དེ་རིང་ཉིན་གུང་རང་ལུས་མེར་བསྲེགས་བཏང་སྟེ་རྒྱ་གཞུང་ལ་ངོ་རྒོལ་གནང་མཁན་རྒྱལ་གཅེས་དཔའ་བོ་གཉིས་སྐུ་གྲོངས་འདུག
ཇོ་ནང་འགྲོ་ཕན་ལྷན་ཚོགས་ཀྱི་ཚོགས་གཙོ་ཚང་དབྱངས་རྒྱ་མཚོ་ལགས་ཀྱིས་འདི་གར་གནས་ཚུལ་བརྗོད་པ་ལྟར་ན། དེ་རིང་ཉིན་གུང་རང་ལུས་མེར་བསྲེགས་བཏང་སྟེ་རྒྱ་གཞུང་ལ་ངོ་རྒོལ་གནང་མཁན། རྔ་བ་ཁུལ་འཛམ་ཐང་བར་མ་ཡུལ་ཚོའི་རྒྱལ་གཅེས་དཔའ་བོ་ཆོས་འཕགས་སྐྱབས་དང་བསོད་ནམས་ལགས་རྣམ་གཉིས་དེ་རིང་ཕྱི་དྲོ་སྐུ་གྲོངས་ཡོད་འདུག
ད་ལྟ་རྒྱ་གཞུང་གིས་འཛམ་ཐང་ས་ཁུལ་དུ་དམག་མི་མང་པོ་འགྲེམས་འཇོག་བྱས་ཏེ་བཀག་སྡོམ་ནན་མོ་བྱེད་བཞིན་ཡོད་འདུག
གྲགས་སོང་གྲགས་སོང་གནམ་ས་གཡོ་བའི་སྒྲ། །མཐོ་སྒང་གངས་རི་རྩེ་ནས་གྲགས་ནས་བྱུང་། །གཡོ་སོང་གཡོ་སོང་འཛམ་གླིང་གོ་ལའི་ཁྱོན། །དཔའ་བོས་ངར་སྐད་དྲག་པོས་ལྷེམ་ལྷེམ་གཡོ། །མི་འཇིགས་དཔའ་སྐད་འཐེན་མཁན་ཆོས་འཕགས་སྐྱབས། །བདེན་པའི་ངར་སྒྲ་སྒྲོག་མཁན་བསོད་ནམས་ཡིན། །དཔའ་བོ་ཁྱེད་གཉིས་བོད་ཀྱི་རྡོ་རིང་ཡིན། །འཛམ་གླིང་དྲང་བདེན་སྲུང་བའི་དཔའ་བོ་ཡིན། །
ཨ་དཀོན་མཆོག་རིན་པོ་ཆེ་མཁྱེན། ད་ཅི་བྱེད་་དགོས་པ་རེད།
སྙིང་སྟོབས་རི་ལྟར་བརྗིད་པའི་གངས་ཅན་པ།།
ཆོད་སེམས་མཚོ་ལྟར་ཟབ་པའི་ཨ་མདོ་བ།།
རྒྱལ་ཞེན་ལུས་སྲོག་སྟེར་བའི་དཔའ་བོ་རྣམས།།
དཔྲལ་བ་ས་སྟེང་བཙུགས་ནས་གུས་འདུད་ཞུ།།
བསྟན་དང་དེ་འཛིན་ཆབ་སྲིད་རང་རེའི་སླད།།
གཅེས་པའི་ལུས་སྲོག་ལོངས་སྤྱོད་ཡོངས་གཏང་དེ།།
བསྐལ་བ་བརྒྱ་ཕྲག་བསྒྲུབས་པའི་སྐྱེས་བོ་ཀུན།།
གྲུ་འཛིན་མགོད་དེ་ཐུགས་རྗེའི་སྐྱོང་བ་མཛོད།།
གཞན་ཕན་ལྷག་བསམ་གངས་དཀར་ཏི་སེ་མཉམ།།
བླ་མེད་མཛད་པ་བསྐལ་བའི་མཐའ་ལ་བསྲིངས།།
ཞུམ་མེད་སྤོབས་པས་འཇིག་རྟེན་སྔངས་པར་བྱེད།།
ཨེ་མ་འདི་ཀོ་གདོང་དམར་དཔའ་བོའི་སྡེ།།
ལུས་སྲོག་ལོངས་སྤྱོད་དམར་བོ་མེ་ལ་བསྟིམས།།
ཐལ་བ་སྤར་གང་གངས་རིའི་སུལ་ལ་གཏོར།།
སྐྱེ་བའི་མི་དེ་གྲགས་པའི་གཏམ་གྱིས་བཏེགས།།
འདི་དང་འདིའང་རང་དབང་བླུ་བའི་དོད།།
གཞོམ་གཞིག་ཆོད་སེམས་བརྟན་པོའི་ནུས་མཐུ་ཡིས།།
མ་ཡུམ་གངས་ལྗོངས་ཐུགས་ནས་མི་གཡེང་བར།།
སླར་ཡང་ཁ་བའི་ལྗོངས་སུ་བྱོན་གྱུར་ནས།།
རང་དབང་ཉི་གཞོན་བསུ་བའི་གཞེན་བསྐུལ་ཡོད།།
རིན་བྲལ་བློས་བཏང་ཆེན་པོར་གུས་འདུད་ཞུ།
བོད་རྒྱལ་གྱུར་ཅིག
རྒྱལ་གཅེས་པ་གཉིས་ཀྱི་ལྷག་བསམ་རྙིང་སྟོབས་ལ་སྙིང་ཁོངས་རུས་པའི་གཏིང་ནས་རྗེས་སུ་ཡིད་རངས་ཞུ།།། གོང་གི་གསར་འགྱུར་འདི་གཞུང་འབྲེལ་དྲ་རྒྱའི་སྟེང་ད་དུང་བཀོད་མི་འདུག་པས་གསར་འགྱུར་དངོས་བདེན་ཡིན་མིན་དཔྱད་དགོས་པ་ཞིག་རེད་འདུག་།།
གཞན་དོན་སྙིང་སྟོབས་བཙན་པོས་གོ་བགོས་ཤིང་། །བདེ་སྡུག་འདོར་ལེན་རྒྱལ་སྲས་སེམས་དཔའི་ཚུལ། །རང་སྲོག་འདོར་ལ་ཡ་མི་ང་བ་ཡི། །དཔའ་བོ་ཁྱེད་ཅག་བདག་གིས་ཡིད་རབ་སྨོན། །
གོང་གི་གསར་འགོད་པ་དང་དུས་བབ་གསར་འགོད་པ་ཡོངས་ལ་ཞུ་རྒྱུར་ འུ་ཚོའི་སྤྱི་ཚོགས་ནང་དུ་རླབས་ཆེན་གྱི་གསར་འགྱུར་རེ་བྱུང་ན་བསྡུ་ཅི་ཐུབ་དང་། ཞབས་འདྲེན་དང་ལས་དམན་རེ་བྱུས་ན་རྒྱུ་མཚན་དང་གནས་ལུགས་སོགས་བརྗོད་ཁུལ་བྱེད་ཀྱི་ཡོད། གོང་གི་གསར་འགྱུར་དང་ཁ་སང་འདི་དང་འབྲེལ་ཡོད་ཀྱི་གསར་འགྱུར་ཁག་ལ་བླཏས་ན་ཁྱེད་ཅག་གི་ང་ཚོར་དབང་ལུང་གནང་བའི་བཟོད་ཅིག་མི་འདུག་གམརྗེས་ཕྱོགས་གསར་འགོད་པའི་ལས་ཀ་བྱེད་མཁན་གྱི་ཆ་རྐྱེན་མ་མཐའ་གསར་འགོད་པ་གནས་ཚུལ་མཁོ་འདོན་བྱེད་སར་སོང་ནས་རྒྱུས་ལོན་ནན་པོ་བྱེད་དགོས་པ་ལས་ཁ་པར་བརྒྱུད་ནས་གསར་ཚུལ་བགོད་པ་ནི་འབྲེལ་མཐུད་པའི་ལས་ཀ་ཡིན་ནོ། ཁྱེད་ཅག་གསར་འགོད་པ་ཡིན་ནམ་འབྲེལ་མཐུད་པ་ཡིན།
གངས་ཅན་ལྗོངས་ཀྱི་ཆོས་སྲིད་བྱ་བའི་གདུགས།།
འདེགས་པའི་སྲི་ཞུར་གཏོགས་པའི་སྐྱེ་བོ་ཀུན།།
ལྷག་བསམ་རྣམ་དཔྱོད་དཔུང་པ་རབ་བརྟན་ཅིང་།།
སྐྱེ་ཀུན་ཕྱག་ན་པདྨོས་རྗེས་བཟུང་ཤོག།
རྒྱལ་གཅེས་དཔའ་བོ་རྣམ་གཉིས་ལ་མྱ་ངན་དང་གུས་འདུད་ཞུ། སྐྱེ་དང་ཚེ་རབས་འཕྲེང་བར་འཕགས་མཆོག་ཕྱག་ན་པདྨོས་མི་འབྲལ་ཐུགས་རྗེས་རྗེས་སུ་འཛིན་པར་ཤོག།
རིང་མིན་གང་མགྱོགས་འབྲེལ་ཡོད་ཚོས་རྒྱལ་གཅེས་དཔའ་བོ་གཉིས་ཀྱི་སྐུ་པར་དང་གནས་ཚུལ་ཞིབ་གཏོང་གནང་རོགས།
མ་གཏོགས་་་་ཁ་གསལ་མེད་པའི་གསར་འགྱུར་འདི་ཙམ་གྱིས་བཞག་ན་གཏན་ནས་མི་འགྲིག་གོ།
བྱང་ཆུབ་སེམས་མཆོག་རིན་པོ་ཆེ། མ་སྐྱེས་པ་རྣམས་སྐྱེས་འགྱུར་གཅིག སྐྱེས་པ་ཉམས་པ་མེད་པ་དང་། གོང་ནས་གོང་དུ་འཕེལ་བར་ཤོག ཨོྃ་མ་ཎི་པདྨེ་ཧཱུྃཿ་ ཨོྃ་མ་ཎི་པདྨེ་ཧཱུྃཿ ཨོྃ་མ་ཎི་པདྨེ་ཧཱུྃཿ་ཨོྃ་མ་ཎི་པདྨེ་ཧཱུྃཿ་ ཨོྃ་མ་ཎི་པདྨེ་ཧཱུྃཿ ཨོྃ་མ་ཎི་པདྨེ་ཧཱུྃཿ་ཨོྃ་མ་ཎི་པདྨེ་ཧཱུྃཿ་ ཨོྃ་མ་ཎི་པདྨེ་ཧཱུྃཿ ཨོྃ་མ་ཎི་པདྨེ་ཧཱུྃཿ་ཨོྃ་མ་ཎི་པདྨེ་ཧཱུྃཿ་ ཨོྃ་མ་ཎི་པདྨེ་ཧཱུྃཿ ཨོྃ་མ་ཎི་པདྨེ་ཧཱུྃཿ་ཨོྃ་མ་ཎི་པདྨེ་ཧཱུྃཿ་ ཨོྃ་མ་ཎི་པདྨེ་ཧཱུྃཿ ཨོྃ་མ་ཎི་པདྨེ་ཧཱུྃཿ་ཨོྃ་མ་ཎི་པདྨེ་ཧཱུྃཿ་ ཨོྃ་མ་ཎི་པདྨེ་ཧཱུྃཿ ཨོྃ་མ་ཎི་པདྨེ་ཧཱུྃཿ་ཨོྃ་མ་ཎི་པདྨེ་ཧཱུྃཿ་ ཨོྃ་མ་ཎི་པདྨེ་ཧཱུྃཿ ཨོྃ་མ་ཎི་པདྨེ་ཧཱུྃཿ་ཨོྃ་མ་ཎི་པདྨེ་ཧཱུྃཿ་ ཨོྃ་མ་ཎི་པདྨེ་ཧཱུྃཿ
མྱ་ངན་ཞུ། གུས་འདུད་ཞུ། མཆོག་གསུམ་རྒྱལ་བ་རྒྱ་མཚོས་ལམ་སྣ་འདྲེན་པར་སྨོན།
བོད་ཀྱི་དཔའ་བོ་གང་ཡོད་པ་ཚོ་རེ་རེ་བཞིན་འདི་ལྟར་རྫོགས་འགྲོ་བར་མཐོང་ན་འཕངས་སེམས་ཀྱིས་བཟོད་གླགས་ཤིག་མི་འདུག་ཨང་།
གཡོ་ཅན་སྡར་མ་ཚོས་ཁ་ནས་གང་འགྲིག་འགྲིག་རེ་བཤད་དེ་སྐྱིད་ཉལ་རྒྱག་བཞིན་འདུག་ལ། གཞན་གྱི་སྡུག་བསྔལ་གྱི་སྟེང་དུ་རང་ཉིད་ཀྱིས་བདེ་སྐྱིད་བསྐྲུན་ཐབས་ལ་སྙེག་བཞིན་འདུག་ཨང་།
ངས་ཀྱང་ཡང་བསྐྱར་ཞུ་འདོད་པ་ནི།
ཨ་ཁ། འདི་ལྟ་བུའི་ཐབས་༼རང་སྲོག་གཅོད་པ་༽ལམ་ལ་དུས་ནམ་ཡང་མི་སུ་གཅིག་ཀྱང་མི་བཞུད་པའི་རེ་བ་དང་འབོད་བསྐུལ། སྙིང་ནས་ཕྱག་བཅས་ཞུ་བ་ནན་པོ་ཕུལ་བགྱིད་ཡོད། རྒྱལ་གཅེས་དཔའ་བོ་གཉིས་ལ་མྱ་ངན་གུས་འདུད་སྙིང་ནས་ཞུ།
རྒྱལ་གཅེས་དཔའ་བོ་ཁོང་གཉིས་ལ་གུས་འདུད་དང་གདུང་སེམས་མཉམ་སྐྱེད་ཡོད།
འབྲེལ་ཡོད་ཚོའི་དཔའ་བོ་ཁོང་གཉིས་ཀྱི་པར་དང་གནས་ཚུལ་ད་དུང་གསར་བོ་ཞིག་མཁོ་སྤྲོད་བྱ་གལ་ཆེན་པོ་རེད།
དེ་འདྲིས་འཕང་བ་ལ་དཔའ་བོ་ཁོང་གཉིས་གཙོའི་དཔའ་བོ་མང་བོ་ཞིག་གིས་པར་དང་གནས་ཚུལ་གསར་བོ་མཁོ་སྤྲོད་བྱ་མ་ཐུབ་པ་མང་བོ་འདུག་དེ་དག་ལ་གཞུང་སྒེར་གང་ཡིན་ཡང་འབད་རྩོན་བྱ་རྒྱུ་གལ་ཧ་ཅང་ཆེན་པོ་རེད།
དཔའ་བོ་དེ་དག་སྐུ་གྲོང་བ་དང་ཁོང་ཚོའི་ཞལ་ཆེམ་དང་གནས་ཚུལ་འཛམ་གླིང་ཐོག་ལ་བསྒྲགས་མ་ཐུབ་ན་ང་ཚོ་གྱོང་གི་སྒང་ལ་གྱོང་ཆེན་པོ་རེད།
དཔའ་བོ་དེ་དག་གི་ཐུགས་དགོས་དང་སྐུ་གྲོང་ཚོའི་ཕ་མ་དང་གཉེན་ཡོངས་དང་བོད་མིའི་བླ་སྲོགས་ཡོད་དོ་ཅོག་གིས་ཐུགས་གསོ་དང་བཀའ་དྲིན་མཇལ་ཐུབ་མིན་ཕྱི་ལོག་ན་ཡོད་པའི་བོད་པ་ཚོར་རགས་ལས་ཡོད་པ་རེད།
སྐུ་གྲོང་རྣམས་གཤིན་ཡུལ་ལ་འགྲོ་སྐབས་ཐ་མའི་ཞལ་ཆེམ་དེ་ཚོ་སྒྲ་དབྱངས་གཅིག་པ་བཞིན་སྒྲོགས་ཡོད་པ།
༡ བོད་ལ་ཆོས་དང་རིག་གཞུང་ལ་རང་དབང་དང་།
༢ མི་རིགས་འདྲ་མཉམ་གྱི་ཐོབ་ཐེངས།
༣ བོད་གཞིས་བྱེས་གཉིས་མཉམ་འཛོམས་དགོས་པ།
༤ ༧སྐྱབས་མགོན་རྒྱལ་བ་རིན་པོ་བོད་ལ་མྱུར་ཏུ་གདན་འདྲེན་བྱ་རྒྱུ།
༥ བོད་མི་ཚོའི་ལྡོག་རྩ་གཅིག་བསྒྲིལ་བྱས་རྒྱུ་དང་ཁ་མཐུན་གྲོས་མཐུན་བྱ་རྒྱུ་སོགས་གསུང་ཡོད་པ་དེ་ཚོ་རེ་རེ་བཞིན་བོད་ཕྱི་ནང་གཉིས་ལ་ཡོད་པའི་བོད་མི་སྤྱི་བོ་གནམ་སྟན་མཐོ་བཀའ་སྤྱི་གཉིས་ནས་མི་རེ་རེའི་ཐུགས་ལ་བཟུང་རྒྱུ་ཤིན་ཏུ་ངེས་ཀྱང་གལ་ཆེན་པོ་རེད།
གནད་འགེགས་འདི་མ་འཆོལ་རོགས་ཞུ་ཞུ།།
ངོ་མཚར་བའི་མཛད་པ་ཅི་འདྲའི་རླབས་པོ་ཆེ་ཞིག གསར་འགྱུར་བསྡུས་པ་མང་དྲགས་པས། སྐུ་གྲོངས་པ་ཙམ་ལས་ཅི་ཡང་རྙེད་མ་བྱུང་།
ཁྱེད་ཅག་གིས་བློས་གཏོང་ཆེན་པོ་འདིར་ཕྲན་གྱི་ཁ་ཡག་ཙམ་གྱིས་མི་ཡོང་ཡང་ད་ལེན་ངར་ཡོད་པ་ནི་འདི་ཙམ་ཡིན། ཁྱེད་འཇིག་རྟེན་འདིར་འཚོ་བཞུགས་སྐབས་རེ་འདུན་ཡོངས་སུ་མ་འགྲུབ་ཀྱང་དུར་ས་ནས་དྲང་བདེན་གྱི་འོན་སྣང་དཀར་པོ་མཐོང་ཐུབ་པའི་སྨོན་ལམ་ཤུག་དྲག་ཡོད།
བོད་ལ་མེར་བསྲེགས་བཏང་ན་རྡ་རམ་ས་ལ་མར་མེ་ཁྲོམ་བསྐོར་བྱས་པའི་ཁྱབ་་་་་་ཨོྃ་མ་ཎི་པདྨེ་ཧཱུྃཿ་ ཨོྃ་མ་ཎི་པདྨེ་ཧཱུྃཿ ཨོྃ་མ་ཎི་པདྨེ་ཧཱུྃཿ་ཨོྃ་མ་ཎི་པདྨེ་ཧཱུྃཿ་ ཨོྃ་མ་ཎི་པདྨེ་ཧཱུྃཿ ཨོྃ་མ་ཎི་པདྨེ་ཧཱུྃཿ་ཨོྃ་མ་ཎི་པདྨེ་ཧཱུྃཿ་ ཨོྃ་མ་ཎི་པདྨེ་ཧཱུྃཿ ཨོྃ་མ་ཎི་པདྨེ་ཧཱུྃཿ་ཨོྃ་མ་ཎི་པདྨེ་ཧཱུྃཿ་ ཨོྃ་མ་ཎི་པདྨེ་ཧཱུྃཿ ཨོྃ་མ་ཎི་པདྨེ་ཧཱུྃཿ་ཨོྃ་མ་ཎི་པདྨེ་ཧཱུྃཿ་ ཨོྃ་མ་ཎི་པདྨེ་ཧཱུྃཿ ཨོྃ་མ་ཎི་པདྨེ་ཧཱུྃཿ་ཨོྃ་མ་ཎི་པདྨེ་ཧཱུྃཿ་ ཨོྃ་མ་ཎི་པདྨེ་ཧཱུྃཿ ཨོྃ་མ་ཎི་པདྨེ་ཧཱུྃཿ་ཨོྃ་མ་ཎི་པདྨེ་ཧཱུྃཿ་ ཨོྃ་མ་ཎི་པདྨེ་ཧཱུྃཿ ཨོྃ་མ་ཎི་པདྨེ་ཧཱུྃཿ་ཨོྃ་མ་ཎི་པདྨེ་ཧཱུྃཿ་ ཨོྃ་མ་ཎི་པདྨེ་ཧཱུྃཿ ཨོྃ་མ་ཎི་པདྨེ་ཧཱུྃཿ་ཨོྃ་མ་ཎི་པདྨེ་ཧཱུྃཿ་ ཨོྃ་མ་ཎི་པདྨེ་ཧཱུྃཿ ཨོྃ་མ་ཎི་པདྨེ་ཧཱུྃཿ་ཨོྃ་མ་ཎི་པདྨེ་ཧཱུྃཿ་ ཨོྃ་མ་ཎི་པདྨེ་ཧཱུྃཿ ཨོྃ་མ་ཎི་པདྨེ་ཧཱུྃཿ་ཨོྃ་མ་ཎི་པདྨེ་ཧཱུྃཿ་ ཨོྃ་མ་ཎི་པདྨེ་ཧཱུྃཿ ཨོྃ་མ་ཎི་པདྨེ་ཧཱུྃཿ་ཨོྃ་མ་ཎི་པདྨེ་ཧཱུྃཿ་ ཨོྃ་མ་ཎི་པདྨེ་ཧཱུྃཿ ཨོྃ་མ་ཎི་པདྨེ་ཧཱུྃཿ་ཨོྃ་མ་ཎི་པདྨེ་ཧཱུྃཿ་ ཨོྃ་མ་ཎི་པདྨེ་ཧཱུྃཿ ཨོྃ་མ་ཎི་པདྨེ་ཧཱུྃཿ་
རྒྱལ་གཅེས་དཔའ་བོ་གཉིས་ལ་མྱ་ངན་གུས་འདུད་སྙིང་ནས་ཞུ།།
ཨོྃ་མ་ཎི་པདྨེ་ཧཱུྃཿ་ ཨོྃ་མ་ཎི་པདྨེ་ཧཱུྃཿ ཨོྃ་མ་ཎི་པདྨེ་ཧཱུྃཿ་
གང་ན་བྱིན་རླབས་འོད་ཀྱིས་འཁྱུག་པ་ཡི།།
ཉམས་མེད་རྒྱལ་བ་བདེ་གཤེགས་འཁོར་བཅས་ཀྱིས།།
ཐར་ལམ་མཐོང་སྨོན་ཡིད་དགའ་ཆོས་འཛིན་ནས།།
དཔའ་བོ་དཔའ་མོ་བསུ་བའི་སྟ་གོན་མཛོད།།
ཨོྃ་མ་ཎི་པདྨེ་ཧཱུྃཿ་ ཨོྃ་མ་ཎི་པདྨེ་ཧཱུྃཿ ཨོྃ་མ་ཎི་པདྨེ་ཧཱུྃཿ་
དམར་བོ་མེ་ཡི་ཚལ་ནས་འཕུར་བ་ཡི།།
གངས་རིའི་རྣམ་ཤེས་ཚ་བའི་འཇིགས་པ་ཅན།།
ཐ་དག་མ་ལུས་བརྩེ་བའི་བདག་ཉིད་བ།།།
རྒྱལ་ཀུན་ཐུགས་བརྗེ་ཆར་གྱིས་བརླན་པར་མཁྱེན།།
ཨོྃ་མ་ཎི་པདྨེ་ཧཱུྃཿ་ ཨོྃ་མ་ཎི་པདྨེ་ཧཱུྃཿ ཨོྃ་མ་ཎི་པདྨེ་ཧཱུྃཿ་
རྒྱལ་གཅེས་དཔལ་བོ་ཁོང་རྣམས་པ་གཉིས་ཀྱི་ལྷག་བསམས་དང་སྙིང་བསྟོབས་ལ་སྙིང་ཁུང་རུས་པའི་གཏིང་ནས་ཡིད་རང་ཞུ་། རང་ལ་ཡང་དེ་ལྟ་བུ་བདག་གཞན་བརྗེད་བ་བྱང་ཆུབ་ཀྱི་སེམས་སྐྱེད་ནས་གཞན་དོན་དུ་སྙིང་བསྟོབ་ཆེན་པོའི་སྒོ་ནས་དོན་བྱེད་ནུས་པར་ཤོག་ཅིག། །
དཔའ་བོ་གཉིས་ལ་སྙིང་གི་ཁོང་ནས་ཡི་རང་ཡོད། ཁྱེད་གཉིས་བདེ་བ་ཅན་དུ་སྐྱེ་བར་ཤོག དེ་དང་ཆབས་ཅིག་དེང་སྐབས་མདོ་སྨད་མཚོ་ལྷོ་ཁུལ་དུ་རྒྱ་མི་ཁྲི་གཉིས་གནས་སྤོ་བྱ་རྒྱུ་ཡིན་འདུག་པས། དེ་ས་གནས་ཤིག་གི་གནད་དོན་མིན་ཞིང་བོད་མི་རིགས་ས་བབ་དང་བཅས་པ་རྒྱ་མི་ཅན་དུ་བསྒྲུར་བའི་ཆབ་སྲིད་ཀྱི་རྒྱབ་ལྗོངས་ཆེ་བའི་ལས་གཞི་ཞིག་ཡིན་ན། ངོ་རྒོལ་གྱི་ལས་འགུལ་སྤེལ་གལ་ཆེ་བར་མཐོང་། རིམ་པས་བོད་ཀྱི་ས་ཁུལ་གང་སར་འདི་ལྟར་བྱེད་ཉེན་ཆེ་བས་ད་ལྟ་ནས་གནས་ཚུལ་འདི་ས་བསྒྲགས་གནམ་བསྒྲགས་ཤིག་བྱ་ཐུབ་ན། ང་ཚོས་ལོ་རྒྱུས་ལ་རང་གིས་ནུས་ཚོད་ཀྱིས་འགན་ཁུར་ཐུབ་ཡོད་ལ། དེ་བཞིན་ཕྱིས་འབྱུང་གི་ངན་ཇུས་མང་པོ་ཞིག་ལ་སྔོན་འགོག་བྱ་བར་ཕན་འབྲས་ཐོན་རེ་ཆེ་སྙམ།
བོད་པ་ཚོ་ལོང་ཤོག
བོད་པ་ཚོ་ད་ང་ཚོའི་ཅི་ཞིག་བྱེད་སེམས་ཐག་གཙང་བཅད་ཀྱི་བྱ་བ་ཞིག་ལ་བསམ་བློ་གཏོང་རན་འདུག
གངས་ཅན་པའི་ལས་ངན་འདི་ལ་སྲུང་མ་ཁ་གདང་མཆེ་བརྩིགས་རྣམས་ཀྱིས་མི་གཟིགས་སམ།
འཛམ་གླིང་གི་ཤེས་ལྡན་མི་སྣ་ཡོད་དོ་ལྕོག་གི་མཐོང་ཐོས་མ་བྱུང་ངམ།
རྒྱ་དམར་གྱི་ཁྱི་སྤྱང་ངོམ་ནག་རྣམས་ངོ་ཚ་བ་དང་ཡ་ང་བ་ཡིད་ཚིམ་པོ་མ་བྱུང་ངམ།
དུས་དེ་རིང་ནས་བཟུང་ལྷག་བསམ་ཅན་གྱི་གསར་བུ།
རྒྱལ་ཞན་ཅན་གྱི་གསར་བུ་ཤ་རྒྱས་ཁྲག་རྒྱས་རྣམས་འདི་ལྟ་བུ་ལམ་ལ་མ་བཞུད་རོག་གནང་། མ་བཞུད་རོག་གནང་།
འཛམ་གླིང་སུ་ལ་ཡང་ཤ་ཚ་མི་འདུག་ལ་རྒྱབ་གནོན་མི་འདུག
རང་མི་རིགས་ཀྱིས་བདེ་དོན་དུ་རང་ལུས་མཆོད་མེ་རུ་ཕུལ་བ་ཁྱེད་ཚོས་བློ་བརྟན་འགྱུར་བ་མེད་པས་བཟོད་ཐུབ་ན་ཡང་།
ངོ་ཚོ་གཞིས་བྱེས་པའི་རྣ་བས་ཐོས་པ་ཙམ་གྱིས་མི་བཟོད་ཅིང་དངོས་སུ་མཐོང་བར་ཡང་མི་ཕོད།
དཔའ་བོ་ཚོ་དེང་དུས་ཀྱི་འཁྲུལ་ལས་ཀྱི་ཐབས་ལམ་བསམ་གྱི་མི་ཁྱབ་པ་ཡོད་པས། ག་རེ་བྱེད་ན་ཡང་བྱེད་དུ་ཡོད་པས། དེ་ཚོའི་ཐབས་ཤེས་ལ་སྒོ་ཀུན་ནས་འབད་འབུང་བྱེ་དགོས་པ་ལས། འདི་ལྟ་བུའི་ཐབས་ལམ་ལ་དུས་ནམ་ཡང་མི་སུ་གཅིག་ཀྱང་མི་བཞུད་པའི་རེ་བ་དང་འབོད་བསྐུལ།
སྙིང་ནས་ཕྱག་བཅས་ཞུ་བ་ནན་པོ་ཕུལ་གྱི་ཡོད།
རྒྱལ་གཅེས་དཔའ་བོ་གཉིས་ལ་མྱ་ངན་གུས་འདུད་སྙིང་ནས་ཞུ།