ཁ་སང་གཟའ་ཕུར་བུའི་ཉིན་ཨ་རི་དང་ཉི་ཧོང་བར་དམག་དོན་སྐོར་གྱི་གྲོས་ཆོད་ཅིག་བཞག་སྟེ། ཉི་ཧོང་མཚོ་གླིང་དུ་རྟེན་གཞི་བྱེད་པའི་ཨ་རིའི་མཚོ་དམག་ ༩༠༠༠ ཕྱིར་འཐེན་བྱ་འཆར་ཡོད་འདུག
ཕྱི་ཚེས་ ༢༦ ཉིན་ཨ་རི་དང་ཉི་ཧོང་རྒྱལ་ཁབ་གཉིས་ཀྱིས་དམག་དོན་སྐོར་གྱི་གྲོས་ཆོད་གསར་པ་ཞིག་ལ་མིང་རྟགས་བཀོད་དེ།ཉི་ཧོང་ལྷོ་ངོས་ཨོ་ཁེ་ནཱ་ཝ་ (Okinawa) མཚོ་གླིང་དུ་ཡོད་པའི་ཨ་རིའི་མཚོ་དམག་༩༠༠༠ ཕྱིར་འཐེན་བྱ་འཆར་བྱས་ཡོད་ཀྱང་། ད་དུང་ཨ་རིའི་མཚོ་དམག་ཁྲི་ ༡ ཙམ་མུ་མཐུད་མཚོ་གླིང་དེར་གནས་ཡོད་འདུག བདུན་ཕྲག་རྗེས་མར་ཉི་ཧོང་སྲིད་བློན་ནཱོ་ཌ་ (Yoshihiko Noda) དང་ཨ་རིའི་སྲིད་འཛིན་ཨོ་བྷ་མ་ཐུག་འཕྲད་ཀྱིས། ཕྱོགས་གཉིས་ཀྱི་མཉམ་ལས་དང་རྩོད་རྙོག་གཙང་སེལ་ཡོང་རྒྱུའི་གྲོས་བསྡུར་བྱ་འཆར་ཡོད་འདུག་ལ། ཐེངས་འདིའི་གྲོས་ཆོད་དེ་ནི།མགོ་ཁྲིད་གཉིས་ཀྱི་གྲོས་བསྡུར་ལ་སྔོན་འགྲོའི་ཁོར་ཡུག་བསྐྲུན་པ་ཞིག་ཡིན་འདུག
ཨོ་ཁེ་ནཱ་ཝ་མཚོ་གླིང་དུ་རྟེན་གཞི་བྱེད་པའི་ཨ་རིའི་མཚོ་དམག་དེ་དག་ནི། བྱང་ཀོ་རེ་ཡ་དང་རྒྱ་ནག་གི་དམག་དོན།དེ་བཞིན་ཞི་བདེ་རྒྱ་མཚོའི་མངའ་ཁོངས་རྩོད་རྙོག་བཅས་ལ་དམིགས་པ་ཞིག་ཡིན་ཞིང་། ༡༩༤༥ ལོར་ཨོ་ཁེ་ནཱ་ཝ་མཚོ་གླིང་དུ་ཉི་ཧོང་དང་ཨ་རིའི་བར་དམག་འཁྲུག་བྱུང་སྟེ། མཚོ་གླིང་དེའི་མི་སེར་ཁྲི་ ༡༠ ཙམ་རྐྱེན་ལམ་དུ་ཕྱིན་ཡོད་པར་ཚོད་དཔག་བྱས་ཡོད་ལ།མཐར་དམག་འཁྲུག་ཁྲོད་ཉི་ཧོང་ལ་ཕམ་ཉེས་བྱུང་སྟེ།མཚོ་གླིང་དེ་ཨ་རིས་བདག་བཟུང་བྱས། ༡༩༧༢ལོར་ཨ་རིས་མཚོ་གླིང་ཕྱིར་ཉི་ཧོང་ལ་སྤྲད་ཡོད་ཀྱང་།མཚོ་གླིང་དེར་ཡོད་པའི་ཨ་རིའི་མཚོ་དམག་གི་རྟེན་གཞི་མུ་མཐུད་གནས་ཡོད།
ས་འདི་ནས་ཇར་པན་གྱི་མི་སེར་ཁྲི་ཕྲག་མང་པོ་ཨ་རིས་བསད་པ་རེད་་་་ཡིན་ནའང་དེང་སང་ལག་དམར་གྲོགས་སུ་གྱུར་འདུག་་་་་་