མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱལ་བ་ཀརྨ་པ་དངུལ་དངོས་ཐད་ཉེས་པ་མེད་པའི་དཀར་འདོན།

བོད་ཀྱི་དུས་བབ།
༢༠༡༢/༠༤/༢༥
Share on FacebookShare on TwitterShare on EmailShare on Whatsapp

གཟའ་མིག་དམར་ཉིན་ཧི་མཱ་ཅལ་མངའ་སྡེ་གཞུང་གིས་རྒྱལ་བ་ཀརྨ་པ་མཆོག་གི་མཚན་ཁྲིམས་ཁང་གི་གཏུག་བཤེར་ཡིག་ཆའི་ཐོ་གཞུང་ནས་ཕྱིར་འཐེན་དང་། ཁོང་ལ་དངུལ་དངོས་ཀྱི་ཉེས་དོན་ཐད་འབྲེལ་བ་མེད་པའི་དཀར་འདོན་བྱས་ཡོད་འདུག

ཁ་སང་ཕྱི་ཚེས་ ༢༤ ཉིན་རྒྱ་གར་ཧི་མཱ་ཅལ་(Himachal Pradesh) མངའ་སྡེ་གཞུང་གིས།ལོ་སྔོན་མའི་ནང་རྒྱལ་བ་ཀརྨ་པའི་བླ་བྲང་ནང་རྒྱལ་ཁབ་འདྲ་མིན་གྱི་དངུལ་སྒོར་འབོར་ཆེན་རྙེད་སོན་བྱུང་པ་དང་། ཁྲིམས་མཐུན་མ་ཡིན་པའི་ས་ཆ་ཉོས་ཡོད་པའི་ཉེས་མིང་འོག ཉེན་རྟོག་པས་རྒྱལ་བ་ཀརྨ་པ་མཆོག་གཙོས་པའི་མི་སྣ་ ༡༠ ་ཁྲིམས་གཏུག་བྱས་པའི་གྱོད་དོན་དེའི་ཐད།  རྒྱལ་བ་ཀརྨ་པ་མཆོག་ལ་ཉེས་པ་མེད་པའི་ཁྱབ་བསྒྲགས་དང་། གཏུག་བཤེར་ཡིག་ཆའི་ཐོ་གཞུང་ནས་རྒྱལ་བ་ཀརྨ་པའི་མཚན་ཕྱིར་འཐེན་བྱ་རྒྱུའི་ཐག་གཅོད་བྱས་ཡོད་འདུག  གནད་དོན་དེའི་ཐད་འབྲེལ་ཡོད་མངའ་སྡེ་གཞུང་ནང་སྲིད་ལས་ཁུངས་འགན་འཛིན་སྐུ་ཞབས་སེན་(S.P Singh) ལགས་ཀྱིས། “ད་སྔ་ཉེན་རྟོག་པ་དང་གཞུང་གི་ཁྲིམས་རྩོད་པ་བཅས་ཀྱིས་གནད་དོན་དེའི་ཐད་ཞིབ་བཤེར་རིམ་པར་བྱས་ཀྱང་། རྒྱལ་བ་ཀརྨ་པ་མཆོག་ལ་ཉེས་པ་ཡོད་པའི་བདེན་དཔང་ཁ་གསལ་གང་ཡང་བྱུང་མེད་སྟབས། མངའ་སྡེ་གཞུང་གིས་རྒྱལ་བ་ཀརྨ་པ་མཆོག་ལ་སྙོན་འཛུགས་བྱས་པའི་ཉེས་དོན་ཚང་མ་ཕྱིར་འཐེན་ཐོག  ཁོང་གི་མཚན་ཁྲིམས་ཁང་གི་ཉེས་དོན་ཐོ་གཞུང་ནས་ཕྱིར་འཐེན་བྱ་རྒྱུའི་ཐག་གཅོད་བྱས་ཡོད། ” ཅེས་བརྗོད་འདུག

གནད་དོན་འདིའི་ཐད་གསར་འགོད་པས་ཀརྨ་བླ་བྲང་གི་མཁན་པོ་དགའ་དབང་ལགས་སུ་ཁ་པར་བརྒྱུད་གནས་ཚུལ་རྒྱུས་ལོན་བྱུང་པ་ལྟར་ན། སྔར་ལོའི་དོན་རྐྱེན་དེའི་དབང་གིས་རྒྱལ་བ་ཀརྨ་པ་མཆོག་ཁྲིམས་གཏུག་བྱས་ཡོད་སྟབས། ཀརྨ་བླ་བྲང་གིས་རྒྱལ་བ་ཀརྨ་པ་མཆོག་ལ་དངུལ་དངོས་གང་གི་ཐད་ནས་ཀྱང་ནག་ཉེས་མེད་པ་དང་། ཁོང་ཁྲིམས་ཁང་ལ་འགྲོ་མི་དགོས་པའི་ཐད་འབད་བརྩོན་སྣ་མང་བྱས་ཤིང་།  བཙན་བྱོལ་བོད་མིའི་བཀའ་སྤྱི་གཉིས་ཀྱིས་ཀྱང་རྒྱལ་བ་ཀརྨ་པ་མཆོག་གི་མཚན་ཁྲིམས་ཁང་ནས་ཕྱིར་འཐེན་བྱ་རྒྱུར་འབད་བརྩོན་བྱས་མཐར།  ད་ཆར་རྒྱལ་བ་ཀརྨ་པ་མཆོག་གི་མཚན་ཁྲིམས་ཁང་གི་ཐོ་གཞུང་ནས་ཕྱིར་འཐེན་བྱ་རྒྱུ་མངའ་སྡེ་གཞུང་གིས་ཐག་གཅོད་བྱས་པ་ཞིག་ཡིན་འདུག ཡིན་ནའང་།  དངུལ་གྱི་གནད་དོན་དེ་མུ་མཐུད་ཁྲིམས་ཁང་དུ་ཐག་གཅོད་བྱ་རྒྱུ་ལྷག་ཡོད་འདུག

ལོ་སྔོན་མའི་ཕྱི་ཟླ་ ༡ ནང་ཧི་མ་ཅཱལ་མངའ་སྡེའི་ཨུ་ནཱ་(Una) ས་གནས་ཉེན་རྟོག་པས་རྒྱ་གར་བ་གཉིས་ཀྱི་ལག་ནས་ཧིན་སྒོར་བྱེ་བ་ ༡ རྙེད་སོན་བྱུང་ཡོད་པ་དང་། དངུལ་དེ་ཀརྨ་བླ་བྲང་གིས་ས་རིན་དུ་སྤྲད་ཚུལ་བརྗོད་ཡོད་པར་བརྟེན།   མངའ་སྡེ་ཉེན་རྟོག་པས་ངྷ་སའི་ཉེ་འདབས་སུ་ཡོད་པའི་རྒྱུད་སྟོད་དགོན་པའི་ཀརྨ་བླ་བྲང་ལ་སྔོག་བཤེར་བྱས་སྐབས། རྒྱལ་ཁབ་ ༢༦ ཙམ་གྱི་དངུལ་སྒོར་འབོར་ཆེན་(ཧིན་སྒོར་བྱེ་བ་༧ལྷག) ཞིག་ལག་སོན་བྱུང་སྟབས། ཉེན་རྟོག་པས་རྒྱལ་བ་ཀརྨ་པ་མཆོག་དང་འབྲེལ་ཡོད་མི་སྣ་ ༡༠ ལ་ཁྲིམས་འགལ་གྱི་ཉེས་མིང་འོག  ཨུ་ནཱ་ཁྲིམས་ཁང་དུ་གྱོད་དོན་ཁྲིམས་གཏུག་བྱས་ཡོད་པ་རེད། ཁྲིམས་གཏུག་བྱས་རྗེས་རྒྱལ་བ་ཀརྨ་པ་མཆོག་གིས། ཁོང་གིས་ཆོས་ཕྱོགས་ཀྱི་འགན་ཁུར་ཡོད་པ་ལས། བླ་བྲང་གི་ཉིན་རེའི་ལས་དོན་དང་དཔལ་འབྱོར་ཐད་ཐེ་ཇུས་གང་ཡང་མེད་ལུགས་གསུངས་ཐོག  ཨུ་ནཱ་རྫོང་ཁྲིམས་ཁང་བརྒྱུད་རྒྱ་གར་གཞུང་ལ་ཁོང་གི་མཚན་ཉེས་དོན་ཐོ་གཞུང་ (Chargesheet) ནས་ཕྱིར་འཐེན་བྱ་དགོས་པའི་འབོད་སྐུལ་གནང་ཡོད་འདུག་ལ། མངའ་སྡེ་གཞུང་གིས་ཀྱང་ཨུ་ནཱ་ཁྲིམས་ཁང་ལ་རྒྱལ་བ་ཀརྨ་པ་མཆོག་གི་སྙན་ཞུ་དེར་བསམ་གཞིག་བྱ་དགོས་པའི་སྐུལ་མ་བཏང་ཡོད་འདུག གནད་དོན་དེའི་ཐད་ཀརྨ་བླ་བྲང་གི་མགྲིན་ཚབ་པ་མགོན་པོ་ཚེ་རིང་ལགས་ཀྱིས་གསར་ལམ་ཁག་ཏུ། “ང་ཚོར་དང་ཐོག་ནས་རྒྱ་གར་ཁྲིམས་ལུགས་ལ་ཡིད་ཆེས་ཡོད། རྒྱ་གར་གཞུང་གིས་རིམ་བཞིན་རྒྱལ་བ་ཀརྨ་པ་མཆོག་ལ་ཉེས་པ་གང་ཡང་མེད་པའི་མཇུག་སྡོམ་རྒྱག་གི་ཡིན་པ་ཤེས་ཡོད།” ཅེས་བརྗོད་ཡོད་པ་རེད།

ཀརྨ་བླ་བྲང་གི་དངུལ་འབོར་ཆེན་དེ་དག་འཛམ་གླིང་ས་ཕྱོགས་སོ་སོ་ནས་ཡོང་པའི་རྒྱལ་བ་ཀརྨ་པའི་རྗེས་འཇུག་དད་ལྡན་མང་ཚོགས་དང་ཆོས་ཞུ་བ་ཚོས་ཕུལ་བ་ཞིག་ཡིན་པར་བརྗོད་པ་ལྟར།  རྒྱ་གར་གཞུང་གིས་དངུལ་དེ་དག་གི་ཡོང་ཁུངས་ཀརྨ་བླ་བྲང་གིས་བརྗོད་པ་ལྟར་ཆོས་ཞུ་བ་དག་གིས་ཕུལ་ཡོད་པ་ར་འཕྲོད་བྱུང་ཡོད་པའི་གསལ་བསྒྲགས་བསྐྱངས་ཡོད་པ་མ་ཟད།  སྐུ་ཞབས་སེན་ལགས་ཀྱིས་ཐེངས་འདིའི་མངའ་སྡེ་གཞུང་གི་ཐག་གཅོད་དེ་ནི། ནང་སྲིད་དང་ཁྲིམས་དོན་བློན་ཆེན་ལས་ཁུངས་གཉིས་ཀྱི་དགོངས་ཚུལ་ལ་ཉན་ཏེ་ཐག་གཅོད་བྱས་པ་ཞིག་ཡིན་པར་བརྗོད་ཡོད།

ད་ལོའི་ཕྱི་ཟླ་ ༣ ཚེས་ ༡༠ ཉིན་རྒྱལ་བ་ཀརྨ་པ་མཆོག་དང་གཞན་མི་ ༩ རྣམས་ཨུ་ནཱ་ཁྲིམས་ཁང་དུ་ཡོང་དགོས་པའི་བཀའ་བཏང་ཡོད་འདུག་ལ། སྐབས་དེར་རྒྱལ་བ་ཀརྨ་པ་མཆོག་རྡོ་རྗེ་གདན་དུ་ཕེབས་ཏེ་ཁྲིམས་ཁང་ལ་བཅར་ཐུབ་མེད་པའི་ཐད། ཀརྨ་བླ་བྲང་གིས་རྒྱལ་བ་ཀརྨ་པ་མཆོག་རྡོར་གདན་དུ་ཕེབས་རྒྱུ་དུས་ཡུན་རིང་པོའི་སྔོན་ནས་ལས་འཆར་བསྒྲིགས་ཟིན་ཡོད་སྟབས།  ཁྲིམས་ཁང་དུ་ཕེབས་མ་ཐུབ་པའི་སྐོར་གསལ་བཤད་བྱས་ཡོད་འདུག

གསར་འགོད་པ། བནྡེ་སྐྱབས།

འབྲེལ་ཡོད་གསར་འགྱུར།

སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

ཆུ་ཚོད་ ༥ སྔོན་ལ།
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

ཆུ་ཚོད་ ༧ སྔོན་ལ།
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

ཆུ་ཚོད་ ༨ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

ཆུ་ཚོད་ ༨ སྔོན་ལ།
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

ཆུ་ཚོད་ ༩ སྔོན་ལ།
བྷི་རུའུ་ཁིན་སི་བསམ་མཛོད་བསྟི་གནས་ཁང་དུ་བོད་དོན་བཞུགས་མོལ་ཚོགས་འདུ་འཚོགས། ༢༠༢༥།༠༥།༠༧ སྲིད་སྐྱོང་གི་ངོ་དེབ་ཀྱི་པར།
Mobile App

སྲིད་སྐྱོང་མཆོག་གིས་ཨ་རིའི་གྲོས་ཚོགས་མི་སྣ་ཁག་ཅིག་ལ་མཇལ་འཕྲད་གནང་།

ཆུ་ཚོད་ ༩ སྔོན་ལ།

མཆན། 24

  1. འཇམ་དཔལ་སྒྲ་དབྱངས། says:
    ལོ་ 13 སྔོན།

    ཡག་པོ་རེད་ལས་བྱེད་ཚོའི་ལས་ཀ་ཡག་པོ་གནང་དགོས་རེད་

    Reply
  2. བློ་བཟང་། says:
    ལོ་ 13 སྔོན།

    རང་གི་ངོས་ནས་གང་ཡང་མ་འཇོན་བཞིན་དུ། གོང་གི་ལས་བྱེད་ལ་ངན་སྨད་བྱེད་པ་ནི་རང་ཅག་རྣམས་ཀྱི་ལུགས་ངན་པ་དེ་ཡིན།

    Reply
  3. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    ཉེས་པ་མེད་པའི་དཀར་འདོན་ལ་རྗེས་སུ་ཡི་རང་ཞུ། །

    Reply
  4. ཤེལ་དཀར་བློ་བཟང་དངོས་གྲུབ། says:
    ལོ་ 13 སྔོན།

    བཟང་ཕྱོགས་གཏམ་སྙན་གཅིག་ཙམ་ཐོས་པས་ཀྱང་།།
    ཁོ་བོའི་བློ་ཆུང་རབ་ཏུ་དགའ་བར་འགྱུར།།

    Reply
  5. འཕྲིན་ལས། says:
    ལོ་ 13 སྔོན།

    དྲ་གྲོགས་མང་པོ་ཞིག་ནས་འདིར་བརྗོད་རྒྱུ་མ་རྙེད་པ་འདྲ་བོ་བླ་བྲང་གི་ལས་བྱེད་དང་འབྲེལ་ཡོད་ཁ་ཤས་མིང་སྨྲོས་ནས་སྐྱོན་བརྗོད་དང་། སྡིག་སྨོད་བྱེད་པ་ནི་ཡ་རབས་ཚུལ་མཐུན་ཞིག་མ་ཐོང་བས་དེ་ལུགས་དྲ་གྲོགས་རྣམས་ནས་དགོངས་པ་ཟབ་བཞེས་ཀྱིས་མཆན་བཀོད་པ་ལས་དྲ་རྒྱ་བཙོག་པ་མ་བཟོ་རོགས། །

    Reply
  6. ལྷ་སའི་འཁྱམ་ཕྲུག says:
    ལོ་ 13 སྔོན།

    དྲང་པོས་གཞུང་གསང་ན།། སྒོ་ངས་རྟ་ཁྱོག་ཟེར།།
    སྔོན་མའི་འབྱུང་ཚར་བའི་གནས་ཚུལ་འགའ་ལ་སླར་ཡང་ནད་རྙིང་སླང་ནས་ནང་ཁུལ་དབར་ལ་རྙོག་དྲ་ཟོས་ནས་ཕན་ཡོན་ཅེ་ཡང་མེད། དོན་མེད་འཆལ་གཏམ་སྐྱུར་ནས་མི་རིགས་མཐུན་སྒྲིལ་ཡོང་བར་འབད་རྕོན་དགོས་པ་གལ་གནས་ཆེ། གང་བྱུང་ཁ་ནས་དོན་མེད་ཅ་ཅོ་མ་སྒྲགས་ན་ལེགས། རང་དགོས་འགན་ལ་འཁྲིད་པའི་ལས་འགན་རྩེ་རོ་ཞོག

    Reply
  7. གངས་ཅན་པ། says:
    ལོ་ 13 སྔོན།

    ཀརྨ་པའི་བླ་བྲང་གི་ཕྱག་མཛོད་བོད་སྐད་ཙམ་ཡང་མེ་ཤེས་མཁན་དེ་དང་བ་ཡེ་ཀརྨ་ཟེར་བ་དེ་གཉིས་ནས་བོད་པ་གསར་འབྱོར་བ་ལ་ཤིན་ཏུ་ནས་བདང་པོ་ཡོད་པའི་གནས་ཚུལ་གོ་རྒྱུ་འདུག དེ་སྔོན་དོན་གང་ཡང་མེད་པར་བླ་བྲང་གི་ལས་བྱེད་པ་གསར་འབྱོར་བ་དྲུག་དུས་གཅིག་ཏུ་བླ་བྲང་ནས་ཕྱིར་འབུད་བྱས་འདུག་པའི་གནས་ཚུལ་འདུག

    Reply
  8. འགྱུར་མེད་བསྟན་འཛིན། says:
    ལོ་ 13 སྔོན།

    སྐྱོ་བའི་གནས་ཚུལ་སྐྱ་བྲག་དགའ་བས་བཟོས།། བསྟན་པ་བཤེགས་མཁན་བསྟན་རྣམ་མཁན་པོ་རེད།། མགོ་རྣ་མེད་པ་མགོན་པོ་དྲུང་ཡིག་གིས།། ཀརྨ་པ་ཡི་དཀོར་མཛོད་རྐུ་མཛོད་བཟོས།། ཕྱག་མཛོད་ཀླད་མེད་ཕྱི་རྒྱལ་ཡུལ་དུ་བྲོས།། ཤག་ཏི་བླ་མས་ཤག་ཤག་ཟ་བཞིན་ལུས།། བྷ་ཡེ་ཀརྨ་མས་སྦས་པའི་ཚོགས་པ་ཡིས།། མི་རིགས་བར་དུ་ལྷག་པའི་རྙོག་དྲ་བཟོས།། འཆི་རྒྱུ་མེད་པའི་འཆི་མེད་མགྲོན་གཉེར་གྱིས།། ཡིག་ཁུག་དམར་པོ་ཟོས་ནས་མཇལ་ཁ་བསྟན།། དེ་ལྟར་སྐྱོ་བའི་རྣམ་མཐར་རྒྱས་པ་དེ།། ཉིན་མཚན་བཅུ་ལ་བཤད་ཀྱང་རྫོགས་ཐབས་མེད།།

    Reply
  9. ཐོ་རེངས། says:
    ལོ་ 13 སྔོན།

    ཀ་ནས་དག་པའི་ཨ་ཁུ་ཡིན་རབ་མེད། །
    ཁ་ཆག་སྣ་རལ་བཤད་རྒྱུ་གཏམ་རྒྱུ་ཆེ། །
    ག་ས་ག་ལ་གྲགས་པའི་བདེན་གཏམ་འགའ། །
    ང་ཚོས་མ་ཐོས་བསམ་པ་གཅིག་ཀྱང་མེད། །

    ཅ་ཅོ་མ་འུར་འགྱུར་མེད་བསྟན་འཛིན་ལགས། །
    ཆ་མེད་རྣམས་ཀྱིས་ཅི་བཤད་ག་ལེར་ཉོན། །
    ཇ་མ་གཉེར་བའི་མགོ་ལ་ནག་མ་འཇོག །
    ཉ་ཉོག་རྩོད་པ་མ་སློང་བདེ་མོར་བཞུག །

    ཏ་ལའི་བླ་མའི་བཀའ་དྲིན་གཞལ་དུ་མེད། །
    ཐ་ཚིག་ཅི་གསུང་དང་དུ་ལེན་ཤེས་མཛོད། །
    ད་དུང་བརྩི་བཀུར་ཞབས་ཞུ་དང་ལེན་གྱིས། །
    ན་ཚའི་སྨན་ལ་འདི་ཡན་བཙལ་དུ་མེད། །

    པ་སངས་ལྟར་དཀར་བདག་གི་རེ་འདུན་འདི། །
    ཕ་ཅིག་བླ་མ་དམ་པའི་ཞལ་གདམ་བཞིན། །
    བ་དན་བཞིན་དུ་སྤྱི་བོའི་གཙུག་ལ་བརྟེན། །
    མ་དག་ཁྱེད་ལ་སྨན་པའི་སྨོན་ལམ་ཡོད། །

    ཙ་འཕྲུ་ཙམ་ཞིག་བཤད་རྒྱུ་མེད་ན་ཡང་། །
    ཚ་བའི་ནད་ལ་ག་བུར་བསྟེན་པཞིན། །
    ཛ་དྲག་རི་ལུང་འུར་གྱིས་བཀང་འདོད་པའི། །
    ཝ་མོའི་ངར་སྐད་སྒྲོག་དོན་ཅི་ཞིག་ཡིན། །

    ཞ་མདོག་རྩོད་ལ་དགའ་བའི་བསྟན་བཤིག་ཚོ། །
    ཟ་འདོད་ཉ་བདའ་ལས་ཀྱང་སྡིག་པ་ཆེ། །
    འ་ཆད་འུ་ཐུག་ངང་ནས་རྒྱུ་འབྲས་དོར། །
    ཡ་གི་སངས་རྒྱས་བསྟན་པའི་གྲྭལ་ནས་བུད། །

    ར་ལྟར་གྱོང་བའི་རང་གཤིས་ཅི་འདུལ་གྱིས། །
    ལ་ལུང་ཀུན་ལ་མ་འཁྱམ་ལྷོད་པོར་སྡོད། །
    ཤ་ཟ་ཁྲག་འཐུང་མི་དགེའི་སྡིག་ལ་འཛེམས། །
    ས་ཆ་མདོ་དབུས་མ་རྩོད་བག་ཡང་མཛོད། །

    ཧ་ལམ་གོ་བ་ལོག་པ་འགྱུ༵ར་མེ༵ད་པའི། །
    ཨ་ཕྱི་བདུད་ཀྱི་བསྟ༵ན་པ་འཛི༵ན་མཁན་འདྲ། །

    Reply
  10. སྟོང་ལྡན་འོད་དཀར། says:
    ལོ་ 13 སྔོན།

    མི་ངན་སྐྱོ་བྲག་དགའ་དབང་དེས། ད་བར་དཔའ་མཚུར་བར་ལ་དཀྲུགས་དཀྲུགས་ནས་ད་ལྟ་བྱེད་རྒྱུ་མ་རག་ནས་བསྡད་ཡོད། ཁོའི་ཁ་ནས་ཐོན་ཚད་དཀྲུགས་ཤིང་གི་སྐད་ཆ་མ་ཡིན་པ་སྣ་གཅིག་མེད། མི་ངན་འདི་རིགས་མུ་མཐུད་སྐུ་མདུན་དུ་ཡང་ཡང་དབེན་སྦྱོར་གྱི་ལས་ལ་ངན་གོམས་ཤོར་ཚེ་ཀརྨ་པ་ཡང་ཉིན་གཅིག་ཁོ་ཚོའི་ཚོང་རྫས་ཤིག་ཏུ་འགྱུར་རྒྱུ་གདོན མི་ཟ། དེས་ན་ཀརྨ་པ་ལ་ཤ་ཞེན་ཡོད་མཁན་ཚོས་གཟིགས་ན་ངས་སྐད་ཆ་ལ་བདེན་ཁ་བསྟེར་ངེས་ཡིན།

    Reply
  11. འགྱུར་མེད་བསྟན་འཛིན། says:
    ལོ་ 13 སྔོན།

    ད་ཐེངས་དཀར་འདོན་ཆགས་པ་དེ་དངོས་གནས་ཡག་པོ་རེད། ད་དུང་ཀརྨ་བླ་བྲང་ལ་སྐྱོ་བྲག་དགའ་དབང་དང་བྷ་ཡེ་ཀརྨ་ལྟ་བུ་ཕྱོགས་རིས་ཀྱི་མིག་ཞར་བའི་མི་ངན་དེ་ཚོ་ཕྱིར་མ་བཏང་ན་ཀརྨ་པའི་མཚན་སྙན་དེ་ཐུར་ནས་ཐུར་དུ་ཁྲིད་ཀྱི་འདུག

    Reply
  12. འགྱུར་མེད་བསྟན་འཛིན། says:
    ལོ་ 13 སྔོན།

    ཐོ་རེངས་ཟེར་བ་ཁྱོད་ཀྱིས་གང་ཟུར་ཟ་བྱ་གི་ཡོད། ད་ཐེངས་ཀརྨ་པ་ནག་པོ་ལ་དཀར་པོ་བཟོས་བ་མ་ཡིན་པར། དཀར་པོ་ལ་ནག་པོ་བཟོས་བ་དེ་ཡང་བསྐྱར་དཀར་པོ་བཟོས་བ་རེད། དེ་ལ་ལ་ལྐོག་བརྔན་སྤྲད་ནས་བཟོས་བ་མ་ཡིན་པར་གོང་ས་མཆོག་དང་བོད་གཞུང་དམངས་གཉིས་ཀྱིས་བདེན་པ་དཀར་འདོན་བྱས་ནས་ཀརྨ་པ་ལ་མ་ཉེས་ཁ་གཡོགས་བྱས་པ་དེ་ད་ཐེངས་དཀར་པོ་ཆགས་པ་རེད། དེ་ནི་གོང་ས་མཆོག་དང་བཀའ་སྤྱི་གཉིས་བོད་མི་མང་གི་བཀའ་དྲིན་ཉག་ཅིག་ལས་གཞན་སུ་གང་ཞིག་འཇོན་ནས་ཁོང་དཀར་པོ་ཆགས་པ་མ་རེད། ཐོ་རེངས་ཀྱིས་གནས་ཚུལ་དེ་མཁྱེན་དགོས།

    Reply
  13. ནད་པ says:
    ལོ་ 13 སྔོན།

    ཀརྨ་པ་ཞེས་བོད་ཀྱི་བླ་ཆེན་འདི།།
    ཁ་ཙམ་མིན་པར་དད་པས་མཇལ་མཁན་མང་།།
    ག་ས་གང་ནས་དངུལ་གྱི་འབུལ་རྟེན་ཕུལ།།
    ང་ཡི་བླ་མར་མ་ཉེས་ཁ་གཡོག་ཕོག།

    ཅ་ཅེ་ཅོ་ལེའི་བླ་བྲང་ཕྱག་མཛོད་ཚོས།།
    ཆ་ཆེ་ཆོ་ལོའི་ལས་དོན་སྒྲུབ་ཁུལ་བྱས།།
    ཇ་ཆང་ལོངས་སྤྱོད་མེད་པར་རྙོག་དྲ་ལྷག།
    ཉ་མོ་ལྕགས་ཀྱུའི་ཨ་ལོང་ནང་དུ་ཚུད།།

    ཏྰ་ལའི་བླ་མའི་ཐུགས་བརྩེའི་གཟིགས་བསྐྱངས་དང་།།
    ཐ་མལ་བོད་འབངས་ཡོངས་ཀྱི་དད་གུས་ལས།།
    ད་ལྟའི་དུས་སུ་དཀའ་ངལ་ཅི་འཕྲད་ཀྱང་།།
    ན་གཞོན་བླ་མའི་སྙིང་སྟོབས་རྒྱས་གྱུར་ཅིག།

    པ་པྰ་དྲིན་ཆེན་རྒྱང་རིང་ཡུལ་དུ་ལུས།
    ཕ་ཡུལ་གངས་ལྗོངས་དྲན་པའི་ཡུལ་དུ་གྱུར།།
    བ་མཛོ་སྒོ་ཕྱུགས་བོད་ཀྱི་འབྲོག་པའི་ས།།
    མ་ཡུམ་སྐྱིད་པའི་སྨན་ལྗོངས་འདི་ཨེ་མ།།

    ཙ་རིའི་གནས་ལས་ལྷག་འཕགས་ཡུལ་འདིར།།
    ཚ་གྲང་ངལ་བའི་འཁུར་ཆེན་ཕྲག་པར་གཏེགས།།
    ཛ་དྲག་བོད་ཀྱི་དཀའ་ངལ་འདི་སྐྱོབ་ཆེད།།
    ཝ་ལྟར་གཡོ་ཅན་རྒྱ་དམར་འདི་དམད་དགོས།།

    ཞྭ་མོ་བཞིན་དུ་ཀུན་གྱི་མགོ་རྩེར་བཞག།
    ཟ་མ་ཞིམ་ཚད་ཡོད་ཚད་ཁྱེད་ལ་འབུལ།།
    འ་ཛི་བོད་མིའི་ལས་དབང་ཇི་སྙམ།།
    ཡ་རབས་གོང་མའི་རྣམ་ཐར་ཁྱེད་སྐྱོང་མཛོད།།

    རྭ་བས་བསྐོར་བའི་གངས་ལྗོངས་ཆོས་ལྡན་ཞིང་།།
    ལ་ལུང་ཁྲི་སྟོང་མང་པོའི་ས་ཆོད་ཀྱང་།།
    ཤ་ཚའི་སྙིང་ཉེའི་གཞི་བྱེས་བོད་འབངས་ཀྱི།།
    ས་བརྟན་བདེ་སྐྱིད་ཡོང་བར་ཐུགས་འཇགས་འཚལ།།

    ཧ་ཧ་དགོད་པའི་གད་མོ་འཆོར་མཁན་ཚོ།།
    ཧི་ཧི་བགད་པའི་དགྱེས་ཉམས་སྟོན་སྟོན་མཁན་ཚོ།།
    ཨ་མ་གངས་ཅན་ཕ་རབས་བུ་བརྒྱུད་ཚོ།།
    ཨ་ཙི་རྡོག་རྩ་གཅིག་ཏུ་བསྒྲིལ་ཤོག་ཨང་།།

    ཀ་ནས་ཨ་བར་ཀ་བཤད་བྲིས་ཁུལ་ངལ།།
    ཁ་ནས་གང་ཐོན་ཡིད་ལ་བསམ་ཚད་ཐལ།།
    ཀི་ཀི་སྭོ་སྭོ་རང་བྱུང་ཀརྨའི་འཕྲེང་།།
    མཛད་འཕྲིན་ལྷ་བརྒྱལ་སྐུ་ཚེ་ཞབས་བརྟན་གསོལ།།

    Reply
  14. ཁམས་པ། says:
    ལོ་ 13 སྔོན།

    ཀརྨ་པའི་བླ་བྲང་སྐྱོ་བྲག་དགའ་དབང་ལྟ་བུའི་མི་ཕྲག་དོག་ཅན་དང་ཕྱོགས་རེས་ཅན་གྱིས་བཟུང་སོང་ན་གྱོང་རྒུད་རེད།

    Reply
  15. འགྱུར་མེད་བསྟན་འཛིན། says:
    ལོ་ 13 སྔོན།

    ཀརྨ་བླ་བྲང་གི་དད་རྫས་རྣམས་མི་ཁ་ཤས་དང་ཁྱིམ་ཚང་ཁ་ཤས་ཀྱི་སྒེར་བདག་མི་བྱེད་པར་ནང་བསྟན་ཆོས་ལུགས་དང་མི་རིགས་སྐད་ཡིག་སོགས་ཀྱི་ཆེད་དུ་བཏང་ཐུབ་ན་ཡག་པོ་རེད། ཀརྨ་པ་དེ་མི་རིགས་ཞིག་གི་ལོ་རྒྱུས་ནང་གི་ཚད་མཐོ་བའི་གོ་ས་དང་ལོ་རྒྱུས་རིང་པོ་ཡོད་པའི་མི་རིགས་ཤིག་གི་བླ་མ་ཡིན་པ་ལས་ཁྱིམ་ཚང་ཁ་ཤས་དང་གང་ཟག་ཁ་ཤས་ཀྱིས་སྒེར་བདག་བྱ་ནས་ཡོང་སྒོ་འཚོལ་ས་ཞིག་མ་ཡིན་པའི་ས་མཚམས་དེ་ལེགས་པར་ངོས་ཟིན་དགོས།

    Reply
  16. འབྲོང་བུ་སོག་ཚ། says:
    ལོ་ 13 སྔོན།

    ལོག་སྤྱོད་པས་དངོས་ཤུག་རྒྱུད་གསུམ་ནས་འབད་བརྩོན་གྱི་རྒྱལ་བ་ཀརྨ་པ་དེ་ཉིད་ཆེས་ཐ་ཤལ་ཞིག་ཏུ་བསྒྱུར་རྩིས་བྱས་ཀྱང་། རྒྱ་གར་ནི་རྒྱ་ནག་དང་མི་འདྲ་བ་ཁྲིམས་ཀྱིས་སྐྱོང་བའི་དམངས་གཙོའི་རྒྱལ་ཁབ་ཞིག་ཏུ་སོང་། ལུགས་མཐུན་གསེར་བཅད་བརྡར་གསུམ་བྱས་པའི་འབྲས་བུར་རྒྱལ་བ་ཀརྨ་པ་དེ་ཉིད་ནམ་མཁའ་གཡའ་དག་དང་། ས་གཞི་རྡུལ་དག་ཏུ་གྱུར་པའི་བཀའ་ཁྱབ་གནང་བར་རྒྱ་གར་དབུས་སའི་གཞུང་དང་། མི་མང་། དེ་བཞིན་བཙན་བྱོལ་བོད་གཞུང་སོགས་ལ་བཀའ་དྲིན་བླ་མེད་དུ་ཆེ་ཞུ་རྒྱུ་དང་། སླད་ཀྱང་མགོ་ལུས་ཡ་བྲལ་དུ་མ་སོང་བའི་ཐོག་ནས་རོགས་མགོན་སྐྱབས་སྲུང་གནང་ན་བོད་བསྟན་སྲིད་ཆགས་འཇིག་གི་དུས་འདིར་སྤྱི་སྒེར་ཚང་མར་ཕན་ཐོག་ཆེ་བ་ལོང་བས་བལྟས་ན་ཁམས་གསུམ་གསལ་བར་གདོན་མི་ཟའོ།

    Reply
  17. སྒ་ཚེ་བྷོ། says:
    ལོ་ 13 སྔོན།

    དྲ་གྲོགས་མང་པོ་ཞིག་གིས་རྩོམ་སྒྲིག་པ་ཆེན་མོ་དོན་གྲུབ་བཀྲ་ཤིས་གུང་སེང་དུ་སོང་ཤུལ་ནས་རྩོམ་སྒྲིག་ལས་རོགས་ཚེ་རིང་རྒྱལ་གྱིས་དུས་བབ་ཚང་གི་ངོ་གདོང་སྦག་བཙོག་བཟོས་སོང་ཟེར་བཞིན་འདུག་ཀྱང་། ངས་ཡིག་ནོར་དང་དོན་ནོར་མང་བ་དེ་ཞེ་དྲག་འཚབ་ཆེན་པོ་ཞིག་ཏུ་བརྩི་གི་མེད། འོན་ཀྱང་ཁ་སང་དེ་རིང་ཞིག་ལ་དུས་བབ་ཚང་གི་གསར་འགྱུར་ནང་གི་ཚིག་འགྲོས་བལྟས་བལྟས་རིག་རིག་ལ་ཇེ་སྡུག་ཏུ་ཕྱིན་སོང་། དེ་ནི་དུས་བབ་ཉམས་ཆག་ཟེར་ན་འདྲ་ལས་བྱེད་ཚོའི་འཐུས་ཤོར་ཟེར་ན་ཡང་འདྲ། བཙན་བྱོལ་སྤྱི་ཚོགས་ནང་མཐོང་དང་ཆ་འཇོག་ཡོད་པའི་གསར་འགྱུར་བརྒྱུད་ལམ་འདི་ལ་གསབ་ཏུ་མེད་པའི་སྣ་རལ་བཟོས་པའི་གྱོང་གུད་ཆེན་པོ་ཞིག་རེད། དེ་ལ་རྩོམ་སྒྲིག་ལས་རོགས་ཚེ་རིང་རྒྱལ་མཆོག་གིས་ཐུགས་ཉམས་འཇོག་དགོས་ས་གལ་ཆེན་ཞིག་རེད། དེ་བཞིན་དུ་བཀུར་འོས་དུས་བབ་ལས་བྱེད་རྣམ་པ་ཡོངས་ཀྱིས་ཐུགས་སྣང་གནང་དགོས་ས་ཞིག་ཏན་ཏན་རེད་དྲན་གྱི་འདུག།

    Reply
  18. ཐོ་རེངས། says:
    ལོ་ 13 སྔོན།

    ཨོ་ཀརྨ་པ་རྒྱ་གར་ཁྲིམས་ཁང་ནང་དུ་ཁྲིམས་གཏུགས་བྱེད་སར་འགྲོ་མི་དགོས་པར་གྱུར་ཡོད་ན་ཡག་པོ་རེ། བཀྲ་ཤིས་བདེ་ལེགས་ཞུ། །
    མ་གཞི་བྱ་བ་རྙོག་འཛིང་ཅན་ཞིག་བྱུང་ཟིན་པ་མངོན་གསལ་རེད། འདི་ལ་ཡག་བརྫོད་དང་ལེགས་བཅོས་སོགས་བྱེད་རྒྱུ་ཅི་ཡོད། མ་ཟད་ད་སྐབས་འདིའི་ཐད་ལ་མང་ཚོགས་མགོ་སྐོར་ཀྱི་སྐད་ཆད་སྙན་པོ་མ་ཅི་མང་བཤད་ཀྱང་། གནས་ལུགས་དང་བདེན་དོན་གང་ཡིན་རྟོགས་དཀའ། རྒྱ་གར་གྱིས་ལས་བྱེད་པ་ཚོ་ནི་ལྐོག་ཟ་རུལ་ཚོང་བྱེད་མཁན་འཛམ་གླིང་སྐད་གྲགས་ཆོས་པ་འདི་རེད། སྒོར་མོ་འགའ་རེ་སྤྲད་ན་ལས་ཅི་བསྒྲུབས་བསྒྲུབ་ཡིན་རྒྱུ་རེད། བདེ་མོར་བཞུགས་རོགས།

    Reply
  19. གངས་རྡེའུ། says:
    ལོ་ 13 སྔོན།

    རྟེན་འབྲེལ་ཞུ་༸རྒྱལ་བ་ཀརྨ་པ་རྒྱལ་གྱུར་ཅིག

    Reply
  20. གངས་ཕྲུག says:
    ལོ་ 13 སྔོན།

    དེ་འདྲ་བྱས་བ་ཡག་པོ་འདུག་ཀརྨ་པ་རྒྱལ་གྱུར་ཅིག

    Reply
  21. དབུས་སྟོད་ཀྱི་སྐྱ་རེང་། says:
    ལོ་ 13 སྔོན།

    ༧གོང་ས་མཆོག་དང་རང་གཞུང་ཐུགས་རྗེ་ཆེ། ད་ཀརྨ་བླ་བྲང་ནས་ཀྱང་ཉམས་མྱོང་གི་བརྒྱུད་རིམ་འདི་ལ་བརྟེན་ནས་དངུལ་དངོས་རྣམས་སྤྱི་ཚོགས་བདེ་རྩར་ཐད་གཏོང་ཐུབ་ན་བླ་མའི་སྐུ་ཚེ་བརྟན་ཅིང་མཛད་འཕྲིན་རྒྱས་ཏེ་རིས་མེད་བོད་མི་ཡོངས་ཀྱིས་ལག་གཉིས་ཐལ་མོ་སྦྱར་བའི་ཡུལ་དུ་འགྱུར་ངེས།

    Reply
  22. འགྱུར་མེད་བསྟན་འཛིན། says:
    ལོ་ 13 སྔོན།

    ལོ་སྔོན་མ་རྒྱལ་དབང་ཀརྨ་པ་མཆོག་ལ་མ་ཉེས་ཁ་གཡོག་བྱས་པ་དེ་མར་འཐེན་ཐུབ་པ་དེ་གོང་ས་མཆོག་དང་བོད་གཞུང་བཀའ་སྤྱི་གཉིས་ཀྱིས་སྒོ་གང་ས་ནས་འབད་བརྩོན་གནང་བའི་བཀའ་དྲིན་ཁོ་ན་རེད། ཡག་པོ་བྱུང་འདུག བཀའ་དྲིན་ཆེ། ད་དུང་ཀརྨ་བླ་བྲང་ནང་གི་མི་ངན་ངན་བྱུས་ཅན་དེ་ཚོ་རིམ་བཞིན་གཙང་མ་བཟོ་ནས་ཤེས་འཇོན་གཉིས་ལྡན་གྱི་མི་སྣ་འདེམས་སྒྲུག་བྱ་ན་ཀརྨ་པ་དེ་བོད་མི་རིགས་ལ་མཁོ་བའི་བླ་མ་ཞིག་ཏན་ཏན་ཆགས་ངེས་རེད།

    Reply
  23. མི་རྒོད། says:
    ལོ་ 13 སྔོན།

    འདི་ཨེ་ཤ་ཡ་རང་དབང་རླུང་འཕྲིན་དྲྭ་བ་ནས་གོ་སོང་བཀྲིན་ཆེ།།
    ༧རྒྱལ་དབང་ཀརྨ་པ་རིན་ཆེན་འདི་བོད་མི་རིགས་སྲོག་སྙིང་ཡིན་པ་དང་། ༧ མགོན་ཡིན་བཞིན་ནོར་བུས་བྱིན་རླབས་ཀྱིས་མྱོང་བ་ཡང་འཇུག་ཡོད་པས་ང་ཚོའི་གཅེས་ནོར་གལ་ཆེ་གཅིག་དེ་ཡིན་པ་ཤེས་དགོས་པ་དང་། ཤེས་ནས་དད་དམ་གཡོ་མེད་དུ་གནས་པ་བྱེད་དགོས། དེང་ཉག་ཕྲའི་དུས་སུ་གལ་ཆེ་ཡིན། མི་ང་ནི་བློ་གཟུར་པོ་གནས་ནས་སྨྲ་བརྗོད་རང་དབང་ལ་འབད་དགའ་བྱེད་པ་ཞིག་ཡིན་པས་རྣ་བ་ཞོག་དགོས།།

    Reply
  24. nyimadhondup says:
    ལོ་ 13 སྔོན།

    ༸རྒྱལ་དབང་ཀརྨ་པ་རྒྱས་རྒྱུར་ཅིག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese