མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་བསྐྱོད་གོམ་བགྲོད་པ་སྤྱི་ལེ་ ༡༡༥༠ སར་འབྱོར་འདུག

བོད་ཀྱི་དུས་བབ།
༢༠༡༢/༠༤/༢༨
Share on FacebookShare on TwitterShare on EmailShare on Whatsapp

གླིང་ཚ་ཚེ་བརྟན་རྡོ་རྗེ་མ་བུ་གསུམ་ངྷ་ས་ནས་ལྷ་ས་བར་གྱི་བོད་སྐྱོད་གོམ་བགྲོད་ཉིན་ང་བཅུ་འགྲོ་བཞིན་པའི་སྐབས་འདིར། དུས་བབ་གསར་ཁང་གིས་ཁ་པར་བརྒྱུད་ཁོང་ཚོའི་གནས་ཚུལ་རྒྱུས་ལོན་དང་། གོམ་བགྲོད་སྐབས་རྒྱ་ནག་རྒྱལ་དར་འཁྱེར་དགོས་པའི་རྒྱུ་མཚན། གལ་སྲིད་བོད་ནང་བསླེབ་ཐུབ་པ་བྱུང་ན་འཆར་གཞི་གང་འདྲ་ཡོད་མེད་བཅས་ཀྱི་ཐད་རྒྱུས་ལོན་བྱས་ཡོད།

ད་ལྟ་གླིང་ཚ་ཚེ་བརྟན་རྡོ་རྗེ་མ་བུ་གསུམ་ཡུ་པེ་(UP) མངའ་སྡེའི་རྒྱལ་ས་ལུཀ་ནཱོཝ་(Lucknow) ནས་སྤྱི་ལེ་ ༡༠༠ ལྷག་བརྒལ་ཡོད་ཅིང་། ངྷ་ས་ནས་སྤྱི་ལེ་ ༡༡༥༠ ཙམ་གྱི་སར་འབྱོར་ཞིང་། རྒྱ་གར་དང་བལ་ཡུལ་ས་མཚམས་སུ་ཉིན་གྲངས་བཅོ་ལྔ་ཡས་མས་སུ་འབྱོར་ཐུབ་པའི་ཚོད་དཔག་བྱེད་ཀྱི་ཡོད་འདུག ཁོང་ཚོར་ངྷ་སའི་ཚོགས་པ་སྐྱིད་སྡུག་བཅུ་གཅིག་གིས་དུས་ལྟར་མི་སྣ་ཆེད་གཏོང་གིས་རོགས་སྐྱོར་བྱེད་ཀྱིན་ཡོད་པ་མ་ཟད། ཚོགས་པ་གཞན་ཁག་ཅིག་དང་མི་སྒེར་པ། དེ་གཞིན་ཕྱི་རྒྱལ་ཁག་ཏུ་ཡོད་པའི་བོད་རིགས་མང་པོ་ཞིག་གིས་དངུལ་དངོས་ཐོག་དངོས་ཤུགས་བརྒྱུད་གསུམ་ནས་རོགས་སྐྱོར་མཚམས་མ་ཆད་པར་བྱེད་བཞིན་ཡོད་འདུག

ཕྱི་ཚེས་ ༢༦ ཉིན་འདི་ག་གསར་ཁང་གིས་ཁ་པར་བརྒྱུད་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་སུ། ཉེ་ལམ་རྒྱ་གར་རྒྱལ་ས་ལྡི་ལི་ནས་རྒྱ་ནག་རྒྱལ་དར་མཉམ་འཁྱེར་བྱེད་དགོས་པའི་དམིགས་སྐོར་ནས་བཅར་འདྲི་ཞུས་པར།  ཁོའི་གོམ་བགྲོད་དེ་ནི་ལས་འགུལ་ཞིག་མིན་པར་འཐབ་རྩོད་ཅིག་ཡིན་པ་དང་། འཐབ་རྩོད་དེའི་རྒྱུ་མཚན་དང་དམིགས་ཡུལ། རྒྱབ་ལྗོངས་ཚང་མ་དང་ཐོག་ནས་ཁ་གསལ་བཟོས་ཡོད་པར་མ་ཟད། དེ་ནི་དབུ་མའི་ལམ་གྱི་ལྟ་གྲུབ་དང་མ་འགལ་བ། བཙན་བྱོལ་གཞུང་གི་ལངས་ཕྱོགས་དང་མ་འགལ་བ། བོད་མི་མང་གི་འདོད་བློ་དང་མ་འགལ་བའི་ཐོག རྒྱ་ནག་གཞུང་གིས་བོད་མི་མང་གི་མངོན་འདོན་ལ་ཁས་ལེན་ཡོང་རྒྱུ་དང་། དེ་ལྟར་བྱུང་ན་ཁོ་རང་ཉིད་ལ་མཚོན་ནའང་རང་དབང་ལུང་པར་ཡོད་པའི་བོད་མི་སྒེར་པ་གཅིག་གི་ངོས་ནས་ཀྱང་། མ་འོངས་པར་རྒྱ་ནག་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་ཁོངས་ནང་འདུག་རྒྱུར་འདོད་མོས་ཡོད་པ་དང་། དེར་གུས་བརྩི་དང་ཆེ་མཐོང་ཡོད་པའི་མཚོན་རྟགས་སུ་ཕྱིའི་གནོན་ཤུགས་གང་ཡང་མེད་པའི་ཐོག་རྒྱ་ནག་རྒྱལ་དར་ལ་བརྩི་མཐོང་བྱས་ཏེ་འཁྱེར་བཞིན་ཡོད་པ་ཞིག་ཡིན་འདུག ཁོང་གིས། “མདོར་བསྡུས་ནས་བཤད་ན། རྒྱ་ནག་གཞུང་གིས་ངས་བཏོན་པའི་དགོས་འདུན་དོན་ཚན་ལྔ་གཙོས་བོད་མི་མང་གི་མངོན་འདོད་ལ་ཁས་ལེན་བྱས་པ་ཡིན་ན། ང་བོད་མི་གཅིག་གི་ངོས་ནས་ཡིན་ནའང་།  རྒྱ་ནག་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་ཁོངས་སུ་འདུག་རྒྱུར་གྲ་སྒྲིག་ཨང་གསར་ཡིན་པའི་བརྡ་ལན་ཞིག་རྒྱ་གཞུང་ལ་སྤྲོད་ཀྱི་ཡོད།” ཅེས་བརྗོད་བྱུང་།

ཁོ་ལ་ས་མཚམས་ཁག་ནས་དཀའ་ངལ་ཆེན་པོ་མ་སྤྲད་པར་བོད་དུ་ཡོང་བཅུག་པ་ཡིན་ན། བོད་ནང་འབྱོར་རྗེས་ག་རེ་བྱ་འཆར་ཡོད་མེད་དྲིས་པར། དང་པོ་རྒྱ་གར་ས་མཚམས་ནས་གཏོང་མིན་དེ་གནད་དོན་གཅིག་རེད། རྒྱ་གར་གཞུང་གིས་ས་མཚམས་ནས་བཏང་བ་ཡིན་ན། བལ་ཡུལ་གཞུང་གིས་ཁོང་ཚོ་བལ་ཡུལ་རྒྱལ་ཁོངས་སུ་འཛུལ་འཇུག་མིན་དང་། བལ་ཡུལ་ནས་མུ་མཐུད་འགྲོ་འཇུག་མིན་དེ་གནད་དོན་གཉིས་པ་རེད། གཅིག་བྱས་ན་ཁོང་ཚོ་བལ་ཡུལ་བཙོན་ཁང་དུ་མི་ཚེ་རྫོགས་དགོས་པའི་གནས་སྟངས་འབྱུང་སྲིད་ལ། བལ་བོད་ས་མཚམས་ནས་ཁོང་མ་བུ་གསུམ་པོ་གར་སོང་ཆ་མེད་དུ་འགྱུར་རྒྱུའི་གནས་ཚུལ་ཡང་འབྱུང་སྲིད། གང་ལྟར་ཁོང་ཚོ་བོད་དུ་འབྱོར་ཐུབ་པའི་ཉིན་ཞིག་ཤར་ཚེ། སྐབས་དེར་ཁོང་གིས་ག་རེ་བཤད་རྒྱུ་ཡིན་པ་དང་། ག་རེ་བྱ་རྒྱུ་ཡིན་པ་དུས་ལ་བབ་པའི་སྐབས་སུ་བཤད་རྒྱུ་ལས་ད་ལྟའི་ཆར་བརྗོད་རྒྱུ་མིན་ཚུལ་ལན་འདེབས་གནང་སོང་། ཁོང་གིས་ “བཙན་བྱོལ་བོད་མའི་སྤྱི་ཚོགས་ཁྲོད་ང་ཚོས་རྒྱ་ནག་རྒྱལ་དར་འཁྱེར་བཞིན་པར་སྐད་ཆ་སྣ་ཚོགས་བཤད་མཁན་འདུག ཚོགས་པ་ཡིན་ན་འདྲ། མི་སྒེར་ཡིན་ན་འདྲ། ཁ་ཡོད་ལག་ཡོད་ཡིན་ན་བརྙན་འཕྲིན་འདྲ་གྲ་སྒྲིག་ཐོག་ཤོག་དང། ངས་བཤད་དགོས་པ་དེ་བཤད་ཆོག”ཅེས་དང་། ཡང་ཁོང་གིས་ “མི་འགྱངས་པར་ང་ཚོ་རྒྱར་གར་དང་བལ་ཡུལ་ས་མཚམས་ལ་འབྱོར་ངེས་ཡིན་སྟབས། བོད་པའི་གསར་འགོད་པ་དག་གིས་ང་ཚོར་ས་མཚམས་ནས་གནས་ཚུལ་ག་རེ་འབྱུང་མིན་སྐོར་ལ་དངོས་སུ་གནས་ཚུལ་རྒྱུས་ལོན་བྱ་ཐུབ་ན་ཡག་པོ་རེད་”ཅེས་བརྗོད་བྱུང་།

ཉེ་བའི་དུས་ནས་བོད་ནང་རང་ལུས་མེར་བསྲེགས་བྱུང་དང་འབྱུང་མུས་ཀྱི་གནས་སྟངས་འོག ཚེ་བརྟན་རྡོ་རྗེ་ལགས་ཀྱིས་བོད་དོན་འཐབ་རྩོད་ཆེད་ཨེ་ཛི་རལ་ནས་བཟའ་ཟླ་དང་བུ་བུ་མོ་གཉིས་བཅས་བཟའ་ཚང་ལ་ཁ་བྲལ་ཏེ། རྒྱ་གར་དུ་ཡོང་རྗེས་ཨ་མ་སྡོམ་པོ་སྐྱིད་དང་སྲང་མོ་ལྷ་མོ་སྐྱིད་གཉིས་ལྷན་དུ། གསུམ་བཅུའི་དུས་དྲན་ཐེངས་ ༥༣ པའི་ཉིན་ཞི་བའི་འབོད་ཚིག་ ༥ ཁྱེར་ཏེ་ངྷ་ས་ནས་ལྷ་ས་བར་གྱི་བོད་སྐྱོད་གོམ་བགྲོད་ཅིག་མགོ་འཛུགས་གནང་ཡོད། ཞི་བའི་འབོད་ཚིག་ ༥ ནི། ༡༽ ཆ་རྐྱེན་གང་ཡང་མེད་པའི་སྒོ་ནས་༧གོང་ས་མཆོག་རང་ཡུལ་དུ་ཕེབས་འཇུག་དགོས། ༢༽ ཆ་རྐྱེན་གང་ཡང་མེད་པའི་སྒོ་ནས་ཆུང་སྲིད་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་གཙོས་པའི་བོད་ཀྱི་ཆབ་སྲིད་བཙོན་པ་ཡོངས་རྫོགས་བཙོན་གྲོལ་གཏོང་དགོས། ༣༽ ཆ་རྐྱེན་གང་ཡང་མེད་པའི་སྒོ་ནས་བོད་མི་ཚོར་རང་གི་སྐད་དང་ཡི་གེ་སྦྱོང་བའི་བདག་དབང་སྤྲོད་དགོས། ༤༽བོད་མི་རྣམས་རང་ཡུལ་ནས་རང་གི་ཆོས་གོས་གོམས་གཤིས་སོགས་ཀྱི་དབང་ཆ་ཚང་སྤྲོད་དགོས། ༥༽ ད་ལྟའི་ཆེས་ཛ་དྲག་གི་སྡུག་སྦྱོང་མནར་གཅོད་གཏོང་མཁན་གྱི་དམག་མི་ཡོངས་རྫོགས་བོད་ས་ནས་ཕྱིར་འཐེན་བྱེད་དགོས་པ་བཅས་རེད།

གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ཀྱིས་གོམ་བགྲོད་མགོ་འཛུགས་མ་བྱས་གོང་དུ་བོད་རྒྱའི་དཀའ་རྙོག་འདི་སེལ་མ་ཐུབ་པར་ལྷག་པའི་མཇུག་འབྲས་ཐད་བློ་འཚབ་ཆེན་པོས་“བོད་མི་མི་ཉུང་བ་ཞིག་ད་ལྟ་མེ་རུ་བསྒྲོན་ཟིན་པ་དང་མུ་མཐུད་དུ་བསྒྲོན་སྲིད་པ་དང་། རེ་རེ་བཞིན་སྒྲོན་ནས་འོང་ན། ཞི་བའི་མེ་ལྕེའམ་ཤེས་རབ་ཀྱི་མེ་ལྕེ། ད་དུང་སྙིང་རྗེ་ཡི་མེ་ལྕེ་འདི་དག་ཞེ་སྡང་གི་མེ་ལྕེ་རུ་མི་འགྱུར་བའི་ངེས་པ་གཏན་ནས་མེད། དེ་དུས་བོད་དང་རྒྱ་རིགས་མི་མང་ཉེས་མེད་ཆེས་མང་བོ་ཞིག་ལ་གནོད་འཚེ་ཐེབས་རྒྱུ་ཡིན་པ་ལས། རྒྱ་ནག་སྲིད་གཞུང་གི་དཔོན་ངན་དེ་དག་ལ་གྱོང་གུད་དང་འགྱོད་སེམས་རེ་སྐྱེ་སྲིད་ཀྱང་། དེ་དུས་བོད་རྒྱ་མི་མང་དཀྱུས་མ་དག་གི་ཚེ་སྲོག་གི་འགྲོ་གྲོན་གྱིས་མི་རིགས་གཉིས་ཀྱི་བར་དུ་འགལ་ཟླ་ཤུགས་ཆེར་བྱུང་སྟེ། ལོ་ངོ་ཉི་ཤུ་ཙམ་གྱི་རྗེས་སུ་བོད་མི་ཚོའི་ལག་ཏུ་མེ་མདའ་ཐོག་མི་སྲིད་པ་མིན། རྒྱུ་མཚན་ནི་བོད་མི་ཚང་མ་བྱང་ཆུབ་སེམས་དཔའ་མིན་ལ། སངས་རྒྱས་ཀྱང་དེ་བས་ཆགས་མེད། བོད་མི་རྣམས་འགྲོ་བ་མི་དཀྱུས་མ་ཤ་སྟག་ཡིན། ”ཞེས་བྲིས་ཡོད་པ་རེད།

 
 
གསར་འགོད་པ། བནྡེ་སྐྱབས།

འབྲེལ་ཡོད་གསར་འགྱུར།

Mobile App

གྲྭ་མཛེས་དགའ་རྒྱ་མཚོ་ལགས་ཀློད་འདུག་ཀྱང་ལྟ་རྟོག་ནན་པོ་བྱེད་ཀྱི་འདུག

ཆུ་ཚོད་ ༡༡ སྔོན་ལ།
སྐབས་བཅུ་བདུན་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པའི་ལས་ཉིན་དྲུག་པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་ཀྱི་རྒྱལ་དར་དང་རྒྱལ་རྟགས་རྒྱལ་གླུ་བཅས་ཀྱི་ཚན་མཐུན་གཅིག་འགྱུར་གྱི་སྙན་ཐོར་བགྲོ་གླེང་གནང་སོང་།

༢༠༢༦/༠༣/༢༡
Tibet, China - Sep 7, 2012. Chinese soldiers walking at the Jokhang temple in Lhasa, Tibet. The Jokhang Temple has two Buddha statues sacred to Tibetan Buddhists. — Photo by phuongphoto
Mobile App

པེ་ཅིན་གཞུང་གིས་བོད་མི་དང་གྲངས་ཉུང་མི་རིགས་གཞན་དག་རྒྱ་སྒྱུར་བྱ་བ་ཁྲིམས་མཐུན་བཟོ་བཞིན་འདུག

༢༠༢༦/༠༣/༢༡
Loomer meets Dalai Lama, lauds him for standing firm against threats to freedom
༸གོང་ས་མཆོག གསར་འགྱུར།

ཨ་རིའི་ཆབ་སྲིད་ལས་འགུལ་བ་ལུ་མར་ལགས་ཀྱིས་༸གོང་ས་མཆོག་ལ་མཇལ་བཅར་ཞུས།

༢༠༢༦/༠༣/༢༡
Penny Wong, Richard Marles, Judith Collins KC, Winston Peters
Mobile App

བོད་ནང་གི་ཆོས་དང་རིག་གཞུང་སོགས་ཉམས་རྒུད་དུ་འགྲོ་བཞིན་པར་བློ་འཚབ་བསྟན།

༢༠༢༦/༠༣/༢༠
TTTTT
Mobile App

དྷི་ཚ་དགོན་པའི་གྲྭ་བ་བསམ་གཏན་ལགས་ཉེས་རྡུང་བཏང་ནས་བཀྲོངས་འདུག

༢༠༢༦/༠༣/༡༨

མཆན། 16

  1. སེར་སྨད་བློ་དགའ། says:
    ལོ་ 14 སྔོན།

    ཨ་མ་ལྡོམ་པོ་སྐྱིད་མ་བུ་གསུམ་གྱིས། བོད་མི་ཤི་གསོན་གཉིས་ཀྱི་དམིགས་ཡུལ་བོད་ཀྱི་རང་དབང་དང་བདེ་སྐྱིད་ཀྱི་མངོན་འདོད་ཆེད། ཉིན་ཞག་སྒྲིལ་ནས་དཀའ་ཚེགས་བསམ་བརྗོད་ལས་འདས་པ་ཞིག་ཕྲག་ཏུ་ཁྱེར་ཏེ། བློས་གཏོང་བྱེད་པའི་ཁྱིམ་ཚང་འདིའི་བྱས་རྗེས་དང་བཀའ་དྲིན་ནི། ད་ལྟ་དང་མ་འོངས་པའི་མི་རབས་རྣམས་ཀྱིས་ཇི་ལྟར་གསབ་ནུས་སྙམ། འདི་ནི་ཁྱིམ་ཚང་ཞིག་གིས་མི་རིགས་ཀྱི་འགན་འཁྲི་གཅེས་ཉར་བྱས་པའི་དཔེ་དབྱིབས་བླ་མ་ན་མེད་པ་ཞིག་ཡིན་པར་ངོས་འཛིན་ཞུ་བཞིན་ཡོད། འདིའི་རིགས་ཞེན་དང་གཏོང་སེམས། སྙིང་སྟོབས་དང་རྣམ་དཔྱོད་ནི་ལྷ་ཀླུ་གཉེན་གསུམ་གྱི་མཆོད་གནས་ཤིག་ཅི་ལ་མིན། འདི་ནི་རྒྱལ་སྤྱི་དང་རྒྱ་ནག་གིས་དོ་སྣང་བྱེད་པའི་རེ་བ་ཡོད་ལ། ནམ་ཞིག་རི་སྙིལ་ས་གས་དང་རྡོ་ཆག་ཆུ་ཆད་ཀྱི་དུས་ཚོད་ཅིག་ཡོང་མི་སྲིད་པའི་ངེས་པ་ག་ལ་ཡོད། སྐབས་དེ་དུས་གོད་ཆག་ཐམས་ཅད་ཀྱི་འགན་འཁུར་རྒྱ་ནག་དང་རྒྱལ་སྤྱི་ལ་ཡོད་པ་ཞིག་རེད། ཨ་མ་ལྡོམ་པོ་སྐྱིད་མ་བུ་གསུམ་གྱི་ཆེད། གུས་པས་ཡིད་དུང་དུང་ངང་དགོན་པ་ན་གསོལ་བ་དང་རིམ་གྲོ་བྱེད་བཞིན་ཡོད། ཁོང་མ་བུ་གསུམ་གྱི་བསམ་དོན་འགྲུབ་པར་སྨོན་་་་་

    Reply
  2. བཙན་བྱོལ་བ་ says:
    ལོ་ 14 སྔོན།

    དོན་ངོ་མར་བོད་ལ་གོམ་བགྲོད་བསྐྱོད་རྒྱུར་བློ་ཐག་ཆོད་ཚེ་བལ་ཡུལ་ས་མཚམས་ལ་སླེབས་མཚམས་གསང་བའི་ཐོག་ནས་ཐོན་དགོས། དེ་མིན་བལ་ཡུལ་གྱིས་གཏོང་རྒྱུ་མིན་པ་ནི་ཧ་གོ་གསལ་ཐིང་རེད། དེ་ལ་དོགས་པ་སྤུ་ཙམ་ཡང་མི་དགོས། བལ་ཡུལ་ས་ཐོག་ཏུ་སླེབས་མཚམས་དེ་ནས་སླར་ཡང་གོམ་བགྲོད་འགོ་བཙུགས་ཀྱིས་འགྲམ་གྱི་འགག་སྒོ་མ་བརྒྱུད་པར་ཤར་གངས་ལ་བརྒྱད་ནས་བསྐྱོད་ཐུབ་ན་བོད་ཀྱི་ས་ཐོག་ཏུ་སླེབས་ཐུབ་ངེས་རེད། དེ་མིན་རྒྱ་གར་ནང་དུ་གོམ་བགྲོད་བསྐྱོད་པ་རེད་ཟེར་བ་ཙམ་ལས་བོད་ལ་གོམ་བགྲོད་ཟེར་བ་ནི་མིང་ཙམ་དུ་འགྱུར་ངེས་སོ། །

    Reply
  3. བློ་བཟང་ཕུན་ཚོགས། says:
    ལོ་ 14 སྔོན།

    དེ་རིང་གངས་ཅན་པའི་མ་བུ་གསུམ་གྱི་གནས་ཚུལ་གོ་ཐུབ་སོང་པས་གསར་འགོད་པ་ལ་ཐུགས་རྗེ་ཆེ་ཞུ། གསར་འགོད་པ་ཁྱེད་རྣམས་མེད་ན་གནས་ཚུལ་དེ་དག་ཤེས་འདོད་ཡོད་ཀྱང་ང་ཚོ་ལ་གོ་སྐབས་ཡོད་མ་རེད། དེས་ཕྱིར་ཡང་སྐྱར་ཐུགས་རྗེ་ཆེ་ཞུ། མི་མང་བོ་ཞིག་གིས་ཁོང་རྣམ་པས་རྒྱ་ནག་གི་རྒྱལ་དར་ཁྱེར་གྱི་ཡོད་པ་དེ་ལ་ལྟ་སྟངས་མི་འདྲ་མང་བོ་ཡོང་གི་ཡོད་པ་དེ། དེ་རིང་གསལ་བོ་ཆགས་པ་རེད། ཁོང་གི་བསམ་བློ་དང་ཀུན་སྤྱོད་གཉིས་ཀ་བཙན་བྱོལ་བོད་གཞུང་གི་བླང་ཕྱོགས་དང་འགལ་མེད་པ་གསལ་བཤད་བྱས་དུས། དོགས་པ་ཅན་ཚོར་གསལ་བོ་ཆགས་ཡོད་ཀྱི་རེད། དེ་ལྟར་རེ་བ་ཡོད། ད་གཙོ་ཆེ་ཤས་ཁོང་ཚོ་རེ་བ་ལྟར་ཁོ་ཚོ་རྒྱ་གར་དང་བལ་ཡུལ་གཉིས་ཀྱི་ས་མཚམས་སུ་འབྱོར་དུས། བོད་པའི་གསར་འགོད་པ་ཚོ་དུས་ཐོག་བསླེབས་ཐུབ་པར་བྱེད་ཀྱི་དེ་རེད། དེ་ནི་ཁོ་ཚོ་རེ་བ་ཡིན་ལ་ང་ཚོས་ཀྱང་དེ་ལྟར་རེ་སྐུལ་ཞི་རྒྱུ་ཡིན།

    Reply
  4. ཤར་ཕྱོགས་ཁུག་རྟ། says:
    ལོ་ 14 སྔོན།

    བོད་གཞུང་མང་གིས་རང་དབང་དང་མང་གཙོའི་ལམ་ནས་གཏན་འབེབས་བྱས་པའི་མངོན་འདོད་ཆེད། ལུས་སྲོག་ལོངས་སྤྱོད་དང་བཅས་པ་གཏོང་མཁན་ཨ་མ་ལྡོམ་པོ་སྐྱིད་མ་བུ་གསུམ་ནི་ཅི་འདྲའི་རླབས་ཆེན་གྱི་ཁྱིམ་ཚང་ཞིག་མིན་ནམ། མཐོང་བ་མངོན་གྱུར་ལ་འདི་ལས་གཞན་དུ་རྣམ་དཔྱོད་ཅན་དང། རིགས་ཞེན་ཅན། བློས་གཏོང་མཁན་ཞིག་གང་དུ་ཡོད། འཇིག་རྟེན་ཁྱོན་ཡོངས་ཀྱི་ཞི་བདེ་དང། འཇིག་རྟེན་མི་སྡེའི་སྤྱི་ཚོགས་ཀྱི་ལྡོག་ཏུ་མེད་པའི་འགྱུར་བའི་རང་བཞིན་གྱི་དངོས་ཡོད་གནས་ཚུལ་ལ་གཞིགས་ཏེ་གཏན་འབེབས་བྱས་པའི་གཉིས་སྨན་ལྟ་སྤྱོད་ཁྱབ་བརྡལ་ཆེད། ཁྱིམ་ཚང་ཞིག་གིས་མི་རིགས་ཤིག་དང་རྒྱལ་ཁབ་ཅིག འཇིག་རྟེན་ཁྱོན་ཡོངས་ལ་བཅངས་པའི་འདི་འདྲའི་ཆོད་སེམས་ལ་འཇིག་རྟེན་འདིར་སྐྱེ་བོ་མིག་དང་ལྡན་པ་ཞིག་ཡིན་ན་དབང་མེད་མགོ་བོ་དམའ་སར་ལྷུངས་ནས་མི་གུས་བ་སྲིད་དམ། འགྲོ་བ་མིའི་བློས་གཏོང་དང་ལྷག་བསམ་རྒྱལ་ལོ། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་རྒྱལ་ལོ། བོད་གཞིས་བྱེས་གཉིས་ཀྱི་མངོད་འདོད་རྒྱལ་ལོ། རྒྱ་བོད་མཉམ་གནས་ཀྱི་མཛའ་བརྩེ་རྒྱལ་ལོ། དོན་དམ་གྱི་རང་དབང་རྒྱལ་ལོ། ཨ་མ་ལྡོམ་པོ་སྐྱིད་མ་བུ་གསུམ་རབ་ཏུ་རྒྱལ་ལོ། ཀུན་ཏུ་རྒྱལ་ལོ།

    Reply
  5. བསོད་ནམས་རྒྱ་མཚོ། says:
    ལོ་ 14 སྔོན།

    གླི་ཚ་མ་བུ་གསུམ་ལ་འཚམ་འདྲི་དང་གདུང་སེམས་མཉམ་སྐྱེད་ཞུ། བདག་ལྟ་བུ་ཞིག་གིས་ཁྱེད་རྣམ་པར་འགྲིག་མིན་གྱི་བསམ་ཚུལ་འདོན་འོས་པར་མི་སྣང་། འོན་ཀྱང་གུང་ཁྲན་དར་དམར་གྱི་སྐོར་ལ་མི་མང་པོ་ཞིག་གིས་བསམ་ཚུལ་མི་འདྲ་བ་ཡོང་བཞིན་པར་བརྟེན་གུས་པས་ཀྱང་དེའི་སྐོར་བསམ་འཆར་ཕྲན་ཙམ་ཞིག་བརྗོད་འདོད་བྱུང་། དབུ་མའི་ལམ་གྱི་སྲོལ་གཏོད་ནས་ད་བར་དར་དམར་ཕྱར་མཁན་བྱུང་མྱོང་མེད་པ་མ་ཚད་དར་དམར་ལ་གུས་བརྩི་ཞུ་མཁན་ཡང་བྱུང་མེད། དབུ་ལམ་སྲོལ་གཏོད་མཁན་དང་ལུས་ངག་ཡིད་གསུམ་དེའི་རྗེས་སུ་འབྲང་མཁན་དག་གིས་ཀྱང་དར་དམར་སྒྲེང་བ་ལོ་རྒྱུས་ནང་དུ་མེད། བོད་ནང་གི་མི་དམངས་ཚོས་སྲོག་ལ་བསྡོས་པས་གཙན་དབང་འོག་ཏུའང་དར་དམར་སར་ཕབ་སྟེ་གངས་སེང་དར་ཆ་ལན་གྲངས་མང་པོ་འགྲེང་མཁན་དག་གིས་བལྟས་ན་བློ་ཕམ་ངེས་རེད། བོད་ནང་དུ་རྒྱ་ནག་གིས་བཙན་གྱིས་གུང་ཁྲན་དར་ཆ་སྒྲེང་བཅུག་དུས་སྙིང་གས་ཏེ་གྲོངས་མཁན་ཡང་བྱུང་བ་མ་ཚད་དགོན་པ་སྒོ་རྒྱབ་དགོས་ཐུག་པའི་དེ་རིང་ཁ་སང་གནས་ཚུལ་འབྱུང་བཞིན་པར་བརྟེན་རྒྱ་དམར་གྱི་སྐར་ལྔའི་དར་ཆ་ཁྱེད་མཉམ་དུ་མ་འཁྱེར་རོགས་ཞུ་འདོད་བྱུང་། ད་དུང་ཡང་དམངས་གཙོ་ལ་དགའ་མཁན་རྒྱ་ནག་མི་དམངས་ཀྱིས་ཀྱང་ངོས་ལེན་དང་རྒྱབ་སྐྱོར་མེད་པའི་གུང་ཁྲིན་རིང་ལུགས་ཀྱི་དར་དམར་འདི་ངེད་ཅག་བོད་མི་ཞིག་གིས་ངོ་རྒོལ་དང་འཐབ་རྩོད་སྐབས་སུ་ཁྱེར་ན་དེ་བས་ཀྱང་མཐོང་སྣང་ལའང་སྤྲེལ་ལད་ཀྱི་རྣམ་པ་མངོན་པ་མ་ཚད། ཁྱེད་མ་བུ་གསུམ་གྱི་སྙིང་སྟོབས་ཟླ་མེད་དེ་ལ་སྒྲིབ་ཡོལ་དུ་འགྱུར་བའི་ཉེན་ཁ་ཡང་མཐོང་ངོ་། ཁྱེད་མ་བུ་གསུམ་ནད་མེད་བདེ་ཐང་ཐོག་རྒྱལ་ས་ལྷ་སར་འབྱོར་ཐུབ་པའི་སྨོན་ཚིག་དང་བཅས་སོ།།

    Reply
  6. མི་རྒོད། says:
    ལོ་ 14 སྔོན།

    གླིང་ཚ་མ་བུ་གསུམ་རྒྱལ་དར་འཁྱེར་ཕྱོགས་ཐད་བསམ་ཚུལ་སྣ་མང་ཡོད་ཤས་ཆེ་ཡིན་ཡང་མང་ཚོགས་རྒྱ་ཆ་༨༠ % བརྒྱབ་སྐྱོར་ཡོད་ཚེ་ཁྱེད་ཀྱི་བདེན་པ་ཉིད་རྒྱལ་འགྲོ་ཡི་ཡོད་པས་ཐུགས་གཡེང་མི་དགོས་ལ། བློ་ཕམ་དེ་བས་བྱེད་མི་ཉན་ཁྱེད་རྣམས་པས་དགོས་འདུན་ནི་ཧ་ཅང་ལེགས་པོ་འདུག་སླར་ཡང་བཀྲིན་ཆེ་ཞུ་རྒྱུ་དང་། སྤྱིར་༧ གོང་ས་ཡིན་བཞིན་ནོར་བུས་བླ་མེད་བཀྲིན་དང་ ཡང་སྒོས་བོད་མི་རྩམ་བཟན་རྒྱ་ཆ་% ༩༠ རྡོག་རྩ་ཆིག་སྒྲིལ་ཡོད་པ་བརྟེན་ནམ་ཞིག་མཉམ་འཛོམས་ཀྱིས་དཔའ་རྒོད་ཡོངས་ལ་རྗེས་དྲན་དང་ བཀྲིན་ལེགས་འབུལ་ཞུ་བཅས།།

    Reply
  7. ཐོ་རེངས། says:
    ལོ་ 14 སྔོན།

    བོད་དོན་གོམ་བསྒྲོད་པ་ཕྱི་ལེ་ཇི་ཙམ་སོང་འདུག་རྩིས་བསྒྲང་བྱེད་པ་ཡང་བཟང་འདུག་སྟེ།
    ཁྱེད་ཀྱང་དངོས་གནས་བོད་དོན་སྒྲུབ་མཁན་ཞིག་ཡིན་ན། ཁོང་ཚོ་དང་མཉམ་ཞུགས་བྱས་ན་དགེ་མཚན་མི་ཆེ་འམ། དེ་མིན་བཙན་གཤོལ་པ་འབུམ་ཚོ་ཁ་ཤས་ནང་ན། བོད་དོན་སྒྲུབ་མཁན་མི་ཚང་གཅིག་གི་གཟའ་མི་མ་གཏོགས་མེད་ན་ངོ་ཚ་མ་རེད་དམ།
    མཐོ་བཀའ་ཁྲི་ནས་བཟུང་སྟེ་བོད་དོན་གོམ་བསྒྲོད་བྱས་ནས་ཡག་ཤོས་རེད།

    Reply
  8. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    གླིང་ཚའི་ཁྱེད་ནང་མི་གསུམ་གྱི་ཚེ་སྲོག་ལ་གནོད་པ་མི་འོང་བའི་སྨོན་འདུན་ཡོད།

    Reply
  9. oscargyatso says:
    ལོ་ 14 སྔོན།

    བོད་མི་བསྒྲིགས་འཛུགས་ཀྱི་ལང་ཕྱོགས་ཐོག་ཤར་བསྐྱོད་གནང་མཁན་སྙིང་སྟོབས་དང་ལྷག་བསམ་ལྡན་པའི་དཔའ་རྒོལ་ཁྱེད་མ་སྨད་གསུམ་ལ་འཚམ་འདྲི་བཀྲ་ཤིས་བདེ་ལེགས་ཞུས།

    Reply
  10. གྱད་ལྷ་དགའ། says:
    ལོ་ 14 སྔོན།

    ཡུས་པེའི་ལུང་པ་ནི་ཚ་ཤས་ཤིན་ཏུ་ཆེ་བའི་ལུང་པ་རེད། ཁྱེད་མ་བུ་གསུམ་གྱི་སྐུ་ངལ་མྱངས་སོང་། དེས་ན་ཁྱེད་མ་བུ་གསུམ་ལ་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། ཁྱེད་མ་བུ་གསུམ་སྒང་པ་བོད་པའི་སྐྱིད་སྡུག་གི་ཆེད་དུ་འདི་ལྟར་དཀའ་སྡུག་ཕྲག་ཏུ་ཁུར་ནས་ཕེབས་པའི་སྙིང་སྟོབས་དང་ཆོད་སེམས་ལ་ཡིད་རང་བླ་མེད་ཡོད། མཇུག་མཐར་ཁྱེད་མ་བུ་གསུམ་བྱ་བ་ལམ་འགྲོ་དང་ཐུགས་བཞེད་ལྷུན་གྲུབ་ཡོང་སྨོན་ཞུ།

    Reply
  11. དྲང་སྲོང་། says:
    ལོ་ 14 སྔོན།

    གླིང་ཚ་མ་བུ་གསུམ་གྱི་སྙིང་སྟོབས་ལ་ཡིད་རངས་དང་ཁོང་གསུམ་གྱིས་སྤེལ་བའི་འཐབ་རྩོད་ལ་བསྔགས་བརྗོད་ཞུ་རྒྱུ་ཡིན། ཡིན་ནའང་བློ་ཕམ་དགོས་པ་ཞིག་ལ་རང་རེའི་གསར་འགོད་པ་རྣམས་འཐབ་རྩོད་འདིའི་སྐོར་གྱི་གནས་ཚུལ་མཁོ་གཏོང་བྱ་མཁན་ཧ་ཅང་ཉུང་ཉུང་རེད་འདུག མི་རྣམས་ཀྱིས་ཁོང་མ་བུ་གསུམ་གྱི་འཐབ་རྩོད་ཀྱི་རྣམ་པར་གླེང་སློང་གང་ཞིག་བྱས་མིན་ལ་མ་ལྟོས་པར་ཁོང་ཚོའི་འཐབ་རྩོད་ལ་མཁོ་ཆེ་ཤོས་དང་མི་མང་གི་རེ་བ་ཆེ་ཤོས་ནི་གསར་འགོད་པས་ཁོང་ཚོའི་གནས་ཚུལ་དང་དགོངས་འཆར་མང་ཙམ་བསྡུ་ལེན་གྱིས་གཞིས་བྱེས་གཉིས་ཀྱི་མི་མང་ནས་དུས་ནས་དུས་སུ་ཤེས་རྟོགས་དགོས་པ་དེ་ཡིན།

    Reply
  12. མི་ཆུང་། says:
    ལོ་ 14 སྔོན།

    ཐོག་མར་ཁྱེད་མ་བུ་གསུམ་ལ་འཚམས་འདྲི་ཞུ། གཉིས་པར་རྒྱ་ནག་གི་རྒྱལ་དར་ཁྱེར་བའི་དགོས་པ་དམིགས་ཡུལ་རྣམས་གསལ་པོར་བཤད་འདུག་པས། གུས་བརྩི་དང་ཡི་རང་ཡོད།
    བཤད་འདོད་པ་གཙོ་བོ་དེ། བལ་ཡུལ་གྱི་ས་མཚམས་ནས་ཁྱེད་མ་བུ་གསུམ་གྱི་དཀའ་ངལ་དེ་རེད། དེ་སྐབས་བྱུང་ན་ཉིན་འགའི་སྔ་རོལ་ནས་བོད་ཀྱི་གསར་འགོད་པ་ཚོ་དང་། དེ་མིན་སྐབས་ཐོག་དེར་བོད་ཀྱི་གསར་འགོད་པ་མ་ཟད། རྒྱ་གར་གྱི་གསར་འགོད་པ་ཡང་དགོས་ཀྱི་འདུག

    གལ་སྲིད་རྟག་པ་མཐའ་བཟུང་གིས་དབང་གིས། ཁྱེད་མ་བུ་གསུམ་བལ་ཡུལ་ནང་འཛུལ་ཐུབ་པར་བྱུང་ན་ཡང་། དེ་ནས་བཟུང་གློག་ཀླད་ཙམ་མ་ཟད། ཁ་པར་ཡང་དུས་ཡུན་མང་པོར་ལན་ཆད་འགྲོ་གི་ཡོད་པ་དང་།
    ལྷག་དོན་ལམ་བར་དུ་སུས་ཀྱང་གོ་མེད་ཚོར་མེད་དུ་འཇུ་བཟུང་བྱེད་ཉེན་ཡོད། དེ་སྐབས་མདོ་སྨད་དབུས་རྒྱུན་གྱིས་གོ་སྒྲིག་འོག བལ་ཡུལ་དབུས་དང་དེ་མིན་བལ་ཡུལ་སྤོག་ར་སོགས་ནས། ཁྱེད་རྣམ་པར་ལྟ་རྟོགས་དང་རྒྱུས་ལོན་ཆེད། མི་སྣ་དགོས་ཀྱི་ཡོད།

    Reply
  13. ཚེ་རིང། says:
    ལོ་ 14 སྔོན།

    ཁོང་མ་བུ་གསུམ་གྱི་སྙིང་སྟོབས་ལ་རྗེས་སུ་ཡི་རངས་ཡོད་ལ། ཐོག་མར་དྷ་ས་ནས་གོམ་བགྲོད་འགོ་འཛུགས་སྐབས། དངོས་གནས་བརྗོད་མི་ཤིས་པའི་ཚོར་བ་ཞིག་སྐྱེས་སོང་། ཡིན་དང་སྐབས་བོད་ནས་རྒྱ་ནག་གི་རྒྱལ་དར་ང་ཚོའི་དགོན་པའི་ནང་དང་ཁྱིམ་ཚང་། གྲོང་པ་སོགས་ཀྱི་ནང་འཕྱར་མི་ཆོག་ཅེས་གོ་རྒོལ་གཅིག་རྗེས་གཉིས་མཐུད་དུ་ཡོང་གི་ཡོད་པ་རེད། དེ་ལ་བརྟེན་ནས་བོད་མིར་དྲག་གནོན་བྱས་པ་ཡང་མང་པོ་རེད། དེ་ན་ཁྱེད་མ་བུ་གསུམ་གྱིས་རྒྱ་ནག་གི་རྒྱལ་དར་དེ་འཕྱར་རྒྱུ་སྔ་དྲགས་སོང་།
    ཁྱེད་ཀྱིས་རྒྱ་ནག་གི་རྒྱལ་དར་འཕྱར་བ་ལ་བརྟེན་ནས་བོད་མི་སྒེར་བ་དང་ཚོགས་སྡེ་རེ་ཟུང་ལ་གོམ་བགྲོད་དེར་རྒྱབ་སྐྱོར་བྱེད་རྒྱུར་འགོག་རྐྱེན་བཟོས་འདུག
    ཐོག་མར་ཁྱེད་ཅག་དྷ་ས་ནས་འགྲོ་སྐབས་རྒྱ་ནག་གི་རྒྱལ་དེ་ཁྱེར་མེད་པས། བོད་མི་མང་པོས་སེམས་ཚོར་ཆེན་པོ་བསྟོད་བསྔག་དང་སྐྱེལ་མ་བྱས་སོང་།
    ད་བཤད་མི་ཤེས། ཁྱེད་མ་བུ་གསུམ་བོད་དུ་སླེབས་པ་དང་རྒྱ་དར་འཕྱར་ནས་རྒྱ་གཞུང་ལ་དགོས་འདོན་ཞིག་བཏོན་ཡང་། ཅུང་འོས་པར་སྣང་། ཡིན་ཡང་བོད་དུ་སླེབས་མི་སྲིད་པ་ལྟ་བུ་རེད་འདུག

    Reply
  14. བསོད་ནམས་རྒྱ་མཚོ། says:
    ལོ་ 14 སྔོན།

    ངོ་མ་སྙིང་སྟོབས་ཟེར་བ་དེ་འདྲར་ཟེར་ནོ་རེད། ཨ་རོགས་ཚོ།

    Reply
  15. བསོད་ནམས་རྒྱ་མཚོ། says:
    ལོ་ 14 སྔོན།

    ངོ་མ་སྙིང་སྟོབས་ཟེར་བ་དེ་འདྲར་ཟེར་ནོ་རེད། ཨ་རོ་ཚོ།

    Reply
  16. མི་རྒོད། says:
    ལོ་ 14 སྔོན།

    བཀྲིན་བླ་མེད་དུ་ཆེ་དུས་བབ་ལགས་ད་ང་ཚོའི་ཧ་གོ་དོན་གསལ་བྱུང་སོང་། ཁོང་འབྱུང་ཁམས་དྭངས་གསལ་ངང་རེ་འདུན་སྒྲུབ་པའི་སྐྱབས་སྨོན་ཞུ།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese