མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཚེ་རྡོར་མ་བུ་གསུམ་གྱིས་རྒྱ་དམར་གྱི་རྒྱལ་དར་འཕྱར་བར་ངོ་རྒོལ་ཡོད་ཟེར།

བོད་ཀྱི་དུས་བབ།
༢༠༡༢/༠༥/༠༤
Share on FacebookShare on TwitterShare on EmailShare on Whatsapp

གཟའ་ཕུར་བུའི་ཉིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཏེ། ཚེ་བརྟན་རྡོ་རྗེ་མ་བུ་གསུམ་གྱིས་རྒྱ་དམར་རྒྱལ་དར་འཕྱར་བཞིན་པ་དེར་ངོས་ལེན་རྒྱབ་སྐྱོར་ཞུ་ཐབས་མེད་པ་དང་། དེང་ཕྱིན་རྒྱ་དམར་རྒྱལ་དར་ཕྱར་མཁན་བོད་མི་སུ་ཡིན་རུང་མཐའ་གཅིག་ཏུ་ངོ་རྒོལ་བྱ་རྒྱུ་ཡིན་སྐོར་བརྗོད་ཡོད།

དེ་རིང་ཕྱི་ཚེས་ ༤ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༡༡ སྟེང་ངྷ་ས་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་སྤྱི་ཁྱབ་ལས་ཁུངས་ཀྱི་ཚོགས་ཁང་དུ། གཞོན་ནུའི་ཚོགས་གཙོ་ཚེ་དབང་རིག་འཛིན་དང་ཚོགས་གཞོན་དོན་གྲུབ་ལྷ་དར། དྲུང་ཆེ་བསྟན་འཛིན་ཆོས་སྐྱིད་བཅས་ཀྱིས་ཐུན་མོང་ཐོག་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཏེ། རྩོམ་པ་པོ་གླིང་ཚ་ཚེ་བརྟན་རྡོ་རྗེ་མ་བུ་གསུམ་གྱིས་རྒྱ་དམར་གྱི་རྒྱལ་དར་འཕྱར་ཏེ། གོམ་བགྲོད་གནང་བཞིན་པའི་ལས་འགུལ་ལ་ངོས་ལེན་དང་རྒྱབ་སྐྱོར་ཞུ་ཐབས་མེད་པ་མ་ཟད། གཞོན་ལྷན་གྱིས་དེ་ལྟ་བུའི་ལས་འགུལ་རིགས་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱ་རྒྱུ་ཡིན་སྐོར་བརྗོད་སོང་།

གསར་འགོད་ལྷན་ཚོགས་སྟེང་གཞོན་ནུའི་ཚོགས་གཙོ་ཚེ་དབང་རིག་འཛིན་ལགས་ཀྱིས།བོད་རྒྱའི་འཐབ་རྩོད་ནི་འགྲོ་བ་མིའི་ཐོབ་ཐང་བྱེ་བྲག་པའི་གནད་དོན་ཞིག་མིན་ཚུལ་དང་། རྒྱ་གཞུང་གིས་བོད་རྒྱལ་ཁབ་ལ་བཙན་འཛུལ་བྱས་པའི་རྐྱེན་གྱིས། ༡༩༤༩ ལོ་ནས་ད་བར་བོད་རྒྱའི་འཐབ་རྩོད་ནི་རྒྱལ་ཁབ་ཀྱི་བདག་དབང་དང་འབྲེལ་བའི་འཐབ་རྩོད་ཅིག་ཆགས་ཡོད་སྐོར། རྒྱ་གཞུང་གིས་བོད་ནང་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་གནང་མཁན་བོད་མི་ཚོར་ཁ་བྲལ་རིང་ལུགས་པའི་ཉེས་མིང་གཡོགས་ཏེ། དམར་གསོད་དང་བཙོན་འཇུག་མནར་གཅོད་བྱེད་ཀྱི་ཡོད་སྟབས།གཞོན་ལྷན་གྱིས་རྒྱ་དམར་རྒྱལ་དར་ངོས་ལེན་ཞུ་རྒྱུའི་ཚབ་ཏུ། བོད་རྒྱལ་ཁབ་སླར་གསོ་མ་བྱུང་བར་རྒྱ་དམར་རྒྱལ་དར་མེར་བསྲེགས་གཏོང་རྒྱུ་ཡིན་ཚུལ་དང་། གཞོན་ལྷན་གྱིས་ཚེ་བརྟན་རྡོི་རྗེ་མ་བུ་གསུམ་གྱིས་རྒྱ་གར་རྒྱལ་དར་འཁྱེར་རྒྱུའི་གནས་སྟངས་ཐོག་བསམ་ཚུལ་བརྗོད་ཡོད་ཀྱང་། དགྲ་བོ་རྒྱ་དམར་གྱི་རྒྱལ་དར་འཁྱེར་བཞིན་པ་དེར་ནམ་ཡང་ངོས་ལེན་བྱ་ཐབས་མེད་སྐོར་བརྗོད་ཡོད།

གཞོན་ལྷན་གྱི་ངོ་རྒོལ་གསལ་བསྒྲགས་དེའི་ནང་འཁོད་དོན།“ བཙན་བྱོལ་ནང་མི་ལོ་བཅུ་ཕྲག་དུ་མའི་རིང་བོད་མི་ཚོས་དཀའ་སྡུག་དང་གནོན་ཤུགས་སྣ་ཚོགས་འོག དགྲ་བོ་རྒྱ་དམར་གྱི་རྒྱལ་དར་མེར་བསྲེགས་ཀྱི་ལས་འགུལ་བསྟུད་མར་སྤེལ་ཡོད་ཀྱང་། ད་ཆར་ཚེ་བརྟན་རྡོ་རྗེ་མ་བུ་གསུམ་གྱིས་ངྷ་ས་ནས་བོད་བར་གྱི་གོམ་བགྲོད་ཁྲོད། དགྲ་བོ་རྒྱ་དམར་གྱི་རྒྱལ་དར་འཁྱེར་ནས་འགྲོ་བ་དེ་ནི་བཙན་བྱོལ་བོད་མིའི་མི་ལོ ༥༣ ཀྱི་ལོ་རྒྱུས་ནང་ཐེངས་དང་པོ་ཆགས་ཡོད་པ་མ་ཟད། བཙན་བྱོལ་བོད་མིའི་ལོ་རྒྱུས་ནང་ནག་ཐིག་ཆེན་པོ་ཞིག་བཟོས་ཡོད་པ་རེད། དང་ཐོག་གཞོན་ལྷན་ས་དབུས་གཉིས་ཀྱིས་ཁོང་མ་བུ་གསུམ་གྱི་བོད་སྐྱོད་གོམ་བགྲོད་ཀྱི་དགོས་འདུན་དང་སྙིང་སྟོབས་ལ་མཐའ་གཅིག་ཏུ་ཡིད་ཆེས་བློས་འགེལ་བྱས་ཏེ་རྒྱབ་སྐྱོར་གང་ཐུབ་བྱས་ཡོད་ཀྱང་། ད་ལྟ་ཁོང་ཚོས་ལས་འགུལ་སྐབས་དགྲ་བོ་རྒྱ་དམར་གྱི་རྒྱལ་དར་འཕྱར་བ་ནི། བློ་ཡུལ་ལ་མི་ཤོང་བའི་བློ་ཕམ་གྱི་བྱ་སྤྱོད་ཅིག་ཡིན་སྟབས། བྱེད་སྟངས་དེར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་མཐའ་གཅིག་ཏུ་ངོ་རྒོལ་དང་བློ་ཕམ་ཆེན་པོ་བྱེད་ཀྱི་ཡོད་ལ། ལས་འགུལ་དེར་གཞོན་ལྷན་དབུས་ས་གཉིས་ཀྱིས་ད་ནས་བཟུང་ངོས་ལེན་དང་རྒྱབ་སྐྱོར་གཏན་ནས་མི་བྱེད་པ་གསལ་སྟོན་ཞུ་རྒྱུ་ཡིན ” ཞེས་འཁོད།

གསལ་བསྒྲགས་དེར་མུ་མཐུད་འཁོད་དོན།“ ཚེ་བརྟན་རྡོ་རྗེ་ལགས་ཀྱིས་རྒྱ་དམར་གྱི་རྒྱལ་དར་འཁྱེར་དགོས་པའི་རྒྱབ་ལྗོངས་ནི། ཁོ་རང་ལམ་དབུ་མར་རྒྱབ་སྐྱོར་བྱེད་མཁན་ཡིན་ཚུལ་བརྗོད་ཡོད་ལ། དོན་དངོས་ཐོག་ལམ་དབུ་མ་དང་རང་བཙན་གནས་བབ་གང་ཡིན་རུང་གཞོན་ལྷན་གྱིས་དགག་བྱ་གང་ཡང་བྱེད་ཀྱི་མེད། ལམ་དབུ་མ་དང་རང་བཙན་གཉིས་ཀྱི་ཐོག་བོད་རྒྱའི་གནད་དོན་ཅི་ཡང་ཐག་གཅོད་བྱུང་མེད་པའི་ཁར། དར་དམར་དེའི་འོག་བོད་རིཊ་སྤུན་ཟླ་ས་ཡ་བརྒལ་བའི་ཚེ་སྲོག་ཤོར་ཡོད་ལ། ད་ལྟ་ཡང་ཚེ་སྲོག་མང་པོ་ཞིག་ཤོར་བཞིན་ཡོད་པ་རེད། གཞིས་བཞུཊ་སྤུན་ཟླ་ཚོས་བོད་ནང་རྒྱ་གཞུང་གིས་རྒྱལ་དར་སྒྲེང་བའི་བྱ་སྤྱོད་ལ་ངོ་རྒོལ་མཚོན་ཆེད། རང་སྲོག་བློས་གཏོང་གིས་སྐར་ལྔའི་དར་དམར་མར་ཕབ་བཞིན་པའི་སྐབས་འདིར། རང་དབང་ལུང་པའི་ནང་བོད་མི་ཞིག་གིས་དགྲ་བོ་རྒྱ་དམར་གྱི་རྒྱལ་དར་ཡར་འཕྱར་བའི་བྱེད་སྟངས་དེ། འཐབ་རྩོད་དང་ལོ་རྒྱས་ཀྱི་འགན་འཁྲི་ལ་ལྡོག་ཟླ་ཆགས་ཡོད། བོད་ནང་རྒྱ་གཞུང་གིས་བཙན་ཤེད་དང་དངུལ་གྱི་འགྲོ་གྲོན་ཕོན་ཆེན་བཏང་སྟེ། བོད་མིའི་ཁྱིམ་ཚང་དང་དགོན་པའི་ཡང་སྟེང་དུ་སྐར་ལྔའི་དར་དམར་སྒྲེང་འཛུགས་དང་། དུས་སྟོན་དང་མང་ཚོགས་འདུ་འཛོམས་སྐབས་སྐར་ལྔའི་དར་དམར་གནམ་ལ་འཕྱར་འཇུག་པའི་རྒྱབ་ལྗོངས་རྣམས། རང་དབང་ལུང་པར་སྡོད་མཁན་ཚོས་མཁྱེན་རྟོགས་ཐུབ་པའི་སྒོ་ནས་དགྲ་བོ་རྒྱ་ནག་གི་ལག་ཆར་མི་འགྱུར་བ་བྱ་དགོས་རྒྱུ་ནི། བོད་མི་མི་རེ་ངོ་རེའི་ལོ་རྒྱུས་ཀྱི་འགན་འཁྲི་དང་མི་ཚེའི་རིན་ཐང་ཆགས་ཡོད ” ཅེས་འཁོད། 

མཐར་མར་གསལ་བསྒྲགས་དེར།“ རྒྱ་ནག་གི་དབང་སྒྱུར་ལ་འདོད་མོས་མེད་པའི་ངོ་བོ་གསལ་སྟོན་བྱ་ཆེད། མ་འོངས་པར་བོད་རང་བཙན་སླར་གསོ་མ་བྱུང་བར་དུ། གཞོན་ལྷན་གྱིས་གནད་འགག་ཆེ་བའི་ལས་འགུལ་ཁག་གི་ནང་མུ་མཐུད་རྒྱ་དམར་གྱི་རྒྱལ་དར་མེར་བསྲེགས་གཏོང་རྒྱུ་ཡིན་ལ། དེ་ནི་ལོ་རྒྱུས་སྲུང་སྐྱོབ་དང་འཐབ་རྩོད་གསོན་གནས་ཡོང་ཆེད་དུ་ཡིན། གལ་སྲིད་ང་ཚོས་དགྲ་བོའི་འདོད་འདུན་ཁོ་ནར་བསྟུན་ཏེ། རྒྱ་ནག་དཔོན་རིགས་ཚོར་ངོ་རྒོལ་མི་བྱེད་པ་དང་། རྒྱ་དམར་རྒྱལ་དར་མེར་བསྲེགས་མ་གཏང་བར་རྒྱལ་དར་སྒྲེང་འཁྱེར་བྱེད་པ་སྣང་མེད་དུ་བཞག་ན། ནམ་ཞིག་སྐབས་འཚོལ་བ་དང་དགྲ་བོའི་རྒྱུགས་ཁྱི་ཚོས་ལམ་དབུ་མར་ཁག་དཀྲིས་ཏེ། འཐབ་རྩོད་ཀྱི་ནུས་པ་རྩ་མེད་དུ་འགྲོ་ཉེན་ཡོད་སྟབས། གཞོན་ལྷན་གྱིས་ཁོང་མ་བུ་གསུམ་གྱི་བྱེད་ཕྱོགས་དེར་ངོ་རྒོལ་བྱ་རྒྱུར་མ་ཟད། མ་འོངས་པར་མི་སྒེར་དང་ཚོགས་སྡེ་གང་རུང་གིས་ལས་འགུལ་འདིའི་རིགས་སྤེལ་ཚེ་མཐའ་གཅིག་ཏུ་ངོ་རྒོལ་བྱ་རྒྱུ་ཡིན ” ཞེས་འཁོད་འདུག

རྒྱ་དམར་གྱི་རྒྱལ་དར་འཁྱེར་བཞིན་པའི་གནས་སྟངས་ཐད་ཉེ་ལམ་ཚེ་བརྟན་རྡོ་རྗེ་ལགས་ཀྱིས་ལས་འགུལ་དེ་ནི། ལམ་དབུ་མའི་ལྟ་གྲུབ་དང་མ་འགལ་བ་ཞིག་དང་། བཙན་བྱོལ་གཞུང་གི་ལངས་ཕྱོགས་དང་མ་འགལ་བ། བོད་མི་དམངས་ཀྱི་འདོད་བློ་དང་མ་འགལ་བ་ཞིག་ཡིན་ཚུལ་བརྗོད་ཡོད།

གསར་འགོད་པས་ངྷ་སར་གནས་སྡོད་བློ་བཟང་ལགས་སུ་ཚེ་རྡོར་མ་བུ་གསུམ་གྱིས་རྒྱ་དམར་རྒྱལ་དར་འཁྱེར་བཞིན་པའི་གནས་སྟངས་ཐད་བཅར་འདྲི་ཞུས་པར།“ རྒྱ་གར་དང་བལ་ཡུལ་གྱི་རྒྱལ་དར་འཁྱེར་བ་དེ་འགྲིག་བསྡད་འདུགཡིན་ནའང་། སྐར་ལྔའི་དར་དམར་འཁྱེར་བཞིན་པ་དེ་ཡག་པོ་མཐོང་མ་སོང་། རྒྱལ་དར་དམར་པོ་དེ་གུང་ཁྲན་ཏང་གི་རྒྱལ་དར་ལྟ་བུ་ཆགས་ཡོད། རྒྱལ་དར་དེའི་འོག་བོད་པ་འབུམ་ ༡༢ དམར་གསོད་བཏང་ཡོད། ཁོང་མ་བུ་གསུམ་གྱིས་རྒྱ་དམར་རྒྱལ་དར་ཁྱེར་ཡང་ས་མཚམས་ནས་འགྲོ་ཐུབ་ཀྱི་མ་རེད ” ཅེས་བརྗོད།

དེ་བཞིན་ངྷ་སར་གནས་སྡོད་འཕྲིན་ལས་ལགས་སུ་བཅར་འདྲི་ཞུས་པར།“ཚེ་བརྟན་རྡོ་རྗེ་མ་བུ་གསུམ་གྱིས་རྒྱ་དམར་གྱི་རྒྱལ་དར་འཁྱེར་བཞིན་པ་དེར་གཅིག་བྱས་ན་རྒྱབ་ལྗོངས་ཀྱི་དམིགས་ཡུལ་ཞིག་ཏན་ཏན་ཡོད་ཀྱི་རེད། ཕྱོགས་གཞན་ཞིག་ནས་ལས་འགུལ་དེ་འདྲ་ཞིག་སྤེལ་བ་དེ་ཁོང་ཚོ་སྒེར་གྱི་ཐོབ་ཐང་རེད། ང་རང་སྒེར་ངོས་ནས་ཁོང་མ་བུ་གསུམ་གྱི་བྱེད་སྟངས་དེར་དགག་པ་རྒྱག་འདོད་མེད” ཅེས་བརྗོད་སོང་།

གསར་འགོད་པ། དཔལ་ལྡན།

 
 
 
 

 

འབྲེལ་ཡོད་གསར་འགྱུར།

པར། བདག་དབང་། བོད་ཀྱི་དཔེ་མཛོད་ཁང་།
Mobile App

གསར་འགྱུར་མེ་ལོང་ལོ་ ༡༠༠ འཁོར་བའི་རྗེས་དྲན།

༢༠༢༥/༡༠/༡༡
FILE - Venezuelan opposition leader Maria Corina Machado gestures at a protest ahead of the Friday inauguration of President Nicolas Maduro for his third term, in Caracas, Venezuela January 9, 2025. [File photo: Reuters/Maxwell Briceno]
Mobile App

༢༠༢༥ ལོའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ལྕམ་མཱ་རི་ཡ་ཁོ་རི་ནཱ་མཱ་ཆཱ་ཌོ་ལགས་སུ་ཐོབ།

༢༠༢༥/༡༠/༡༠
བོད་རིགས་དཔོན་པོ་བསྟན་འཛིན་དང་རྒྱ་ནག་གཞུང་གི་ཆོས་ལུགས་ལས་དོན་བཀག་སྡོམ་གྱི་བཅའ་ཁྲིམས། པར་དུས་བབ་ཀྱིས་བསྒྲིགས།
Mobile App

ཆོས་ལུགས་ལ་དད་མོས་བྱས་པའི་ཉེས་མིང་འོག་བོད་རིགས་དཔོན་པོ་ཞིག་གནས་དབྱུང་བཏང་།

༢༠༢༥/༡༠/༡༠
Hungary's Laszlo Krasznahorkai poses for photographers in London [File: Matt Dunham/AP]
Mobile App

འདི་ལོའི་ནོ་སྦེལ་རྩོམ་རིག་གཟེངས་རྟགས་དེ་ཧང་གྷ་རིའི་རྩོམ་པ་པོ་ལཱ་སི་ལོ་ཀ་རཱ་སི་ཛ་ན་ཧོར་ཁའེ་ཐོབ། 

༢༠༢༥/༡༠/༡༠
From left, Susumu Kitagawa, Richard Robson and Omar Yaghi, winners of the Nobel Prize in Chemistry, announced at the Nobel Assembly of the Karolinska Institutet, in Stockholm, Sweden, on October 8, 2025
Mobile App

ནོ་སྦེལ་རྫས་འགྱུར་རིག་པའི་གཟེངས་རྟགས་ཡོངས་བསྒྲགས་གནང་།

༢༠༢༥/༡༠/༠༩
The 7th Young Indian Scholars’ Conference on Tibetan Studies Commences in Dharamshala Organises by Tibet Policy Institute (TPI). PC : CTA
Mobile App

རྒྱ་གར་ན་གཞོན་བོད་རིག་པ་ཉམས་ཞིབ་པའི་ཚོགས་འདུ་ཐེངས་བདུན་པ་མཇུག་བསྡུས།

༢༠༢༥/༡༠/༠༩

མཆན། 89

  1. རང་བཙན་པ། says:
    ལོ་ 13 སྔོན།

    ང་གཞོན་ནུའི་ཚོགས་མི་ཞིག་ཡིན། ང་རང་བཙན་གྱི་ལྟ་གྲུབ་ལ་ཡིད་ཆེས་ཡོད་མཁན་ཞིག་ཡོད་མོད། སྒང་ནས་སྡོད་མཁན་ཚོས་འདི་ལྟར་ཚོར་བ་གཅིག་པུས་ལས་ཀ་བྱས་ན། དངོས་གནས་རང་བཙན་པ་ཚང་མར་གྱོང་རེག་གི་འདུག ངས་གསལ་འདེབས་ཞུ་རྒྱུ་ཞིག་ལ། མ་འོངས་པར་དབུས་རྒྱུན་ནས་ལས་ཀ་ག་རེ་བྱས་ན་གྲོས་བསྡུར་བྱས། ཐག་གིས་མི་ཆོད་ན་འགན་འཛིན་ལྷན་ཚོགས་ལ་གྲོས་བསྡུར་བྱས། སྤྱི་ཚོགས་དང་བསྟུན། ༧གོང་ས་མཆོག་དང་གཞུང་དེ་བཞིན་མི་མང་བརྒྱ་ཆ་དགུ་བཅུ་ལྷག་གི་མངོན་འདོད་ལམ་དབུ་མ་གཙོས་ལྟ་གྲུབ་གཞན་འཛིན་མཁན་ཚོ་ལའང་ཕོག་ཐུགས་མ་འགྲོ་བ་ཞིག་གནང་དགོས་རྒྱུ་ལས། གླེན་ཤེད་ཚད་ན་ནང་ཁུལ་འཆམ་རྒྱུ་ཁག་པོ་རེད། དེ་ནས་གཞོན་ནུའི་མཐོང་བརླག་གི་རེད། ས་གནས་ཁག་ནས་དབུས་རྒྱུན་ལས་ཛ་དྲག་གིས་འགྱུར་བ་གཏོང་དགོས་པའི་ཡི་གེ་བཏང་མ་ཆོག་པ་ཡོད་པ་མ་རེད།

    Reply
  2. རིག་རང་སྐྱེས། says:
    ལོ་ 13 སྔོན།

    གཞོན་ནུ་ཚོགས་པ། ཁ་རྒྱག་པ་ནང་གི་ཚིག་སྟོང་པ་མ་བཤད། འོ་ན་ཁྱོད་ཚོས་བོད་ཀྱི་རྒྱལ་དར་ཁུར་ནས་བོད་ནང་དུ་རྒྱུག་དང་། འཕུར་ས་ཨ་སྔོན་གནམ་ཡིན་རུང་འབབ་ས་དོག་མོ་ས་ཡིན།

    Reply
  3. ནད་པ says:
    ལོ་ 13 སྔོན།

    གླིང་ཚ་མ་བུ་གསུམ་གྱིས་བོད་དོན་ཞི་བའི་གོམ་བགྲོད་གནང་བཞིན་པ་དེར་ཡི་རང་དང་བསྔགས་བརྗོད་ཞུ་འོས་པ་ཞིག་རེད།

    ཡིན་ནའང་ཞི་བའི་ལས་འགུལ་སྤེལ་སྐབས་སུ་རྒྱ་ནག་དམར་ཤོག་གི་དར་དམར་ཡར་བསྒྲེངས་ཏེ་གོམ་བགྲོད་གནང་བཞིན་ཡོད་པ་དེ་ཆབ་སྲིད་ཀྱི་ཐོག་ནས་བཤད་ན་ནོར་འཁྲུལ་ཆེན་པོ་ཞིག་རེད།

    གང་ཡིན་ཟེར་ན་གཞུང་དང་། ཚོགས་པ། ཆོས་ལུགས་སོགས་ཚང་མར་སོ་སོའི་མཚོན་རྟགས་རེ་ཡོད་པ་རེད། དར་དམར་དེར་མཚོནྒུང་ཁྲན་ཏང་ལ་རྒྱལ་ཁ་ཐོབ་པའི་མཚོན་རྟགས་ཤིག་རེད་ལ་དར་དམར་དེའི་འོག་ནས་བོད་མི་ས་ཡ་གཅིག་དང་འབུམ་ལྷག་གི་ཚེ་སྲོག་འཕྲོག་ཡོད་པ་རེད།

    དཔེར་ན་གུང་ཁྲན་ཏང་གི་ཚོགས་ཆེན་ཞིག་བསྐངས་ན་ཁོ་ཚོའི་བརྒྱབ་ཏུ་དར་དམར་བསྒྲེངས་འཛུགས་བྱེད་བཞིན་པ་དེ་རེད། ད་དུང་བོད་ནང་ཁང་པའི་སྟེང་དུ་ཏང་ལ་དགའ་ཞེན་ཡོད་པ་མཚོན་ཕྱིར་དར་དམར་བསྒྲེངས་འཛུགས་བྱེད་དོས་པའི་བཀའ་ཕབ་པ་རེད།

    ང་ཚོས་འདི་ནས་རང་དབང་ཐོག་ཏང་དར་དམར་པོ་ལྷུབ་ལྷབ་ཏུ་གཡོ་བཞིན་འཁྱེར་འགྲོ་ན་དེས་གུང་ཁྲན་ཏང་ལ་དགའ་ཞེན་ཡོད་པ་མཚོན་པ་རེད།
    མ་བུ་གསུམ་ཏང་ལ་ལྷག་བསམ་རྣམ་དག་གིས་དགའ་ཞེན་ཡོད་ན་དར་དམར་འཁྱེར་ནའང་འགྲིག དེ་ནི་སོ་སོའི་རང་དབང་རེད།

    བོད་མི་རིགས་དང་བོད་རྒྱལ་ཁབ་ཀྱི་ཆེད་དུ་ཡིན་ཚེ་ེངས་པར་དུའང་དར་དམར་འཁྱེར་འགྲོ་དེ་ངེས་པར་དའུང་མཚམས་འཐོག་བྱེད་དགོས། དེར་ཐ་གཅིག་ཏུ་ངོ་རྒོལ་ཡོད།

    Reply
  4. གསར་བུ། says:
    ལོ་ 13 སྔོན།

    ཚེ་བརྟན་རྡོ་རྗེ་ཟེར་བ་འདི་མི་སེམས་ཤུགས་ཅན་ཞིག་ཡིན་ཚོད་ལ། དེ་མཚུངས་དབྱིན་སྐད་ཀྱི་enmotionཤུགས་ཆེན་པོ་ཡོད་མཁན་ཞིག་ཀྱང་རེད། སྔར་ཁོས་བུ་མོ་ཞིག་ལ་དགའ་རབས་ཀྱི་གཏམ་ཉིག་ལུང་བ་གང་བྲིས་ནས་དེབ་བཏོན་པ་སོགས་བྱས་མྱོང་། ལྷག་པར་ཐེངས་འདིར་ཁོས་མི་བྱེད་དགུ་བྱེད་རང་དབང་ལུང་བ་ནས་དགྲ་བོ་རྒྱ་དམར་གྱི་ཁྲག་དར་གྱེན་དུ་བསྒྲེངས་པ་ནི་བོད་མི་རིགས་ཀྱི་ལོ་རྒྱུས་དང་། ལྷག་དོན་རང་དབང་འཐབ་རྩོད་ལ་མཐའ་གཅིག་ཏུ་འབད་བཞིན་པའི་རང་རེའི་སྤྱི་ཚོགས་འདིར་དེ་འདྲའི་ངན་སྤྱོད་དམ་ཡང་ན། གླེན་རྟགས་སྟོན་པ་ནི་ཆེས་ངོ་ཚ་དགོས་པ་དང་། ཞབས་འདྲེན་ཞིག་རེད། དེར་བརྟེན་ངས་ཡང་ཁོས་ལས་འགུལ་དེར་རྒྱབ་སྐྱོར་དང་ཐུགས་རྗེ་རབས་གང་ཡང་ཤོད་རྒྱུ མེད་ཁར་སྤུན་ཟླ་གྲངས་མེད་ཅིག་གི་ཚེ་སྲོག་ཁྲག་དམར་གྱི་དེ་ཆ་འདིའི་འོག་ཤོར་བཞིན་པའི་དུས་འདིར་བོད་རིགས་ཚེ་རྡོར་མིང་ཅན་མ་བུ་གསུམ་གྱིས་འདི་འདྲའི་རྒྱལ་གཅེས་དཔའ་བོ་བོས་སྙིང་དམར་བོར་གྲི་བཙུགས་པ་ལྟ་བུའི་ལས་འགུལ་སྤེལ་བ་ལ་མཐའ་གཅིག་དང་། བརྒྱ་ཆ་བརྒྱ་ནས་ངོ་རྒོལ་བྱེད་ཀྱི་ཡོད།

    Reply
  5. Dawai Shonu says:
    ལོ་ 13 སྔོན།

    བོད་ཀྱི་གཞོན་ནུ་ལྷནག་ཚོགས་ཀྱི་གསལ་བསྒྲགས་སྤེལ་བ་དེ་དོན་ལ་གནད་པ་ཞིག་རེད་།་དེ་ལ་རྒྱབ་སྐྱོར་ཡོད། གོམ་བགྲོད་ལས་འགུལ་འདི་རྙོག་དྲ་ཅན་ཞིག་ཏུ་འགྱུར་ངན་འདུག རྒྱ་ནག་གི་དར་ཆ་འཕྱར་བཞིན་གོམ་བགྲོད་བྱེད་པ་ནི་དངོས་གནས་ཡ་མཚན་ཞིག་རེད། གལ་སྲིད་བྱེད་སྟངས་འདི་ཡག་པོ་ཡིན་ན།་ ད་འོ་ན་ང་ཚོའི་གཞུང་གི་ལས་ཁུངས་ཚང་མའི་ནང་རྒྱ་ནག་གི་དར་ཆ་འགྲེང་ན་མ་རེད་པས། སློབ་གྲྭ་ཁག་ལས་རྒྱ་ནག་གི་རྒྱལ་གླུ་གཏོང་བཅུག་ན་གང་འདྲ་འདུག གསུམ་བཅུའི་དུས་དྲན་དང། མང་གཙོའི་དུས་ཆེན་སོགས་ཀྱི་སྐབས་སུ་རྒྱ་ནག་གི་དར་ཆ་ཆར་དགོས་པ་རེད། དྲ་གྲོགས་ཚོ་དེ་འདྲ་ཨེ་ཡིན།

    Reply
  6. ལུང་རྟོགས། says:
    ལོ་ 13 སྔོན།

    གླིང་ཚ་མ་བུ་གསུམ་གྱི་བློོས་གཏོང་ལ་བོད་མི་ཚང་མས་སེམས་གཏིང་ནས་གུས་བཀུར་དང་སེམས་ཚོར་ཆེན་པོ་ཡོད་པ་རེད། དེས་ན་ང་ཡང་ཐོག་དང་པོར་གཞོན་ནུས་ངོ་རྒོལ་བྱས་པའི་གསར་འགྱུར་འདི་མཐོང་སྐབས་རང་བཞིན་གྱིས་བློ་ཕམ་འདྲ་ཞིག་བྱུང་། འོན་ཀྱང་བསམ་བློ་ལེགས་པར་བཏང་དུས་ངས་གོང་དུ་ཞུས་པ་ལྟར་རྒྱ་ནག་གི་རྒྱལ་དར་འཕྱར་བ་འདི་གཞོན་ནུའི་ཆབ་སྲིད་ལང་ཕྱོགས་དང་རྩ་འགལ་ཡིན་པས་འདི་ལ་མོས་མཐུན་མེད་པར་བཤད་མི་འོས་པ་ཞིག་མ་རེད་སྙམས། འདིར་དྲ་གྲོགས་འགའ་རེས་གཞོན་ནུས་ད་བར་བོད་དོན་ཆེད་དུ་གང་ཡང་སྒྲུབ་མེད་པ་དང་བྱེད་ཐུབ་མེད་པ་སོགས་བཤད་པ་ནི་ཚོར་བའི་དབང་དུ་སོང་བའི་སྐད་ཆ་ཙམ་ལས། དོན་དངོས་སུ་བཙན་བྱོལ་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་གི་ནང་ནས་ལས་འགུལ་ཤུགས་ཆེ་ཤོས་སྤེལ་མཁན་ནི་གཞོན་ནུ་ལྷན་ཚོགས་རེད་ལ། གྲུབ་འབྲས་ཆེ་ཤོས་ཀྱང་ཁོང་ཚོས་བླང་ཡོད་པར་འདོད། ང་ནི་དབུ་མའི་ལམ་ལ་རྒྱབ་སྐྱོར་བྱེད་མཁན་ཞིག་ཡིན་ན་ཡང་། གཞོན་ནུ་ལྷན་ཚོགས་འདི་བོད་དོན་འཐབ་བརྩོད་ཀྱི་གཙོ་ཤུགས་ཤིག་ལ་ངོས་འཛིན་དང་གུས་བཀུར་ཞུ་ཡི་ཡོད།

    Reply
  7. མི་རྒོད། says:
    ལོ་ 13 སྔོན།

    འོ་ཡ་ད་ནང་འཁྲུག་རྒྱོབ་ཨང་ཧ་ཅང་ཡག་པོ་འདུག། དེ་འདྲ་ཡིན་ན། ད་བར་བོད་གཞོན་ནུ་ལྷན་ཚོགས་ག་པར་རྨོང་གཉིད་ཤོར་ནས་བསྡད་ཡིན། དུས་དེ་དུས་བསམ་གྲོས་ལྷུག་པོ་བྱས་ནས་རྐྱེན་མ་བྱུང་གོང་ལ་བཟློག་ཐབས་མི་བྱེད་པའི་རྒྱུ་མཚན་ཅི་རེད།
    ད་ལས་དོན་སྤེལ་ཚར་ནས་མི་ཡིས་ས་ཁྱབ་གཏམ་གྱིས་འཛམ་གླིང་ཁྱབ་རྗེས་ངོ་རྒོལ་ཡོད་ཞེས་པ་བོད་དོན་རྩོད་ཀྱི་ཡོད་དམ ། ཉག་ཕྲ་བའི་དུས་ལ་ནང་འཁྲུག་རྩོད་ཀྱི་ཡོད།
    ཉེས་རིང་ཆགས་ལྡང་གིས་ལྷད་འདྲ་ཨེ་འདྲེས།
    བོད་མི་ཚོ་བློ་གཟུར་གནས་ཐོག་དཔྱད་ཞིབ་བྱེད་གལ་ཆེ་ལ་དོགས། བུད་མེད་ཚོགས་པས་ཆབ་སྲིད་ཉམས་མྱོང་དེ་དམར་བརྗེན་དགྲ་ལ་འཆར་ཚར་བ་རེད། ད་གཞོན་ནུ་ཚོགས་པ་འཆར་འདོད་ཀྱི་ད། འོ་འདི་དགྲ་ལ་དགོས་རྒྱུ་མཚོན་ཆ་ཞེས་པ་དེ་རེད། ད་བར་ཚོགས་པ་འདི་གཉིས་བཙན་བྱོལ་ནང་ཧ་ཅང་གལ་ཆེ་ཡིན་ཡང་ད་ལོ་བུད་མེད་ལྷན་ཚོགས་བོད་མིའི་མདོང་ཆུ་ལ་སྐྱུར་བ་རེད། ད་གཟབ་གཟབ་བྱེད་པའི་དུས་ལ་བབས་ཤག་བོད་གཞོན་ནུའི་ཚོགས་གཙོ་རྒན་གཞོན་དང་དྲུང་ཡིག་མེད་ཀྱང་བོད་གཞོན་ནུ་ཡོད་པ་བརྟེན་དགོས་གལ་ཡོད་ཚེ་གསར་འགོད་བྱས་ཆོག་པ་རེད། མང་གཙོ་བ་རྣམས་དཔྱད་པ་གནང་ནས་ངན་པ་ལང་ཤོར་མི་ཡོང་བ་ཚང་མའི་འགན་འཁུར་དགོས་པ་སེམས།།

    Reply
  8. ཤག་སྒང་པ། says:
    ལོ་ 13 སྔོན།

    ཁ་སང་རང་༸དོན་གྱི་བདག་པོ་ཡིད་བཞིན་ནོར་བུས་ཕྱི་རྒྱལ་དུ༌༌༌༌༌༌༌༌༌ང་ཚོ་ས་རྒྱ་དང་དཔལ་འབྱོར་རྗེས་ལུས་ཀྱི་མི་རིགས་ཡིན། ཐུན་མིན་རིག་གཞུང་སྲུང་སྐྱོབ་དང་ཁོར་ཡུག་གི་རང་དབང་ཚད་ལྡན་བྱུང་ན་འགྲིག་གསུངས་པའི་ནང་དོན་དེ་དག་བོད་རིགས་གཞོན་ནུ་ལྷན་ཚོགས་ཀྱི་གོ་མེད་པ་འདྲ།

    མ་གཞི་ནས་གཞོན་ནུ་དེ་མི་རིགས་འཁོར་གཞིར་འགྲོ་བའི་ཆེས་རྗེས་ལུས་ཐབས་ཟད་རྒྱ་དར་བསྲེགས་རྒྱུ་དེ་མ་གཏོགས། དབུ་མའི་ལམ་གྱི་བཞེད་དགོངས་ངོ་མ་དེ་ཤེས་ཀྱི་མེད་པ་འདྲ།

    ཟབ་སྦྱོང་ཞིག་ཛ་དྲག་སྤྲོད་གལ་འདུག

    Reply
  9. བདེན་གཏམ། says:
    ལོ་ 13 སྔོན།

    ཚེ་རྡོར་མ་མོ་གསུམ་ལ་རྒྱབ་སྐྱོར་ཡོད།
    བོད་དོན་བརྩོད་རྒྱུ་ནི་རང་རང་གི་ཐབས་ལམ་སྣ་ཚོགས་ཀྱི་སྒོ་ནས་བརྩོད་དགོས་་པ་ལས་གཞོན་ལྷན་ལ་སྟུན་དགོས་གང་ཡང་ཡོད་མ་རེད་སྙམ།
    ལར་ནས་གཞོན་ལྷན་གྱི་ཐུགས་ལ་བཞག་དགོས་པ་ཞིག་ལ་བོད་དོན་གྱི་འཐབ་བརྩོད་འདི་གཞོན་ལྷན་ཁོ་ན་ལ་དག་པ་ཞིག་མིན་ལ་ཞོན་ལྷན་གྱིས་གང་བཤད་ལ་ཉན་དགོས་པ་ཡང་མེད་སྙམ། དེ་ན་ཚེ་རྡོར་མ་མོ་གསུམ་གྱིས་བོད་དོན་འཐབ་བརྩོད་གནང་ཕྱོགས་ལ་སྙིང་དབུས་ནས་རྒྱབ་སྐྱོར་ཡོད།

    Reply
  10. རྣམ་རྒྱལ་དོན་འགྲུབ། says:
    ལོ་ 13 སྔོན།

    རྒྱ་ཡི་རྒྱ་དར་ཞིག་འཁུར་ནས་ལས་འགུལ་དེ་འདྲ་ཞིག་སྤེལ་བ་ཤེས་མ་སོང་། ད་བར་དུ་གླིང་ཚ་ཚེ་བརྟན་རྡོ་རྗེ་མ་བུ་གསུམ་གྱི་ལས་དོན་ལ་རྒྱབ་སྐྱོར་བྱས་བསྡད་པ་ཡིན། ཡིན་ན་རྒྱ་ནག་གི་རྒྱ་དར་ཞིག་འཁྱེར་ནས་ལས་འགུལ་དེ་འདྲ་སྤེལ་གྱི་ཡོད་ན། ངོ་མ་ལས་འགུལ་དེ་མ་སྤེལ་ན་དགའ་ཡི་རེད།
    མི་ཟེར་ཡ་དེ་ལ་ཕོ་རུས་ཏོག་ཙམ་དགོས་ཀྱི་རེད། མ་གཞི་ནས་དེང་སང་བཙན་བྱོལ་སྤྱི་ཚོགས་འདི་ནང་དུ་སྤྲེ་ལད་འདྲ་བོ་ག་རེ་འཁྲབ་རྒྱུ་རག་ས་རེད་བསམ་ནས་བལྟ་སྡོད་མཁན་དེ་འདྲ་འདུག དཔེ་མེད་ཐབས་སྐྱོ་བོ་རེད། ང་ཚོ་བོད་པའི་ཁ་རྒྱུན་ལ། གླ་ལྤགས་ནང་བཞིན་ག་འཐེན་ལ་མ་ནར། སྦྲང་རྩི་ནང་བཞིན་ག་གཏུག་ལ་མ་འབྱར། ཟེར་སྲོལ་ཡོད་རེད།
    རྒྱ་ཡི་རྒྱལ་དར་ནས་འཁུར་ནས་ལས་འགུལ་སྤེལ་བསྡད་པ་ཡིན་ན། ཕྱི་སྡོད་རྣམས་ཀྱིས་བོད་ནང་གི་འཚེ་བ་མེད་པའི་ལས་འགུལ་ལ་རྒྱབ་སྐྱོར་ཡོད་ཟེར་བ། གཞིས་བྱེས་བསམ་ཕྱོགས་གཅིག་པ་ཡིན་ཟེར་བ་སོགས་ག་རེ་ཆགས་པ་རེད། རང་དབང་མེད་ས་ནས་རྒྱ་ཡི་རྒྱལ་དར་མར་ཕབ། རང་དབང་ཡོད་ས་ནས་རྒྱ་ཡི་དར་ཆ་མགོ་ལ་འཕྱར་བསྡད་པ་ཡིན་ན་བོད་ནང་གི་རྒྱ་དར་མར་ཕབ་མཁན་དེ་ཚོ་ལ་ག་རེ་བཤད་དགོས་རེད། རྒྱ་དར་མར་ཕབ་པར་བརྟེན་དགོན་པའི་མཁན་པོ་དང་གད་པ་ཡན་ཆད་ལ་འདྲི་རྩད་དང་རྡུང་རྡེག་རག་སྡོད་མཁན་དེ་ཚོས་ག་རེ་དྲན་གྱི་རེད།
    མདོར་བསྡུས་ན་རྒྱ་ཡི་རྒྱལ་དར་དེ་མེ་ལ་མ་བསྲེགས་ན་མགོ་ཀླད་ལ་འཕྱར་ནས་དགའ་མོས་དེ་ཀ་བྱེད་ཨི་དགོས་ཤེ། ས་དེ་ག་ཙམ་དགའ་མོས་མ་རེད་རོགས་གནང་ཟེར་ངས་ཞུ་བ་བྱེད་ཀྱི་ཡོད།

    Reply
  11. ཤར་ཕྱོགས་ཀྱི་གསེར་ཉ། says:
    ལོ་ 13 སྔོན།

    གླི་ཚང་མ་བུ་གསུམ་ནི་ངོ་མ་བོད་པ་ཁྲུས་ནས་མ་དག་པ་རེད་ལ།རྒྱའི་རྒྱལ་དར་འཁྱེར་ནས་རྒྱ་ནག་མི་སེར་བཟོ་བར་འགྲོ་གི་ཡོད་རྒྱུ་རེད་།
    མིའི་རི་མོ་ནང་དང་སྟག་གི་རི་མོ་ཕྱི་ལ་ཡོད་པའི་དཔེ་ལྟར་གླི་ཚང་མ་བུ་གསུམ་ག་རེ་བྱེད་རྩིས་ཡོད་མེད་སུས་ཀྱང་བཤད་མི་ཐུབ།
    ད་ལོ་རྒྱའི་རྒྱལ་དར་འཕྱར་ཏེ་མ་འགྲོ།ལོ་རྗེས་མ་ཀྲུང་གོ་གོང་ཁྲན་ཏང་གི་ཁོངས་མི་ཆགས་གྲབས་ཡོད་འགྲོ།
    དེའི་རྗེས་ཀྲུང་གོ་ཀྲུང་དབྱངས་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཆགས་གྲབས་ཡོད་འགྲོ།

    Reply
  12. ཤར་ཕྱོགས་ཀྱི་གསེར་ཉ། says:
    ལོ་ 13 སྔོན།

    གཞོན་ཚོགས་ཀྱི་གསུང་པ་ལྟར་ངོ་རྒོལ་ཡོད། གཞོན་ཚོགས་ཀྱིས་འདིའི་ཐད་ནས་བསྒྲགས་གཏམ་སྤེལ་བ་ནི་གལ་ཆེན་རེད། བཀའ་དྲིན་ཆེ། གོང་ས་མཆོག་གིས་ལམ་དབུ་མ་རྩོད་ཀྱིན་ཡོད་ཀྱང་། ད་བར་རྒྱ་མའི་རྒྱ་དར་ཁྱེར་མེད། གླིང་ཚའི་གོམ་བགྲོད་ལ་ཐོག་མ་དགའ་བསུ་དང་། རྒྱབ་སྐྱོར་བྱས་ཡིན་དེ། ཁོས་རྡ་ས་ནས་རྒྱ་མིའི་རྒྱ་དར་མེད་པ། ལམ་བར་ནས་ཁྱེར་སྟངས་ཀྱིས་བོད་མི་མགོ་སྐོར་བཏང་པ་འདི་ལ་ངོ་རྒོལ་ཡོད་པ་མ་ཟད། ཁོས་རྒྱ་མའི་དར་ཆ་ཁྱེར་ནས་བོད་ལ་འགྲོ་བ་འདི་མོས་མཐུན་མེད་པ་ཁོའི་གཟུགས་པོའི་སྟེང་ནས་བོད་མིའི་ཁྲག་རྒྱུག་གིན་ཡོད་དུས། ཞབས་འདྲེན་རེད་ལབ་འདོད་བྱུང་། གང་ཡིན་ཟེར་ན། བོད་ནང་གི་བོད་མི་ཚོས་དེ་མར་ཕབ་ཨེ་ཐུབ་ལྟ་རྒྱུ་དེ་ཁོས་རང་དབང་ལུང་པ་ནས་ཡར་ཁྱེར་ནས་འགྲོ་གིན་ཡོད་པ་རེད
    བོད་དོན་ཕན་མ་ཐོག་ནས་གནོད་པའི་བྱ་བ་མ་བྱ་ཞེས་ཞུ་རྒྱུ་ཡིན།

    Reply
  13. རྒྱ་རྙི། says:
    ལོ་ 13 སྔོན།

    བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་ད་ལྟའི་བོད་ནང་གི་དངོས་ཡོད་ཀྱི་བོད་མིའི་དཀའ་ངལ་ལ་བསམ་བློ་བཏང་མྱོང་མེད།
    བོད་མིའི་སྤྱི་ཚོགས་བར་གྱི་ཆིག་བསྒྲིལ་ལ་བསམ་བློ་བཏང་མྱོང་མེད།
    བོད་རྒྱལ་ཁབ་འཛུགས་བསྐྲུན་གྱི་མ་དངུལ་ལ་ཁ་གཡར་ནས་མི་མང་ནས་ཞལ་འདེབས་བསྡུ་རུབ་མགོ་བསྐོར་ལ་མི་མང་ཡིད་ཆད་འགྲོ་བ་ཤེས་མེད།
    བསྒྲགས་གཏམ་མང་པོ་ཞིག་བསྒྲགས་ཀྱང་གྲུབ་འབྲས་གང་ཡང་ཐོན་པའི་རང་ཉིད་ཚོའི་ནུས་པ་ལ་བསམ་བློ་དཔོག་མྱོང་མེད།
    དོན་འགྲུབ་ལྷ་དར་གྱི་རྗེས་སུ་རྒྱུག་ན་ཚོར་བའི་མཇུག་འབྲས་དང་ནང་དཀྲུགས་ཙམ་ལས་མེད་པ་ཤེས་མྱོང་མེད།
    ཚེ་རྡོར་མ་བུ་གསུམ་སོགས་བོད་མི་ཉམ་ཆུང་ལས་འགུལ་བ་ཚོར་བརྫིག་བརྫིག་བྱས་ན་གནོད་ལས་ཕན་མེད་པའི་མཇུག་འབྲས་རྟོགས་མེད།
    ཨ་ཧཧཧཧཧ། ད་ཡིན་ན་བོད་ཀྱི་གཞོན་ནུས་ནང་ཁུལ་དཀྲུགས་སོང་།

    Reply
  14. བསོད་ནམས་རྒྱ་མཚོ། says:
    ལོ་ 13 སྔོན།

    གཞོན་ལྷན་ནས་ངོ་རྒོལ་གནང་བར་རྒྱབ་སྐྱོར་ཡོད། ལུང་རྟོགས་གྱི་མཆན་ལ་མོས་མཐུན་ཡོད། ཁྱེད་མ་བུ་གསུམ་གྱིས་བོད་མི་རང་དབང་ཕྱིར་དུ་དཀའ་སྤྱད་བློ་ཡུལ་ལ་གཤོང་དཀའ་བ་གནང་བར་ནམ་ཡང་བརྗེད་མི་སྲིད། འོན་ཀྱང་དར་དམར་དགུང་སྔོན་ལ་འཕྱར་བཞིན་གོམ་བགྲོད་བྱེད་པ་མཐོང་དུས་ཁྱེད་ཀྱིས་རང་ཉིད་ཀྱི་ཆོད་སེམས་ཀྱི་རིན་ཐང་དམའ་རུ་གཏོང་གིན་ཡོད་ལ། བདེན་དོན་གྱིས་རྩིས་མ་ཟིན་པ་དང་། རང་བྱས་རང་རྒོལ་གྱི་ངོ་བོར་འགྲོ་བའི་ཉེན་མི་ཆུང་སྙམ་ལགས། གཞན་ཡང་། བོད་ནང་ནས་དར་དམར་ལན་ཅིག་ཕབ་ཕྱིར་སྲོག་གཏོང་དགོས་བྱུང་ན་གཏོང་བཞིན་པ་དེ་དག་རང་བཞིན་གྱིས་དྲན་ཏེ་ཡིད་མ་དགའ་བར་མ་སྐྱིད་པར་གྱུར་ཏེ་བློ་འཚབ་ངང་གིས་སྐྱེའོ།།

    Reply
  15. ཟླ་བ་བསོད་ནམས། says:
    ལོ་ 13 སྔོན།

    གཞོན་ནུ་ལྷན་ཚོགས་ནས་རྒྱབ་བཤད་བྱས་བའི་སྐད་ཆ་མེད་པར་གདོང་ལ་བུད་ནས་རྒྱབ་སྐྱོར་བྱེད་འདོད་མེད་ཚུལ་འདི། གླིང་ཚ་མ་བུ་གསུམ་ལ་མཚོན་རུང་བློས་མི་བཟོད་པའི་བརྙས་མོལ་དེ་ཆགས་སྲིད་ཀྱི་མ་རེད་ལ། དེ་ག་ནང་བཞིན་༧གོང་ས་མཆོག་གཙོ་གྱུར་བའི་དབུ་མའི་ལམ་གྱི་ཁྱད་ནུས་ལ་བློ་གདེང་འཁེལ་ཐུབ་མཁན་ཡོངས་བསམ་པ་གཅིག་མཐུན་ཡིན་སྲིད། འོན་ཀྱང་གཞོན་ལྷན་གྱི་དགོས་འདོད་དང་ལས་འགན། ལངས་ཕྱོགས། འཐབ་རྩོད་འགུལ་ཤུགས་གང་ཐད་ནས་ཞིབ་ཚགས་སྒོས་ཕྱིར་མིག་རེ་བྱས་ཚེ། གླིང་ཚ་མ་བུ་གསུམ་ལ་ངོ་རྒོལ་གྱི་སྐད་ཆ་དེ་ཉམས་ཆུང་ལ་བབས་པའི་དཔའ་སྐད་འཐེན་ཀྱིན་པའི་བཟོ་འདུག གཞོན་ལྷན་གྱི་ཁ་མིག་རྒྱབ་དཔུང་ཅན་ལ་ཐུག་ན་འགག་འགྲོ་བ་ཡིན་ན་མ་གཏོགས། བོད་གཞུང་འབངས་གཙོ་གྱུར་བའི་སྤྱི་འཐུས་ལྷན་ཚོགས་ཡན་ནས་རྒྱ་ནག་གི་རྩ་ཁྲིམས་འོག་འདུག་འདོད་ལྟར། སྤྱི་ཚོགས་རིང་ལུགས་བཟང་གི་རྒྱལ་གླུ་མ་བླངས་ཙམ་བྱས་སོང་ང་། དེ་དུས་རྒྱལ་རབས་ལོ་རྒྱུས་གཞི་བཟུང་གིས་རང་བཙན་ལ་མཆོད་སྟེགས་ཞིག་བཞེངས་ཡོད་ན་ཅི་མ་རུང་། དེ་བཞིན་བོད་མི་མང་གི་དཀའ་སྡུག་ལ་བབས་བའི་དཔའ་བོ་མདུང་འཁུར་རེ་བྱུང་ཡོད་ལས་ཆེ་ཨང་། གང་ལྟར་དེ་སྔོན་བྱུང་མ་མ྄ོང་རུང་ད་དུང་ཡིན་ཡང་རུང་གོ་སྐབས་ཀྱི་ཆ་ནས་ལྷག་བསམ་ཡོད་ན་གཏོང་ཕོད་བྱེད་རྒྱང་བྱས་དང་྄། བོད་མི་མང་ལ་མཁོ་མཁོ་པ་རེད།
    མདོ་དོན་གཞོན་ལྷན་གྱི་དེ་རིང་གི་ངོ་རྒོལ་འདི། ས་མཚམས་མེད་པར་ཁ་བཤད་གཉིས་མེད་ཀྱི་ལག་ལེན་ལ་ཐོབས་དང་གླིང་ཚ་མ་བུ་གསུམ་བོད་མི་མང་གི་དོན་དུ། དམྱལ་བའི་ཡུལ་དུ་འགྲོ་དགོས་རུང་ཕྱིར་མིག་ཙམ་ཡང་བལྟས་འགྲོ་བའི་བསམ་པ་མེད།

    Reply
  16. ནམ་མཁའ་བསྟན་འཛིན། says:
    ལོ་ 13 སྔོན།

    ༧གོང་ས་མཆོག་གིས་ཐེངས་མང་པོར་ཕྱིའི་རྒྱལ་ཁབ་ཁག་ཕེབས་སྐབས་བོད་པར་མཇལ་ཁ་གནང་སྐབས་བོད་དོན་འདི་རྣམ་དཔྱོད་ཀྱིས་རྩོད་རྒྱུ་ཞིག་ལས་ཚོར་བའི་རྗེས་སུ་འགྲེངས་རྒྱུ་མེད་པའི་སྐོར་བཀའ་སློབ་ཐེངས་གསུངས་ཡོད་ལ། ལོ་ཤས་སྔོན་༧གོང་ས་མཆོག་ཆེ་ཁི་སྤྱི་མཐུན་ནམ་ཁི་ར་ཙན་རྒྱལ་ཁབ་གང་རུང་གི་གྲོས་ཚོགས་ནང་ཕེབས་སྐབས། ཁོང་གིས་རྒྱ་ནག་གཞུང་གིས་བོད་ལ་མིང་དོན་མཚུངས་བའི་རང་སྲིད་རང་སྐྱོང་ཞིག་སྤྲད་པ་ཡིན་ན་ང་རང་རྒྱ་ནག་གི་ཕྱི་བསྐྱོད་ལག་འཁྱེར་བཤུས་ནས་བོད་ལ་ལོག་རྒྱུའི་གྲ་སྒྲིག་ཡོད་ཅེས་གསུངས་སོང་། དྲ་ཐག་འདིར་གཟིགས་དང་གནས་ཚུལ་དེ་རྡ་ས་ནས་ཀྱང་གསར་འགོད་པ་ཞིག་ལ་གསུངས་འདུག འདིས་ཁྱོད་ཚོར་མིག་རྒྱ་ཞིག་བསྐྱེད་ཐུབ་པར་སྨོན།http://www.thaindian.com/newsportal/uncategorized/when-dalai-lama-faced-a-deadly-question_100164923.htmlདེ་མིན་ང་བོད་རང་བཙན་མ་ཐོབ་ན་དར་དམར་འོག་ནས་འདུག་ཐུབ་ས་མ་རེད་དང་ངས་རྒྱ་ནག་གི་ཕྱི་བསྐྱོད་ལག་འཁྱེར་བཟུང་ནས་ལུང་པ་གཞན་ལ་འགྲོ་ཐུབ་ས་མ་རེད་ཟེར་མཁན་ཚོ་མང་ཆེ་བ་བོད་ནང་མིག་གིས་མཐོང་མ་མྱོང་བའི་གྲས་རེད།

    Reply
  17. མི་ཉག་སྐལ་བཟང་། says:
    ལོ་ 13 སྔོན།

    གཞོན་ནུ་ཚོགས་པར་རྒྱབ་སྐྱོར་བརྒྱ་ཆ་བརྒྱ་ཐམ་པ་ཡོད།

    Reply
  18. རྒྱང་མིག says:
    ལོ་ 13 སྔོན།

    གཞོན་ནུ་ལྷན་ཚོགས་ཀྱིས་བྱེད་སྟངས་དེ་ལ་རྒྱབ་སྐྱོར་ཡོད། རྒྱལ་དར་དམར་པོ་དེ་ནམ་ཡང་ང་ཚོའི་དགྲ་བོའི་མཚོན་བྱེད་ཡིན་པ་ལས་བོད་མི་སུས་ཀྱང་གུས་བཀུར་བྱེད་ས་ཞིག་མིན། ང་ཚོས་དགྲ་བོ་དགྲ་རུ་ཤེས་པར་བྱེད་རྒྱུ་དེ་ཡང་བོད་མི་ཞིག་ཡིན་པའི་ལས་འགན་གཙོ་བོ་ཞིག་རེད་འདོད་དོ།།

    Reply
  19. གསེར་འབྲུག་སྡེར་ལྔ་ says:
    ལོ་ 13 སྔོན།

    མི་ཆུང་ལ་ཞུ་བར་བྱ་བ་ནི།
    ངས་ལོག་བཤད་བྱས་མེད་ལ་བདེན་བཤད་བྱས་ཡོད་ད་བར་བསམ་བློ་མང་པོ་བཏང་བའི་འབྲས་བུར། དར་དམར་འོག་བོད་དང་བོད་མི་རིགས་འདི་ཇི་སྲིད་གནས་པ་དེ་སྲིད་དུ་རང་དབང་དང་བདེ་སྐྱིད་ཞིག་འབྱུང་གི་རེད་བསམ་པའི་རེ་བ་ནམ་ཡང་མེད་ལ་ནམ་ཡང་འབྱུང་གི་ཡང་མ་རེད། རྒྱུ་མཚན་ཀྲུང་གོ་དམངས་གཙོའི་ཕྱོགས་སུ་བསྐྱོད་རྒྱུར་ད་དུང་ལམ་ཐག་རིང་ལ་གལ་ཏེ་དམངས་གཙོར་བསྐྱོད་འགོ་འཚུགས་ན་ཡང་གྲངས་འབོར་ཆེ་ཤོས་དང་ཧན་མི་རིགས་ཀྱི་མི་རིགས་ཆེན་པོའི་རིང་ལུགས་ཀྱི་ལྟ་བ་ནམ་ཡང་འདོར་མི་སྲིད་པས་ནམ་ཡང་བོད་མི་རིགས་ལ་འཛིན་པའི་ལྟ་བར་འགྱུར་བ་མེད་པ་རེད། མ་གཞི་དར་དམར་དེ་ཀྲུང་གོ་གུང་ཁྲན་ཏང་རོ་ལངས་རྒྱགས་དུས་གསར་བཟོ་བྱས་པ་ཞིག་རེད་ལ་མཚོན་དོན་ཡང་ཧ་ཅང་འཇིགས་སུ་རུང་བ་ཞིག་རེད། ལོ་ཆུང་བྱིས་པའི་གདོང་ལེན་རུ་ཁག་གི་སྐེད་དར་དམར་པོ་དང་དར་དམར་ནི་མི་སྲོག་མང་པོའི་འགྲོ་གྲོན་དང་གཞན་སྲོག་མང་པོ་ཕྲོགས་པའི་ཁྲག་ཚོས་བརྒྱབ་པའི་རས་དམར་ཞིག་ཡིན་པ་རེད་ལ། མ་གཞི་ནས་སྐར་ལྔའི་དར་དམར་གྱི་མཚོན་དོན་ནང་གྲངས་ཉུང་མི་རིགས་འཚུད་ཡོད་མེད་དང་གལ་ཏེ་འཚུད་ཡོད་ན་ཟུར་དང་སུལ་གང་དུ་ཡོད་མེད་ཁྱོད་ཀྱིས་གསལ་པོ་ཤེས་ཀྱི་ཨེ་ཡོད།
    ད་དུང་ཁྱོད་ལ་དྲི་བ་ཞིག་འདྲི་རྒྱུར། དབུ་མའི་ལམ་གྱི་གནས་བབས་ཐོག་ང་ཚོ་ཕྱིར་ཕ་ཡུལ་དུ་ལོག་པའི་དུས་ཞིག་ག་དུས་ཤར་གྱི་རེད་དམ། ཕྱིར་ཕ་ཡུལ་ལོག་ན་ཡིན་ཅིག་དར་དམར་བསྒྲེངས་དགོས་པའི་རྒྱུ་མཚན་ག་རེ་ཡིན་ནམ། ཁྱོད་ལ་རྨི་ལམ ཡག་པོ་བཏང་བ་ཡིན་རྒྱུ་རེད་པ།

    Reply
  20. རང་དབང་རྒྱལ་སྲས། says:
    ལོ་ 13 སྔོན།

    གཞོན་ལྷན་གྱི་འཐབ་བརྩོད་ནི་རང་བཙན་ཡིན་པས་ཁག་མི་འདུག་སྙམ།འོན་ཀྱང་དབུ་མ་རིང་ལུགས་པ་ཚོ་དེ་ལྟར་མིན་པ་ཤེས་དགོས།དེ་མིན་གཞོན་ནུས་ཚེ་རྡོར་མ་བུ་གསུམ་གྱིས་རྒྱ་དམར་གྱི་རྒྱལ་དར་འཕྱར་བར་ངོ་རྒོལ་ཡོད་ཟེར་ཡོད་མེད་བརྟག་དཔྱད་བྱ་རྒྱུ་ཡིན།

    Reply
  21. ཀླུ་སྨྱོན། says:
    ལོ་ 13 སྔོན།

    ལམ་དབུ་མར་ངོས་ལེན་ཡོད་ན་དར་ཆ་དམར་པོར་ངོས་ལེན་མེད་པའི་རྒྱུ་མཚན་མི་འདུག གཉིས་སྨན་དབུ་མའི་ལམ་ནི་དར་ཆ་དམར་པོའི་འོག་ནས་འདུག་གི་ཡིན་ཞེས་པ་དེ་མ་རེད་དམ།

    Reply
  22. དྲང་བདེན་གྱི་སློང་མོ་བ། says:
    ལོ་ 13 སྔོན།

    རང་བཙན་ནས་ལམ་དབུ་མ་བར་རྩ་དོན་ལ་གོམ་པ་རིམ་སྤོ་བྱེད་པའི་རྒྱུན་རིམ་ཁྲོད་བསྟན་དགྲ་རྒྱ་ལ་དགྲ་འཛིན་པ་དང་དེ་ནས་རིམ་གྱི་རྒྱ་ནག་སྲིད་གཞུང་ལ་དགྲ་འཛིན་པ་སོགས་བཙན་བྱོལ་བའི་འཐབ་རྩོད་གྱི་ཁ་ཕྱོགས་ལ་འགྱུར་མགྲོས་འདི་དག་གོམ་ཁ་རིམ་སྤོ་བྱེད་ཡོད་། ཡིན་ཡང་ད་བར་དགྲ་བོའི་རྒྱལ་དར་འཕྱར་ནས་བོད་མི་རིགས་ཀྱི་འཐབ་རྩོད་བྱེད་སྟངས་འདི་དངོས་གསལ་བློ་ཡུལ་ལས་འདས་པ་ཞིག་རེད་། ཕྱོགས་གཞན་ཞིག་ནས་བཤད་ན་གནས་སྟངས་འདི་གཞིས་བྱེས་བོད་མི་ཡོངས་ཀྱི་ད་བར་གཅེས་པའི་ཚེ་གསོག་བློས་བཏང་ཏེ་འཐབ་རྩོད་གྱི་རྣམ་པ་ཤུགས་ཆེ་སྣ་མང་སྤེལ་ཡོད་པའི་ཁྲོད་དངོས་ཡོད་ད་སྐབས་འཐབ་རྩོད་སྤེལ་ཕྱོགས་འདི་ཙམ་ལ་འགྱུར་བ་ཡིན་ན་གྲུབ་འབྲས་ཀྱི་ཁ་ཕྱོགས་ལ་བསམ་ཞིབ་ དང་དཔྱད་གླེང་གནང་འོས་པ་རེད་།

    Reply
  23. ཆུ་ཐིགས་སྔོན་མོ། says:
    ལོ་ 13 སྔོན།

    གཞོན་ནུ་ཚོགས་པས་གཞན་ལ་ཕྲག་དོག་རེ་བྱས་ནས་འདུག་པ་ལས་ཁོང་ཚོའི་ངོས་ནས་ལས་འགུལ་རླབས་ཆེན་གཅིག་ཀྱང་སྤེལ་ཐུབ་ཀྱི་མི་འདུག་་་་་ཉམ་ཆུང་མ་བུ་གསུམ་ལྟ་བུའི་ཆོད་སེམས་བརྟན་པོའི་ལས་འགུལ་ཞིག་སྤེལ་མྱོང་ཡོད་དམ་་་་་་ནམ་ཡིན་ཡང་ཁ་སྤོབས་ཆེན་པོ་ཞིག་བསྒྲགས་ནས་ཞལ་འདེབས་བསྡུ་རུབ་དང་ཁྱབ་བསྒྲགས་ཆེན་པོ་ཞིག་བྱེད་རྒྱུ་ལས་དོན་དངོས་ད་བར་ཅི་ཡང་ཐུབ་མེད་་་་་་སོ་སོ་ཉེན་ཁ་མེད་ས་ཞིག་ཏུ་བསྡད་ནས་ལས་འགུལ་ཆེན་པོ་རེ་སྤེལ་འགོ་བཙུགས་རྗེས་ལམ་སེང་མཇུག་བསྡུ་གི་རེད་་་་་་ཁྱོད་ཚོས་༢༠༠༨་ལོར་སྤེལ་བའི་ལས་འགུལ་དེས་ཚང་མའི་སེམས་ཤུགས་ཆག་ཀ་བཅུགས་པ་རེད་་་ད་དུང་ཁ་སྤོབས་ཆེན་པོ་བསྒྲགས་ནས་ཧང་སང་བ་ཞིག་གྱིས་ཀི་ཡོད་མདོག་མདོག་ལས་་་་དོན་དམ་པར་ཅི་ཞིག་ཡོད་་་་་་འདི་འདྲ་བྱས་ནས་ད་བར་བསྡད་པ་རེད་་་་་ཁོང་མ་བུ་གསུམ་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད་ན་་་ཁྱོད་ཚོ་འགོ་བ་ཚོས་སྣེ་ཁྲིད་ནས་གཞོན་ནུ་ཚོགས་ཡོངས་ཀྱིས་རྒྱ་མིའི་དར་དམར་མ་འཕྱར་བར་བོད་ནང་དུ་སོངས་དང་་་་་་བློ་ཁོག་ཅི་འདྲ་འདུག་ང་ཚོས་བལྟ་གི་རེད་་་་་་ཁ་སྤོབས་ལས་ལག་ལེན་གལ་ཆེན་རེད་་་

    Reply
  24. རྒྱང་མིག says:
    ལོ་ 13 སྔོན།

    གཞོན་ནུ་ལྷན་ཚོགས་ལ་རྒྱབ་སྐྱོར་ཡོད། དངོས་གནས་ཡག་པོ་གསུང་ཤག་འདི་ལྟ་བུ་རིགས་ལ་ཅི་ཞིག་ཟེར་དགོས་མི་ཤེས། དགྲ་འདུལ་གཉེན་སྐྱོང་གི་བསམ་བློ་ཁྱོན་ནས་མེད་པ་ཡིན་ན་ཅི་ཞིག་འཐབ་རྩོད་བྱེད་ཅི་ཞིག་ངོ་རྒོལ་བྱེད་དཀའ་ལས་ཁག་འགྲོ་རེད་རང་རང་ས་ནས་བསྡད་བསྡད་ན་དེ་ག་རང་རེད་པ།

    Reply
  25. ཚེ་རིང། says:
    ལོ་ 13 སྔོན།

    གཙོ་བོ་བོད་ནང་ལ་བསམ་བློ་གཏོང་དགོས། བོད་ནང་ནས་བོད་མི་ཚོས་བོད་དོན་འཐབ་རྩོད་བྱས། རྒྱ་དར་མར་ཕམ། བོད་དར་ཡར་བསྒྲེངས། དེ་ཚོ་སྲོག་ལ་ཉེན་ཁ་ཡོད་ཀྱང་བྱེད་ཀྱི་ཡོད་པ་རེད། རང་དབང་ལུང་པར་ལས་འགུལ་འདི་འདྲ་སྤེལ་ན་ཡ་མཚན་རེད། དོན་དམ་པས་ང་ཚོས་ཅི་ཞིག་རྩོད་ཀྱི་ཡོད།
    ༢༠༠༨ རྒྱ་དར་མར་ཕབ་ཏེ་བོད་ནང་ལས་འགུལ་སྤེལ་བའི་པར་དང་གློག་བརྙོག་མང་པོ་ཡོད། རྙོག་བརྙན་གཙོ་བོ་ཨ་མདོ་ས་ཕྱོགས་ནས་རག་ཡོད། ང་ཚོས་བསམ་བློ་གཏོང་དགོས། ང་ཚོས་ཅི་ཞིག་རྩོད་ཀྱི་ཡོད།
    ཚེ་བརྟན་རྡོ་རྗེ་མ་བུ་གསུམ་གྱིས་སེམས་ཤུགས་ཀྱིས་ལས་འགུལ་སྤེལ་ཡང་། བྱེད་སྟངས་ཅུང་འགྲིག་མི་འདུག རྡ་ས་ནས་འགྲོ་དུས་དེ་འདྲ་རེད་མི་འདུག་མོད། རྡ་སའི་སྲིད་དོན་པ་ཚོས་བརྒྱུད་སྐུལ་མང་པོ་བྱས་སོང་།

    Reply
  26. ཕུག་རོན་དཀར་པོ། says:
    ལོ་ 13 སྔོན།

    རྒྱ་དམར་རྒྱལ་དར་འཁྱེར་ནས་དབུ་མའི་ལམ་ལེན་བར་འགྲོ་ལྟ་བུ་ནི་ངོ་མ་ཡ་མཚན་རེད།
    དུས་དེང་་སང་ནི་བོད་དོན་རྩོད་སྟངས་ཀྱི་བྱ་སྤྱོད་དཔེ་གསར་ཞིག་རེད་དམ།

    Reply
  27. མི་རྒོད། says:
    ལོ་ 13 སྔོན།

    འོ་ཡ་ད་ནང་འཁྲུག་རྒྱོབ་ཨང་ཧ་ཅང་ཡག་པོ་འདུག། དེ་འདྲ་ཡིན་ད་བར་བོད་གཞོན་ནུ་ལྷན་ཚོགས་ག་པར་རྨོང་གཉིད་ཤོར་ནས་བསྡད་ཡིན། དུས་དེ་དུས་བསམ་གྲོས་ལྷུག་པོ་མི་བྱེད་པའི་རྒྱུ་མཚན་ཅི་རེད། ད་ལས་དོན་སྤེལ་ཚར་ནས་མི་ཡིས་ས་ཁྱབ་གཏམ་གྱིས་འཛམ་གླིང་ཁྱབ་རྗེས་ངོ་རྒོལ་ཡོད་ཞེས་པ་བོད་དོན་རྩོད་ཀྱི་ཡོད་དམ ། བོད་མི་རྩོད་ཀྱི་ཡོད། ཉེས་རིང་ཆགས་ལྡང་གིས་ལྷད་འདྲ་ཨེ་འདྲེས་བོད་མི་ཚོ་བློ་གཟུར་གནས་ཐོག་དཔྱད་ཞིབ་བྱེད་གལ་ཆེ་ལ་དོགས། བུད་མེད་ཚོགས་པས་རྗེས་གཞོན་ནུ་ཚོགས་པ་ཁ་བརྡུང་འོག་ཚུད་ན་དགྲ་ལ་དགོས་རྒྱུ་མཚོན་ཆ་ཞེས་པ་དེ་རེད། འདི་གཉིས་ནང་ཧ་ཅང་གལ་ཆེ་ཡིན་ཡང་ད་ལོ་བོད་མིའི་མདོང་ཆུ་ལ་སྐྱུར་བ་རེད། ད་གཟབ་གཟབ་བྱེད་པའི་དུས་ལ་བབས་ཤག་བོད་གཞོན་ནུའི་ཚོགས་གཙོ་རྒན་གཞོན་དང་དྲུང་ཡིག་མེད་ཀྱང་བོད་གཞོན་ནུ་ཡོད་པ་བརྟེན་དགོས་གལ་ཡོད་ཚེ་གསར་འགོད་བྱས་ཆོག་པ་རེད། མང་གཙོ་བ་རྣམས་དཔྱད་པ་གནང་ནས་ངན་པ་ལང་ཤོར་མི་ཡོང་བ་ཚང་མའི་འགན་འཁུར་དགོས་པ་སེམས།།

    Reply
  28. གཟི་མིག་༣པ says:
    ལོ་ 13 སྔོན།

    བདེན་པ་རེད་གཞོན་ནུས་ད་བར་རྒྱ་དམར་གྱི་དར་ཆ་བསྲེགས་ནས་འཛམ་གླིང་ནང་ངོ་བཟོ་ཐོན་པ་གང་བྱུང་མེད་དེ་ལས་ལྡོག་ཏེ་༸གོང་ས་མཆོག་གི་སྐུ་ངལ་འཛེམས་མེད་ངང་ཉིན་ལྟར་རྒྱ་མི་དམངས་དང་བོད་མི་དམངས་དབར་སེམས་ཐག་ཉེ་པོ་ཟོས་གནང་བ་དེ་གཞོན་ནུས་སྐར་ལྔའི་དར་དམར་མེར་བསྲེགས་བཏང་ནས་རྒྱ་མི་དམངས་དང་བོད་མི་དམངས་དབར་ཁོན་འཛིན་གྱི་སེམས་ནད་ཟོས་པ་རེད་ གང་ལྟར་ཡང་གཞོན་ནུ་༸གོང་ས་མཆོག་གི་དབུ་མའི་ལམ་ལ་ངོས་ལེན་མེད་རེད་པས་དེ་ཡིན་ན་ཁྱོད་ཚོས་གསལ་བསྒྲགས་གསལ་པོ་ཟོས་དང་དེ་ནས་ཧ་གོ་ཡོང་

    Reply
  29. གཟི་མིག་༣པ says:
    ལོ་ 13 སྔོན།

    ཚེ་རྡོར་མ་མོ་གསུམ་ལ་བསྔགས་བརྗོད་ཡོད་་་་དེ་ནི་༄༸གོང་ས་མཆོག་གི་དགོངས་གཞི་དང་ཡོངས་སུ་མཐུན་པ་ཞིག་རེད་་་་་་གཞོན་ནུ་ཚོས་ཟབ་དཔྱད་ངང་ཡོངས་བསལ་བྱས་ན་ལེགས་གནད་དོན་འདི་རིགས་ལ་ཚོགས་པའི་མིང་ཁྱེར་ནས་གང་བྱུང་ལབ་ན་འོ་ན་ཁོ་ཚོ་ལ་ཡང་བོད་དོན་ཐོག་འགན་མེད་རེད་པས་་་་་རང་བཙན་ཞེས་པ་ལོ་རྒྱུས་དང་ཡུལ་སྲོལ་གོམས་ཤིས་གང་གི་ཐད་ན་རེད་འོན་ཀྱང་དེ་ལེན་པར་་་གནད་འགག་གལ་ཆེ་བ་གཉིས་རེད་གཅིག་ང་ཚོ་བཟའ་འཁན་དེའི་སྟོབས་ཤུགས་དེ་རེད་་་་གཅིག་ང་རང་ཚོ་ལ་དེ་མཚུངས་ཀྱི་སྟོབས་ཤུགས་དང་རྒྱབ་སྐྱོར་དེ་རེད་དེ་གཉིས་ཀ་གོ་ལྡོག་ཏུ་གྱུར་ཡོད་པས་ཁྱེད་ཚོས་ཐབས་ལམ་གང་ལ་རྟེནནས་རང་བཙན་ལེན་གྱི་ཡིན་པས་་་འདི་ནི་ཁོང་མ་བུ་གསུམ་གྱི་ཐབས་ལམ་ཡིན་པས་གཞོན་ནུས་འགག་པ་རྒྱབ་ན་མི་བསྒྲིག་་་་་་ང་ཚོ་བོད་པ་ཚོས་ཟབ་ཟབ་ངེས་པར་བྱ་དགོས་ཁྱིམ་གཞི་དཀྲུག་དཀྲུག་གཏོང་འཁན་མང་པོ་ཡོད་

    Reply
  30. མི་འགྱུར་བཀྲ་ཤིས། says:
    ལོ་ 13 སྔོན།

    གཞོན་ཚོགས་ཀྱི་གསུང་པ་ལྟར་ངོ་རྒོལ་ཡོད། གཞོན་ཚོགས་ཀྱིས་འདིའི་ཐད་ནས་བསྒྲགས་གཏམ་སྤེལ་བ་ནི་གལ་ཆེན་རེད། བཀའ་དྲིན་ཆེ། གོང་ས་མཆོག་གིས་ལམ་དབུ་མ་རྩོད་ཀྱིན་ཡོད་ཀྱང་། ད་བར་རྒྱ་མའི་རྒྱ་དར་ཁྱེར་མེད། གླིང་ཚའི་གོམ་བགྲོད་ལ་ཐོག་མ་དགའ་བསུ་དང་། རྒྱབ་སྐྱོར་བྱས་ཡིན་དེ། ཁོས་རྡ་ས་ནས་རྒྱ་མིའི་རྒྱ་དར་མེད་པ། ལམ་བར་ནས་ཁྱེར་སྟངས་ཀྱིས་བོད་མི་མགོ་སྐོར་བཏང་པ་འདི་ལ་ངོ་རྒོལ་ཡོད་པ་མ་ཟད། ཁོས་རྒྱ་མའི་དར་ཆ་ཁྱེར་ནས་བོད་ལ་འགྲོ་བ་འདི་མོས་མཐུན་མེད་པ་ཁོའི་གཟུགས་པོའི་སྟེང་ནས་བོད་མིའི་ཁྲག་རྒྱུག་གིན་ཡོད་དུས། ཞབས་འདྲེན་རེད་ལབ་འདོད་བྱུང་། གང་ཡིན་ཟེར་ན། བོད་ནང་གི་བོད་མི་ཚོས་དེ་མར་ཕབ་ཨེ་ཐུབ་ལྟ་རྒྱུ་དེ་ཁོས་རང་དབང་ལུང་པ་ནས་ཡར་ཁྱེར་ནས་འགྲོ་གིན་ཡོད་པ་རེད

    Reply
  31. དྲགས་རླུངས། says:
    ལོ་ 13 སྔོན།

    གཞོན་ལྷན་ལ་ལྟ་ཚུལ་དམིགས་ཡུལ་ཞིག་ཡོད་པ་རེད་ང་ལྟ་སྟེངས་ཡིན་ན་འུ་ཚུགས་ཀྱི་རྣམ་པ་ཆེནཔོ་འདུག་དེ་དགོས་ཡང་དགོས་རྒྱུ་རེད།
    གང་ལྟར་ཏུ་ཚེ་བརྟན་རྡོ་རྗེ་མ་བུ་གསུམ་སེམས་ཤུགས་དང་སྙིང་སྟོབས་དཔའ་མཛངས་དང་བྱངས་གྲོང་འཛོམས་པའི་ཐོག་ནས་ཐོག་མར་ཡང་ལས་འགུལ་འགོ་འཛུགས་བྱས་པ་རེད་དེ་དགེགས་བྱ་དང་བསྟོད་ངག་ལ་མི་ལྟོས་པར་ལས་འགུལ་མཇུག་སྐྱོང་རྒྱུ་གལ་ཆེན་པོར་འགྱུར་ཡོད་པ་རེད། གཞོན་ལྷན་དང་ཚེ་བརྟན་རྡོ་རྗེ་མ་བུ་གསུམ་གང་ཡིན་ལྷག་བསམ་གཙང་ཡིན་པར་ངོས་འཛིན་བྱ་རྒྱུ་གལ་ཆེན་པོ་རེད། གཅིག་སྒྲུལ་གྱི་ནུ་ཤུགས་ཚད་གཞི་མཐོ་རུ་བཏང་རྒྱུ་གལ་ཆེན་པོ་རེད།

    Reply
  32. ལྟས་ངན། says:
    ལོ་ 13 སྔོན།

    ཚེ་རྡོར་མ་བུ་གསུམ་གྱི་ལས་འགུལ་ལ་བསྔགས་བརྗོད་དང་རྒྱབ་སྐྱོར་ཡོད། གཞོན་ནུའི་མིང་ཐོག་ནས་གསལ་བསྒྲགས་འདྲ་སྤེལ་ཡོད་ཀྱང་ཧང་སངས་དགོས་པ་དང་། ཧ་ལས་དགོས་པའི་གནས་ཚུལ་གང་ཡང་མ་རེད། སོ་སོར་རང་ཚུགས་གང་ཡོད་པ་དང་། ལངས་ཕྱོགས་གང་ཡོད་པ། དམིགས་ཡུལ་གང་ཡོད་པའི་ཐོག་དམ་བཅའ་བརྟན་བཟུང་གནང་དགོས་པ་སྐྱེས་པ་ཕོ་རབས་ཀྱི་དམ་བཅའ་ཡིན་དགོས།
    གཞོན་ནུའི་མིང་ཐོག་ནས་སྤེལ་བའི་གསལ་བསྒྲགས་འདི་ནི་དོན་འགྲུབ་ལྷ་དར་གྱི་ཚོར་བ་འབྲེལ་བའི་གསལ་བསྒྲགས་བཞི་པ་རེད། རིན་ཐང་དང་ཁུངས་འཁྱོལ་བ་གང་ཡང་ཡོད་པ་མ་རེད།
    ༡)གསལ་བསྒྲགས་དང་པོ་དེ་བོད་མིའི་སྒྲིག་འཛུགས་ངོས་ལེན་མེད་པ་དང་དང་། བཙན་བྱོལ་བོད་གཞུང་རང་འཇགས་དགོས་པར་བསྒྲགས་ཡོད་པ་རེད།
    ༢)གསལ་བསྒྲགས་གཉིས་པ་ནི་ཨ་རིའི་རླུང་འཕྲིན་གྱི་གསར་འགོད་པ་སྐལ་ལྡན་བློ་གྲོས་ལ་ཉིན་བཅོ་ལྔའི་ནང་དུས་བཀག་བསྒྲགས་ཡོད་པ་རེད།
    ༣)གསལ་བསྒྲགས་གསུམ་པ་དེ་རྒྱ་མའི་རྒྱལ་དར་མེ་བསྲེགས་ཀྱི་ཁ་ཕོ་བསྒྲགས་པ་དེ་རེད།
    ༤)གསལ་བསྒྲགས་བཞི་པ་དེ་ཚེ་རྡོར་མ་བུ་གསུམ་གྱིས་ལས་འགུལ་དང་འབྲེལ་ནས་བསྒྲགས་པ་རེད།
    དེ་བཞིན་དགྲ་བོ་རྒྱ་དམར་ཞེས་རྒྱ་གཞུང་ལ་ག་ཚོད་བསྒྲགས་ཚར་བ་རེད།
    གཞོན་ནུ་ཚང་གི་བསྒྲགས་གཏམ་ནི་དམིགས་རྒྱང་ཐུང་བ། འགན་འཁུར་མེད་པ། ཚོར་ཤུགས་ཡིན་པ། ནང་ཁུལ་མཐུན་སྒྲིལ་བསམ་ཤེས་མེད་པ། ལག་ལེན་ཆ་ཤས་སྟོང་པ་ཁོ་ན་ཡིན་པས་ངོ་མ་སྐྱུག་བྲོ་བའི་བྱ་སྤྱོད་འདི་དག་གིས་ང་རང་བོད་ཀྱི་གཞོན་ནུ་ལ་ཨ་ཐང་ཆད་བཞིན་ཡོད།
    གླིང་ཚང་མ་བུ་གསུམ་ལགས། ཁྱོད་ཚོའི་འཐབ་རྩོད་ཀྱི་དགོས་འདུན་དག་ཁ་ཚ་དགོས་གཏུགས་ཀྱི་བསྒྲུབ་བྱ་འབའ་ཞིག་ཡིན་པས་ཕྱིར་གཤོལ་མ་བྱེད།

    Reply
  33. འགྱུར་མེད་བསྟན་འཛིན། says:
    ལོ་ 13 སྔོན།

    བོད་མི་ས་ཡ་དྲུག་གི་ངོ་བོ་མཚོན་ཐུབ་མཁན་ངོ་མ་དེ་གཞོན་ནུ་ཚོགས་པ་ཡིན་ཡང་། ད་ཐེངས་ཚེ་རྡོར་མ་བུ་གསུམ་ལ་འདི་འདྲའི་གསར་འགོད་གསལ་བསྒྲགས་ཆེན་པོ་ཞིག་སྤེལ་བ་དེ་ཚད་ལས་བརྒལ་མིན་འགྲོ།
    ད་རྒྱ་དར་ཁུར་ན་འདྲ་བོད་དར་ཁུར་ན་འདྲ་དོན་ངོ་མ་རང་ཉིད་ལ་ཁེ་བསང་ཞིག་མ་གཏོགས་རྩ་དོན་ངོ་མ་ལ་བསམ་མཁན་ཞིག་རྡ་ས་མཐོང་མ་སོང་།

    Reply
  34. oscargyatso says:
    ལོ་ 13 སྔོན།

    དེ་རིང་བོད་ཀྱི་གཞོན་ལྷན་ཚོགས་གཙོ་གཙོས་ཚོགས་གཞོན་དང་དབྱིན་དྲུང་བཅས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཡོད་པ་དེ་ལ་ངོ་རྒོལ་མཐའ་གཅིག་ཏུ་ཡོད།
    གཞོན་ནུ་ལྷན་ཚོགས་ནས་ངེས་ལེན་མེད་ཟེར་ན་སྐད་ཆ་གད་མོ་ཤོར་བ་རེད། ཁྱེད་ཚོ་ངེས་ཡོད་ན་ཅི་ཕན།
    སྔོན་མ་ནས་དུས་ད་ལྟ་པར་དུ་བསྒུལ་ནས་བསྡད་པ་ཡིན། ༧གོང་ས་མཆོག་དང་བཙན་བསྒྲིགས་འཛུག་གི་ལང་ཕྱོགས་ལ་ཁྱེད་ཚོ་ངེས་ལེན་ཡོད་ཀྱི་མ་རེད། ང་ཚོ་ལ་སྐྱབས་རེ་ས་༧གོང་ས་མཆོག་དང་བོད་མི་བསྒྲིགས་འདི་དེ་ལས་གཞན་སུ་གང་ཞིག་མེད་པ་གསལ་པོ་རེད།
    དེ་ན་དེ་རིང་ནས་བཟུང་ང་ཚོ་ཚང་མ་གཞོན་ལྷན་ལ་ངོ་རྒོལ་ཡོད། མའོང་བ་མུ་མཐུད་ནས་ལྟ་ཆོག་གི་རེད།
    བོད་ས་མིག་གི་མ་མཐོང་མཁན་ཁྱེད་ཚོས་ཁ་སྟོང་ནང་གི་ཚིག་བཤད་ནས་མ་བསྡད་ལོ།

    Reply
  35. སྒོ་དམར་གྲགས་པ། says:
    ལོ་ 13 སྔོན།

    གཞོན་ནུའི་ངོ་རྒོལ་གནང་བ་དེར་མོས་མཐུན་མེད། ངོ་རྒོལ་བྱས་མཁན་ཚང་མ་བསམ་བློ་ཡག་པོ་ཐོངས། གླི་ཚང་མ་བུ་གསུམ་ལ་ཕན་མ་ཐོག་ན་གནོད་པ་མ་བྱེད་རོགས།

    Reply
  36. བོད་དགའ། says:
    ལོ་ 13 སྔོན།

    མི་རེ་རེ་ལ་བདེན་པའི་མིག་རྒྱང་རེ་ཡོད་ནི་རེད། ཚེ་རྡོར་མ་བུ་གསུམ་གྱིས་རི་ཆུ་འདོམས་སུ་འཇལ་ནས་བོད་མི་རིགས་ཀྱི་དོན་དུ་ལས་འགུལ་ཅི་འདྲ་ཞིག་སྤེལ་ནའང་ཁོང་མ་བུ་གསུམ་ལ་རང་དབང་ཞིག་ལུས་ཡོད་དགོས།
    ཁོང་མ་བུ་གསུམ་གྱི་ལས་འགུལ་ལ་གཞོན་ནུ་ཚོགས་པས་ངོ་རྒོལ་བྱ་ནའང་འདྲ་རྒྱབ་སྐྱོར་བྱ་ནའང་འདྲ། གཞོན་ཚོགས་ཀྱི་ལྟ་སྒྲུབ་ནི་རང་བཙན་ཁོ་ན་ལས་མ་འདས་པས་གཞོན་ཕྱོགས་ཀྱི་ནམ་རྒྱུན་གླེང་བཞིན་པའི། ༸གོང་ས་མཆོག་གི་དགོངས་གཞི་དང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་དང་མི་འགལ་བ་སོགས་ཇི་ཞིག་གླེང་ཡང་། གཞོན་ཚོགས་ནི་དབུས་ལམ་ལ་ཕྱོགས་པའི་ལྟ་སྒྲུབ་པ་རྣམས་དང་རང་བཞིན་གྱིས་མེ་ཆུ་ལྟ་བུ་དང་། རྟ་གཡག་ལྟ་བུའི་ཁ་གཏད་ཀྱི་ཆབ་སྲིད་ཚོགས་པ་ཞིག་ཡིན་པ་ནི་སྨོས་མེད་རེད།

    Reply
  37. སྤྲོ་ཚིགས་དགེ་འདུན says:
    ལོ་ 13 སྔོན།

    གཞོན་ནུ་ཚང་རྫིག་ཉམ་ཅན་ཞིག་ཚོགས་དེ་གླིང་ཚ་མ་བུ་གསུམ་ལ་གནམ་ལྕགས་ཐོགས་ལྟ་བུའི་སྐད་ངན་པ་ཞིག་བརྒྱབ་མི་འདུག་གམ། གཏམ་ཕུ་ཐག་ཐུང་ཞིང་སེམས་ཚོལ་སྨྲས་བ་ཞིག་ཡིན་དུས་་་་གླིང་ཚའི་བུ་མི་ཐུབ་ཁོ་ཐག་རེད།

    རྒྱ་དར་འཕྱར་བ་ཙམ་གྱི་རྒྱ་འོག་དུ་ཚུད་པ་མིན་ལ། རྒྱ་དར་མེར་སྲེག་པ་ཙམ་གྱི་རྒྱ་དམར་ཕམ་པ་དེ་བས་མིན། ལྷ་དར་སོགས་ལ་ཞུ་འདོད་པ་ནི་་་་རྒྱ་དར་མེར་སྲེག་རྒྱུ་ཡིན་ཞེས་ངར་ངར་བྱེད་དེ་མི་འདུག་པར་་་དོན་དམ་པའི་རྒྱ་དར་དེ་་་་སྒོ་མོ་ཆེའི་མདུན་ཐང་དུ་འཕྱར་བའི་དར་དམར་་་་ཡང་ན་དོན་གཅོད་སོགས་ཀྱི་མདུན་ཐང་གི་དར་དམར་སོགས་མེར་སྒྲོན་ཤོག གླིང་ཚ་མ་བུ་གསུམ་རྒྱལ་བར་ཤོག

    Reply
  38. ལུང་རྟོགས། says:
    ལོ་ 13 སྔོན།

    ད་དུང་ཞུ་རྒྱུ་ཞིག་ལ་འདི་འདྲའི་དུས་སུ་ནང་ཁུལ་ལ་དབྱེན་སྦྱོར་སྐྲུག་ཤིང་རྒྱབ་མཁན་ཡོང་སྲིད་པས་ཚང་མས་སྐད་ཆ་བཤད་དུས་གཟབ་དགོས།

    Reply
  39. ལུང་རྟོགས། says:
    ལོ་ 13 སྔོན།

    ཆབ་སྲིད་ཀྱི་འགྲོ་སྟངས་ཤེས་པའི་མི་ཞིག་ཡིན་ན་གཞོན་ལྷན་གྱི་བྱེད་སྟང་འདི་བློ་ཡུལ་དུ་མི་ཤོང་བ་གང་ཡང་མ་རེད། གཞོན་ལྷན་གྱི་ཆབ་སྲིད་ལང་ཕྱོགས་ནི་རང་བཙན་གཙང་མ་ཡིན་པས། ཚེ་བརྟན་རྡོ་རྗེ་མ་བུ་གསུམ་གྱིས་རྒྱ་མའི་རྒྱལ་དར་འཕྱར་བ་དེ་གཞོན་ནུའི་ཆབ་སྲིད་ལང་ཕྱོགས་དང་རྩ་འགལ་རེད། དེས་ན་གཞོན་ནུས་ངོ་རྒོལ་བྱས་པ་དེ་མི་འོས་པ་ཅང་མ་རེད་འདོད། དེས་ན་འདི་ནི་གཞོན་ལྷན་རང་གི་ཆབ་སྲིད་ལང་ཕྱོགས་གསལ་བསྟོན་བྱས་པ་ཙམ་ལས། ཁོང་མ་བུ་གསུམ་གྱིས་དཀའ་ལས་རྒྱབ་པ་ལ་བརྩི་བཀུར་མ་ཞུས་པ་ཞིག་མ་རེད་བསམ།

    Reply
  40. ལྐོག་ཤེས་ says:
    ལོ་ 13 སྔོན།

    གསེར་འབྲུག་སྡེར་ལྔ་ཟེར་ལགས། ཁྱེད་བོད་ཞེན་དེ་འདྲ་ཡོད་ན་ཡག་པོ་རེད། ཡིན་ན་ཡང་འབྲུག་ཟེར་དེ་རྒྱ་ནག་གི་བླ་སྲོག་མཚོན་པའི་སྲོག་ཆགས་ཞིག་མིང་རེད། དུས་རབས་ཉེར་གཅིག་གི་མགོ་(༢༠༠༠་ལོ)་འབྲུག་ལོ་ཡིན་པས་དུས་རབས་ཉེར་པ་རྒྱ་ནག་གི་དུས་རབས་ཡིན་ཟེར་གི་འདུག ད་ལོ་ཡང་འབྲུག་ལོ་ཡིན་པས་རྒྱ་ནག་ལ་རྒྱལ་ཁ་ཆེན་པོ་ཡོད་ཟེར་ནས་སྤོ་པ་བྱེད་ཀིན་འདུག ཁྱེད་མིང་ལ་འབྲུག་བཏགས་ོད་པ་ལ་བལྟོས་ན་ ཁྱེད་ཡང་རྒྱ་མི་ཞིག་གི་རྒྱུད་ཡིན་ནི་མིན་འགྲོ

    Reply
  41. ལྐོག་ཤེས་ says:
    ལོ་ 13 སྔོན།

    དབུ་མའི་ལམ་གྱི་དམིགས་ཡུལ་ནི་གུང་ཁྲན་ཏང་རྩ་མེད་བཟོ་ཡ་མ་རེད། རྒྱ་ནག་མང་གཙོར་འགྱུར་ན་ཆོག་གི་་་་་་རྒྱ་ནག་གུང་ཁྲན་ཏང་གིས་བཟུང་ན་ཆོག་གི་་་་་བོད་ལ་མིང་དོན་མཚུངས་བའི་རང་སྐྱོང་ཐོབ་རྒྱུ་དེ་རེད། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་འོག་ནས་བསྡོད་གི་ཡིན་གསུངས་གི་འདུག་ག སྤྱི་མཐུན་རྒྱལ་ཁབ་དགོ་གི་ཡོད། རྒྱལ་དར་མི་དགོ་ཟེར་གསོལ་ཅིག་ཨེ་ཡོད།
    དབུ་མའི་ལམ་གྱི་དམིགས་ཡུལ་ནི་དམར་ཕྱོགས་ཀྱི་ལྟ་མེད་པར་བཟོ་ཡ་ཡང་མ་རེད། གོང་ས་༧་མཆོག་གིས་ཁོང་མ་ཁུ་སི་ཕྱེད་ཀ་ཡིན་གསུངས་སོང་ང་།
    ང་ཚོའི་དམིགས་ཡུལ་ངོ་མ་དེ་ཧོང་ཀོང་གིས་ཁོ་ཚོའི་དར་ཆ་རྒྱ་དམར་གྱི་དར་ཆ་ལས་ཅུང་ཙམ་དམའ་བ་ཞིག་སྒྲེང་ཡོད་པ་བཞིན་ང་ཚོའི་རྒྱལ་དར་རྒྱ་དམར་གྱི་རྒྱལ་དར་རྩ་ནས་དམའ་བོ་བྱས་ནས་སྒྲེང་རྒྱུ་དེ་རེད།
    ཁོ་བོ་ལ་སྔོན་མ་ནས་བཟུང་བསམ་ཚུལ་་འདི་ཡོད། དབུ་མའི་ལམ་ངོ་མ་ཞིག་བྱེད་འདོད་ཡོད་ན་བོད་ཆོལ་ཁ་གསུམ་ཚུད་པའི་བོད་ཀྱི་ས་ཁྲ་རྒྱ་ནག་གི་ས་ཁྲའི་ནང་ལོགས་ན་ཡོད་པ་ཞིག་བཟོ་དགོས་པ་རེད། པོ་ཏ་ལའི་མདུན་ཐང་ན་ཡོད་པའི་རྒྱ་དམར་གྱི་རྒྱལ་དར་དེའི་རྩ་ནས་བོད་ཀྱི་རྒྱལ་དར་ཁྲུ་གང་གིས་དམའ་བ་ཞིག་བསྒྲེང་ཡོད་པ་ཞིག་བཟོ་དགོས་པ་རེད། དེ་བཟོས་ན་དབུ་མའི་ལམ་གསལ་བོ་ཆགས་པ་རེད།
    གཞོན་ལྷན་གྱིས་རྒཽལ་ན་དབུ་མའི་ལམ་ལ་རྒོལ་ནས་ཆ་ཚང་ལ་རྒོལ། དེ་མིན་ཉམ་ཆུང་གླིང་ཚ་མ་བུ་གསུམ་ལ་ཅི་ཕྱིར་རྒོལ་གི་ཡོད། ཤུག་གསོད་ས་ལྟ་རེ་ཁྱེར་མ་ཡོང་།
    ཕལ་ཆེར་གཞོན་ལྷན་ཁོ་ཚོས་གླིང་ཚ་མ་བུ་གསུམ་གྱི་སྙིང་སྟོབས་ལ་མཉམ་ཞུགས་བྱེད་མ་ཕོད་ནས་རྒྱ་དར་ལ་ཁག་དཀྲིག་ས་བྱེད་གི་ཡོད་པ་འདྲ།
    དོན་ངོ་མ་བཤད་ན་་རྒྱ་ནག་མང་གཙོ་བྱེད་མི་བྱེད་དང་། རྒྱ་ནག་གིས་དར་ཆ་ཇི་ཞིག་བསྒྲེང་དགོས་མིན་ནི་ང་ཚོའི་ལས་ཀ་མ་རེད། དེ་ནི་རྒྱ་ནག་མི་དམངས་ལས་ཀ་རེད། ང་ཚོས་ང་ཚོའི་རིགས་གཞུང་སྐྱོབ་ཐུབ་བྱེད་རྒྱུ་དེ་རེད།

    Reply
  42. གསལ་ལེ་རྒྱལ། says:
    ལོ་ 13 སྔོན།

    ཤིག་སོ་མ་གཉིས་ཀའི་ཐོག་ལ།།
    གྲི་སྟ་རེ་གཉིས་ཀ་བཟུང་ནས།།
    སྐྱེས་ཕོ་མོ་གཉིས་ཀ་སླེབས་སོང་།།
    བོད་ཕྱི་ནང་གཉིས་ཀའི་ལས་རེད།།

    Reply
  43. བཟོད་པ་ལྷ་རྩེ། says:
    ལོ་ 13 སྔོན།

    གཞོན་ནུའི་ངོ་རྒོལ་གནང་བ་དེར་རྒྱབ་བསྐྱོར་ཡོད། དར་ཆ་མང་པོ་ཞིག་མཉམ་དུ་ཕྱར་ནས་དོན་ངོ་མ་སུ་ལ་ངོ་རྒོལ་བྱེད་ཀྱིས་ཡོད་ཤེས་ཡས་མིན་འདུག སྤྱིར་ཁོང་མ་བུ་གསུམ་གྱི་སེམས་ཤུགས་ལ་བསྔགས་བརྗོད་བྱ་མཁན་མང་པོ་ཡོད་པ་མ་ཟད་ཡོད་ཀྱང་དགོས། བྱ་ཐབས་དེར་ལོ་རྒྱུས་ཀྱི་ནག་ཉེས་ཆེན་པོ་ཞིག་བསགས་པ་རེད། དར་ཆ་དེའི་འོག་ནས་ང་ཚོའི་ཕ་མ་སྤུན་མཆེད་ཀྱི་མང་པོའི་འཚེ་སྲོག་ཤོར་ཡོད་པ་མ་ཟད། དར་ཆ་དེའི་འོག་ནས་གཉའ་སྣོན་ཚད་ལས་འགལ་བ་མྱང་དང་མྱོངས་བཞིན་པའི་གཞི་བཞུགས་བོད་མི་རྣམས་ལ་གདོང་པ་སྟོན་ཤེས་ཡས་མེད།

    Reply
  44. ཕྱུགས་རྫི says:
    ལོ་ 13 སྔོན།

    སྤྱི་གཏང་ཟེར་ན་གོམ་བགྲོད་ཀྱི་ལས་འགུལ་ལ་སྔགས་བརྗོད་ཚད་ལས་འདས་་་ཡིན་ནའང་རྒྱ་དམར་གྱིས་རྒྱ་དག་ཁུར་བར་དེ་ཙམ་མ་རང་པས་་་ངོས་རང་གི་བསམ་ཚུལ་ཞུག་ན་མ་ཁུར་ན་བཟང་སྙམ། གཞོན་ལྷན་གྱིས་བསམ་ཤེས་བྱས་ནས་ཪོགས་པ་གང་ཐུབ་ཐུབ་བྱས་ན་བསམ། གང་ཡིན་ཟེར་ན་གཞུང་དང་སྤྱི་སྒེར་སུ་ཡིན་རུང་ལས་འགུལ་ལམ་འཐབ་རྩོད་ནི་མི་ཪིགས་དང་རྒྱལ་ཁབ་ཀྱི་ཆེད་དུ་ཡིན་པས་སོ། ཁ་ཅིག་གི་གཞོན་ལྷན་གྱི་མ་འགྱོན་ས་མང་རབ་གླེང་སོང་ཡང་ལས་ཀ་ལ་བཟང་ངན་ཅི་ཪིགས་བྱུང་སྲིད་ཀྱང་ངས་རང་གིས་ལྟས་ན་གཞོན་ལྷན་གྱིས་ལས་ཀ་རན་པོ་རེ་མཐོང་སོང་རྗེས་མ་ཚོགས་པ་དང་སྤྱི་སྒེར་སུ་ན་གཞོན་ལྷན་གྱི་ལས་ཀ་ཙམ་ཐོན་ངེས་མི་ཉུང་ཡོང་བའི་རེ་བ་ཤིན་ཏུ་ཆེ། དོན་མེད་ཀྱི་ཚིག་ཉོག་མི་བཤད་བསམ་ཚུལ་ཙམ་ཡིན་ནོར་འཁྲུལ་འདྲ་འདུན་ན་དགོངས་དག་ཞུ།།

    Reply
  45. མི་ཆུང་། says:
    ལོ་ 13 སྔོན།

    གསེར་འབྲུག་སྡེར་ལྔར་ཞུ་བ།
    ((དར་དམར་འཕྱར་བ་ཙམ་གྱིས་རྒྱ་མིས་བོད་ལ་འཛིན་པའི་སྲིད་ཇུས་དང་འཆར་གཞི་དང་ལག་བསྟར་རང་བཞིན་ལྡན་པའི་བྱ་སྤྱོད་དེ་འགྲིག་ཤག་ཟེར་གྱི་ཡོད་པ་རེད།))
    འདི་ཁོ་པའི་སྐད་ཆ་རེད། ལོག་བཤད་མ་བྱེད། བསམ་བློ་ཐོངས། དར་ཆ་ནི། མི་རབས་མང་པོར་གཅིག་ཏུ་གནས་རྒྱུ་དེ་རེད། སྲིད་ཇུས་དང་འཆར་གཞི་ལག་བསྟར་ནི། ལོ་རེར་འགྱུར་བ་འགྲོ་གི་ཡོད། རྒྱ་ནག་གི་དམངས་གཙོ་དོན་གཉེར་བ་ཚོས་ཀྱང་དར་དམར་སྒྲེང་གི་ཡོད། འོན་ཀྱང་ཁོ་པ་ཚོས་ད་ལྟའི་སྲིད་ཇུས་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱེད་ཀྱི་ཡོད།
    རྒྱལ་ཁབ་ཀྱི་དར་ཆ་དང་མིའི་སེམས་ཁམས་གཅིག་ཏུ་ལྟ་མི་རིག

    Reply
  46. མི་ཆུང་། says:
    ལོ་ 13 སྔོན།

    དབུ་མའི་ལམ་གྱི་གནས་བབ་ཐོག་ནས་ང་ཚོ་ཕྱིར་ཕ་ཡུལ་དུ་ལོག་པའི་དུས་ཞིག་ཤར་སྐབས། མུ་མཐུད་དེ་ང་ཚོས་དར་དམར་སྒྲེང་རྒྱུ་ལས་མ་འདས་པ་དེ་ཤེས་དགོས།
    དེང་འཛམ་གླིང་འདིའི་སྟེང་གཙོ་བོ་རང་དབང་དང་ཐོབ་ཐང་། རིག་གཞུང་དང་ཁོར་ཡུག་སྲུང་སྐྱོབ་དགོས་པ་ལས། མི་རིགས་ཞིག་གཅིག་པུས་ས་ཁམས་བདག་གཉེར་བྱེད་པའི་དུས་ཚོད་མིན།
    དཔེར་ན་ཨ་རིའི་ནང་མཚོན་ན་ཡང་། ཨ་རིའི་སྤྱི་འབངས་སུ་ཞིག་གིས་ཀྱང་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་མཆོག་བོད་རིགས་རེད། ཨ་རིར་སྡོད་མི་ཆོག་ཅེས་ལབ་མི་སྲིད། ཚོགས་གཙོ་མཆོག་ཨ་རིའི་ས་ཁམས་ཀྱི་བདག་པོར་གྱུར་བས་རེད། དེ་བཞིན་ཚོགས་གཙོས་ཀྱང་སྐར་མ་ལྔ་བཅུ་ལྔ་གཅིག་ཅན་གྱི་དར་ཆ་དེ་སྒྲེང་ངེས་རེད།
    འདི་ནི་མཐུན་དཔེ་ཆུང་ཆུང་ཞིག་རེད། དེ་ལས་གཞོན་ལྷན་གྱིས་རྒྱས་གཅེས་པ་ཉམ་ཆུང་མ་བུ་གསུམ་གྱི་ལས་འགུལ་ལ་ངོ་རྒོལ་དང་། ཚད་མཐོའི་བསྒྲགས་གཏམ་སྤེལ་བ་ལས། དར་དམར་སྲེག་གིན་སྲེག་གིན་བོད་བར་གོམ་བགྲོད་ཀྱི་ལས་འགུལ་ཞིག་སྤེལ་ན་ཆོག

    Reply
  47. སངྒེ ། says:
    ལོ་ 13 སྔོན།

    ནང་ལ་བསྐོར་ན། འདི་ཚང་གི་ཚོགས་གཙོའི་སྒང་ལ་ཚོགས་གཞོན། ད་དུང་དེའི་སྒང་ལ་དྲང་ཆེ། ཅི་འདྲའི་འཇིགས་རྔམས་ཆེ་བ་ལ། ནམ་རྒྱུན་གཞོན་ཚོགས་ཚོར་བའི་རྗེས་སུ་སོང་སྟེ་ཁུངས་མི་འཁྱོལ་བའི་ལས་འགུལ་ཉི་ཚེ་བ་རེ་ལས་ཅི་ཞིག་འཇོན་མྱོང་།

    Reply
  48. གསེར་འབྲུག་སྡེར་ལྔ་ says:
    ལོ་ 13 སྔོན།

    ངོ་རྒོལ་བྱས་ན་ཏག་ཏག་རེད། དར་དམར་འཕྱར་བ་ཙམ་གྱིས་རྒྱ་མིས་བོད་ལ་འཛིན་པའི་སྲིད་ཇུས་དང་འཆར་གཞི་དང་ལག་བསྟར་རང་བཞིན་ལྡན་པའི་བྱ་སྤྱོད་དེ་འགྲིག་ཤག་ཟེར་གྱི་ཡོད་པ་རེད། དེས་ན་ལམ་ཐག་རིང་པོར་གོམ་བགྲོད་གནང་དགོས་དོན་མི་འདུག་ལ་མེས་རྒྱལ་ཁྱིམ་ཚང་ཆེན་མོའི་ནང་ལོག་རྒྱུར་དགའ་བསུ་ཡོད་ངེས་རེད། བྱས་ཙང་ག་ལེར་སྤུ་མདོག་འགྱུར་འགྲོ་བའི་བོད་མི་རིགས་ཀྱི་འཐབ་རྩོད་རང་བཞིན་ཅན་དང་ལས་འགུལ་རང་བཞིན་ཅན་འདི་འདྲ་ཉུང་ཉུང་མ་རེད། ད་ནི་ཞེན་པ་གཏིང་ནས་ལོག་ཡོང་གིས།

    Reply
  49. གཡུ་རལ་བཀྲ་རྒྱམ། says:
    ལོ་ 13 སྔོན།

    བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ལས་འགུལ་བོད་ནང་དུ་བསྐྱོད་རྒྱུའི་སྤོབས་པ་མ་འདང་བའི་ཁྲག་དོག་ཉག་གཅིག་རེད།

    Reply
  50. བསོད་འོད says:
    ལོ་ 13 སྔོན།

    ད་ཡང་གཞོན་ནུ་ཚོགས་པ་ཟེར་བ་དེར་དགྲ་བོ་གསར་པ་ཞིག་སླེབས་སོང་བ་འདྲ། དགྲ་གྲོགས་དབྱེ་བ་ཕྱེ་མི་ཤེས་པའི་གཞོན་ནུ། ཕྱི་ནང་ངོ་མི་ཤེས་པའི་གཞོན་ནུ། རང་ངོ་རང་གི་མི་ཤེས་པའི་གཞོན་ནུ། ངོ་མ་དེ་འདྲའི་བྱིས་པ་བསམ་ཞེད་ཞིག སྐུ་རྩེད་ཞུས་ཡིན། ཧཧ

    Reply
རྩོམ་ཡིག་སྔ་མ།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese