༢༣ཚེས་ཉེར་གསུམ་ཉིན་ གྱི་ཞོགས་པ་ཆུ་ཚོད་བཅུ་དང་ཕྱེད་ཀ་གཡས་གཡོན་དུ་སླར་ཡང་ང་ལ་ཁ་པར་སླེབས་མཁན་ ནི་མདོ་སྟོད་གསར་བའི་རྒྱུན་ལས་པདྨ་ནོར་བུ་རེད་འདུག ངས་ཁོ་རང་ལ་ཁ་པར་ལས་འཕྲིན་ཐུང་ཞིག་སྐུར་ནས་ང་ཚོ་ཡོད་སའི་ས་ཁུལ་གྱི་མིང་བཤད། དབུས་གཙང་ཆོལ་ཁའི་ཚབ་དུ་ཕེབས་པའི་ན་བཟའ་ཆེན་མོའི་འཚེམ་ཁང་དུ་ལས་ཀ་བྱེད་མཁན་ ཚེ་རིང་བཀྲ་ཤིས་དང་ཚོང་ཁང་སྐྱིད་སྡུག་གི་ཚབ་དུ་ཕེབས་པའི་ལས་མེད་ཚོགས་པའི་ ལས་མི་བསྟན་འཛིན་ཉི་མ་གཉིས་བརྗེ་བོ་རྒྱགས་དུ་མདོ་སྟོད་གསར་བའི་རྒྱུན་ལས་ པདྨ་ནོར་བུ། ཆབ་སྲིད་བཙོན་གྲོལ་ཚོགས་པའི་ཚོགས་གཞོན་བློ་བཟང་དོན་ཡོན་གཉིས་ང་ཚོ་མ་བུ་ གསུམ་ལ་རོགས་སྐྱོར་བལྟ་སྐྱོང་བྱེད་དུ་འབྱོར་བ་དང་ང་ཚོ་ཚང་མས་མཉམ་གཅིག་དུ་ ཉིན་གུང་གི་ཟ་མ་ཟས་རྗེས་སུ་ང་ཚོ་ས་ཁུལ་དེ་ནས་ཁ་གྱེས་པ་ཡིན།
མདོ་སྟོད་རྒྱུན་ལས་ པདྨ་ནོར་བུའི་ཕྱག་དུ་རྡ་ས་ས་གནས་བུད་མེད་ཚོགས་པའི་ངོས་ནས་ཟ་རིགས་ཁ་ཤས་ཤིག་ སྐུར་འདུག་ལ། དེ་དང་མཉམ་དུ་རྡ་སར་གནས་གཞུགས་ཨ་མ་ཚེ་འཕེལ་ལགས་ཀྱིས་ཀྱང་ང་ཚོ་ལ་ཁ་ཟས་ཕྲན་ པུ་ཞིག་སྐུར་འདུག གཞན་མངའ་རི་སྤྱི་མཐུན་རྒྱུན་ལས་གྲགས་པ་བསམ་གཏན་ནས་མར་དང་སྐུ་པར། ནུ་མོ་ལ་དེབ་གཉིས་བཅས་སྐུར་འདུག
༢༤ཉིན། སུད་སིར་གནས་གཞུགས་པ་ཀླུ་རྒྱལ་དོན་གྲུབ་མཆོག་གིས་འགོ་བཟུང་ནས་བོད་རིགས་ སྤུན་ཟླ་མི་ཉུང་བ་ཞིག་གིས་ང་ཚོ་མ་སྨད་གསུམ་ལ་ཞལ་འདེབས་གནང་བའི་རེའུ་མིག་ གཤམ་གསལ་ལྟར་ཡིན།
གསལ་བསྒྲགས།
རེ་འདུན་དོན་ཚན་ལྔ་ཅན་ ཞིག་འཛམ་གླིང་མི་མང་གི་མིག་ལ་སྟར་བཞིན་རྡ་ས་ནས་ལྷ་སའི་བར་དུ་གོམ་བགྲོད་པ་ ཚེ་བརྟན་རྡོ་རྗེ་མ་བུ་གསུམ་གྱི་ལས་འགུལ་ལ་གདུང་སེམས་མཉམ་བསྐྱེད་དང་ནུས་ ཤུགས་གོང་མཐོར་གཏོང་བའི་སླད་ཡོ་རོབ་དང་ཨ་རི་སོགས་སུ་གནས་སྡོད་བོད་མི་ཁ་ཤས་ ཤིག་དྲ་ལམ་ནས་འདུ་འཛོམས་ཀྱིས་རང་རང་གི་ས་གནས་སུ་ཞལ་འདེབས་ཤིག་སློང་རྒྱུའི་ གྲོས་འཆམས་བྱུང་བ་ལྟར། ང་རང་སུ་སུད་གནས་སྡོད་ཅིག་ཡིན་པའི་ཆ་ནས་ལས་འགུལ་འདིའི་ཆ་ཤས་ལེན་ཐུབ་པར་འབད་ བརྩོན་བྱས་ནས་ད་ལྟའི་བར་དུ་ཞལ་འདེབས་ཁ་ཤས་ཤིག་བསྡུ་རུབ་བྱས་ཟིན་པ་རྣམས་ཀྱི་ མིང་དང་ཞལ་འདེབས་ཀྱི་དངུལ་གྲངས་སོགས་འདིར་དྲ་རྒྱ་རུ་འགོད་ཐུབ་ན་དགེ་མཚན་ཆེ་ བར་མཐོང་། ཞོར་དུ་ལས་དོན་འདིའི་ཐོག་མཐའ་བར་གསུམ་དུ་རྒྱབ་སྐྱོར་དང་སེམས་ཤུགས་སྤེལ་མཁན་ གྲོགས་པོ་རྣམས་ལ་ཐུགས་རྗེ་ཆེ་ཞུ་འདོད་བྱུང་ལ། ལྷག་པར་སུ་སུད་བོད་ཀྱི་གཞོན་ནུའི་གྲོས་ཚོགས་འཚོགས་དུས་གཉིས་པའི་ཐོག་ཚེ་ བརྟན་རྡོ་རྗེ་མ་བུ་གསུམ་གྱི་ལས་འགུལ་ངོ་སྤྲོད་དང་ལོན་ཊྲོན་ནས་ཡིན་པའི་དྲ་ གྲོགས་ཤིག་གིས་བཟོས་པའི་འབྲེལ་ཡོད་གློག་བརྙན་ཞིག་གཟིགས་འབུལ་ཞུ་རྒྱུའི་གོ་ བསྐལ་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
གཞན་ལས་འགུལ་འདི་དེ་ བཞིན་རིན་ཐང་ཅན་དུ་མཐོང་བའི་ཞལ་འདེབས་མཁན་རྣམས་པས་བོད་དོན་གྱི་ཆེད་དུ་ལས་ འགུལ་གང་ཞིག་སྤེལ་གིན་པར་རྒྱབ་སྐྱོར་གནང་བར་སེམས་ཁུངས་རུས་པའི་གཏིང་ནས་ ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། འདིར་ཞལ་འདེབས་བསྡུ་སྟངས་མ་འདྲ་བ་ཁ་ཤས་ཡོད་ན་དེ་ལྟར་མིང་ཐོ་འགོད་པར་བྱ་ རྒྱུ། ཁག་དང་པོ། སྐད་འབོད་བྱེད་སྐབས་དང་ཁ་པར་བརྒྱུད་ནས་ཞལ་འདེབས་བསྡུས་པའི་དངུལ་གྲངས་དང་ཞལ་ འདེབས་མཁན་གྱི་མིང་།
Name Email ID Amount
Tenzin Nyima 10 Fr
Tenzin 10 Fr
Dadon 20 Fr
Memangtsang Chopa Thar 10 Fr
Phakmo 10 Fr
Yanangtsang Tashi 10 Fr
Gonpo Lakhatsang 10 Fr
Lhasetsang Sonam 10 Fr
Pasang wangdue Gemrangpa 10 Fr
Tenzin Topgyal 10 Fr
Namgyal Dhondup 25 Fr
Dimey 60 Fr
Sonam 10 Fr
Samten 10 Fr
Yenzin Tawo 10 Fr
Yanagurmet@gmail.com 10 Fr
Tsewatenzin 50 Fr
Lakpa signst 100 Fr
Topten.nelnng@gmx.ch 50 Fr
Lobsang 110 Fr
Rabgong sheap 20 Fr
Dechen 50 Fr
Gonpo 10 Fr
Tenzin Sonam 10 Fr
Tsewang 20 Fr
Migmer 10 Fr
khamgo Tsang lobsang 10 Fr
Total 695 Fr
ཁག་གཉིས་པ། ཡོ་རོབ་བོད་ཀྱི་གཞོན་ནུ་གྲོས་ཚོགས་འཚོགས་དུས་གཉིས་པའི་སྐབས་ཀྱི་ཞལ་འདེབས་བྱུང་བ་སྤྱི་བསྡོམས་འཛིན་ཡིག
ཁག་གསུམ་པ། སུ་སུད་ལོའུ་གཟན་ས་གནས་མི་མང་ནས་སུད་སྒོར་༥༠༥ དང་ཡོ་སྒོར་༡༠བཅས་ས་གནས་འབྲེལ་ཡོད་མི་སྣའི་ལག་ཏུ་འབྱོར་ཡོད། ཞལ་འདེབས་བསྡུ་རུབ་ཀྱི་ལས་འགུལ་འདིར་ཁྱོན་བསྡོམས་པའི་སུ་སུད་སྒོར་༢༥༠༠ཐམ་པ་ འདུས་ཡོད། ཞལ་འདེབས་མཁན་རེ་འགས་རང་གི་མིང་བཤད་འདོད་མེད་པས་བཀོད་མེད། སུད་སྒོར་༢༥༢༥དང་ཡོ་རོབ་༡༠ཡོད། ཧིན་སྒོར་༡༤༣༩༢༥འབྱོར་ཡོད།
༢༥ཉིན་ཝྭ་ན་མཐོ་སློབ་ སློབ་མ་བཅུ་གཉིས་མ་སྐུལ་དྭང་བླང་གིས་ང་ཚོ་མ་སྨད་གསུམ་ལ་སྤྱི་ལེ་ཉིས་བརྒྱ་ དྲུག་བཅུ་ལྷག་གི་ས་གནས་སུ་འཚམ་འདྲི་བྱེད་དུ་འབྱོར་བ་མ་ཟད། ཁོང་ཚོས་དེ་ནས་ཞལ་འདེབས་ཤིག་བསྡུས་སྟེ་སླེབས་འདུག སློབ་མ་དེ་དག་གི་བསྡུས་པའི་ཞལ་འདེབས་ང་ཚོས་གཏན་ནས་དྭང་ལེན་བྱས་མེད། ཆུ་ཚོད་གཅིག་ཙམ་གྱི་དུས་ཚོད་ལ་ང་ཚོས་རང་རང་གི་བསམ་ཚུལ་དང་དྲི་བ་དྲི་ལན་བྱས་ རྗེས། ཁོང་ཚོ་ཕྱིར་ལམ་དུ་ཆས་ཁར་སློབ་མ་ཆེས་མི་ཉུང་བ་ཞིག་ང་ཚོ་ལ་འཚམས་འདྲི་བྱེད་ དུ་ངོས་སུ་ཡོང་མ་ཐུབ་ཀྱང་འཚམ་འཕྲིན་ཉེར་གཅིག་ང་ཚོ་ལ་སྐུར་བ་དེ་ངས་རེ་རེ་ བཞིན་ཀློག་པ་ཡིན། ང་ཚོ་ལ་འཚམ་འདྲི་ངོས་སུ་བཅར་མཁན་དག་གི་མཚན་བྱང་། སློབ་ཕྲུག་བདེ་དོན་ལྷན་ཚོགས་ཀྱི་ཚོགས་གཙོ། རིག་འཛིན་ལྷུན་གྲུབ། ས་གནས་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་བསྟན་འཛིན་མཚོ་མོ། ས་གནས་རང་བདེན་ཚོགས་ཆུང་གི་དྲུང་ཆེ་སློབ་བུ་ཉི་མ། ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་མི་དང་ཧི་མ་ལ་ཡའི་སློབ་ཕྲུག་ཚོགས་པའི་ ཚོགས་གཙོ་བསྟན་འཛིན་ཉི་མ་ནེ་གི ནང་ཆོས་གཞོན་ནུ་མཐུན་ཚོགས་ཀྱི་དངུལ་གཉེར་ལས་རོགས་འཇིག་མེད་དངོས་གྲུབ། སྒེར་གྱི་དྭང་བླང་བ། ཧོར་གཙང་དོན་གྲུབ། བསོད་ནམ་རྒྱལ། ཚེ་རིང་སྒྲོལ་མ། ཕུན་ཚོགས་དབང་རྒྱལ། པདྨ་མཁའ་འགྲོ མིག་དམར། བསྟན་འཛིན་ཟླ་བ། པདྨ་ནོར་བུ་བཅས་རང་རང་གི་མི་རིགས་ལ་བཅིངས་པའི་ཤ་དང་རུས་པའི་ན་ཟུག་འཁུར་ནས་ ང་ཚོ་མ་སྨད་གསུམ་ལ་འཚམ་འདྲི་བྱེད་དུ་བཅར།
གླིང་ཚ་ཚེ་བརྟན་རྡོ་རྗེ་ནས་༢༦།༤།༡༢གོམ་བགྲོད་ཀྱི་ལམ་བར་དུ་ཉིན་གུང་གི་ངལ་གསོའི་སྐབས་སུ་སྤེལ།
རྒྱ་གར་ས་མཚམས་ནས་ཁྱེད་མ་བུ་གསུམ་ཉེན་རྟོག་པས་བཟུང་ངེས་པ་རེད།
ལྷན་རྒྱས་ཀྱི་གནས་ཚུལ་སྒུག་བཞིན་ཡོད། ལྷན་རྒྱས་ཚོར་ཕྱོགས་ཡོངས་ནས་རྒྱབ་སྐྱོར་གནང་བཞིན་ཡོད་པར་ཧ་ཅང་དགའ་པོ་བྱུང་། ཚང་མར་ཐུགས་རྗེ་ཆེ་ཞུ།