་སྔར་འདོན་ཞུ་དགོས་པ་དེའང་བོད་མང་གི་སྤྱི་འཐུས་དང་། ཚོགས་སྡེ། སྤྱི་ཚོགས་ཐོག་ལོ་ངོ་ཉེ་ཤུ་ལྷག་ཙམ་ཕྱག་ལས་གནང་མྱོང་མཁན་ཞིག་གི་མ་ཤེས་པ་དེ་འདྲའི་རིགས་རྩ་བ་ནས་མ་རེད། མ་ཟད་དང་ཐོག་ཁོ་མོས་དང་ལེན་རྩ་བ་ནས་མ་བྱེད་པའི་རྐྱེན་གྱིས་མཐར་འུ་ཐུག་ཐབས་ཟད་ཆགས་ནས་དངུལ་ཁང་བརྒྱུད་འབྲེལ་ཡོད་ཉེན་རྟོགས་པར་སྙན་གསེང་ཞུ་རྒྱུར་ཐག་གཅོད་མ་བྱས་བར་དུ་མཁས་ལེན་མི་བྱ་བའི་རྒྱུ་མཚན་ཅིའི་ཕྱིར་ཡིན་ནམ། དེའི་ཐོག་ནས་ཀུན་སྤྱོད་གཙང་མ་མེད་པ་དང་ཟ་སེམས་མེད་མཁན་ཞིག་གི་དེ་ལྟར་མཁས་མི་ལེན་པ་བྱེད་སྲིད་དམ།
དྲ་གྲོགས་ཚང་མས་དོན་དངོས་མཁས་ལེན་དགོས་པ་ལས་གཡོལ་ཐབས་དང་། དོན་དངོས་ཀྱི་གནས་ཚུལ་ཁ་ཕྱོགས་བསྒྱུར་ནས་ཕྱོགས་ལྷུང་གི་ལྟ་བ་གཏན་ནས་འཛིན་མི་འོས་པ་དེའང་མཁྱེན་པར་མཛོད།
འཐེན་རྒྱུ་མང་ན་ཆད་འགྲོ་ཟེར་བའི་དཔེ་བཞིན་ད་འདི་མུར་སོང་ན་ཉོག་འགྲོ་ཡི་འདུག དེ་བས་མཆན་སྒོ་བརྒྱབ་ན་ཡག་པོ་འདུག
ངས་ཁ་སང་དེ་ལྟར་འབོད་སྐུལ་ཞིག་ཞུས་པར་དྲ་གྲོགས་རེ་འགས་རྐུན་མ་འགེབས་ཀྱི་འདུག་ཅེས་སྐྱོན་བརྗོད་གནང་གི་འདུག་ཀྱང་། དེར་ཁྱད་མི་འདུག སྤྱིར་བཏང་གིས་མི་ཞིག་གི་མི་ཚེའི་བྱས་པ་ཚང་མ་སྐྱོན་གཅིག་གིས་ནག་སུབ་གཏོང་མི་ཐུབ་པ་དེ་ཆོས་ཉིད་རེད། འོན་ཀྱང་ངས་སྤྱི་དངུལ་ལྐོག་ཟ་བྱས་པ་འགྲིག་ཤག་ལབ་ཀྱི་མེད་དེ། གནད་དོན་དེ་ཁ་ལ་འཁྱེར་ནས་གནའ་ཤི་བཅོ་བརྒྱད་ཚང་མ་གླེང་ན་ནང་ཁུལ་འཆམ་མཐུན་ལ་གནོད་ངེས་པར་མཐོང་བ་དེ་ཡིན།
ཡང་གཅིག་བཤད་ན། རང་རེའི་དྲ་ཐོག་འདི་ནས་གནད་དོན་གླེང་སློང་བྱེད་ཐུབ་མཁན་གྱི་དྲ་གྲོགས་གཅིག་ཀྱང་མི་འདུག་སྟབས། མཆན་བུ་བརྒྱ་ཕྲག་སྐོར་ཙམ་སླེབས་ནའང་ཐག་ཆོད་པ་དང་ཡར་རྒྱས་ཀྱི་རྣམ་པ་ཅན་ཀུན་ནས་མི་འདུག ད་དུང་བཙན་བྱོལ་ཁྲོད་ཀྱི་དྲ་ཐོག་པ་ཚོར་དྲ་སྟེང་ནས་བགྲོ་གླེང་བྱ་རྒྱུའི་ཆུ་ཚད་མི་འདུག
གཞན་པའི་ཡིག་རིགས་དང་དྲ་བར་བལྟས་ན། དྲ་རྒྱའི་བགྲོ་གླེང་ལ་ཡིད་སྨོན་འཆོར་བ་དེ་འདྲ་འདུག སྔོན་མའི་དུས་ཤིག་ན། ཁང་གསར་རྡོ་རྗེ་ཞེས་པའི་དྲ་གྲོགས་རྣམ་དཔྱོད་དང་ལྡན་པ་ཞིག་ཡོད་པ་ཁོང་གིས་ཕུ་འདེད་གཏོང་སྟངས་དང་ངེས་ཆ་ཡོད་པ། འཆར་སྒོ་ཡངས་པ་དེ་འདྲ་ཡོང་ན་དྲ་འབུ་དག་ལ་ཞོར་ནས་བློ་སྐྱེད་རེ་ཡོད་ཐལ། བདེ་མོ།
ཟས་བལྡད་ནས་མུད་དགོས་པ་དང་སྐད་ཆ་བསམ་ནས་བཤད་དགོས་པ་ངེས་པར་དུ་ཤེས་དགོས་་་་་གོང་དུ་གནམ་གྱི་བུས་རང་ཉིད་ཀྱིས་ཅི་བཤད་ཚད་དང་རན་མིན་སོགས་ལ་མ་གཞིགས་པར་རང་ཉིད་ཡང་དག་པ་དང་གཞན་དག་གཏི་མུག་པ་ཡིན་པའི་ངང་ཚུལ་བཟུང་ནས་བཤད་ཀྱིན་འདུག་པས་འདི་འདྲ་ལ་དགོས་པ་དེ་ཙམ་མེད་་་་་་དྲང་མོ་བཤད་ན་ཁྱེད་རང་དྲ་ངོས་སུ་ཡོང་ནས་བོད་ཡིག་གི་ལམ་ནས་བསམ་ཚུལ་འདོན་སྤེལ་བྱེད་ཐུབ་པའི་བོད་ཡིག་རང་སྐྱ་འཕེར་བ་ཞིག་ད་དུང་མེད་པས་མུ་མཐུད་སློབ་སྦྱོང་ལ་འབད་འབུངས་བྱས་ན་ཡག་ཤོས་རེད་་་་་ཁོང་ཁྲོ་དང་ང་རྒྱལ་གྱིས་ཕེབས་ན་ཕན་ཐོགས་ལས་གནོད་ཆེ་བས་དགོངས་དབྱིངས་སུ་འཇགས་པར་འཚར་ཞེས་ཆུ་ཐིགས་སྔོན་མོས་བསླབ་བྱ་དང་ཕུལ
དུས་བབ་ལགས། མཆན་སྔོན་མ་ཚོའི་ནང་སྐྱོན་བརྗོད་འདྲ་མ་འདྲ་མང་བོ་དེ་ཙམ་བཏོན་ཆོག་ས་ལ་ངའི་མཆན་དེ་བཏོན་མ་ཆོག་པ་ག་རེ་ཡིན་ནམ། ངའི་མཆན་དེ་འབྲེལ་བ་མེད་ན་མཆན་སྔོན་མ་ཚོ་འབྲེལ་བ་ཡོད་སྟང་ག་འདྲ་རེད། དུས་བབ་ཚང་གིས་ཕྱོགས་སླུང་བྱེད་ཀྱིན་འདུག་ཟེར་བ་བདེན་པ་རེད་ཤག བློ་ཕམས་ཡོད། གསར་འགོད་པ་ཞིག་ཡིན་ན་དྲང་བོ་བྱེད་དགོས་པ་རེད།
ཀློག་པ་པོ་ ༊༝༞༊གནམ་གྱི་བུ་ལགས། ཁྱེད་ཀྱི་མཆན་དེ་གསར་འགྱུར་གྱི་ནང་དོན་དང་ཐད་ཀར་འབྲེལ་བ་ཆགས་མེད་སྟབས། བཀག་འགོག་བྱས་པ་ཡིན། གལ་སྲིད། མཆན་རྒྱག་མཁན་སུ་ཡིན་རུང་ཐལ་ཆ་ཤོར་བའི་རིག་པ་བཏོན་ན། མཆན་སྒོ་རྒྱག་རྒྱུ་ཡིན།
བོད་ཀྱི་དུས་བབ།
དྲ་གྲོགས་ཚོ་བུད་མེད་འདིའི་ཐོག་ཏུ་ངར་ངར་རྫིག་རྫིག་བྱེད་ན་ཅི་ཕན་ནོར་འཁྲུལ་བསགས་ཟིན་པ་རེད། ཡིན་ནའང་། དྲ་གྲོགས་ཚོ་ལ་ཐུགས་ཁག་མེད། ད་དེའི་སྐོར་གྱི་སྐད་ཆ་མཚམས་བཞག་ན་ཕྱི་ནང་སུས་བལྟས་ན་བཟང་། མང་པོ་བཤད་ན་ཕན་ཐོགས་དམིགས་བསལ་གང་ཡང་མི་འབྱུང་། བུད་མེད་ཚོགས་པ་ནས་གནད་དོན་ཐག་བཅད་ཟིན་པ་རེད། དེ་རིང་ཁ་སང་དེའི་སྐོར་བཤད་བཤད་ནས་དུས་བབ་དང་ཁ་བརྡ་ཚང་གི་ནང་མཆན་བུ་ག་ཚོད་བརྒྱབ་འདུག ཁ་ཤས་ཀྱིས་གཞུང་རྒྱུ་ལྐོག་ཟ་བྱས་པས་མ་ཚད་བོད་གཞུང་གྱི་ཆེས་མཐོའི་ཁྲིམས་ཁང་ངོས་ལེན་མེད་ཟེར་ཏེ། བོད་གཞུང་རྒྱ་གར་གཞུང་གི་ཁྲིམས་ལ་བསྐྱལ་ཡོད། ད་རུང་ཡང་ཡར་ཡར་གྱི་སྤྱི་འཐུས་དང་མར་མར་གྱི་ཚོགས་གཙོ་ཡིན་ཟེར་ནས་བརྗིད་ཉམས་སྟོན་ནས་བསྡད་ཡོད། ཁོང་གཉིས་སྤྱི་འཐུས་ཡིན་པ་གཅིག་མཚུངས་དང་། ཚོགས་པ་གང་རུང་ཞིག་གི་ཚོགས་གཙོ་ཡིན་པ་གཅིག་པ་རེད། ཡིན་ནའང་། དེའི་སྐོར་ལ་ལབ་གླེང་གནང་མཁན་དཀོན་པོ་རེད། ངས་གོང་དུ་སྒྲོལ་དཀར་ལགས་ལ་ཁ་རྡུང་དང་། ཚིག་ངན་མ་སྨྲོས་རོགས་ཞུས་ཡོད། ཡིན་ནའང་། ཡང་བསྐྱར་དུ་འབོད་སྐུལ་གཅིག་ཞུ་འདོད་བྱུང་ངོ་།།
ཇོའུ་ཚེ་རིང་དང་། གནམ་ལྕགས་སོགས་ཀྱི་ཁུངས་མེད་ཀྱི་རྒྱབ་བསྐྱོར་དང་བཀབ་ཐབས་བྱས་ཀྱང་མོ་རྐུ་མ་ཡིན་པ་སྔ་ཕྱིའི་གནས་ཚུལ་ལ་དཔྱད་པ་བྱས་ན་ཤེས། དུས་དབང་ཚར་ནས་ཟླ་བ་གཉིས་ལྷག་སོང་ཡང་། ད་དུང་དྲུང་ཆེའི་ས་ཡིག་འཁོད་པའི་འཛིན་བྱང་སྟོང་པ་དེ་བདག་ཉར་བྱེད་པ་དེ། མོ་ལ་སྔོན་ནས་བུའི་གྲོགས་པོར་བྱུས་ཉེས་ཡོང་བའི་སྔོན་ཤེས་ནི་ཡོད་ཀྱི་མ་རེད། དེ་བས་མོས་སྔ་ས་ནས་རྐུ་མ་བརྐུ་རྒྱུའི་གྲྭ་སྒྲིག་བྱས་ཚར་འདུག
བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་མི་གཤིས་ཀྱིས་ཞག་ཚི་སྣུམ་པོ་ཞིག་ཡོང་བར་བྱེད་པ་ལ་ཨང་དང་པོར་བོད་ཀྱིས་རིག་གནས་ཐ་དག་གི་རྨང་གཞིའི་རྩ་བ་བརྡ་སྤྲོད་པའི་གཞུང་དང་། སྙན་ངག སུམ་རྟགས། དག་ཆ་བཅས་མཐིལ་ཕྱིན་པ་ཤེས་དགོས་པ་རེད།
ཆུང་བྱིས་པའི་དུས་ནས་ཕ་མ་དང་། དགེ་རྒན། སྤྱི་ཚོགས་བཅས་ཀྱི་ནང་དུ་བོད་རིག་པའི་ཤེས་ཡོན་གྱི་བསླབ་གསོ་ཉུང་དྲགས་ན་ལས་ཀའི་ཐད་ནོར་འཛོལ་འདི་འདྲ་རང་བཞིན་གྱིས་ལྷག་གི་ཡོད་པ་རེད།
བོད་ཕྲུག་ཆུང་ཆུང་ཚོར་ཆུང་དུས་ནས་བོད་ཡིག་གི་རྨང་གཞི་འདི་འདྲའི་བསླབ་གསོ་སྤྲོད་དགོས་ཀྱི་འདུག་སྙམ། དཔེར་ན།
༸ རྒྱལ་བའི་སྐུ་ནི་ས་སྐུ་ཡིན།།
དཔེར་ན་བོད་ཀྱི་རྩ་དོན་ཆེད།།
༸ ཡིད་བཞིན་ནོར་བུས་སྐུ་ལས་སྐྱོན།། ལྟ་བུའོ།།
དཀའ་ལས་དཀའ་ངལ་ད་དཀའ་ཡིན།།
དཔེར་ན་གཞི་རིམ་མང་ཚོགས་ཀྱིས།།
དཀའ་ལས་བརྒྱབས་ནས་བསགས་པའི་དངུལ།། ལྟ་བུའོ།།
ལྐོག་ཟ་བྱས་པ་ལ་ལྐོག་ཡིན།།
དཔེར་ན་བཙན་བྱོལ་སྤྱི་ཚོགས་ནང་།།
སྤྱི་རྒྱུ་ལྐོག་བཟས་བྱེད་མཁན་མང་།། ལྟ་བུའོ།།
རྐུ་མ་རྐུ་བ་ར་རྐུ་ཡིན།།
དཔེར་ན་བུད་མེད་ཚོགས་པའི་དངུལ།།
སྒྲོལ་དཀར་ལྷ་མོས་རྐུ་མ་བརྐུས།། ལྟ་བའོ།།
ལས་འབྲས་རྐ་ནི་ར་རྐ་ཡིན།།
དཔེར་ན་ནང་བསྟན་ཆོས་ལུགས་ནང་།།
ཀརྨ་ཞེས་པའང་ལས་འབྲས་དོན།། ཞེས་པ་ལྟ་བུའོ།།
བློ་བཟང་ལགས། ཁུངས་སྐྱེལ་དང་དན་རྟགས་བུ་མེད་ཚོགས་པས་བཏོན་ཚར་བ་མ་ཟད། དོ་བདག་རང་ཉིད་ནས་ཀྱང་ངོས་ལེན་གནང་འདུག་པས་དེ་ལས་ལྷག་པ་ཞིག་ཨེ་དགོས་ན། ད་སོ་ལ་འཁྲུད་ན་མདོག་དཀར་རུ་འགྲོ་རྒྱུ་མེད་པའི་དཔེ་བཞིན་མང་པོ་བཤད་བསྡད་ན་སྡུག་ཏུ་འགྲོ་བ་ལས་ཅི་ཡོད། མ་གཞི་མོ་རང་ན་ལོ་སྤྱི་འཐུས་ལྷན་ཁང་ནང་ངར་ནས་བདེན་པ་དང་ལྷག་བསམ་ཡོད་མདོག་གི་གཏམ་བཤད་མང་པོ་གནང་སོང་བས་ཕལ་ཆེར་ད་ལན་གྱི་ལས་ཉེན་དེའི་ཁུངས་སྐྱེལ་ར་སྤྲོད་དང་ཕྱི་གསལ་ནང་གསལ་ཞིག་ཆགས་སོང་བས་མ་འོངས་གཟབ་དགོས་གལ་དུ་མཐོང་།
སྒྲོལ་དཀར་མ་རེད་སྒྲོན་ནག་རེད།།
ལྷ་མོ་མ་རེད་འདྲེ་མོ་རེད།།
དངོས་གནས་སྒྲོན་ནག་འདྲེ་མོ་རང་རེད། ད་བར་རྒྱལ་བ་རིན་པོ་ཆེས་རྒྱ་ནག་ལ་ལྐོག་ཟ་རུལ་སུང་གི་ཐོག་ཏུ་ཕྱག་མཛུབ་བཙུགས་ཚད་དང་། བོད་པ་ཡག་པོ་ཡོད་ཚུལ་གསུངས་པ་ཐམས་ཅད་ཆུ་ལ་གཡུག་སོང་། རྒྱལ་བ་རིན་པོ་ཆེས་འདི་ཚོ་གཟིགས་ཀྱི་ཡོད་ན་མེད་ན།
སྒྲོན་ནག་འདྲེ་མོ་ལགས།
lobsang ཟེར་བ་སོགས་འགའ་ཤས་ཤིག་གིས་སྐད་ཆ་ཅི་བཤད་དང་དག་གསལ་བཏོན་པ་སོགས་ལ་བལྟ་ཤེས་ཀྱི་མི་འདུག་་་་་གོང་དུ་་༼རང་མིང་གསལ་སྨོས་མ་ཐུབ་པར་གཞན་མིང་བློ་བཟང་མདོ་སྔགས་ཞེས་དཀྲུག་ཤིང་གི་ལབ་གླེང་མང་དུ་སྤེལ་འདུག་ནའང། ཚིག་དོན་གཉིས་ཀ་ནས་ཀིརྟི་གྲྭ་ཚང་གི་ཕྱག་མཛོད་མདོ་སྔགས་མིན་པ་ར་སྤྲོད་ཐུབ།༽ཞེས་བྲིས་པ་འདུག་པར་བལྟས་ན་བློ་བཟང་མདོ་སྔགས་ཟེར་བ་ཀིརྟིའི་ཕྱག་མཛོད་མ་གཏོགས་མེད་རབས་ཤིག་བཤད་འདུག་པས་བློ་བཟང་མདོ་སྔགས་ཞེས་པ་ཕྱག་མཛོད་ཡིན་དགོས་པའི་ངེས་པ་གང་ན་ཡོད། བློ་བཟང་མདོ་སྔགས་གཅིག་མ་གཏོགས་འདོགས་མ་ཆོག་པ་ནི་གང་ན་ཡིན། བསམ་བློ་བཏང་ནས་བཤད་དགོས་པ་རེད་་་་ཁོང་གིས་ཁོ་རང་ཕྱག་མཛོད་མིན་པའི་གསལ་བཤད་བྱས་པས་ད་དུང་རྙོག་གླེང་བྱེད་དགོས་དོན་ཞིག་འདུག་གམ
འཇིག་རྟེན་གྱི་བྱ་བ་ཐམས་ཅད་ལ་རང་དབང་གི་ཁ་གཡང་འོག་ནས་རྡུང་རྡེག་གཏོང་བའི་སྲོལ་དེ་ནི་ལས་འབྲས་ཀྱི་རྣམ་བཞག་མི་ཤེས་པ་དང་རྒྱུ་མཚན་ལ་ཁུངས་བཙན་མི་བྱེད་པའི་མི་བུ་དག་ཡིན་མོད། ད་སྐབས་མདོ་སྨད་སྤྱི་འཐུས་ཀིརྟི་སྒྲོལ་དཀར་ལྷ་མོའི་རྙོག་གླེང་དང་འབྲེལ་ནས་དགོས་མེད་ཀྱི་ཟུར་ཟའི་ཚིག་རྙོག་མང་དུ་བསྲེ་སླད་གཏོང་བཞིན་པ་འདི་ནི་ཞེ་འདོད་ཙམ་ལས་གཙིགས་སུ་འཛིན་འོས་པ་ཞིག་མ་མཐོང། རང་མིང་གསལ་སྨོས་མ་ཐུབ་པར་གཞན་མིང་བློ་བཟང་མདོ་སྔགས་ཞེས་དཀྲུག་ཤིང་གི་ལབ་གླེང་མང་དུ་སྤེལ་འདུག་ནའང། ཚིག་དོན་གཉིས་ཀ་ནས་ཀིརྟི་གྲྭ་ཚང་གི་ཕྱག་མཛོད་མདོ་སྔགས་མིན་པ་ར་སྤྲོད་ཐུབ། ལེགས་བཤད་ལས། ཁྱི་རྒན་ཀུ་ཅོ་འདོན་པ་ན། །རྒྱུ་མཚན་མེད་པར་གཞན་དག་རྒྱུག །ཅེས་པའི་དགོངས་དོན་དང་མཐུན་པ་ཁྱོད་ལྟ་བུའི་གཡམ་རྒྱུག་པ་ཞིག་ཡིན་མི་འདུག དེས་ན་རྒྱུ་མཚན་དང་བདེན་དཔང་ཡོད་ན་རང་མིང་དངོས་སུ་སྨོས་ནས་ཁུངས་སྐྱེལ་དང་ད་གཟོད་དངོས་གནས་བསམ་བློ་བ་ཞིག་གི་གྲལ་མཐར་བསྙེགས།
དུས་བབ་ཚང་ལགས
སྒྲོལ་དཀར་ལྷ་མོ་དང་སྒྲོལ་དཀར་ལྷ་མོ་ཚོ་ལ་སྙིང་རྗེ་དང་དམིགས་བསལ་ཞེས་པ་འདི་གཏད་ནས་བེད་སྤྱོད་མ་བྱེད་རོགས་ཞུ་རྒྱུ་དང་འདི་ལྟ་བུ་བརྒྱུད་ནས་སྤྱི་ཚོགས་ཀྱི་རུལ་སོང་ཚོར་སྙིང་ཁོང་འདར་བའི་བརྡ་ལན་ཞིག་སྤྲོད་ཐུབ་པར་བརྒྱུད་ལམ་ཁག་ནས་རམ་འདེགས་བྱེད་རྒྱུ་ནི་ཁྱེད་ཚོ་འོས་འགན་ཞིག་ཏུ་འདོད།
འདིར་སྒྲོལ་དཀར་ལྷ་མོ་སྐད་ཆ་བརྫུས་མ་ཞིག་བཀོད་ན ༼ཕྲན་ནས་ཀྱང་སོ་སོའི་ཁེ་ཕན་ཕར་བཞག་སྟེ་དྲང་པོ་དྲང་བཞག་གིས་བོད་སྤྱི་བའི་རྩ་ དོན་ཐོག་སོ་སོའི་དམ་བཅའ་བའི་ཐོག་ལས་འགན་ཞུ་སྒོ་ཁག་ལ་གཡས་ཁག་གཡོན་དཀྲི་མེད་ པར་དུས་ཚོད་བཏང་རྒྱུ་བྱུང་བ་ནི་ཆོས་ཡིན་བསམ་བཞིན་ཡོད་པ་དང༌། རང་གི་ལྷག་བསམ་བཟང་པོའི་ཁ་ཞེ་གཉིས་མེད་ཀྱིས་ཞབས་འདེགས་མི་དམན་ཙམ་ཞུ་བཞིན་ པའི་ལོ་རྒྱུས་མདོར་བསྡུས་སུ།༽ སྒྲོལ་དཀར་ལྷ་མོ་ནས་སྤྱི་འཐུས་སུ་ལང་སྐབས་སྐད་ཆ་རེད་ཧཧཧཧ་ཁོང་དགོད་ཤོར་བ་ཞིག་རེད།
གླེང་རྙོག་འདིའི་ཐད་སྐད་ཆ་མ་བཤད་ན་དེ་ལ་རྒྱབ་སྐྱོར་ཡོད་མཁན་ཡིན་མིན་དགོས། ཡིན་ནའང་བློ་བཟང་མདོ་སྔགས་མིང་ཅན་འདི་གནས་ལུགས་ཐད་ནས་མི་འདུག་པར་འབྲེལ་མེད་ཀྱི་གནད་དོན་མང་པོ་ཉོག་བསྲེས་བྱས་འདུག་པས་སྒེར་འཁོན་ཞིག་ཀྱང་མེད་དམ་སྙམ། ལར་ནས་ཁོ་མོར་རྒྱུས་ཆེ་ཞིང་སྐད་ཆ་ཤོད་སྟངས་ཚང་མ་ཀིརྟི་ཚང་གི་མཚན་གནས་རྗེས་འབྲེལ་དང་བཅས་བརླག་རབས་ཀྱི་ཆ་ནས་གླེང་ཚུལ་འདི། ཀིརྟིའི་ཕྱག་མཛོད་ལ་འཁྲུལ་སྤྱད་ཅིག་ཆགས་ཡོད་སྟབས། དང་ཐོག་ངས་ཀྱང་ཕྱག་མཛོད་མདོ་སྔགས་ཡིན་ཤག་བྱས་པ་ཡིན།
ཁོ་བོའི་འཆར་སྟངས་ནི། སྤྱིར་ཁོ་མོ་ནི་བོད་པའི་སྤྱི་ཚོགས་ནང་དུ་སྤྱི་པའི་ལས་དོན་ལོ་ཡུན་རིང་པོ་གནང་བ་མ་ཟད། ཁ་ཞེ་གཉིས་མེད་ཅིག་ཏུ་མཐོང་བཞིན་ཡོད། ཡིན་ན་ཡང། རྒྱུ་མཚན་དེ་ལ་བརྟེན་ནས་ད་རེས་ཀྱི་ཁོ་མོའི་སྤྱི་དངུལ་སྒེར་ཟས་དེ་འགྲིག་པ་ཞིག་ཏུ་དུས་ནམ་ཡང་བསྒྲུབ་མི་ཐུབ། དེ་ལྟར་བརྩོན་ན་ཡང་མི་འགྲིག །སྤྱིར་མི་སྐྱ་ཞིག་གིས་སྤྱིལ་དངུལ་འབུམ་གཉིས་ཟས་པའི་གནས་ཚུལ་དེ་ལ་ཁོ་བོ་ཡ་མཚན་དེ་ཙམ་མ་མཐོང་། དེ་བས། དགོན་སྡེ་ཁག་གི་ནང་དུ་ནང་ཆོས་ཀྱི་ཞག་རྩི་ཡོད་པར་རློམ་པ་དང་། བསྟན་པ་འཛིན་པའི་མིང་འཆང་བ་དང་། དགེ་བཤེས་ཀྱི་མིང་འཆང་བ་འགའ་ཞིག་གིས་སྒོར་ཕོན་ཆེ་ཟས་ན་ཡང་ད་དུང་ཧམ་བཤད་ཀྱིས་བྱས་རྗེས་འཇོག་རབས་བཤད་པ་རྣམས་ལ་བལྟས་ན་ད་རེས་ཁོ་མོའི་བྱ་སྤྱོད་དེ་ལ་ང་ཡ་མཚན་ཞེ་དྲག་མི་སྐྱེ་གི
སྐུ་ཞབས་ཇོ་རུ་ཚེ་རིང་དང་གནམ་ལྕགས་གཉིས་ཀྱིས། ངས་ཀིརྟིའི་ཕྱག་མཛོད་ཀྱི་མིང་ཐོག་ནས་དཀྲིགས་ཤིང་བྱེད་ཀྱིན་ཡོད་ཚུལ་བཤད་འདུག དགོངས་དག ཁྱེད་གཉིས་ཀྱིས་ངའི་མཆན་བུ་དེ་དག་ཞིབ་ཏུ་བཀླགས་མེད་པ་འདྲ། ངས་ནམ་ཡང་ང་ནི་ཀིརྟིའི་ཕྱག་མཛོད་བློ་བཟང་མདོ་སྔགས་ཡིན་ཞེས་བཤད་མེད་ལ། དེ་རིང་མ་གཏོགས་ཀིརྟིའི་ཕྱག་མཛོད་ཀྱི་མིང་ལ་བློ་བཟང་མདོ་སྔགས་ཡིན་པ་ཤེས་མེད། གལ་ཏེ་ཀིརྟིའི་ཕྱག་མཛོད་ཀྱིས་ངའི་སྐད་ཆ་དེ་དཀྲིགས་ཤིང་ཞིག་གི་ངོ་བོར་ངོས་འཛིན་བྱས་ཡོད་ན། སྐད་ཆ་བཤད་སྟངས་གང་གི་ཐད་ནས་དཀྲིགས་ཤིང་བྱས་འདུག འདྲེས་མ་དྲན་གོང་ནས་ནད་པས་དྲན་ཞེས་པ་ལྟར། དྲན་མ་མྱོང་བ་རྐྱང་རྐྱང་བཤད་ཀྱིན་འདུག ངས་ཀིརྟིའི་སྒོལ་དཀར་ལྷ་མོས་གཞུང་རྒྱུ་ལྐོགས་ཟ་བྱས་པར་འགྲིག་མི་འདུག་པ་བརྗོད་ཡོད་པ་ལས། ཀིརྟིའི་ཕྱག་མཛོད་ཀྱིས་ཀིརྟི་ཚང་གི་ཕྱག་དངུལ་སྒེར་བདག་བྱས་ཚུལ་བཤད་མེད། ང་ཡང་བོད་པ་ཞིག་ཡིན་པ་གང་ཞིག་ལ་བོད་པའི་སྤྱི་ཚོགས་སུ་ཡོད་པའི་བོད་པ་ཞིག་ཡིན་དུས། བོད་པའི་སྤྱི་ཚོགས་གླེང་ལོས་ཆོག འདི་ན་ངས་དཀྲིགས་བྱས་ཡོད་ན། འདྲེ་མོ་འདྲེ་དཀར་འདྲེ་མོས་བྱས་ཚུལ་ལ་ཁྱོད་ཀྱི་ད་རུང་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ནམ། ཁྱོད་མ་གཏོགས་བློ་བཟང་མདོ་སྔགས་ཟེར་བའི་མིང་ཞིག་བོད་པའི་སྤྱི་ཚོགས་སུ་མེད་པ་ཡིན་ནམ། ད་བར་ཀིརྟིའི་སྒྲོལ་དཀར་ལྷ་མོས་ཀིརྟི་ཚང་གི་མིང་ཁུར་ཏེ་བོད་པའི་སྤྱི་ཚོགས་སུ་སྡེངས་ཆ་དེ་བླངས་པ་རེད། ད་རུང་ཀིརྟིའི་ཕྱག་མཛོད་ཀྱིས་ཁོ་མོར་རྒྱབ་སྐྱོར་བྱེད་འདོད་པ་འདི་ཡ་རེ་མཚན།
ར་བསད་ན་ལུག་འདར་ཞེས་བའི་དཔེ་ལྟར་རེད། རེ་འགས་འགེབས་སྲུང་བྱེད་ཀྱིན་ཡོད་ན་ཡང་ད་ཕྱིས་དྲག་འདུག།
ཐེར་འདོན་གྱི་དམིགས་ཡུལ་ནི་བསྒྱུར་བཅོས་ཁོ་ན་ཡིན་ཡིན་པས་མུ་མཐུད་ནས་ཐེར་འདོན་བྱེད་དགོས་བ་རེད། དུས་བབས་ཚང་གིས་སྨྲ་བརྗོད་རང་དབང་གི་བསམ་ཚུལ་བཤད་སའི་ས་མིག་བསྐྲུན་ཡོད་པས་སྒོ་རྒྱག་པའམ་འགོག་དགོས་བའི་རྒྱུ་མཚན་མི་འདུག་སྙམ།
མཆན་འདེབས་པའམ་དྲ་འབུ་དག་སྐྱག་པར་སྦྲང་བུ་འཁོར་འཁོར་བྱས་ཀྱང་རྣམ་རིག་གསལ་དྭངས་ངང་ནས་སྐད་ཆ་བཤད་ཐུབ་ཀྱི་མི་འདུག་ལ། རང་ཉིད་དྲི་མེད་དྭངས་གཙང་ཞིག་གི་ཚད་ནས་བཞག་སྟེ་གཞན་ལ་མིག་ཆེན་པོ་ཞིག་གདངས་ནས་བལྟས་པའི་ཁུལ་ཡིན་ཡང་། ཆགས་སྡང་གིས་བློ་མིག་སྒྲིབ་སྟེ་བསམ་བློས་དབུལ་བའི་སྐད་ཆ་རྙོག་རྫབ་གཅིག་ལས་གཞན་རང་རེའི་སྥྱི་ཚོགས་ཕུང་དཀྲུགས་རྒྱག་བྱེད་ལས་ཅི་ཡང་མི་འདུག་ན། དྲ་བདག་གིས་མཆན་སྒོ་རྒྱག་པའི་འབོད་སྐུལ་ཞུ།
མོ་རང་ཉིད་ཀྱི་ལོ་རྒྱུས་འདི་ན་ཡོད།
http://www.tibetanparliament.org/index.php?option=com_content&view=article&id=385:2011-06-28-10-30-33&catid=107:2011-06-27-09-11-04
གཤམ་འདིར་མོ་ལ་བཅར་འདྲི་བྱས་པ་ཞིག་འདུག
http://tibetanpen.org.in/index.php?option=com_content&view=article&id=207%3A2011-02-05-12-20-02&Itemid=7
མི་མང་གི་སྐུ་ཚབ་ཡིན་ཟེར་མཁན་གྱི་ནང་ནས་མི་ཐལ་ཤས་དེ་འདྲའི་རིགས་ཡོད་པ་ནི་བསམ་ཡུལ་ལས་འདས་སོང་། མ་ཟད་གོང་དུ་གསུངས་པར་རྣམས་ལ་བཞིགས་ན་ད་དུང་བཙན་བྱོལ་བསྒྲིགས་འཛུགས་ཀྱི་ཚོགས་སྡེ་ག་གེ་མོ་ནང་ལ་དེ་འདྲའི་རིགས་ཡོད་པ་གསུངས་སོང་། དེ་ཚོ་སྟངས་མཉམ་བྱེད་ནས་འཇོག་བས་ཀྱི་གནས་ཚུལ་ཞིག་མ་རེད་སྙམ། སོང་ཙམ་ང་ཚོས་ངེས་པར་དུ་སྡིངས་ཆ་འདི་བརྒྱུད་ནས་དེ་ཚོའི་རང་འཚང་སྟོན་ཐུབ་པ་བྱེད་དགོས།
བློ་བཟང་མདོ་བསྔགས་ཟེར་བ་དེ་ཀིརྟིའི་ཕྱག་མཛོད་ཡིན་ན་འདྲ། མིན་ན་འདྲ་བཤད་བཞག་པ་དེ་འགྲིག་འདུག་བསམས། དེ་ལ་ཕྱི་བཤོལ་བྱེད་དགོས་དོན་མི་འདུག རེ་འགས་ཚིག་རྩུབ་འདུག་ཟེར། འོ་ན་སྐུ་ངོ་ལགས་ཀྱིས་བུད་མེད་ཚོགས་པའི་ཕྱག་དངུལ་བཞེས་གནང་ཤག་ཅེས་ཞེ་ས་སྦྱར་དགོས་ཀྱི་ཡོད་པ་འདྲ། དེ་འདྲ་གཏན་ནས་མ་རེད། མི་འདི་དང་འདི་འདྲ་བས་ད་ལྟ་བར་དུ་བོད་རྒྱལ་ཁབ་དང་མི་རིགས་ཕམ་དུ་བཅུག་པ་རེད། དངོས་ནས་རྒྱལ་ཁབ་ཅིག་ཡོད་ན་སྲོག་ཀྲིམས་མ་བཅད་ཀྱང་བཙོན་ལ་འཇུག་དགོས་པར་མཐོང་། སྙིང་ཁམས་ཅན་འདི་དག་གིས་བོད་མི་རིགས་འདིའི་ཁ་སྟབས་དང་རྒྱབ་ལྗོངས་མཐོང་ནས་ད་བར་དུ་བཀྱག་བཀྱག་རྐྱང་རྐྱང་བྱེད་ཀྱི་འདུག བཙན་བྱོལ་ནང་གི་སྐྱོན་ཆེ་ཤོས་ནི་བདེན་རྫུན་ལ་དབྱེ་འབྱེད་མི་བྱེད་པར་ནང་བསྒྲིགས་ཟེར་བ་དང་། ཧ་ཅང་སེམས་རྒྱ་ཆེ་མདོག་དང་སྦོམ་མདོག་རྐྱང་རྐྱང་བྱས་ནས་གཅིག་རྒྱབ་གཅིག་མནན་བྱས་བསྡད་པ་འདི་རེད། ད་བསྡད་ཀིན་བསྡད་ཀིན་གངས་ཅན་སྐྱིད་གཤོངས་འདི་ལ་ཞེད་སྣང་ཡོང་གིན་འདུག་དཱ།
སྤྱི་ཚོགས་ཀྱི་དཀྲུགས་ཤིང་ཟེར་བ་དེ་གོ་སྐབས་འདི་འདྲ་ལ་བརྟེན་ནས་ཡོང་གི་ཡོད་པ་རེད་ལ། རྡོག་རྩ་ཆིག་སྒྲིལ་ཟེར་བ་དེའང་འདི་འདྲ་ལ་བརྟེན་ནས་གཏོར་གྱི་ཡོད་སྟབས། གོ་སྐབས་དམ་འཛིན་བྱེད་མཁན་ཁག་ཅིག་གི་གར་སྟེགས་ལྟ་བུར་གྱུར་བའི་ད་ཐེངས་ཀྱི་གནད་དོན་འདིའི་མཆན་སྒོ་བརྒྱབ་ན་ལེགས།
དོན་དག་བྱུང་ནི་བྱུང་ཚར་བ་རེད། གཙང་མ་ནི་ཆགས་ཚར་བ་རེད། དེའི་གཞུག་ལ་དགའ་སྐྱོ་ཆགས་སྡང་གི་གཏམ་ཡན་གཞན་དག་དྲུད་ཡོང་བ་འདི་བོད་མི་རིགས་ལ་ཕན་པའི་ལས་ཀ་གང་ཡང་མིན་པས་ན་ཡིད་འཇགས་གནང་རོགས།
སྤྱིར་བཏང་གིས་སྒོར་མོ་འབུམ་གཉིས་ཟ་གྲབས་བྱས་པ་མ་གཏོགས་ཟ་ནི་ཐུབ་ཡོད་པ་མ་རེད། དེ་བས་འབུམ་ཉིས་བརྒྱ་སུམ་བརྒྱ་ཟོས་པས་མི་ཚད་ད་དུང་སྟེགས་བུར་འགྱིང་ཡོད་པ་དག་གི་རྒྱབ་ལྗོངས་སྔོགས་རོགས། གནས་སྐབས་བེད་སྤྱོད་བཏང་ནས་ཡང་བསྐྱར་གཙང་འབུལ་བྱ་རྒྱུ་ཡང་ཁས་བླངས་འདུག འདིས་མི་ཚད་ཟོས་པས་མི་ཚད་ངར་ངར་རྫིག་རྫིག་བྱེད་མཁན་མང་བོ་ཡོད་པ་དེ་དག་གཙང་མ་བཟོ་རོགས།
ཚོགས་གཙོ་ཟུར་བ་ཁོང་མོ་ནི་ནམ་རྒྱུན་སྤྱི་དོན་ཁོ་ནས་མི་ཚེ་བསྐྱེལ་མཁན་ཞིག་ཡིན་པ་སུ་ལའང་གསལ་གྱི་ཡོད། འོན་ཀྱང་ཁོང་མོའི་ད་རེའི་ནོར་འཁྲུལ་གཅིག་བུ་འདི་ལ་གཙང་མ་ཆགས་པ་ཡང་ཁ་གསལ་གཏིང་གསལ་རེད། ད་གོ་སྐབས་འདི་བཟུང་ནས་སྤྱི་ཚོགས་དཀྲུགས་པའི་ལས་ཀ་མ་བྱེད་རོགས།
ལྷག་པར་དུ་ཀིརྟིའི་མདོ་སྔགས་ཀྱི་མིང་ཐོག་ནས་དང་ཁོང་ཡིན་མདོག་མདོག་བྱས་པའི་མཆན་བུ་འདི་དེ་བས་ཀྱང་ཡག་པོ་མ་རེད། འདི་ནི་ཕུ་ནུ་ནང་ཁུལ་དཀྲུགས་པའི་བསམ་ངན་ཞིག་ཡིན་པ་ལས་བོད་སྤྱི་བའི་དོན་ལ་ཕན་པའི་ལས་ཀ་ཞིག་དུས་ནམ་ཡང་མ་རེད།
དེང་གི་དུས་ན་བོད་ཕྱི་ནང་ཚང་མ། ལྷག་དོན་དུ་ཆོལ་གསུམ་བོད་རིགས་ཆ་ཚང་རྡོག་རྩ་ཆིག་སྒྲིལ་ཆགས་ཡོད་པའི་བསྐལ་བཟང་དུས་བཟང་ཞིག་ཡིན་པའི་མ་ཚད། རང་ལུས་མཆོད་མེར་འབུལ་མཁན་གྱི་དཔའ་བོ་དང་དཔའ་མོ་ཚོའི་ཁ་ཆེམས་དྲོད་འཁྱིལ་ལེར་ང་ཚོའི་རྣ་བའི་ནང་ཡལ་མེད་པའི་དུས་ཡིན་ཙ་ན། འདི་འདྲའི་ཕོ་ལ་མོ་ཁའི་རིགས་དུས་ནམ་ཡང་མ་གླེང་རོགས། མཆན་སྒོ་ཡང་སུབ་རོགས་གནོང་།
ཐུགས་སྣང་གསལ་བཤད།
བློ་བཟང་མདོ་སྔགས་ཞེས་པའི་དྲ་མིང་འོག ༢༠༡༢/༠༤/༡༦ དང་ ༢༠༡༢/༠༤/༡༧ ཉིན་སྔ་ཕྱིར་མཆན་ཐེངས་གསུམ་ལ་འདོན་སྤེལ་བྱས་པའི་མཆན་དེ་དག་ནི། ཀིརྟི་དགོན་པའི་ཕྱག་མཛོད་མདོ་སྔགས་ལགས་ཀྱིས་བྲིས་པ་མིན་ལ། མཆན་གྱི་ནང་དོན་གྱི་ཆ་ནས་ཀྱང་དཀྲུག་ཤིང་གི་ཀུན་སློང་མངོན་འདུག་སྟབས། མཆན་དེ་སྤེལ་མཁན་ཁོང་ཉིད་མིན་པའི་གསལ་བཤད་ཅིག་གནང་གལ་ཆེ་བའི་འབོད་སྐུལ་ཞུས་པ་ལྟར། ཀློག་མཁན་རྣམས་ཀྱིས་ཤེས་རྟོགས་ཆེད་གསལ་བཤད་འདི་སྤེལ་བ་ཡིན།
གཞན་ཡང་། མཆན་སྤེལ་མཁན་རྣམས་ཀྱིས་གནད་དོན་དངོས་དང་འབྲེལ་མེད་ཀྱི་རིགས་དང་། དེ་བཞིན། ཁ་རྡུང་དང་དམའ་འབེབས་སོགས་ཀྱི་རིགས་གང་བྱུང་མི་སྤེལ་བའི་འབོད་སྐུལ་ཞུ་རྒྱུ་ཡིན་ལ། གལ་སྲིད་མཆན་དེའི་རིགས་མུ་མཐུད་སྤེལ་ཚེ་སྟངས་འཛིན་བཀག་སྡོམ་བྱ་རྒྱུ་ཡིན།
བོད་ཀྱི་དུས་བབ།
མི་སུ་ཡིན་ཡང་རང་ཉིད་ཀྱི་འཆར་སྒོ་གཞན་ལ་བཤད་རྒྱུའི་རང་དབང་ཡོད་པ་རེད། དེ་བཞིན་བློ་བཟང་མདོ་སྔགས་ཟེར་བ་ཞིག་གིས་མོའི་གནད་དོན་དང་འབྲེལ་བ་ཡོད་མེད་མང་པོ་ཞིག་གླེང་གི་འདུག་ཀྱང་དེའང་། ཁོ་རང་གི་ཐོབ་ཐང་རེད། འོན་ཀྱང་ངས་གསལ་པོ་བཤད་འདོད་པ་དེ། མི་མང་པོ་ཞིག་གིས་གནད་དོན་འདི་ལ་འཆན་མང་ཤོས་འདེབས་མཁན་བློ་བཟང་མདོ་སྔགས་ཟེར་བ་ཁོ་ཀིརྟིའི་བྱེས་པ་གྲྭ་ཚང་གི་ཕྱག་མཛོད་བློ་བཟང་མདོ་སྔགས་རེད་དགོངས་ཀྱི་ཡོད་པ་འདྲ་མོད། དེ་ནི་བློ་བཟང་མདོ་སྔགས་གཞན་ཞིག་ཡིན་པ་ལས་ཀིརྟིའི་ཕྱག་མཛོད་བློ་བཟང་མདོ་སྔགས་མིན་པ་བཤད་འདོད་བྱུང་། དེ་ཙམ་དགོངས་འཇགས་འཚལ།
གསར་བུས་བཤད་པ་དངོས་བདེན་རེད། སྐྱོན་དང་ནག་གང་ཡིན་པ་དེ་སྐྱོན་དང་ནག་ཉེས་རང་གི་སྟེང་ནས་གླེང་སྟེ། དེའི་སྤྱི་ཚོགས་ཁྲོད་ཤུགས་རྐྱེན་དང་བརྡབ་གསིག་ག་རེ་འབྱུང་མིན་དང་། རྗེས་ཕྱོགས་སྤྱི་ཚོགས་ཁྲོད་ཉེས་སྐྱོན་དེ་དག་མ་འབྱུང་པའི་ཐད་ཐབས་ཤེས་ག་རེད་གནང་དགོས་མིན། སོགས་དངོས་ཡོད་ཚུལ་དང་བསྟུན་ནས་སྐྱོན་འདོན་བྱས་ན་སྤྱི་སྒེར་ཚོགས་པ་ཡོངས་ལ་ཕན་གི་རེད་མ་གཏོགས། གོ་སྐབས་འདི་བཟུང་སྟེ་སོ་སོ་སྒེར་བའི་ཆགས་སྡང་དང་འཁོན་སེམས་ཕྱི་རུ་འབུད་ཐབས་བྱས་ཏེ། ཚིག་མཚོན་དང་ཁ་རྡུང་ཁ་ན་གཏོང་རྐྱང་བྱས་པ་ཡིན་ན། ཉེས་སྐྱོན་དེ་ལ་བརྟེན་ནས་ཉེས་སྐྱོན་སེལ་བའི་རྒྱུ་རུ་འགྱུར་རྒྱུ་ཕར་ཞོག ཐ་ན་རྐྱེན་ངན་བར་ཆད་ཀྱི་ངོ་བོར་འབུས་ཏེ། ནང་ཁུལ་ཆགས་སྡང་རྩོད་རྙོག་གི་རྒྱུ་འགྱུར་རྒྱུའི་ཉེན་ཁ་ཡོད་པ་རེད།
སྤྱི་ང་ཚོ་བོད་པ་འདི་ནི་རྒྱུས་ལས་ཀྱི་སྤྱི་ཚོགས་ཤིག་དང་རྨོངས་འཐོམ་གྱི་མི་རིགས་ཤིག་ཡིན་ཕྱིན། ད་ལྟའི་བར་སོ་སོའི་རྐང་མགོར་སོ་སོ་ལངས་མ་ཐུབ་པར། གནམ་རྟེན་འཚོ་བ་ནས་གཞན་རྟེན་འཚོ་བ་ཙམ་གྱི་ངོ་བོར་ལྷག་བསྡད་ཡོད་པ་རེད། ཞོགས་འདྲོགས་དང་འུད་ཤོད་ཆེ་བ་དེ་ནི་མི་རིགས་རྗེས་ལུས་ཀྱི་ཚུར་སྣང་གསལ་ཤེས་ཏེ་རེད་ལ། མི་བུ་རེ་རེ་ཡི་ངོས་ནས་བསམ་གཞིགས་དང་དཔྱད་ཤེས་ཀྱི་རྣམ་དཔྱོད་མི་ལྡན་པར། རི་བོང་ཅལ་འདྲོགས་ཀྱི་དུད་འགྲོ་སྒྲུང་ནང་བཞིན། མི་རིགས་རང་གི་ངོ་བོ་ན་གདོད་མའི་དུད་འགྲོའི་བག་ཆགས་ཀྱི་དྲི་མ་ད་དུང་ཡོངས་སུ་དག་མེད་པའི་མངོན་རྟགས་རེད།
ད་དུང་། བཙན་བྱོལ་སྤྱི་ཚོགས་ཁྲོད་ཀྱི་ཆབ་སྲིད་པ་གཏི་ཐུག་རེ་འགས་ཀྱང་གོ་སྐབས་འདུ་འཇུས་ཏེ། སོ་སོའི་མངོན་འདོད་ཀྱི་ཆེད་དུ་གཞན་ཕྱོགས་མང་པོ་ཞིག་ལ་ཁབ་གཙེགས་འབུག་གཙེགས་བྱེད་ཀྱིན་ཡོད། འདི་ནི། སྤྱིར་སྤྱི་ཚོགས་དག་ཐེར་ཡོང་བ་དང་ནག་ཚོགས་རུལ་སུངས་པ་རྣམས་ལ་གནོན་ཤུགས་འགྱུར་སྲིད་པའི་ལེགས་ཆ་མང་མོད། ཡིན་ནའང་། མང་ཚོགས་ཀྱིས་མགོ་ཚོས་མ་ཚོས་བར་ནས་ཆབ་སྲིད་པ་གཏི་ཐུག་དེ་དག་གི་ལག་གཡོགས་ཏུ་འགྱུར་རྒྱུའི་ཉེན་ཁའང་ཡོད་སྟབས། ཀློག་མཁན་དང་མཆན་སྤེལ་མཁན་ཚང་མས་རང་གཞན་གཉིས་དང་། སྤྱི་སྒེར་ཚང་མར་སོ་སོའི་ངོས་ནས་བསམ་བློ་བཏང་སྟེ་སྐྱོན་འདོན་ཡང་དག་པ་དང་གནད་ལ་ཁེལ་བྱ་རྒྱུ་ལས། གནས་ལུགས་རྒྱུ་མཚན་མེད་པའི་ཆུ་ལོག་ལྟ་བུའི་ཚོར་བ་ཐན་ཐུན་བའི་དབང་དུ་ཕྱིན་པའམ། གཞན་རྗེས་རྨོངས་འདྲོགས་ཀྱི་དབང་དུ་མི་འགྲོ་བ་བྱ་རྒྱུ་གལ་ཏུ་ཆེའོ།
སྙིང་རྗེ་ཀིརྟི་སྒྲོལ་དཀར་ལྷ་མོ་ལགས་ལ་འཇོན་ཐང་མེད་ལ་ལྐོག་ཟ་བྱེད་རྒྱུའི་བྱང་ཆ་ཡང་དེ་ཙམ་མེད་པས་ཐེངས་དང་བོར་ཚོད་ལྟ་ཞིག་བྱས་བ་དེ་ཡང་ལམ་མ་རྒྱུགས་ནས་ལྷང་ལ་བུད་པ་རེད།
ཟ་མཁན་དང་རྐུ་མཁན་འཇོན་ཐང་ཅན་དང་ཉམས་མྱོང་ཅན་དེ་ཚོ་ད་དུང་བོད་པའི་སྤྱི་ཚོགས་ནང་གདོང་ལྤགས་གླང་ཆེན་གྱི་གོ་བ་འདྲ་ཁྱེར་ནས་ཡིན་མདོག་མདོག་བྱས་བསྡད་ཡོད་པ་རེད། དཔེར་ན་སྨན་རྩིས་ཁང་གི་ཕྱེ་མའི་ཁང་གསར་ཐོག་འབུམ་བཞི་བཅུ་ལྷག་གར་སོང་ཆ་མེད་གྱུར་ཡོད་ལ་ད་དུང་སྐུ་སྒེར་ཡིག་ཚང་དང་ཐེ་ཝན་སྐུ་ཚབ་དོན་གཅོད་ཁང་སོགས་ནས་འདས་བའི་ལོ་རྒྱུས་སྟེང་སྒྲུང་སྙན་མོ་རེ་ཡོད་པ་དེ་དག་ཟམ་གདོང་བླ་མས་ཟུར་དུ་ཁུ་སུམ་མེར་བཞག་ཡོད་པ་དྲན་གྱིས་མི་འདུག་གམ། དེ་ཚོ་ཕྱིར་དྲན་རེ་བྱས་ན་ད་ཐེངས་ཀིརྟི་སྒྲོལ་དཀར་ལྷ་མོའི་བྱས་ཉེས་ལ་ཧང་སེང་དགོས་དོན་མི་སྙམ།
ད་བུད་མེད་ཀྱི་ཐོབ་ཐང་རྩོད་དང་ཁྱོད་ཚོ་ལའང་འཇོན་ཐང་དེ་ཙམ་འདུག། ཧ་ཧ་ཧ་ཧ།
ཀིརྟི་སྒྲོལ་དཀར་ལྷ་མོ་ཡང་ན་འདྲེ་མོ་དེས་སྐུན་མ་རྒྱབ་པ་མ་ཟད་ད་དུང་ངོ་ཚ་མེད་པར་ཁ་བདེ་བོ་བཤད་ནས་མགོ་སྐོརགཏོང་རྩིས་བྱས་པ་དངོས་གནས་ཧང་སང་དགོས་པ་རེད།
ད་བོད་མི་མང་གི་སྤྱི་འཐུས་ཀྱི་ལས་གནས་ནས་དགོངས་པ་མ་ཞུས་ན་མདོ་སྨད་མི་མང་གིས་རྩ་བ་ཉིད་ནས་བཞག་ཐུབ་ཀྱི་མ་རེད། ཁོ་བོ་མདོ་སྨད་པ་ཞིག་ཡིན་པའི་ངོས་ནས་མྱུར་ཏུ་ཁྱེད་ཀྱི་དགོངས་པ་མ་ཞུས་མདོ་སྨད་མི་མང་གི་མཚན་རྟགས་བསྡུ་རུབ་བྱས་ཏེ་རྒྱང་ཕུད་གཏང་ངེས་ཡིན། འདིའི་ཐད་རྒན་ལྷ་མོ་སྐྱབས་སོགས་རྒན་པ་རྣམས་ཀྱིས་ལམ་སྟོན་བྱེད་དགོས། ཞེས་ལྷོ་ཕྱོགས་ནས་ཀུན་དགས་ ངོ་ཚ་མེད་པའི་ཁྱི་མོ་སྒྲོལ་དཀར་ལ་ཕུལ།
རེ་བ་དང་ཡིད་ཆེས་བྱ་ས་ཞིག་གིས་འདི་ལྟར་བྱས་ན་ངོ་མ་བློ་ཕམ་རང་རེད།
གོང་གི་གནས་ཚུལ་དེ་ལ་མི་ང་གང་ཡང་ཧང་སང་མ་སོང་།
དེ་དང་དེ་འདྲ་བ་ང་ཚོའི་སྤྱི་ཚོགས་ནང་ལྐོག་ཟ་བ་མང་དག་ཞིག་ཡོད།
དཔེར་ན་ནོར་བུ་གླིང་ཁའི་ཉེ་ཁཽར་དུ་ཡོད་པའི་སྙིང་སྟོབས་གླིང་གི་དབུ་འཛིན་ཨ་ཅག་ངག་དབང་ལྷ་མོ་ལྟབུ་རེད།སྙིང་སྟོབས་གླིང་ལ་མཚོན་ན་ཉམ་ཐག་དབང་པོ་སྐྱོན་ཅན་ཤ་ཏག་རེད།ཡིན་ནའང་ད་བར་སུ་གང་ཞིག་གི་གང་ཡང་བྱེད་ཐུབ་ཡོད་ན་རེད། ལྐོག་ཟའི་དངུལ་གྲངས་ནི་འབུམ་གཅིག་གཉིས་ཀྱི་ག་ལ་ཚད། ད་དེན་འདྲ་རེད་དོ།
སྒྲོལ་དཀར་ལྷ་མོས་དངུལ་ཟོས་པ་དེ་དངོས་གནས་ཡག་པོ་མ་རེད། དེ་མཚུངས་གོ་སྐབས་འདི་འདྲར་བལྟས་ནས་མི་མང་པོ་ཞིག་གིས་མི་ཆོས་ལས་འདས་པའི་དམའ་འབེབས་བྱེད་པ་འདི། དེ་བས་ཀྱང་ཡག་པོ་མ་རེད། གལ་ཏེ་བསམ་འཆར་འདོན་མཁན་ཁྱེད་རང་གིས་ལྷག་བསམ་གྱི་སྒོ་ནས་སྤྱི་ཚོགས་ལ་ཕན་སེམས་ཤིག་བཅང་ཡོད་ན། མཐུན་ལམ་ལ་བརྩི་བཀུར་དང་དེ་ལ་གཏོར་བརླག་མ་སོང་བ་ཞིག་དགོས་རྒྱུ་དེ་གལ་ཆེན་པོ་རེད།
མོས་དངུལ་ཟོས་འདུག་ཟེར་ནས་ཚིག་མཚོན་སྣ་ཚོགས་འདེབས་པ་དེས་བསམ་འཆར་འདོན་མཁན་ཁྱེད་རང་གི་ཀུན་སློང་དེ་ཡང་མ་དག་པ་ཞིག་ཡིན་པ་ར་སྤྲོད་བྱེད་ཀྱི་ཡོད་པ་རེད། འགན་ཞིག་ཁུར་ནས་གླེང་མོལ་བྱས་ན་སྤྱི་ཚོགས་ལ་ཕན་ཐོགས་ཆེ་ཞིང་ཁྱེད་རང་ཡང་བློ་སེམས་བདེ་བ་ཞིག་ཡོང་གི་རེད། གཞན་ཚིག་མདའ་འདྲ་མིན་འཕེན་བསྡད་པ་དེས་གནས་སྐབས་རིང་ཁྱེད་རང་བློ་བདེ་ཙམ་ཡོང་སྲིད་ཀྱང་སྤྱི་ལ་གནོད་གི་རེད། དེ་དགོངས་པར་འཇགས་རོགས་་་་་་
སྒྲོལ་དཀར་ལྷ་མོའི་སྐོག་བྱས་པ་ལ་འཚམས་འདྲི་བྱེད། ཁྱེད་ཀྱི་རླབས་ཆེན་བྱས་རྗེས་དགའ་འོས་པ་ཞིག ན་གཞོན་བུ་མེད་དག་གི་ཀྱང་མོ་མིག་ལྟོས་བྱེད་དགོས་མིན་རླབས་ཆེན་གྱི་བྱས་རྗེས་ལ་གཟིགས་རོགས།
དོན་དངོས་ཐོག་ལྟད་ན་ཁོ་རང་གི་ནག་ཉེས་ངོས་ལེན་བྱས་པ་དེ་ཕྱི་དྲག་པ་མ་ཟད་གཡོལ་ཐབས་ཡང་མང་བྱས་སོང་།།
རྒྱ་མིའི་དཔོན་རིགས་ཀྱིས་སྒོར་ས་ཡ་གཅིག་ལྐོག་ཟ་བྱས་པ་དང་། བཙན་བྱོལ་ལས་བྱེད་གཅིག་ཀྱིས་སྒོར་འབུམ་གཅིག་ལྐོག་ཟ་བྱས་པ་གཉིས་སུ་ཉེས་ཆ་བགྱིད་རེད། ཧ་ཧ། ཧུ་ཧུ། ཧི་ཧི། །
བཀྲ་ཤིས་ཅན་ནས་སྐུ་སྒེར་ཡིག་ཚང་ནང་དངུལ་ཟ་མཁན་ཡོད་ན་གསལ་པོ་གསུངས་རོགས། རྗེས་སུ་ཡི་རང་ཡོད། ཁུངས་ལུང་མེད་ན་ཁ་གདང་དུས་ནས་སྐྱོན་བརྗོད་བྱེད་ག་ལ་རུང་།
ཟ་ན་ཟ་མཁན་དང་དུས་ཚོད་དང་བཅས་པ་གསུངས་རོགས།
ཀིརྟི་སྒྲོལ་དཀར་ལྷ་མོས་རང་གི་ནོར་འཁྲུལ་ལ་ངེས་པར་དུའང་ངོས་ལེན་བྱེད་དགོས། ད་དུང་ངོས་ལེན་མ་བྱས་པར་རང་གི་བུ་དང་ཉེ་འབྲེལ་ཚེ་བཙོན་ལ་ཐུག་པའི་སྐད་ཆའི་ཟོག་ནས་དངུལ་དགོས་རབ་བཤད་དེ་སྐད་ཆ་རྫུན་མ་བཟོས་ཐབས་བྱས་ན་ཡང་བསྐྱར་ནོར་འཁྲུལ་ཤོར་བཞིན་པ་རེད།
བོད་མི་མང་པོས་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་ཚེ་སྲོག་མེ་ལ་སྒྲོན་བཞིན་པའི་སྐབས་དང་ལྷག་དོན་༸ གོང་ས་སྐྱབས་མགོན་ཆེན་པོས་རྒྱ་གར་སོགས་ནང་ལྐོག་ཟ་མི་བྱེད་རྒྱུའི་བཀའ་སློབ་གནང་བཞིན་པའི་དུས་འདིར་ཁོ་མོས་ཐབས་སྡུག་གི་ལས་ཀ་འདི་འདྲ་བྱས་པ་དེ་བློ་ཕམ་སྐྱེ་གཞི་ཆགས་ཡོད།
འོན་ཀྱང་མི་ཚང་མར་སྐྱོན་དང་ནོར་འཁྲུལ་ཅི་ཡང་མེད་པ་ཞིག་མེད་ཀྱང་ནོར་འཁྲུལ་ལའང་ཚབས་ཆེ་ཆུང་ཡོད་སྟབས་ཕྱི་འབྱུང་བོད་པའི་སྤྱི་ཚོགས་ནང་ཤུགས་རྐྱེན་ངན་པའི་བག་ཆགས་དེ་འདྲ་རྩ་བ་ནས་མི་ཡོང་བར་སྔོན་འགོག་བྱེད་དགོས།
འོན་ཀྱང་ཁོང་གིས་ད་རེས་ནོར་འཁྲུལ་ཚབ་ཆེ་ཞིག་ཤོར་བར་བརྟེན་ནས་ཁོང་གི་ད་བར་མི་ལོ་ ༢༠ ལྷག་ཙམ་རིང་གི་བྱས་རྗེས་ཚང་མ་ནག་རྐྱང་ཡིན་པར་ངོས་འཛིན་བྱེད་མི་རུང་། ནོར་འཁྲུལ་ཚབ་ཆེ་གཅིག་ཤོར་ནས་མི་དེ་ནག་པོ་ནག་རྐྱང་བཟོ་བ་དང་། དགེ་མཚན་གཅིག་བྱས་ཏེ་མི་དེ་བཟང་པོ་དཀར་པོ་དཀར་རྐྱང་ཞིག་ཏུ་ངོས་འཛིན་ཡང་བྱེད་མི་རུང་།
ཡིན་ནའང་ཁོ་མོས་བཤད་པ་ལྟར་ནོར་འཁྲུལ་ཤོར་བ་དེར་ངོས་ལེན་བྱས་ཏེ་ཕྱི་འབྱུང་རྒྱལ་ཁབ་དང་། མི་རིགས། རིག་གཞུང་། སྤྱི་ཚོགས་ཀྱི་ནང་དུ་ཞབས་ཞུ་གང་ཐུབ་བསྒྲུབ་དགོས་པ་གནང་དགོས།
https://tibettimes.net/wordpress/print.php?id=4452&mode=news&referer=http%3A%2F%2Fwww.tibettimes.net%2Fnews.php%3Fcat%3D41%26id%3D4452%26
རྒན་མོ་དེ་མཐོང་འདོད་ཡོད་ན། དྲ་ལམ་འདི་ནས་མཐོང་ཐུབ་ཀི།
བསམ་བློ་བཏང་གིས་བཏང་གིས། ང་རྒན་མོ་འདིའི་སྟེང་ལ་སྙིང་ལང་གི། དཀོན་མཆོག་གསུམ། ༸གོང་ས་མཆོག་གིས་ད་བར་བོད་གཞུང་བཟང་རབ་དང་། རྒྱ་གཞུང་གི་ལྐོགས་ཟ་རུལ་སོང་ལ་སྐྱོན་བརྗོད་བྱས་བྱས་པའི་མཐར། བོད་པའི་སྤྱི་ཚོགས་སུ་གནས་ཚུལ་འདི་མངོན་གསལ་དོད་པོས་བྱུང་བ་རེད། དེ་བས་ཀྱང་། རྒན་མོ་མཐོ་གང་ལས་མེད་པ་འདིས་ད་བར་ཀིརྟི་རིན་ཚང་གི་མཚན་ཐོག་ནས་མདོ་སྨད་སྤྱི་འཐུས་སུ་ཞུགས། མདོ་སྨད་ཀྱི་མིང་ཐོག་ནས་བོད་གཞུང་གི་ལས་ཀར་ཞུགས། དེ་བཞིན་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོར་ཞུགས། མི་ལོ་ཉི་ཤུ་ལྷག་གི་རིང་ལ་ལྷག་བསམ་རྣམ་དག་ཡིན་ཁུལ་གྱིས་མི་མང་ལ་མགོ་སྐོར་དང་སྐྱག་རྫུན་རྐྱང་རྐྱང་བཤད། དེ་བས་ཀྱང་རྒྱ་ནག་ལ་ཁ་གཏད་གཅོག་ཁུལ་བྱས། ཞབས་འདྲེན་འདི་ལས་ཆེ་བ་ཞིག་ཞུ་རྒྱུ་གང་ན་ཡོད། བོད་མི་རིགས་བཤད་ཀྱིན་བཤད་ཀྱིན་མོ་རང་རྒྱ་གར་པའི་རྐུབ་ལ་བརྒྱུགས་ནས་མོ་རང་གི་བུ་བླ་མ་སྨོན་ལམ་ཟེར་བ་དེས་ཀྱང་རྒྱ་གར་པའི་གདོང་པ་ཁུར་དགོས་བྱུང་། མི་ཚང་འདིས་རྐྱེན་བྱས་ཏེ་ཀིརྟི་ཚང་ལ་ཞབས་འདྲེན་རབ་དང་རིམ་པ་མང་པོ་ཞིག་ཞུས་ཡོད། དེ་སྔོན་མོའི་བུ་ཨ་ལགས་སྨོན་ལམ་ཟེར་བ་དེ་ཀིརྟི་ཚང་གི་གྲྭ་བ་ཡིན་བཞིན་དུ་དགའ་རོགས་བུད་མེད་ཅིག་ནས་ཞབས་འདྲེན་ལུང་བ་གང་ཞུས་ཡོད། སྐབས་དེར་ཀིརྟི་ཚང་དང་མདོ་སྨད་མི་མང་གིས་ཀིརྟི་སྒྲོལ་དཀར་འདྲེ་མོ་འདིས་སྤྱི་ཚོགས་ལ་མགོ་སྐོར་གཏོང་གི་ཡོད་པ་གང་ལ་ཤེས། དེར་བརྟེན་མང་ཚོགས་ཀྱིས་ཁོ་མོར་ཆེ་མཐོང་བྱས་ཡོད་ལ། ཁོ་མོར་ཆེ་མཐོང་ཡོད་པ་རྒྱུ་མཚན་དུ་བྱས་ནས་ཁོ་མོའི་བུ་ཨ་ལགས་སྨོན་ལམ་ཟེར་བ་དེས་གྲྭ་ཆས་གྱོན་བཞིན་དུ་བུད་མེད་དང་འགྲོགས་ནས་སོང་བ་སྣང་མེད་བྱེད་ཐབས་བྱས། དེ་རིང་འདི་བཞིན་ལས་རྒྱུ་འབྲས་སྨིན་ཏེ་རང་སྐྱོན་ལྷང་ལ་བུད་ཡོང་དུས། ཁྱིམ་ཚང་འདིས་སྒེར་གཞུང་གཉིས་ཀར་ཞབས་འདྲེན་གྲངས་མེད་ཅིག་ཞུས་ཡོད། ད་རུང་སྐད་ཆ་བཤད་སྟངས་དེར་གཞུགས་ན། ང་ཚོ་དད་ལྡན་མང་ཚོགས་ལ་མཐོང་ཆུང་སྣང་ཡུལ་ལས་འདས་པ་ཞིག་བྱས་འདུག རྒྱུ་མཚན་ནི། ངས་མི་ལོ་༢༠ ལྷག་རིང་ལྷག་བསམ་རྣམ་དག་གིས་སྤྱི་ཚོགས་ལ་ཞབས་ཞུ་བསྒྲུབས་ཡོད་རབས་བཤད། ཞབས་འདྲེན་རེད། ང་ལ་དྲི་བ་ཞིག་ཡོད་པ་ནི། ཁྱོད་ཀྱི་མི་ལོ་ཉི་ཤུ་ལྷག་དེའི་རིང་མི་མང་གིས་དཀོར་ཅི་ཙམ་ལྐོགས་ཟ་བྱས་ཡོད། ངོ་མ་ཞབས་འདྲེན་རེད། ཁྱོད་ལྟ་བུ་ཞིག་གིས་མདོ་སྨད་སྤྱི་འཐུས་བྱེད་ཐུབ་པ་ནི་མདོ་སྨད་པ་རྣམ་ལྐུགས་པ་ལྐུགས་རྐྱང་བཟོས་འདུག དེ་རིང་ནས་བཟུང་ངས་ཁྱོད་ལ་གཞང་འཚོང་མ་ཞེས་འབོད་འདོད་བྱུང་ལ། སྒྲོལ་ནག་འདྲེ་མོ་ཞེས་ཀྱང་འབོད་འདོད་བྱུང་། ཁྱོད་ལྟ་བུའི་ལས་བྱེད་པ་དག་ནི་མི་རིགས་ཀྱི་ཞབས་འདྲེན་རེད་ལ། དྲིན་ཆེན་བླ་མ་དམ་པ་དག་གི་བླ་བཙོང་ཡང་རེད།
སྟབས་མ་ལེགས་ནས་གནས་ཚུལ་སྡུག་པོ་འདི་ལྟར་ཞིག་བྱུང་བ་དེ་ལ་རིམ་པ་མང་པོ་ཞིག་གིས་ཕུ་འདེད་བྱས་ཡོད་ན་དེ་དག་ལ་དཀར་ནག་གི་དབྱེ་འབྱེད་བྱེད་རྒྱུ་གལ་འགང་ཆེ་བར་མཐོང་།
དཔེར་ན་དང་པོ་ཟ་སེམས་ཡོད་པ་དེ་མི་འོས་པ་དང་།
གཉིས་པ་གཡས་ཁག་གཡོན་དཀྲི་བྱས་པ་དེའང་མི་འོས་པ་དང་།
གསུམ་པ་ངོས་ལེན་བྱས་པ་དེ་འོས་པ་སོགས་གནད་དོན་མང་པོས་རིམ་པར་རྒྱས་བསྟབས་ཡོད་པ་ལྟར་རེད།
འདི་དང་འདི་ལྟ་བུ་དུ་མ་ཞིག་ཡོད་སྲིད་ལ་མ་འོངས་པར་བུ་མེད་ཚོགས་པ་གཙོས་བྱས་ཀྱིས་ནན་གཟབ་བྱེད་དགོས། ཆེས་མཐོའི་ཁྲིམས་ཞིབ་ཁང་ཡང་ཁྲིམས་ལ་སྦྱར་གྲབ་བྱེད་ཅིང་སྤྱི་རྒྱུ་སྒེར་བདག་བྱེད་པའི་དབུས་གཙང་སྤྱི་འཐུས་ཟླ་བ་ཚེ་རིང་ཡང་ངེས་པར་དུ་དབུས་གཙང་སྤྱི་འཐུས་ནས་ཕྱི་འབུད་གཏོང་ཞིང་སྤྱི་འཐུས་གྲོགས་ཚོགས་འདི་ཕྱི་དཀར་ནང་དཀར་བཟོ་དགོས་པ་ནི་ཁ་ཚ་དགོས་གཏུག་གི་འགག་རྩ་ཞིག་རེད། ཆོལ་ཁ་གསུམ་དང་ཆོས་བརྒྱུད་ལྔ་སོགས་ཀྱི་ཚབ་མཚོན་དུ་མི་སྐྱོན་མེད་རྐྱང་རྐྱང་ཤིག་གྲོས་ཚོགས་འདིར་འབྱོར་ཐུབ་པ་བྱུང་ན་མདུན་སྐྱོད་ཀྱི་གོམ་ཁ་ཡང་བཟང་ཕྱོགས་སུ་བཞུད་ཐུབ་པའི་ཡིད་ཆེས་ཡོད། ཆོལ་ཁ་རེ་རེའི་ནང་ནས་མི་བཅུ་རེ་ཙམ་ཡིན་ན་དེ་ལ་སྐྱོན་མེད་ཅིག་མི་རྙེད་པ་མི་སྲིད། གཙོ་བོ་དབུས་གཙང་མི་མང་ནས་ཐུགས་བསམ་བཞེས་རྒྱུ་དེ་རེད།
བརྒྱུད་རིམ་འདི་ཁོ་མོར་མཚོན་ན་ཁག་མི་འདུག་སྙམ།
བུད་མེད་ཚོགས་གཙོ་ནས་དགོངས་པ་ཞུས་པ་བཟང་གི་དེ། ད་དུང་སྤྱི་འཐུས་ནས་ཀྱང་དགོངས་པ་ཞུ་དགོས་ཀྱི་རེད། དེ་ལས་ལྡོག་ན། ལྐོག་ཟ་རུལ་སུངས་པ་ཚོ་ཇེ་མང་ནས་ཇེ་མང་ལ་འགྲོ་སྲིད་པའི་ཁར། ལྐོག་ཟ་མཁན་ཞིག་མི་མང་གི་ཚབ་བྱེད་དགོས་དུས་རྒྱ་མིའི་ཕྱོགས་ལ་བདེན་དཔང་གསར་བ་ཞིག་ཏུ་གྱུར་ཡོད་པས། ཚོགས་ཟུར་སྒྲོལ་དཀར་ལྷ་མོ་ལགས་ཀྱིས་བཟང་སྤྱོད་ཀྱི་ལམ་ནས་དགོངས་པ་ཞུ་བར་རེ་བ་རྒྱག་གི་ཡོད།
ཐུགས་རྗེ་ཆེ་དྲྭ་གྲོགས་མིའུ་ཆུང་ངམ་མིའུ་ཕྲུག ངས་དངོས་གནས་བྲིས་པ་ཡིན་མིན་ང་རང་ལ་ཡང་བདེན་ཁ་མི་འདུག ང་ཚོའི་སྤྱི་འཐུས་ཞིག་ལ་ཚིགས་འདི་འདྲ་དམར་རྗེན་དུ་ཁ་ནས་འབུད་དུས་དཀའ་ཙམ་འདུག་གོ
ཨ་ཁ་ཁ།
ལས་མ་བྱས་བ་དང་མི་འཕྲད་པ།
བྱས་པ་ཆུད་མི་ཟ་བ་ཡིན་ཚུལ།
༧རྒྱལ་བའི་ཞལ་ནས་གསུང་འདུག་པ་ཅིའི་མ་བདེན།
ཨ་ཁ་ཁ་ཁ་ཁ་ཁ་ཁ་ཁ་ད་ནི་འདི་ལས་ཐལ་ས་ཡོད་བ་མ་རེད།
ལས་ངན་མ་ཁྱོད་ཀྱིས་ད་ནི་ཡོད་ཚད་ཆུད་ཟོས་སུ་བཏང་འདུག་ཡ།
བརླག་ཐལ་བརླག་ཐལ། ༧གོང་ས་མཆོག་གི་ལམ་སྟོན་བརླག་ཐལ།
བརླག་ཐལ་བརླག་ཐལ། རང་གཞུང་འཐུས་མིའི་ཆེ་མཐོང་བརླག་ཐལ།
བརླག་ཐལ་བརླག་ཐལ། བཙན་བྱོལ་བུ་མོའི་རིན་ཐང་བརླག་ཐལ།
བརླག་ཐལ་བརླག་ཐལ། གཞིས་བྱིས་བོད་མིའི་ཡིད་ཆེས་བརླག་ཐལ།
བརླག་ཐལ་བརླག་ཐལ། ལོ་ངོ་ཉི་ཤུའི་གྲུབ་འབྲས་བརླག་ཐལ།
བརླག་ཐལ་བརླག་ཐལ། མ་འོངས་མདུན་ལམ་ཡོད་ཚད་བརླག་ཐལ།
བརླག་ཐལ་བརླག་ཐལ། རེ་བའི་འཆར་སྒོ་མཐའ་དག་བརླག་ཐལ།
བརླག་ཐལ་བརླག་ཐལ། ནང་མི་ཡོངས་ཀྱི་མཚན་སྙན་བརླག་ཐལ།
བརླག་ཐལ་བརླག་ཐལ། བུ་དང་བུ་མོ་མདུན་ལམ་བརླག་ཐལ།
བརླག་ཐལ་བརླག་ཐལ། ནང་མིའི་ཁ་རྗེ་དབང་ཐང་བརླག་ཐལ།
བརླག་ཐལ་བརླག་ཐལ། ཁོ་མོ་གསོན་པའི་ཚེ་སྲོག་བརླག་ཐལ།
ཨ་ཁ། ཨ་ཁ། ཨ་ཁ། ཨ་ཁ།