མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཧྥ་རན་སིའི་སྲིད་འཛིན་འོས་མི་ཚོ་༸གོང་ས་མཆོག་དང་མཇལ་འཕྲད་ཞུ་འདུན་འདུག

བོད་ཀྱི་དུས་བབ།
༢༠༡༢/༠༤/༢༥
Share on FacebookShare on TwitterShare on EmailShare on Whatsapp

ཉེ་ཆར་ཧྥ་རན་སིའི་སྲིད་འཛིན་འོས་བསྡུའི་འགྲན་རྩོད་ཁྲོད་ཞུགས་མཁན་འོས་མི་ ༡༠ ཁྲོད་ནས་འོས་མི་ ༩ ཡིས་བོད་དོན་ལ་རྒྱབ་སྐྱོར་དང་། ༸གོང་ས་མཆོག་དང་མཇལ་འཕྲད་ཞུ་འདུན་ཡོད་པའི་རྣམ་འགྱུར་བསྟན་ཡོད་འདུག

ཉེ་ཆར་ཧྥ་རན་སིའི་སྲིད་འཛིན་འོས་བསྡུའི་འགྲན་རྩོད་རྣོ་ངར་ཤུགས་ཆེ་རུ་འགྲོ་བཞིན་པའི་སྐབས་དང་བསྟུན་ནས། གསར་ལམ་ཁག་གིས་སྔ་ཕྱིར་ཐེངས་འདིའི་སྲིད་འཛིན་འོས་མིར་ལངས་མཁན་ཚོར་བོད་རྒྱའི་གནད་དོན་སྐོར་ནས་དྲི་བ་བཏོན་པར།  སྲིད་འཛིན་འོས་བསྡུའི་འགྲན་རྩོད་ལ་ཞུགས་མཁན་ ༡༠ ཁྲོད་ནས། འོས་མི་ ༩ ཡིས་༸གོང་ས་མཆོག་དང་མཇལ་འཕྲད་ཞུ་འདོད་དང་།  བོད་རྒྱའི་གནད་དོན་ཐད་དོ་སྣང་དང་བོད་མིའི་དཀའ་ངལ་ལ་རྒྱབ་སྐྱོར་ཡོད་པའི་རྣམ་འགྱུར་བསྟན་ཡོད་འདུག  

ཟླ་འདིའི་ཕྱི་ཚེས་ ༡༩ ཉིན་ཧྥ་རན་སིའི་༼ལྟ་ཞིབ་གསར་པ༽ཞེས་པའི་དུས་དེབ་ཀྱིས་ཐེངས་འདིའི་སྲིད་འཛིན་འོས་བསྡུའི་རྒྱལ་ཁ་འཐོབ་རྒྱུར་རེ་བ་ཆེ་ཤོས་ལྡན་པའི་འོས་མི་ཧོ་ལན་ཌི་(Francois Hollande)དང་། ད་ལྟའི་སྲིད་འཛིན་སཱར་ཁའོ་སི་(Nicholas Sarkozy) གཉིས་ལ་བོད་རྒྱའི་གནད་དོན་ཐད་ཡིག་ཐོག་ནས་དྲི་བ་བཀོད་པར། སྲིད་འཛིན་སཱར་ཁའོ་སི་ཡིས་ “ཧྥ་རན་སིའི་མི་དམངས་ཀྱིས་བོད་ཀྱི་གནད་དོན་ཐད་དོ་སྣང་ཤུགས་ཆེན་པོ་ཡོད་པ་ངས་ཤེས་ཀྱི་ཡོད། ང་རང་ནི་ད་ལྟའི་བར་ཏཱ་ལའི་བླ་མ་དང་མཇལ་འཕྲད་ཞུས་མཁན་ཧྥ་རན་སིའི་སྲིད་འཛིན་ཐོག་མ་དེ་ཆགས་ཡོད། རྗེས་ཕྱོགས་ད་དུང་ཏཱ་ལའི་བླ་མ་དང་མཇལ་འཕྲད་ཞུ་རྒྱུར་འགོག་རྐྱེན་གང་ཡང་མེད” ཅེས་བརྗོད་ཡོད་པ་དང་། སྲིད་འཛིན་འོས་བསྡུའི་འགྲན་རྩོད་ཁྲོད་མི་མང་གི་རྒྱབ་སྐྱོར་ཤུགས་ཆེ་ཤོས་ཐོབ་བཞིན་པའི་འོས་མི་ཧོ་ལན་ཌི་ལགས་ཀྱིས་ཀྱང་། “ཏཱ་ལའི་བླ་མ་ནི་ནོ་བྷེལ་ཞི་བདེ་གཟེངས་རྟགས་བཞེས་མཁན་གྱི་འཛམ་གླིང་མི་མང་གིས་གུས་བརྩི་ཡོད་པའི་དབུ་ཁྲིད་ཅིག་རེད།  ཉེ་སྔོན་ཁོང་གིས་ཆབ་སྲིད་ཀྱི་འགན་དབང་ཡོངས་རྫོགས་རྩིས་སྤྲོད་བྱས་ཟིན་པ་རེད། དེར་བརྟེན། ང་རང་གི་ངོས་ནས་ཏཱ་ལའི་བླ་མ་དང་མཇལ་འཕྲད་ཞུ་རྒྱུར་འགོག་རྐྱེན་གང་ཡང་མཐོང་གི་མེད།” ཅེས་བརྗོད་ཡོད་པ་རེད།

གཞན་ཡང་། གསར་ལམ་ཁག་དང་བོད་དོན་རྒྱབ་སྐྱོར་བ་དག་གིས་བོད་རྒྱའི་གནད་དོན་དང་འབྲེལ་བའི་ཐོག་ནས། ཐེངས་འདིའི་སྲིད་འཛིན་འོས་མིར་ལངས་མཁན་རྣམས་ལ་༸གོང་ས་མཆོག་དང་མཇལ་འཕྲད་ཞུ་འདུན་ཡོད་མེད་དང་། བོད་རྒྱའི་གནད་དོན་སོགས་ཀྱི་ཐད་སྔ་ཕྱིར་དྲི་བ་བཏོན་ཡོད་པ་ལྟར།  སྲིད་འཛིན་འོས་ལྕམ་མི་ཨེ་ཝ་ཇོ་ལའེ་(Eva Joly)ལགས་ཀྱིས། “བོད་ཀྱི་གནད་དོན་དེ་ངེས་པར་དུ་གྲོས་མོལ་གྱི་ལམ་ནས་སེལ་དགོས། གལ་སྲིད་ང་རང་ལ་སྲིད་འཛིན་ཐོབ་པ་ཡིན་ན། ཏཱ་ལའི་བླ་མ་མཆོག་དང་མཇལ་འཕྲད་ཞུ་རྒྱུ་ཡིན་པར་མ་ཟད། བོད་མི་མང་གིས་འོས་འདེམས་བྱས་པའི་དབུས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་ལའང་མཇལ་འཕྲད་གནང་རྒྱུ་ཡིན། ཧྥ་རན་སིའི་སྲིད་གཞུང་གིས་རྒྱ་ནག་དང་ཚོང་འབྲེལ་ཡོད་པ་རྒྱུ་མཚན་དུ་བྱས་ཏེ། འགྲོ་བ་མིའི་ཐོབ་ཐང་གནད་དོན་སྣང་མེད་དུ་གཏོང་མི་རུང་།” ཅེས་བརྗོད་འདུག

སྲིད་འཛིན་འོས་མི་ལྕམ་མའེ་རེན་ལའེ་པེན་(Marine Le Pen)ལགས་ཀྱིས། “མ་འོངས་པར་ང་རང་ཏཱ་ལའི་བླ་མ་དང་མཇལ་འཕྲད་ཞུ་འདོད་ཡོད་ལ།   ཧྥ་རན་སི་ནི་རང་དབང་དང་བདག་དབང་ལྡན་པའི་རང་བཙན་རྒྱལ་ཁབ་ཅིག་རེད། མི་སུ་དང་ཐུག་འཕྲད་བྱེད་མིན་དེ་གཞན་སུ་ལའང་བསྟུན་མཁས་བྱེད་དགོས་དོན་ཡོད་པ་མ་རེད།” ཅེས་བརྗོད་འདུག

སྲིད་འཛིན་འོས་མི་ཧྥ་རན་ཀའོ་སི་བྷེ་རའོ་(Francois Bayrou) ལགས་ཀྱིས། “གལ་སྲིད་ཏཱ་ལའི་བླ་མ་མཆོག་ལ་ཐུགས་མོས་ཡོད་ཚེ། རང་ཉིད་ཀྱི་ངོས་ནས་ཏཱ་ལའི་བླ་མར་མཇལ་འཕྲད་ཞུ་རྒྱུར་དགའ་སྤོབས་ཆེན་པོ་ཡོད།” ཅེས་བརྗོད་ཡོད་པ་དང་། ཁོང་གི་མགྲིན་ཚབ་པ་ལྕམ་ནཱ་ཐ་ལི་ལགས་ཀྱིས་ཀྱང་། གལ་སྲིད་ཧྥ་རན་ཀའོ་སི་བྷེ་རའོ་ལགས་སྲིད་འཛིན་དུ་བདམས་ཐོན་བྱུང་བ་ཡིན་ན། ཁོང་གིས་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་དྲག་གནོན་སྲིད་ཇུས་དེར་གནོན་ཤུགས་སྤྲད་དེ། རྒྱ་གཞུང་གིས་ཏཱ་ལའི་བླ་མ་མཆོག་གི་སྐུ་ཚབ་དང་ལྷན་དུ་འབྲེལ་མོལ་གནང་སྟེ་བོད་ཀྱི་གནད་དོན་སེལ་རྒྱུར་སྐུལ་འདེད་བྱ་རྒྱུ་ཡིན་པར་མ་ཟད། དབུས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་ལའང་མཇལ་འཕྲད་གནང་རྒྱུ་ཡིན་པ་བརྗོད་འདུག

སྲིད་འཛིན་འོས་མི་ཧྥེ་ལེ་ཕའེ་ཕའོ་ཋོ་(Philippe Poutou)ལགས་ཀྱིས། “ཏཱ་ལའི་བླ་མ་དང་མཇལ་འཕྲད་ཞུ་རྒྱུར་འདོད་པ་ཡོད་ལ། བོད་མིར་རང་ཐག་རང་གཅོད་ཀྱི་ཁེ་དབང་ངེས་པར་དུ་སྤྲོད་དགོས་པ་རེད།” ཅེས་བརྗོད་དེ། རྒྱ་གཞུང་གིས་བོད་ཐོག་འཛིན་པའི་དྲག་གནོན་སྲིད་ཇུས་ལ་སྐྱོན་བརྗོད་དང་། བོད་ནང་གི་ཆབ་སྲིད་བཙོན་པ་ཡོངས་རྫོགས་གློད་བཀྲོལ་བཏང་སྟེ། གྲངས་ཉུང་མི་རིགས་ཀྱི་ཁེ་དབང་ལ་བརྩི་མཐོང་སྤྲོད་དགོས་པའི་རེ་སྐུལ་གནང་ཡོད་པ་རེད།

སྲིད་འཛིན་འོས་མི་ལྕམ་ནེ་ཐའེ་ལི་ཨར་ཐཱ་ཌི་(Nathalie Arthaud)ལགས་ཀྱིས། ང་རང་ངོས་ནས་རྒྱ་གཞུང་གིས་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་བོད་མིར་རང་ཐག་རང་གཅོད་ཀྱི་ཁེ་དབང་སྤྲོད་དགོས་པར་རྒྱབ་སྐྱོར་དང་། རྒྱ་གཞུང་གིས་བོད་ཐོག་འཛིན་པའི་དྲག་གནོན་སྲིད་ཇུས་ལ་སྐྱོན་བརྗོད་བྱ་རྒྱུ་ཡིན་སྐོར་བརྗོད་ཡོད་པ་དང་། དེ་བཞིན། སྲིད་འཛིན་འོས་མི་ཇའེ་ཁུ་སི་ཆི་མའེ་ནའེ་ཌི་(Jacques Cheminade)ལགས་ཀྱིས་ཀྱང་། “ངས་བསམ་ཚུལ་ནི་བོད་རྒྱ་གཉིས་ཀྱིས་བར་གནས་རྒྱལ་ཁབ་གསུམ་པ་ཞིག་བརྒྱུད་དེ། གྲོས་མོལ་གྱི་ལམ་ནས་ཕྱོགས་གཉིས་ཀྱི་འགལ་བ་རྣམས་སེལ་དགོས།” ཅེས་བརྗོད་ཡོད་པ་རེད།

སྲིད་འཛིན་འོས་མི་མའེ་ལི་ཁོན་(Jean Luc Melechon)ལགས་ཀྱིས་ཐད་ཀར་བོད་རྒྱའི་གནད་དོན་གྱི་དྲི་བར་ལན་འདེབས་བྱས་མེད་ཀྱང་།  ཧྥ་རན་སིའི་བོད་རང་བཙན་སློབ་ཕྲུག་ཚོགས་པའི་འགན་འཛིན་ཝེ་ལིས་ཁི་སི་ལགས་ཀྱིས་བརྗོད་དོན་ལྟར་ན།  ཁོང་གི་ཆབ་སྲིད་ཚོགས་པའི་སྲིད་འཛིན་གཞོན་པ་ཇའེ་ཁུ་སི་(Jacques Généreux)ལགས་ཀྱིས་ཧྥ་རན་སིའི་རིག་གནས་བརྙན་འཕྲིན་བརྒྱུད་བོད་ཀྱི་གནད་དོན་ཐད་རྒྱབ་སྐྱོར་ཡོད་པ་ཡོངས་བསྒྲགས་བྱས་ཡོད་འདུག

ཧྥ་རན་སའི་སྲིད་འཛིན་འོས་མིས་བོད་རྒྱའི་གནད་དོན་གླེང་སློང་དང་༸གོང་ས་མཆོག་དང་མཇལ་འཕྲད་གནང་འདུན་ཡོད་པའི་སྐོར་གྱི་གནས་ཚུལ་རྣམས།  རྒྱ་ནག་གནས་འཕྲིན་དྲ་རྒྱ་ཞིན་ལིང་ཝེ་པའོ་སྟེང་དུའང་བརྒྱུད་འགོད་བྱས་འདུག

 
གསར་འགོད་པ། ཚེ་རིང་རྒྱལ།

འབྲེལ་ཡོད་གསར་འགྱུར།

Mobile App

བོད་ཀྱི་སྐད་ཡིག་དང་རིག་གཞུང་ལ་གཅེས་སེམས་ཆེ་ཞིང་ལྷག་བསམ་དཀར་བའི་མི་རྒན་ཞིག་ལ་རྗེས་དྲན་ཞུ་བ།

ཆུ་ཚོད་ ༡༠ སྔོན་ལ།
བོད་ཀྱི་རིག་གཞུང་དང་ཧི་མ་ལ་ཡའི་དུས་སྟོན་ཐེངས་ ༢༤ འཚོགས། སྦར་སེལ་སྐུ་ཚབ་དོན་གཅོད་ཀྱི་པར།
Mobile App

བོད་ཀྱི་རིག་གཞུང་དང་ཧི་མ་ལ་ཡའི་དུས་སྟོན་ཐེངས་ ༢༤ འཚོགས།

ཆུ་ཚོད་ ༡༣ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་དྭགས་སུ་ཕེབས་རྒྱུ་ཡིན་འདུག སྐུ་པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༥།༦།༢༣
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་དྭགས་སུ་ཕེབས་རྒྱུ་ཡིན་འདུག

ཆུ་ཚོད་ ༡༥ སྔོན་ལ།
༧གོང་ས་མཆོག་ནས་སྟོང་འཁོར་མཉྫུ་ཤྲཱི་ཧུ་ཐོག་ཐུས་གཙོས་པའི་སོག་པོ་ ༡༤༨ ལ་མཇལ་ཁ་དང་བཀའ་སློབ་སྩལ། དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༥།༠༦།༢༠
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་ནས་བོད་སོག་གཉིས་ལ་ཐུན་མོང་མིན་པའི་འབྲེལ་བ་ཞིག་ཡོད་ཅེས་གསུངས།

༢༠༢༥/༠༦/༢༠
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་རྒྱ་གར་གྱི་སྲིད་འཛིན་ལྕམ་སྐུ་ཤྲི་མ་ཏི་མཆོག་དགུང་གྲངས་ ༦༧ ལ་ཕེབས་པའི་འཁྲུངས་སྐར་ལ་འཚམས་འདྲི་མཛད། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༦།༡༩
༧གོང་ས་མཆོག གསུང་འཕྲིན།

རྒྱ་གར་གྱི་སྲིད་འཛིན་མཆོག་གི་འཁྲུངས་སྐར་ལ་འཚམས་འདྲི་མཛད།

༢༠༢༥/༠༦/༡༩
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

སྤྱི་ཟུར་འབའ་པ་རླུང་ཁར་ངག་དབང་བཀྲ་ཤིས་ལགས་སྐུ་གྲོངས་པར་ཐུགས་གསོ་ཞུས།

༢༠༢༥/༠༦/༡༩

མཆན། 4

  1. མི་རྒོད། says:
    ལོ་ 13 སྔོན།

    རྐྱང་ཕྱག་འཚལ་ནས་བོད་དོན་དྲིལ་བསྒྲགས།
    2012-05-09
    སུད་སི་ནང་བོད་པའི་རོལ་དབྱངས་པ་རྣམ་གླིང་བླ་བསྟན་ནས་རྐྱང་ཕྱག་འཚལ་བའི་ལས་འགུལ་སྤེལ་འཆར།
    ༄༅༎ཐེངས་འདིའི་གསར་འགྱུར་དང་འབྲེལ་བའི་ལེ་ཚན་གྱི་ནང་དུ་སུད་སི་ནང་བཅའ་བཞུགས་བོད་པའི་རོལ་དབྱངས་བ་རྣམ་གླིང་བློ་བསྟན་ལགས་ཀྱིས་སུད་སི་རྒྱལ་ས་ Berne ནས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁང་ཡོད་སའི་གྲོང་ཁྱེར་ Geneva བར་རྐྱང་ཕྱག་འཚལ་ནས་བོད་དོན་དྲིལ་བསྒྲགས་གནང་རྩིས་ཡོད་སྐོར་རིག་ལྡན་སྒྲོལ་མ་ལགས་ཀྱིས་བློ་བསྟན་ལགས་སུ་གནས་འདྲི་ཞུས་པར་གསན་རོགས༎

    Reply
  2. མི་རྒོད། says:
    ལོ་ 13 སྔོན།

    དུས་བབ་ལགས་དེང་སྐབས་གླིང་ཚ་མ་བུ་གསུམ་གང་དུ་ཡོད་དམ།
    དུས་བབ་ལགས་ཨ་མདོའི་དཔའ་གླིང་རྒོད་གསུམ་གང་ན་ཡོད་དམ།
    དུས་བབ་ལགས་ད་ཁོང་གསུམ་དགྲ་ལག་ཏུ་ཤོར་ཉེའི་དུས་ལ་བབ་ཡོད་ཀྱི་རེད་ད།

    Reply
  3. ནད་པ says:
    ལོ་ 13 སྔོན།

    ཕྱག་སྟོང་འཁོར་ལོས་བསྒྱུར་བའི་རྒྱལ་པོ་སྟོང་།།
    རྒྱལ་པོ་སྟོང་ལས་ལྷག་པའི་མཛད་འཕྲིན་རྒྱས།།
    སྙན་གྲགས་འཛམ་གླིང་ཡོངས་སུ་ཁྱབ་གྱུར་པའི།།
    གངས་ཅན་ལྷག་གཅིག་བསྟན་འཛིན་རྒྱ་མཚོར་བསྟོད།།

    སྤྱན་སྟོང་བསྐལ་པ་བཟང་པོའི་སངས་རྒྱས་སྟོང་།།
    སངས་རྒྱས་སྟོང་ལས་ལྷག་པའི་བཀའ་དྲིན་ཅན།།
    ཟབ་རྒྱས་གསུང་དབྱངས་གྲུ་ཆར་བྱིན་ཆེན་འབེབ།།
    གངས་ཅན་ལྷ་གཅིག་བསྟན་འཛིན་རྒྱ་མཚོར་བསྟོད།།

    གང་ལ་གང་འདུལ་དེར་ལ་དེ་སྟོན་པ།།
    གདུལ་བྱའི་བློ་དང་ཁམས་དང་བསམ་པ་ཡི།།
    མཚམས་པར་ཞི་བསིལ་སྨན་ལྟར་གསོས་སུ་སྨིན།།
    གངས་ཅན་ལྷག་གཅིག་བསྟན་འཛིན་རྒྱ་མཚོར་བསྟོད།།

    བཙུན་པ་སྤྱན་རས་གཟིགས་ལ་གུས་ཕྱག་འཚལ།།
    མཁས་པ་སྤྱན་རས་གཟིགས་ལ་མངོན་པར་བསྟོད།།
    བཟང་པོ་སྤྱན་རས་གཟིགས་ལ་གསོལ་བ་འདེབས།།
    གངས་ཅན་ལྷ་གཅིག་བསྟན་འཛིན་རྒྱ་མཚོ་མཆོག།
    སྐུ་ཁམས་བཟང་ཞིང་སྐུ་ཚེ་རིང་བ་དང་།།
    གསང་གསུམ་མཛད་འཕྲིན་མཁའ་ལྟར་མཉམ་པར་ཤོག།

    Reply
  4. ཤར་ཕྱོགས་ཁུག་རྟ། says:
    ལོ་ 13 སྔོན།

    ཧྥ་རན་སེའི་སྲིད་འཛིན་གྱི་འདེམ་སྒུག་མི་སྣ་ཨོ་ལེང་ཏིས་ཏཱ་ལའི་བླ་མ་དང་མཇལ་འཕྲད་བྱེད་རྒྱུ་ཡིན་པའི་སྐོར་བརྗོད་པ།
    སྤེལ་དུས། 2012-04-24   ཡོང་ཁུངས། རྒྱལ་ཁམས་བསྐོར་བའི་ཚགས་པར།    རྩོམ་སྒྲིག་པ།  ཟོན་ཐར་སྐྱིད་ཀྱིས་བསྒྱུར།
    ཧྥ་རན་སེས་སྲིད་འཛིན་འདེམ་སྒུག་གི་སྐོར་ཐེངས་དང་པོ་བསུས་ཡོང་ལ། སྨྱན་སྦྱོར་གྱིས་བདམས་ཐོན་མི་སྣ༡༠ལ་འདྲི་རྟོགས་བྱས་པའི་བརྒྱུད་རིམ་ཁྲོད་མི་སྣ༩ཡིས་ཏཱ་ལའི་བླ་མ་དང་མཇལ་འཕྲད་བྱེད་རྒྱུ་ཡིན་པའི་སྐོར་བཤད། ཨོ་ལེང་ཏིས་ཏཱ་ལའི་བླ་མ་ནི“བཀུར་བར་འོས་པའི་ཆོས་ལུགས་མི་སྣ་སྟེ་ནོར་པེ་བྱ་དགའ་ཐོབ་མཁན་ཡིན་ལ། ཁོང་ལ་ཆབ་སྲིད་ཀྱི་དགོངས་ཚུལ་ནི་མེད་པས་ཁོང་དང་མཇད་འཕྲད་མི་ཞུ་དོན་ཡེ་ནས་མེད་ཅེས་བཤད། ”

    ཟླ༤པའི་ཚེས༢༣ཉིན་གྱི《འཛམ་གླིང་དུས་ཐོག་ཚགས་པར》དུ་ཀྲུང་རྒོལ་ཕྱི་འགྲིམས་བོད་མིས་དྲ་ཚིགས་སུ་ཚེས༢༡ཉིན་གནས་ཚུལ་སྤེལ་གསལ། ཧྥ་རིན་སེར་ཚེས༢༢ཉིན་སྲིད་འཛིན་འདེམ་སྒུག་གི་སྐོར་ཐེངས་དང་པོ་འཚོགས་པ་དང་། ཏཱ་ལའི་བླ་མའི་ཕྱོགས་གཏོགས་དང་ཧྥ་རིན་སིའི《རྟོག་ཞིབ་གསར་བའི་ཚགས་པར》དུ་བོད་ཀྱི་གནད་དོན་གླེང་བ་དང་། བདམས་ཐོན་མི་སྣ༡༠ནང་གི༩ཡིས་ཏཱ་ལའི་བླ་མ་དང་མཇལ་འཕྲད་བྱེད་རྒྱུ་ཡིན་པར་བཤད། གཞན་ད་དུང་ས་ཁོ་ཅིས《རྟོག་ཞིབ་གསར་བའི་ཚགས་པར》དུ་ཁོས་ནམ་རྒྱུན“ཀྲུང་གོའི་མགོ་ཁྲིད་རྣམས་ལ་བོད་ཀྱི་གནད་དོན་གླེང་བ་ཡིན”ཞེས་དང་། “བོད་མི་ནི་ཧྥ་རན་སེའི་མི་དམངས་དང་ང་རང་ཉིད་ལ་མཚོན་ནས་བཤད་ན་གླེང་དོན་གལ་ཆེན་ཞིག་ཡིན”ཞེས་ཀྱང་བཤདད་་ཡོད་ལ། ཨོ་ལེང་ཏིས་ཏཱ་ལའི་བླ་མ་ནི“བཀུར་བར་འོས་པའི་ཆོས་ལུགས་མི་སྣ་སྟེ་ནོར་པེ་བྱ་དགའ་ཐོབ་མཁན་ཡིན་ལ། ཁོང་ལ་ཆབ་སྲིད་ཀྱི་དགོངས་ཚུལ་ནི་མེད་པས་ཁོང་དང་མཇད་འཕྲད་མི་ཞུ་དོན་ཡེ་ནས་མེད་ཅེས་བཤད། ”

    ཡོ་རོབ་ཏུ་སྐབས་སྡོད་བྱེད་པའི་ཀྲུང་མི་ཞིག་གིས་ཚེས༢༢ཉིན《འཛམ་གླིང་དུས་ཐོག་ཚགས་པར》དུ་བཤད་རྒྱུར། ཡོ་རོབ་རྒྱལ་ཁབ་ཁ་ཤས་ཤིག་གིས“དམངས་གཙོའི་”གནད་དོན་གྱི་ཐད་ཀྲུང་གོར་གནོན་ཤུགས་དང་སྐྱོན་འཚོལ་བྱེད་པའི་དམིགས་ཡུལ་དོར་མེད་མོད། འོན་ཀྱང་ད་ཆར་དཔལ་འབྱོར་དཀའ་གནད་ལ་ཐུག་པའི་གནས་ཚུལ་འོག་ རང་གཅུན་ཐུབ་པའི་སྲིད་ཚོང་བ་རྣམས་ཀྱིས་རང་ཚོད་འཛིན་པའི་གདམ་ག་བྱེད་སྲིད། སྔོན་ཆད་ཀྱི་དོན་རྐྱེན་དག་ལས་ཀྲུང་གོའི་སྲ་བརྟན་གྱི་ལང་ཕྱོགས་མཚོན་པས་སྲིད་ཚོང་བ་དག་གིས་དངོས་ཡོད་ལ་གདོང་མི་གཏད་ག་མེད་དེ་གལ་ཏེ་དེ་ལས་ལྡོག་སྟེ་སྐྱོན་འཚོལ་བྱས་ཚེ་དེ་ལས་ལྷག་པའི་རིན་དོད་འབུལ་དགོས།

    པེ་ཅིང་དགེ་འོས་སློབ་ཆེན་གྱི་ཆབ་སྲིད་རིག་པ་དང་རྒྱལ་སྤྱིའི་འབྲེལ་ལམ་སློབ་གླིང་གི་གླིང་གཙོ་གཞོན་པ་ཀྲང་ཧྲིན་ཅོན་གྱིས《འཛམ་གླིང་དུས་ཐོག་ཚགས་པར》དུ་བཤད་རྒྱུར། ད་ཐེངས་ཀྱི་སྲིད་འཛིན་འདེམ་བསྐོའི་མཇུག་འབྲས་སྤྱིའི་ཆ་ནས་ཧྥ་རན་སེས་ཀྲུང་གོར་བཟུང་པའི་སྲིད་ཇུས་ལ་འགྱུར་ལྡོག་འབྱུང་མི་སྲིད་དེ། ཀྲུང་ཧྥ་གཉིས་ཀྱི་བར་ཁེ་ཕན་གྱི་གནོད་སྐྱོན་ཆེར་མེད་པས་ཡོ་རོབ་ཧྲིལ་བོས་བུ་ལོན་གྱོང་ཉེན་གྱི་ཆེད་དུ་ཀྲུང་གོ་དང་མཉམ་འབྲེལ་བྱེད་པའི་རེ་ཞུ་བྱེད་ངེས་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese