མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གླུ་བ་ཞིག་འཇུ་བཟུང་བཙན་འཁྲིད།

བོད་ཀྱི་དུས་བབ།
༢༠༡༢/༠༤/༢༢
Share on FacebookShare on TwitterShare on EmailShare on Whatsapp

ཟླ་འདིའི་ཕྱི་ཚེས་ ༡༩ ཉིན། ཡུལ་ཤུལ་བྲག་དཀར་སྡེ་བའི་གླུ་བ་བློ་བློ་ལགས་རྒྱ་གཞུང་གིས་འཇུ་བཟུང་བཙན་འཁྲིད་བྱས་འདུག

ཉེ་སྔོན་ཡུལ་ཤུལ་ཁུལ་ཁྲི་འདུ་རྫོང་སྡོམ་མདའ་གྲོང་རྡལ་བྲག་དཀར་སྡེ་བའི་གླུ་བ་བློ་བློ་ལགས་ཀྱིས་༼བོད་དར་ཆ་སྒྲེངས་ཤིག་གངས་བུ་ཚོ ༽ཞེས་པའི་ཆེད་སྒྲིག་བརྙན་འཁོར་ཞིག་འགྲེམས་སྤེལ་བྱས་པ་ལ་བརྟེན་ནས། ཟླ་འདིའི་ཕྱི་ཚེས་ ༡༩ ཉིན་རྒྱ་གཞུང་གིས་ཁོང་འཇུ་བཟུང་བཙན་འཁྲིད་བྱས་ཡོད་འདུག

གླུ་བ་བློ་བློ་ལགས་ཀྱི་ཆེད་སྒྲིག་བརྙན་འཁོར་དེའི་གཞིས་ཚིག་ནང་།བོད་བཙན་པོའི་གདུང་རྒྱུད་སྐྱོང་བའི་ཕྱིར། རྒྱ་དམར་པོའི་དཔུང་ལ་རྒོལ་བའི་སླད། དོན་བདེན་པ་དབུ་མའི་ལམ་ཁ་ནས། བོད་དར་ཆ་སྒྲེངས་ཤིག་གངས་བུ་ཚོ། གངས་དཀར་པོའི་ལ་རྒྱ་སྐྱོང་བའི་ཕྱིར། བོད་རང་བཙན་གཙང་མ་འཐོབ་པའི་སླད། དོན་གནས་ལུགས་དུ་མའི་རྒྱབ་ལྗོངས་ནས། བོད་དར་ཆ་སྒྲེངས་ཤིག་གངས་བུ་ཚོ། ༸སྐྱབས་རྒྱལ་བ་བོད་ལ་ཕེབས་པའི་ཕྱིར། བོད་གཞིས་བྱེས་ལྷན་འཛོམས་འབྱུང་བའི་སླད། སྲོག་དམར་པོར་བསྡེབས་པའི་ཉག་ཁ་ནས། བོད་དར་ཆ་སྒྲེངས་ཤིག་གངས་བུ་ཚོ། སེང་གངས་རིས་བརྒྱན་པའི་དར་ཆ་འདི། བོད་མི་རིགས་འདི་ཡི་རྒྱལ་དར་ཡིན། བོད་སྔོན་གཤེགས་དཔའ་བོའི་དགྲ་ལན་དུ། བོད་དར་ཆ་སྒྲེངས་ཤིག་གངས་བུ་ཚོ། ཞེས་བྲིས་ཡོད་འདུག  

གླུ་བ་བློ་བློ་ལགས་ཀྱི་ཕའི་མིང་ལ་འཇམ་དབྱངས་ཆོས་རྒྱལ་དང་། མའི་མིང་ལ་ཆོས་སྐྱིད་སྒྲོལ་མ་ཡིན་པ་དང་། གླུ་བ་ཁོང་ད་ལྟ་རང་ལོ་ ༢༩ ཡིན་འདུག

འབྲེལ་ཡོད་གསར་འགྱུར།

Mobile App

དྷ་ས་ནས་རྒྱ་མི་ཞིག་གསང་ཉུལ་བའི་དོགས་གཞིའི་འོག་འཛིན་བཟུང་བྱས་འདུག

ཆུ་ཚོད་ ༦ སྔོན་ལ།
Meditation: Reflections of His Holiness the Dalai Lama, featuring Amjad Ali Khan, Amaan Ali Bangash, Ayaan Ali Bangash, and Kabir Sehgal, has earned a Grammy nomination for Best Audio Book, Narration & Storytelling Recording
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་གྷི་རེ་མི་ཡི་གཟེངས་རྟགས་ཐོབ།

༢༠༢༦/༠༢/༠༢
Mobile App

བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བླུག་བཞིན་པ།

༢༠༢༦/༠༢/༠༡
Mobile App

བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤིས་མིན་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་བྱས་འདུག

༢༠༢༦/༠༡/༣༠
གསར་འགྱུར།

འབའ་ཁྲི་བློ་བཟང་ལུང་རིགས་ལགས་འཛིན་བཟུང་བྱས་འདུག

༢༠༢༦/༠༡/༣༠
གནས་མཆོག་རྡོ་རྗེ་གདན་དུ་ཡོད་པའི་ཞེ་ཆེན་དགོན་དུ་ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་པ། ༢༠༢༥།༡།༢༩ དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས།
Mobile App

ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག 

༢༠༢༦/༠༡/༢༩

མཆན། 9

  1. འཁྱམས་པོ། says:
    ལོ་ 14 སྔོན།

    བོད་མིའི་སྙིང་སྟོབས་ནི་་་་རྒྱ་རོ་དེ་ཚོས་དེ་ལྟར་རང་ག་པར་ཚོད་དཔག་ཐུབ་པ་ཞིག་དང་རྡོག་རྫུས་གཏོང་ཆོག་ཆོག་ཞིག་ག་ལ་ཡིན་་་་་་་མངོན་པར་བསྟོད་དོ། བོད་མིའི་སྐྱིད་སྡུག་གི་གླུ་པ་ཞེས་པའང་འདི་འདྲ་ཞིག་ལ་ལོས་ཟེར་་་་་་་་་་་་

    Reply
  2. མལ་གྲོའི་བཙུན་པ་ says:
    ལོ་ 14 སྔོན།

    སྙིང་ཐག་པ་ནས་གླུ་བ་ཁོང་ལ་གུས་བཀུར་དང་གདུང་སེམས་མཉམ་སྐྱེད་ཡོད།

    Reply
  3. ཆོས་བཟང་། says:
    ལོ་ 14 སྔོན།

    སྙིང་ཐག་པ་ནས་གླུ་བ་ཁོང་ལ་གུས་བཀུར་དང་གདུང་སེམས་མཉམ་སྐྱེད་ཡོད་་་ཁོང་ནི་བོད་ཁ་བའི་བདེ་སྡུག་དབྱངས་སུ་གྱེར་མཁན་གྱི་ངེས་པ་དོན་གྱི་སྤུ་རྒྱལ་བོད་ཀྱི་གླུ་བ་ཞིག་ཡིན་་་་བུ་མོ་རྒྱག་པ་དང་་ཧེ་བུ་མོ་སོགས་དང་ག་ནས་འདྲ་

    Reply
  4. ཐུབ་བསྟན། says:
    ལོ་ 14 སྔོན།

    རང་གི་མི་རིགས་གླེང་མཁན་གླུ་བ་བློ་བློ།།
    རང་གི་རིག་གཞུང་ཤོད་མཁན་གླུ་བ་བློ་བློ།།
    རང་རིགས་དར་ཆ་སྒྲེང་མཁན་གླུ་བ་བློ་བློ།།
    རང་ཉིད་བློས་གཏོང་བྱེད་མཁན་གླུ་བ་བློ་བློ།།
    རང་དབང་བཙན་གྱིས་འཕྲོག་མཁན་རྒྱ་ནག་གཞུང་གིས།།
    རང་དབང་བྲལ་བའི་ཁྲི་མུན་བཙོན་དུ་བཅུག་སོང་།།
    རང་རིགས་ལ་རྒྱ་ཅན་གྱི་གཞི་བྱེས་སྤུན་ཟླ།།
    རང་གི་མི་རིགས་འདི་དག་སྐྱོབ་ཐབས་ཅི་དགའ།།

    Reply
  5. མི་རྒོད། says:
    ལོ་ 14 སྔོན།

    ང་ཚོ་ཁོང་གི་གླུ་དེ་རྒྱ་ཁྱབ་ཏུ་གཏང་ནས་དུས་ནས་དུས་སུ་བརྒྱབ་སྐྱོར་ཞུ་དགོས་པ་དང་། དེ་ལས་འགན་གཅིག་རེད།
    ངོ་མ་འདི་རྣམས་དཔའ་བོ་རེད་ཡིན་ཡང་ལས་ཀྱིས་ཆུ་གཉེར་བཞིན་རྒྱ་དམར་དེད་པ་སྔ་ལྟས་ནས་གསལ་བ་དང་། ཉི་མ་སྤྲིན་གྱིས་འགྲིབ་པ་ལས་ཉི་རྩ་བ་ནས་ནུབ་པ་མ་རེད་ དཔའ་བོ་ཁྱེད་ཀྱིས་སྙིང་སྟོབས་ལ་ལག་གཉིས་ཐལ་སྦྱར་གྱིས་གུས་འདུད་ཞུ།།

    Reply
  6. སྦྲ་དཔལ་ལྡན། says:
    ལོ་ 14 སྔོན།

    རང་སེམས་གནག་ལ་བབས་པའི་གླུ་ཆུང་དེ།།
    གླུ་བ་བློ་བློའི་སེམས་ཀྱི་ན་ཟུག་དང་།།
    བོད་མིའི་སེམས་ཀྱི་ངར་སྐད་གཅིག་གིས་ཡང་།།
    རྒྱ་དམར་དམར་བོའི་སྲིད་ཇུས་དེ་ནས་གསལའའ

    རང་དབང་མེད་པའི་ཡུལ་ནས་གླུ་སྐད་མང་།།
    རང་དབང་ལུང་པའི་གླུ་སྐད་བརྩེ་དུངས་མང་།།
    རང་དབང་ཡུལ་ནས་བླངས་དུས་སྐྱོ་བ་ལ།།
    རང་དབང་མེད་པའི་མི་ཚོའི་སེམས་ཤུག་ཆགས།།

    Reply
  7. རྣམ་སྲས། says:
    ལོ་ 14 སྔོན།

    ད་ལྟ་ཁོས་རྒྱ་དམར་བཙོན་འོག་དུ་མི་སྤྱོད་ལས་འདས་པའི་མནར་གཅོད་མྱོང་བཞིན་ཡོད་པ་འདི་ལ་བསམ་བློ་རེ་བཏང་ན་ངོ་མ་ཤས་མི་བཟོད་པའི་ཚོར་བ་ཞིག་མི་སྐྱེ་རང་སྐྱེ་རེད། ཁོ་དང་ཁོ་ལྟ་བུའི་གླུ་བ་དང་གླུ་མ། རྩོམ༌པ་པོ་དང་ཆབ་སྲིད་པ། དགེ་རྒན་དང་ལས་བྱེད། ཡུལ་མི་ཀྱུས་མ་ཚུན་ཆད་གང་མང་ཞིག་གིས་མུན་ནག་བཙོན་འོག་ཏུ་རྡུང་རྡེག་མནར་གཅོད་ཅི་ཙམ་མྱོང་གི་ཡོད་མེད་ལ་བསམ་བློ་ཞིག་བཏང་ན། ད་ང་ཚོའི་ཇི་ལྟར་ཐབས་ཤེས་གཞན་ཞིག་གི་ཐོག་ནས་འདི་དག་གློད་གྲོལ་དང་། འུ་ཅག་སྒང་པ་བོ་པ་ཚང་གི་དམིགས་ཡུལ་འགྲུབ་ཆེད་བརྒྱུད་བསྒྲགས་བྱེད་དགོས་པ་རེད། ངོ་མ་ཤེས་ཀྱི་འདུག གང་ལྟར་གདུང་སེམས་མཉམ་བསྐྱེད་དང་། དུས་ཀུན་རྒྱབ་སྐྱོར་ཡོད་ཅེས་བཤད་རྒྱུ་ལས་ཅི་ཞིག་འཇོན

    Reply
  8. བློ་བཟང་མདོ་སྔགས། says:
    ལོ་ 14 སྔོན།

    ངོ་མ་ཡ་མཚན་རེད། ངས་ཁོང་གི་སྙིང་སྟོབས་དང་ལྷག་བསམ་ལ་རྗེས་ཡི་རང་ཞུ།
    འོན་ཀྱང་ལྷ་ས་ལྷ་ཡི་ཞིང་ཁམས་འདི་ད་དུང་འཇམ་ཅག་གེར་ཡོད་པ་ཅིས་ཕྱིར་ཡིན་ནམ།

    Reply
  9. oscargyatso says:
    ལོ་ 14 སྔོན།

    གླུ་བ་བློ་བློའི་སྐུ་གཟུགས་དང་ཚེ་སྲོག་ལ་གནོད་སྐྱོན་མི་ཡོང་བར་སྨོན།
    དེ་རིང་ཁ་སེང་བོད་ནང་གི་གླུ་བ་དང་རྩོམ་པ་པོ་ཐ་ན་རྫི་བོ་ལ་སོགས་པའི་བོད་བསྟན་པ་ཆབ་སྲིད་ཀྱི་དོན་དུ་ལྷག་བསམ་རྣམ་དག་གི་བློ་འགྱོད་མེད་པ་དང་། སེམས་ཐག་ཆོད་པོ་ཀྱི་འཁུར་དང་ལེན་བྱེད་བཞིན་ཡོད་ལ།
    བཙན་བྱོལ་ལ་གནས་པའི་བོད་མི་མང་དག་ཅིག་གི་ཁ་བདེ་མགོ་བདེ་ཉི་མ་ཆོད་ཐད་བྱས་ནས་བསྡད་ཡོད་པ་མ་ཟད། དེ་རིང་ཁ་སེང་ཆུ་ཁ་དང་སྤང་ཁ་སོགས་ནས་བོད་པ་ནང་དང་གཞོན་སྐྱེས་མང་པོ་ཞིག་བག་ཡངས་ངང་སྤྲོད་སྐྱིད་བཏང་ནས་བསྡད་ཡོད་པ་མཐོང་དུས་ཡིད་གཏིང་སྡུག་གི

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese