མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སུའུ་ཌན་ལྷོ་བྱང་བར་དམག་འཁྲུག་གི་ཉེན་ཁ།

བོད་ཀྱི་དུས་བབ།
༢༠༡༢/༠༤/༢༠
Share on FacebookShare on TwitterShare on EmailShare on Whatsapp

ཨ་ཧྥི་རི་ཀའི་སུའུ་ཌན་རྒྱལ་ཁབ་ནང་འདས་པའི་ལོ་བཅུ་ཕྲག་འགའི་རིང་ཟིང་འཁྲུག་བྱུང་སྟེ་མི་ས་ཡ་གཉིས་ཙམ་རྐྱེན་ལམ་དུ་བཏང་མཐར། ཞི་འགྲིག་གྲོས་མོལ་བརྒྱུད་སུའུ་ཌན་ལྷོ་མར་རང་བཙན་ཐོབ་ནས་ལོ་གཅིག་འཁོར་ལ་ཉེ་བའི་སྐབས་འདིར། སུའུ་ཌན་ལྷོ་བྱང་རྒྱལ་ཁབ་གཉིས་བར་དམག་འཁྲུག་འབྱུང་མགོ་ཚུགས་འདུག

ཕྱི་ཚེས་༡༨ཉིན་སུའུ་ཌན་བྱང་མའི་སྲིད་འཛིན་ཨོ་མར་ལགས་(Omar al-Bashir) གྱིས་རྒྱལ་ས་ཀར་ཊོན་(Khartoun) ནས། ཕྱི་ཚེས་ ༡༠ ཉིན་གྱི་དོན་རྐྱེན་དང་འབྲེལ་བའི་གཏམ་བཤད་ཅིག་སྤེལ་ཏེ། སུའུ་ཌན་ལྷོ་མའི་གཞུང་ནི་དེ་སྔའི་སུའུ་ཌན་མི་མང་བཅིངས་འགྲོལ་ལས་འགུལ་བ་ (Sudan People’s Liberation Movement) ཡི་དབང་སྒྱུར་འོག་ཤོར་ཡོད་པ་དང་། ཁོང་ཚོ་ནི་སུའུ་ཌན་ལྷོ་བྱང་གཉིས་ཀྱི་ནད་འབུ་ལྟ་བུ་ཞིག་ཆགས་ཡོད་སྟབས། ནད་འབུ་དེ་དག་གཙང་སེལ་ཐོག་སུའུ་ཌན་ལྷོ་མའི་མི་མང་ལ་རང་དབང་སྤྲོད་རྒྱུ་ཡིན་ཚུལ་བསྒྲགས་ཡོད་པ་རེད། ཁོང་གིས་ “ཉི་མ་དེ་རིང་ནས་སུའུ་ཌན་ལྷོ་བྱང་གཞུང་གཉིས་གཅིག་རྒྱལ་གཅིག་ཕམ་གྱི་མཐའ་ལ་བསྐྱལ་རྒྱུ་ཡིན་”ཞེས་བསྒྲགས་ཡོད།

ཟླ་འདིའི་ཕྱི་ཚེས་ ༡༠ ཉིན་སུའུ་ཌན་ལྷོ་མའི་དམག་དཔུང་གིས་སུའུ་ཌན་བྱང་མའི་རྒྱལ་ཁོངས་སུ་ཡོད་པའི་རྡོ་སྣུམ་ས་ཁུལ་ཧིག་ལེག་(Heglig) ་བཙན་བཟུང་བྱས་ཡོད་པ་དང་། དོན་རྐྱེན་དེའི་དབང་གིས་ས་ཁོངས་བདག་དབང་དང་མཐའ་མཚམས་རྩོད་རྙོག་ཅན་གྱི་ས་གནས་གཞན་ཁག་ཅིག་ཏུའང་དམག་འཁྲུག་གཅིག་རྗེས་གཉིས་མཐུད་ངང་བྱུང་ཡོད་ཅིང་། དམག་འཁྲུག་ཁྲོད་སུའུ་ཌན་ནང་ཡོད་པའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་ལའང་འགད་རྫས་ཀྱིས་གཏོར་སྐྱོན་བཟོས་པའི་གནས་ཚུལ་བྱུང་ཡོད། ད་ལྟའི་ཆར་ཕྱོགས་གཉིས་ཀྱིས་སོ་སོའི་ས་ན་དམག་འཁྲུག་ཆེན་པོ་ཞིག་སློང་རྒྱུར་གྲ་སྒྲིག་བྱེད་བཞིན་པར་མ་ཟད། མི་སེར་མང་པོ་དང་བླངས་ཐོག་རྒྱལ་ཁོངས་སོ་སོའི་དམག་གི་སྒྲིག་ཁོངས་སུ་ཞུགས་བཞིན་ཡོད་འདུག

འདས་པའི་ཉིན་འགའི་རིང་སུའུ་ཌན་ནང་ཡོད་པའི་ཨ་རིའི་གཞུང་ཚབ་སྐུ་ཞབས་ལེ་མན་(N.Lyman)ལགས་ཨ་རིའི་དམིགས་བསལ་འཐུས་མིར་བསྐོ་བཞག་གིས། སུའུ་ཌན་ལྷོ་བྱང་ཕྱོགས་གཉིས་ཀྱི་གཞུང་གི་དཔོན་རིགས་ཚོར་ཐུག་འཕྲད་ཐོག དམག་འཁྲུག་མཚམས་འཇོག་དང་ཞི་འགྲིག་གྲོས་མོལ་ཡོང་ཐབས་བྱེད་ཀྱིན་ཡོད་པ་རེད། སྐུ་ཞབས་ལེ་མན་གྱིས་ “སུའུ་ཌན་ལྷོ་མས་ཧིག་ལེག་ས་ཁུལ་བཙན་བཟུང་བྱས་པ་དེ་ནི་ཕྱོགས་གཉིས་བར་འཁྲུག་རྩོད་འབྱུང་གཞིའི་དོན་རྐྱེན་ཚབས་ཆེན་ཞིག་ཏུ་གྱུར་ཡོད ” ཅེས་བརྗོད་ཡོད་པ་རེད། རྒྱལ་ཚོགས་དང་ཡུ་རོབ་མཐུན་ཚོགས། ཨ་ཧྥི་རི་ཀ་མཐུན་ཚོགས། ཨ་རི་སོགས་ཀྱིས་སུའུ་ཌན་ལྷོ་མས་ཧིག་ལེག་ས་ཁུལ་བཙན་བཟུང་བྱས་པ་དེ་ཁྲིམས་འགལ་ཡིན་པའི་སྐྱོན་བརྗོད་བྱས་ཡོད། ཕྱི་ཚེས་ ༡༩ ཉིན་བསྐྱར་དུ་རྒྱལ་ཚོགས་དྲུང་ཆེ་བྷན་ཀེ་མོན་གྱིས། སུའུ་ཌན་ལྷོ་མས་ཧིག་ལེག་བཙན་བཟུང་བྱས་པར་སྐྱོན་བརྗོད་དང་། དེའི་ཁུལ་གྱི་དམག་དཔུང་འཕྲད་དུ་ཕྱིར་འཐེན་བྱ་དགོས་པར་ནན་སྐུལ་བྱས་ཡོད་པ་དང་། དེ་བཞིན་སུའུ་ཌན་གཞུང་གིས་དགྲ་བོར་དམག་འཁྲུག་གཤོམ་བཞིན་པ་འཕྲལ་དུ་མཚམས་འཇོག་དགོས་པའི་འབོད་སྐུལ་ཞུས་ཡོད།

གཟའ་ཕུར་བའི་ཉིན་སུའུ་ཌན་སྲིད་འཛིན་ཨོ་མར་ཀོར་ཌོ་ཧྥན་(Kordofan) མངའ་སྡེའི་རྒྱལ་སར་འབྱོར་ཏེ། ཁོང་གིས་དམག་ཆས་གོན་པའི་ཐོག་སུའུ་ཌན་ལྷོ་མ་དང་དམག་འཁྲུག་རྒྱག་རྒྱུའི་ཁྱབ་བསྒྲགས་བྱས་ཡོད། ཉིན་དེའི་ཁོང་གི་གཏམ་བཤད་སྐབས། སུའུ་ཌན་བྱང་མའི་དགྲ་བོ་ཨང་དང་པོ་སུའུ་ཌན་ལྷོ་མ་ཡིན་པ་དང་། སུའུ་ཌན་བྱང་མའི་ས་མཐོ་གང་ཡིན་ཡང་སུའུ་ཌན་ལྷོ་མར་ཤོར་དུ་འཇུག་རྒྱུ་མིན་པ། སུའུ་ཌན་ལྷོ་མའི་གཞུང་འཛིན་ཤོག་ཁག་གི་དཔོན་རིགས་ཚོར་རྒྱལ་ཁབ་སྐྱོང་བའི་ནུས་འཇོན་མེད་པ་བཅས་ལ་བརྟེན། སུའུ་ཌན་ལྷོ་མའི་གཞུང་ཕམ་པར་རྒྱག་དགོས་ལུགས་བརྗོད་ཡོད་པ་མ་ཟད། ཁོང་གིས་ “མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒྱལ་ཁབ་གཉིས་ལ་འགོག་རྐྱེན་ཉེས་ཆད་གཏོང་སྲིད་ཀྱང་། ངའི་བསམ་པར་རྒྱལ་ཚོགས་དང་ཨ་རི་གཉིས་ཀྱིས་སུའུ་ཌན་ལྷོ་མར་ཉེས་ཆད་གཏོང་གི་རེད་དྲན་གྱི་མེད། གང་ལྟར་ཁོང་ཚོར་ཉེས་ཆད་གཏོང་མིན་ཁྱེད་ཚོར་ཐུག” ཅེས་བསྒྲགས་ཡོད།

ད་ལྟའི་ཆར་སུའུ་ཌན་བྱང་མའི་ཕྱོགས་ནས་མཐའ་མཚམས་ཁག་ལ་དམག་ཤུགས་འབོར་ཆེན་གཏོང་གི་ཡོད་པ་མ་ཟད། དམག་འཐབ་གནམ་གྲུ་མང་པོ་གྲ་སྒྲིག་གིས་དམག་འཁྲུག་ཆེན་པོ་ཞིག་སློང་ཆོག་ཆོག་བྱས་ཡོད་པ་དང་། རྩོད་རྙོག་ཅན་གྱི་མཐའ་མཚམས་ཁག་ཅིག་ཏུ་ཕན་ཚུན་བར་དམག་འཁྲུག་འབྱུང་བཞིན་པ་ཙམ་མ་ཟད། མི་སེར་དང་དམག་དཔུང་བར་དུ་ཡང་དམར་གསོད་དོན་རྐྱེན་འབྱུང་བཞིན་ཡོད་འདུག  དེ་རིང་ཕྱི་ཚེས་ ༢༠ ཉིན་སུའུ་ཌན་གྱི་བྷི་ལའུ་གཙང་བོའི་ (Blue Nile) འགྲམ་ངོགས་ཀྱི་མང་ཚོགས་ཚོས་མཐའ་མཚམས་སུ་ཡོད་པའི་སུའུ་ཌན་ལྷོ་མའི་དམག་མི་ ༧༩ ཙམ་དམར་གསོད་བྱས་པའི་གནས་ཚུལ་བྱུང་འདུག

སུའུ་ཌན་དབྱིན་ཇིའི་འོག་ནས་ ༡༩༥༦ ལོར་རང་བཙན་ཐོབ་རྗེས། སུའུ་ཌན་བྱང་ཕྱོགས་ཀྱི་ཨ་རབ་མི་རིགས་དང་ཁ་ཆེ་ཆོས་ལུགས་པ་དག་གིས་ལྷོ་ཁུལ་གྱི་ཨ་ཧྥི་རི་ཀའི་མི་རིགས་ལ་གཉའ་གནོན་དང་། མི་རིགས་དབྱེ་འབྱེད་ཀྱིས་དྲན་གཡོག་ལམ་ལུགས་ལག་བསྟར་བྱས་ཏེ། སུའུ་ཌན་ལྷོ་བྱང་གཉིས་བར་དུས་རབས་ཕྱེད་ལྷག་རིང་ནང་འཁྲུག་བྱུང་ཤིང་། མང་ཚོགས་ས་ཡ་གཉིས་ལྷག་ཤི་རྨས་བྱུང་མཐར།  ༢༠༠༥ ལོར་ལྷོ་བྱང་གཉིས་གྲོས་མོལ་ཐོག་ཞི་བའི་གྲོས་མཐུན་ལ་མིང་རྟགས་བཀོད་དེ་ལྷོ་བྱང་གཉིས་མཉམ་གནས་དང་། ཡང་ན་སོ་སོར་རང་བཙན་བྱ་རྒྱུའི་རང་ཐག་རང་གཅོད་ཀྱི་དབང་ཆ་ཡོད་ཅེས་བཀོད་པ་ལྟར། སྔ་ལོའི་ཕྱི་ཟླ་ ༧ ནང་སུའུ་ཌན་ལྷོ་མར་རང་བཙན་ཐོབ་རྗེས། ཕྱོགས་གཉིས་ཀྱི་ས་ཁོངས་བདག་དབང་དང་མཐའ་མཚམས་སོགས་ཀྱི་ཐད་མུ་མཐུད་རྩོད་རྙོག་ལྷག་ཡོད།

གསར་འགོད་པ། བནྡེ་སྐྱབས།

འབྲེལ་ཡོད་གསར་འགྱུར།

Mobile App

གྲྭ་མཛེས་དགའ་རྒྱ་མཚོ་ལགས་ཀློད་འདུག་ཀྱང་ལྟ་རྟོག་ནན་པོ་བྱེད་ཀྱི་འདུག

ཆུ་ཚོད་ ༡༢ སྔོན་ལ།
སྐབས་བཅུ་བདུན་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པའི་ལས་ཉིན་དྲུག་པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་ཀྱི་རྒྱལ་དར་དང་རྒྱལ་རྟགས་རྒྱལ་གླུ་བཅས་ཀྱི་ཚན་མཐུན་གཅིག་འགྱུར་གྱི་སྙན་ཐོར་བགྲོ་གླེང་གནང་སོང་།

༢༠༢༦/༠༣/༢༡
Tibet, China - Sep 7, 2012. Chinese soldiers walking at the Jokhang temple in Lhasa, Tibet. The Jokhang Temple has two Buddha statues sacred to Tibetan Buddhists. — Photo by phuongphoto
Mobile App

པེ་ཅིན་གཞུང་གིས་བོད་མི་དང་གྲངས་ཉུང་མི་རིགས་གཞན་དག་རྒྱ་སྒྱུར་བྱ་བ་ཁྲིམས་མཐུན་བཟོ་བཞིན་འདུག

༢༠༢༦/༠༣/༢༡
Loomer meets Dalai Lama, lauds him for standing firm against threats to freedom
༸གོང་ས་མཆོག གསར་འགྱུར།

ཨ་རིའི་ཆབ་སྲིད་ལས་འགུལ་བ་ལུ་མར་ལགས་ཀྱིས་༸གོང་ས་མཆོག་ལ་མཇལ་བཅར་ཞུས།

༢༠༢༦/༠༣/༢༡
Penny Wong, Richard Marles, Judith Collins KC, Winston Peters
Mobile App

བོད་ནང་གི་ཆོས་དང་རིག་གཞུང་སོགས་ཉམས་རྒུད་དུ་འགྲོ་བཞིན་པར་བློ་འཚབ་བསྟན།

༢༠༢༦/༠༣/༢༠
TTTTT
Mobile App

དྷི་ཚ་དགོན་པའི་གྲྭ་བ་བསམ་གཏན་ལགས་ཉེས་རྡུང་བཏང་ནས་བཀྲོངས་འདུག

༢༠༢༦/༠༣/༡༨

མཆན། 3

  1. སྐར་མདའ། says:
    ལོ་ 14 སྔོན།

    ཨ་ཧོ། མི་ར྄ྒོད་ལགས། ཁ྄ྱེད་ཀ྄ྱིས་གསུང་བ་ལ྄ྟར་ན། ངས་མཆན་བུ་འབ྄ྲི་ས྄ྟངས་ཤེས་ཀ྄ྱིན་མི་འདུག་ཅེས་པའི་དོན་མ་རེད་དམ། དེ་ལ་ངོ་ཚ་དགོས་པ་གང་ཡང་མེད། གང་ཡིན་ཞུས་ན། ང་རང་བོད་རིགས་ཤིག་ཡིན་པའི་ཆ་ནས། བོད་ཡིག་ལ་དོ་ས྄ྣང་དང་། དགའ་ཞེན་ཡོད་པའི་ར྄ྐ྄ྱེན་ག྄ྱི་མཆན་བུ་འབ྄ྲི་སའི་ས་མིག་ལ་འཚང་ཁ་བར྄ྒ྄ྱབ་ས྄ྟེ་འཛུལ་བཞིན་ཡོད། མུ་མཐུད་ནས་འདི་ལ྄ྟར་མཆན་བུ་བ྄ྲིས་པ་ཡིན་ན། ཉིན་ཞིག་ཡར་ར྄ྒ྄ྱས་འག྄ྲོ་བ་ལ་ང་ཡིད་ཆེས་ཡོད།

    གལ་ས྄ྲིད་ངའི་བ྄ྲིས་པའི་མཆན་བུ་ལ་ནོར་འཁ྄ྲུལ་ཡོད་ན། རེ་རེ་བ྄ྱས་ཏེ་ས྄ྐ྄ྱོན་འཐེར་འདོན་གནང་རོགས་ཞེས་ཞུ་ར྄ྒ྄ྱུ་ཡིན། ནོད་པ་ཁབ་ར྄ྩེ་ཙམ་ཡང་མེད། ད་དུང་ངའི་ངོས་ནས་དེ་ལ་ཐུགས་ར྄ྗེ་ཆེ་ཞུ་ར྄ྒ྄ྱུ་ལས་ཁ྄ྲོས་ཉམས་ག་ལ་ས྄ྟོན། མི་ར྄ྒོད་ལགས། བས྄ླབ་བ྄ྱ་འད྄ྲ་ཡོད་ན་བས྄ྟན་རོགས་གནང་དང་། ང་ལ་ཕན་དངོས།

    ངས་རང་མི་རིགས་ཀ྄ྱི་ས྄ྲོག་ར྄ྩ་ལ྄ྟ་བུའི་ས྄ྐད་ཡིག་འདི་རང་མགོ་འཐོན་པ་ཞིག་བཟོ་འདོད་ཡོད་པ་མ་གཏོགས། རང་མིང་མཐོར་འདེགས་བ྄ྱེད་པའི་བསམ་བ་གཏན་ནས་མེད། ད་དུང་མཁས་ཉམས་དེ་བས་དབེན། མི་རིགས་ཀ྄ྱི་ས྄ྲོག་ར྄ྩ་ར྄ྒ྄ྱུན་འཛིན་བ྄ྱེད་ཆེད་དུ་དུས་ཚོད་ས྄ྟོང་པ་རེ་ཡོད་དུས་ད྄ྲ་ངོས་འདི་ལ་ཡོང་གི་ཡོད།

    ངས་བ྄ྲིས་པའི་མཆན་བུ་དག་གི་ནང་ལ་ཡིག་ནོར་དང་། ཚིག་ས྄ྦ྄ྱོར། ཕ྄ྲད་དང་ར྄ྣམ་དབ྄ྱེ་སོགས་ཀ྄ྱི་ས྄ྦ྄ྱོར་ས྄ྟངས་ཀ྄ྱི་ཐད་ནས་ས྄ྐ྄ྱོན་འད྄ྲ་ཡོད་ན་ལམ་ས྄ྟོན་གནང་རོགས།

    Reply
  2. མི་རྒོད། says:
    ལོ་ 14 སྔོན།

    སྐར་མདའ་ལགས་ཁྱེད་རང་གིས་མཆན་ཀློག་ཐུབ་ཀྱི་མི་འདུག་ཚང་མ་གོང་གི་གནས་ཚུལ་དམག་འཁྲུག་པ་བཞིན་ཐོར་ཤག་ཧ་ཧ་ཀུ་རེ་ཞུས་ཡིན།།

    Reply
  3. སྐར་མདའ། says:
    ལོ་ 14 སྔོན།

    ས྄ྤ྄ྱིར་བཏང་གིས་བཤད་ན་སུའུ་ཌན་ག྄ྱི་གནས་ས྄ྟངས་འད྄ྲ་བོ་འཛམ་ག྄ླིང་ན་བ྄ྱུང་དང་འབ྄ྱུང་བཞིན་པ་རེད། དེ་ཚོར་ཁ་ཡ་བ྄ྱས་ཏེ་ལེགས་པའི་ཆ་ང་ཚོས་ལེན་དགོས་པ་ཞིག་རེད། ཡིན་ན་ཡང་དེ་ལ་དོ་ས྄ྣང་ས྄ྤ྄ྲོད་མཁན་ཕལ་ཆེར་ཉུང་ཉུང་རེད། གང་ཡིན་ཟེར་ན། ཚང་མས་སོ་སོའི་འཚོ་བའི་མཐུན་ར྄ྐ྄ྱེན་ག྄ྱི་ཐད་ལ་དོ་ས྄ྣང་ཤུགས་ཆེ་རུ་འག྄ྲོ་གི་ཡོད་ཙང་། ནམས་ལངས་པ་ནས་ས་མ་རུབ་པར་དུ་བོད་མི་ར྄ྒན་གཞོན་བར྄ྒ྄ྱ་ཆའི་དགུ་གོ་དགུ་ཡས་མས་ཀ྄ྱི་ཕ྄ྱི་ལོག་ལ་འག྄ྲོ་ར྄ྒ྄ྱུའི་བསམ་བ྄ློ་མ་གཏོགས་མེད་པས། གསར་འག྄ྱུར་འདི་ལ྄ྟ་བུ་ལ་དེ་ཙམ་དོ་ས྄ྣང་ས྄ྤ྄ྲོད་མི་འོང་། སེམས་ཤུགས་ལབ་ཡ་དེ་གསར་འག྄ྱུར་ཁ་ཚ་བོ་ལ་ལ྄ྟོས་པ་ཙམ་ག྄ྱི་སེམས་ཤུགས་འཕར་དགོས་པ་ཞིག་དང་། ཞི་འཇག་གི་ཁོར་ཡུག་ལ་ཡོད་དུས་སེམས་ཤུགས་མེད་པ་དེ་འད྄ྲ་མ་རེད། སེམས་ཤུགས་ཟེར་བ་དེ་ནི་མ་ཤི་པར་ལུས་དང་ད྄ྲི་མ་བཞིན་དུ་མ་བ྄ྲལ་བར་གནས་དགོས་པ་ཞིག་བསམ་ག྄ྱིན་ཡོད། ས྄ྟེང་གི་ས྄ྐབས་འདིར། བལ་ཡུལ་ཆབ་ས྄ྲིད་ཀ྄ྱི་གནས་ས྄ྟངས་ཉིན་ནས་ཉིན་མཐུད་ནས་ཛ་ད྄ྲག་གི་གནས་སུ་ལ྄ྷུང་གི་ཡོད། བོད་མི་ཚོར་ཉིན་རེ་ནས་ཉིན་རེར་འཚོ་བའི་མཐུན་ར྄ྐ྄ྱེན་དང་། ཕ྄ྱིའི་འག྄ྲོ་འདུག་གང་ཅིའི་ཐད་ནས་དཀའ་ངལ་ཆེ་ནས་ཆེ་རུ་འག྄ྲོ་གི་ཡོད། ཡིན་ནའང་དེ་ལ་དོ་ས྄ྣང་ས྄ྤ྄ྲོད་མཁན་ག྄ྱི་མི་ས྄ྣ་གཞུང་དམངས་གཉིས་ལ་དེ་ཙམ་མཐོང་ར྄ྒ྄ྶུ་མི་འདུག་ ར྄ྒ྄ྱུ་མཚན་གང་ཡིན་ཤེས་མ་སོང་།
    ད྄ྲ་ར྄ྒ྄ྱ་དང་ཚོགས་ཤོག་ཚང་མའི་ས྄ྒང་ལ་ལ྄ྟོས་ཡོང་། ཡི་གེ་ཏོག་ཙམ་ཤེས་མཁན་ཚང་མས། བོད་རིགས་ནང་ཁུལ་ག྄ྱི་ས྄ྐ྄ྱོན་ས྄ྔོག་འདོན་བ྄ྱ་ར྄ྒ྄ྱུ་ལས། ཕ་རོལ་དག྄ྲ་ཡིས་བཙན་འཛུལ་ལ་དོ་ས྄ྣང་བ྄ྱེད་ར྄ྒ྄ྱུ་མི་འདུག་ རང་འཚང་རང་གིས་བར྄ྟོལ་ནས་ཅི་བ྄ྱ། བསམ་བ྄ློ་བ་ཞིག་ཡིན་ན། ཚང་མས་ས྄ྨ྄ྱུག་ཁ་ནང་ཁུལ་ལ་མ་གཏད་རོགས་ ཞུ་ར྄ྒ྄ྱུ;་ཡིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese