གཟའ་ཕུར་བུའི་ཉིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཏེ། ཚེ་བརྟན་རྡོ་རྗེ་མ་བུ་གསུམ་གྱིས་རྒྱ་དམར་རྒྱལ་དར་འཕྱར་བཞིན་པ་དེར་ངོས་ལེན་རྒྱབ་སྐྱོར་ཞུ་ཐབས་མེད་པ་དང་། དེང་ཕྱིན་རྒྱ་དམར་རྒྱལ་དར་ཕྱར་མཁན་བོད་མི་སུ་ཡིན་རུང་མཐའ་གཅིག་ཏུ་ངོ་རྒོལ་བྱ་རྒྱུ་ཡིན་སྐོར་བརྗོད་ཡོད།
དེ་རིང་ཕྱི་ཚེས་ ༤ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༡༡ སྟེང་ངྷ་ས་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་སྤྱི་ཁྱབ་ལས་ཁུངས་ཀྱི་ཚོགས་ཁང་དུ། གཞོན་ནུའི་ཚོགས་གཙོ་ཚེ་དབང་རིག་འཛིན་དང་ཚོགས་གཞོན་དོན་གྲུབ་ལྷ་དར། དྲུང་ཆེ་བསྟན་འཛིན་ཆོས་སྐྱིད་བཅས་ཀྱིས་ཐུན་མོང་ཐོག་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཏེ། རྩོམ་པ་པོ་གླིང་ཚ་ཚེ་བརྟན་རྡོ་རྗེ་མ་བུ་གསུམ་གྱིས་རྒྱ་དམར་གྱི་རྒྱལ་དར་འཕྱར་ཏེ། གོམ་བགྲོད་གནང་བཞིན་པའི་ལས་འགུལ་ལ་ངོས་ལེན་དང་རྒྱབ་སྐྱོར་ཞུ་ཐབས་མེད་པ་མ་ཟད། གཞོན་ལྷན་གྱིས་དེ་ལྟ་བུའི་ལས་འགུལ་རིགས་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱ་རྒྱུ་ཡིན་སྐོར་བརྗོད་སོང་།
གསར་འགོད་ལྷན་ཚོགས་སྟེང་གཞོན་ནུའི་ཚོགས་གཙོ་ཚེ་དབང་རིག་འཛིན་ལགས་ཀྱིས།བོད་རྒྱའི་འཐབ་རྩོད་ནི་འགྲོ་བ་མིའི་ཐོབ་ཐང་བྱེ་བྲག་པའི་གནད་དོན་ཞིག་མིན་ཚུལ་དང་། རྒྱ་གཞུང་གིས་བོད་རྒྱལ་ཁབ་ལ་བཙན་འཛུལ་བྱས་པའི་རྐྱེན་གྱིས། ༡༩༤༩ ལོ་ནས་ད་བར་བོད་རྒྱའི་འཐབ་རྩོད་ནི་རྒྱལ་ཁབ་ཀྱི་བདག་དབང་དང་འབྲེལ་བའི་འཐབ་རྩོད་ཅིག་ཆགས་ཡོད་སྐོར། རྒྱ་གཞུང་གིས་བོད་ནང་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་གནང་མཁན་བོད་མི་ཚོར་ཁ་བྲལ་རིང་ལུགས་པའི་ཉེས་མིང་གཡོགས་ཏེ། དམར་གསོད་དང་བཙོན་འཇུག་མནར་གཅོད་བྱེད་ཀྱི་ཡོད་སྟབས།གཞོན་ལྷན་གྱིས་རྒྱ་དམར་རྒྱལ་དར་ངོས་ལེན་ཞུ་རྒྱུའི་ཚབ་ཏུ། བོད་རྒྱལ་ཁབ་སླར་གསོ་མ་བྱུང་བར་རྒྱ་དམར་རྒྱལ་དར་མེར་བསྲེགས་གཏོང་རྒྱུ་ཡིན་ཚུལ་དང་། གཞོན་ལྷན་གྱིས་ཚེ་བརྟན་རྡོི་རྗེ་མ་བུ་གསུམ་གྱིས་རྒྱ་གར་རྒྱལ་དར་འཁྱེར་རྒྱུའི་གནས་སྟངས་ཐོག་བསམ་ཚུལ་བརྗོད་ཡོད་ཀྱང་། དགྲ་བོ་རྒྱ་དམར་གྱི་རྒྱལ་དར་འཁྱེར་བཞིན་པ་དེར་ནམ་ཡང་ངོས་ལེན་བྱ་ཐབས་མེད་སྐོར་བརྗོད་ཡོད།
གཞོན་ལྷན་གྱི་ངོ་རྒོལ་གསལ་བསྒྲགས་དེའི་ནང་འཁོད་དོན།“ བཙན་བྱོལ་ནང་མི་ལོ་བཅུ་ཕྲག་དུ་མའི་རིང་བོད་མི་ཚོས་དཀའ་སྡུག་དང་གནོན་ཤུགས་སྣ་ཚོགས་འོག དགྲ་བོ་རྒྱ་དམར་གྱི་རྒྱལ་དར་མེར་བསྲེགས་ཀྱི་ལས་འགུལ་བསྟུད་མར་སྤེལ་ཡོད་ཀྱང་། ད་ཆར་ཚེ་བརྟན་རྡོ་རྗེ་མ་བུ་གསུམ་གྱིས་ངྷ་ས་ནས་བོད་བར་གྱི་གོམ་བགྲོད་ཁྲོད། དགྲ་བོ་རྒྱ་དམར་གྱི་རྒྱལ་དར་འཁྱེར་ནས་འགྲོ་བ་དེ་ནི་བཙན་བྱོལ་བོད་མིའི་མི་ལོ ༥༣ ཀྱི་ལོ་རྒྱུས་ནང་ཐེངས་དང་པོ་ཆགས་ཡོད་པ་མ་ཟད། བཙན་བྱོལ་བོད་མིའི་ལོ་རྒྱུས་ནང་ནག་ཐིག་ཆེན་པོ་ཞིག་བཟོས་ཡོད་པ་རེད། དང་ཐོག་གཞོན་ལྷན་ས་དབུས་གཉིས་ཀྱིས་ཁོང་མ་བུ་གསུམ་གྱི་བོད་སྐྱོད་གོམ་བགྲོད་ཀྱི་དགོས་འདུན་དང་སྙིང་སྟོབས་ལ་མཐའ་གཅིག་ཏུ་ཡིད་ཆེས་བློས་འགེལ་བྱས་ཏེ་རྒྱབ་སྐྱོར་གང་ཐུབ་བྱས་ཡོད་ཀྱང་། ད་ལྟ་ཁོང་ཚོས་ལས་འགུལ་སྐབས་དགྲ་བོ་རྒྱ་དམར་གྱི་རྒྱལ་དར་འཕྱར་བ་ནི། བློ་ཡུལ་ལ་མི་ཤོང་བའི་བློ་ཕམ་གྱི་བྱ་སྤྱོད་ཅིག་ཡིན་སྟབས། བྱེད་སྟངས་དེར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་མཐའ་གཅིག་ཏུ་ངོ་རྒོལ་དང་བློ་ཕམ་ཆེན་པོ་བྱེད་ཀྱི་ཡོད་ལ། ལས་འགུལ་དེར་གཞོན་ལྷན་དབུས་ས་གཉིས་ཀྱིས་ད་ནས་བཟུང་ངོས་ལེན་དང་རྒྱབ་སྐྱོར་གཏན་ནས་མི་བྱེད་པ་གསལ་སྟོན་ཞུ་རྒྱུ་ཡིན ” ཞེས་འཁོད།
གསལ་བསྒྲགས་དེར་མུ་མཐུད་འཁོད་དོན།“ ཚེ་བརྟན་རྡོ་རྗེ་ལགས་ཀྱིས་རྒྱ་དམར་གྱི་རྒྱལ་དར་འཁྱེར་དགོས་པའི་རྒྱབ་ལྗོངས་ནི། ཁོ་རང་ལམ་དབུ་མར་རྒྱབ་སྐྱོར་བྱེད་མཁན་ཡིན་ཚུལ་བརྗོད་ཡོད་ལ། དོན་དངོས་ཐོག་ལམ་དབུ་མ་དང་རང་བཙན་གནས་བབ་གང་ཡིན་རུང་གཞོན་ལྷན་གྱིས་དགག་བྱ་གང་ཡང་བྱེད་ཀྱི་མེད། ལམ་དབུ་མ་དང་རང་བཙན་གཉིས་ཀྱི་ཐོག་བོད་རྒྱའི་གནད་དོན་ཅི་ཡང་ཐག་གཅོད་བྱུང་མེད་པའི་ཁར། དར་དམར་དེའི་འོག་བོད་རིཊ་སྤུན་ཟླ་ས་ཡ་བརྒལ་བའི་ཚེ་སྲོག་ཤོར་ཡོད་ལ། ད་ལྟ་ཡང་ཚེ་སྲོག་མང་པོ་ཞིག་ཤོར་བཞིན་ཡོད་པ་རེད། གཞིས་བཞུཊ་སྤུན་ཟླ་ཚོས་བོད་ནང་རྒྱ་གཞུང་གིས་རྒྱལ་དར་སྒྲེང་བའི་བྱ་སྤྱོད་ལ་ངོ་རྒོལ་མཚོན་ཆེད། རང་སྲོག་བློས་གཏོང་གིས་སྐར་ལྔའི་དར་དམར་མར་ཕབ་བཞིན་པའི་སྐབས་འདིར། རང་དབང་ལུང་པའི་ནང་བོད་མི་ཞིག་གིས་དགྲ་བོ་རྒྱ་དམར་གྱི་རྒྱལ་དར་ཡར་འཕྱར་བའི་བྱེད་སྟངས་དེ། འཐབ་རྩོད་དང་ལོ་རྒྱས་ཀྱི་འགན་འཁྲི་ལ་ལྡོག་ཟླ་ཆགས་ཡོད། བོད་ནང་རྒྱ་གཞུང་གིས་བཙན་ཤེད་དང་དངུལ་གྱི་འགྲོ་གྲོན་ཕོན་ཆེན་བཏང་སྟེ། བོད་མིའི་ཁྱིམ་ཚང་དང་དགོན་པའི་ཡང་སྟེང་དུ་སྐར་ལྔའི་དར་དམར་སྒྲེང་འཛུགས་དང་། དུས་སྟོན་དང་མང་ཚོགས་འདུ་འཛོམས་སྐབས་སྐར་ལྔའི་དར་དམར་གནམ་ལ་འཕྱར་འཇུག་པའི་རྒྱབ་ལྗོངས་རྣམས། རང་དབང་ལུང་པར་སྡོད་མཁན་ཚོས་མཁྱེན་རྟོགས་ཐུབ་པའི་སྒོ་ནས་དགྲ་བོ་རྒྱ་ནག་གི་ལག་ཆར་མི་འགྱུར་བ་བྱ་དགོས་རྒྱུ་ནི། བོད་མི་མི་རེ་ངོ་རེའི་ལོ་རྒྱུས་ཀྱི་འགན་འཁྲི་དང་མི་ཚེའི་རིན་ཐང་ཆགས་ཡོད ” ཅེས་འཁོད།
མཐར་མར་གསལ་བསྒྲགས་དེར།“ རྒྱ་ནག་གི་དབང་སྒྱུར་ལ་འདོད་མོས་མེད་པའི་ངོ་བོ་གསལ་སྟོན་བྱ་ཆེད། མ་འོངས་པར་བོད་རང་བཙན་སླར་གསོ་མ་བྱུང་བར་དུ། གཞོན་ལྷན་གྱིས་གནད་འགག་ཆེ་བའི་ལས་འགུལ་ཁག་གི་ནང་མུ་མཐུད་རྒྱ་དམར་གྱི་རྒྱལ་དར་མེར་བསྲེགས་གཏོང་རྒྱུ་ཡིན་ལ། དེ་ནི་ལོ་རྒྱུས་སྲུང་སྐྱོབ་དང་འཐབ་རྩོད་གསོན་གནས་ཡོང་ཆེད་དུ་ཡིན། གལ་སྲིད་ང་ཚོས་དགྲ་བོའི་འདོད་འདུན་ཁོ་ནར་བསྟུན་ཏེ། རྒྱ་ནག་དཔོན་རིགས་ཚོར་ངོ་རྒོལ་མི་བྱེད་པ་དང་། རྒྱ་དམར་རྒྱལ་དར་མེར་བསྲེགས་མ་གཏང་བར་རྒྱལ་དར་སྒྲེང་འཁྱེར་བྱེད་པ་སྣང་མེད་དུ་བཞག་ན། ནམ་ཞིག་སྐབས་འཚོལ་བ་དང་དགྲ་བོའི་རྒྱུགས་ཁྱི་ཚོས་ལམ་དབུ་མར་ཁག་དཀྲིས་ཏེ། འཐབ་རྩོད་ཀྱི་ནུས་པ་རྩ་མེད་དུ་འགྲོ་ཉེན་ཡོད་སྟབས། གཞོན་ལྷན་གྱིས་ཁོང་མ་བུ་གསུམ་གྱི་བྱེད་ཕྱོགས་དེར་ངོ་རྒོལ་བྱ་རྒྱུར་མ་ཟད། མ་འོངས་པར་མི་སྒེར་དང་ཚོགས་སྡེ་གང་རུང་གིས་ལས་འགུལ་འདིའི་རིགས་སྤེལ་ཚེ་མཐའ་གཅིག་ཏུ་ངོ་རྒོལ་བྱ་རྒྱུ་ཡིན ” ཞེས་འཁོད་འདུག
རྒྱ་དམར་གྱི་རྒྱལ་དར་འཁྱེར་བཞིན་པའི་གནས་སྟངས་ཐད་ཉེ་ལམ་ཚེ་བརྟན་རྡོ་རྗེ་ལགས་ཀྱིས་ལས་འགུལ་དེ་ནི། ལམ་དབུ་མའི་ལྟ་གྲུབ་དང་མ་འགལ་བ་ཞིག་དང་། བཙན་བྱོལ་གཞུང་གི་ལངས་ཕྱོགས་དང་མ་འགལ་བ། བོད་མི་དམངས་ཀྱི་འདོད་བློ་དང་མ་འགལ་བ་ཞིག་ཡིན་ཚུལ་བརྗོད་ཡོད།
གསར་འགོད་པས་ངྷ་སར་གནས་སྡོད་བློ་བཟང་ལགས་སུ་ཚེ་རྡོར་མ་བུ་གསུམ་གྱིས་རྒྱ་དམར་རྒྱལ་དར་འཁྱེར་བཞིན་པའི་གནས་སྟངས་ཐད་བཅར་འདྲི་ཞུས་པར།“ རྒྱ་གར་དང་བལ་ཡུལ་གྱི་རྒྱལ་དར་འཁྱེར་བ་དེ་འགྲིག་བསྡད་འདུགཡིན་ནའང་། སྐར་ལྔའི་དར་དམར་འཁྱེར་བཞིན་པ་དེ་ཡག་པོ་མཐོང་མ་སོང་། རྒྱལ་དར་དམར་པོ་དེ་གུང་ཁྲན་ཏང་གི་རྒྱལ་དར་ལྟ་བུ་ཆགས་ཡོད། རྒྱལ་དར་དེའི་འོག་བོད་པ་འབུམ་ ༡༢ དམར་གསོད་བཏང་ཡོད། ཁོང་མ་བུ་གསུམ་གྱིས་རྒྱ་དམར་རྒྱལ་དར་ཁྱེར་ཡང་ས་མཚམས་ནས་འགྲོ་ཐུབ་ཀྱི་མ་རེད ” ཅེས་བརྗོད།
དེ་བཞིན་ངྷ་སར་གནས་སྡོད་འཕྲིན་ལས་ལགས་སུ་བཅར་འདྲི་ཞུས་པར།“ཚེ་བརྟན་རྡོ་རྗེ་མ་བུ་གསུམ་གྱིས་རྒྱ་དམར་གྱི་རྒྱལ་དར་འཁྱེར་བཞིན་པ་དེར་གཅིག་བྱས་ན་རྒྱབ་ལྗོངས་ཀྱི་དམིགས་ཡུལ་ཞིག་ཏན་ཏན་ཡོད་ཀྱི་རེད། ཕྱོགས་གཞན་ཞིག་ནས་ལས་འགུལ་དེ་འདྲ་ཞིག་སྤེལ་བ་དེ་ཁོང་ཚོ་སྒེར་གྱི་ཐོབ་ཐང་རེད། ང་རང་སྒེར་ངོས་ནས་ཁོང་མ་བུ་གསུམ་གྱི་བྱེད་སྟངས་དེར་དགག་པ་རྒྱག་འདོད་མེད” ཅེས་བརྗོད་སོང་།
གསར་འགོད་པ། དཔལ་ལྡན།
གསེར་འབྲུག་སྡེར་ལྔ་ལགས། སྐུ་ཉིད་ཀྱི་དྲིས་ལན་ཆ་ཚང་ཞིབ་ཀློག་བྱས་བ་ནང་བཞིན། གོ་དོན་ཟབ་ཞིང་སྤྱི་དོན་ལ་བསམ་གཞིགས་བྱས་བའི་དམིགས་ཡུལ་འབུར་དུ་ཐོན་འདུག་ན། རེད་དང་ཡིན་གྱི་སྐད་ཆ་ལས་མང་བོ་བཤད་ན། བློ་འཕེལ་དང་ཁྱེད་གཉིས་ཀྱི་རྩོད་གླེང་བཞིན་གཏད་སོ་མེད་པ་ཞིག་ཆགས་རྒྱུ་ཡིན་པ་འདྲ། རེ་བ་ལ་དཔྱད་མཆན་པ་སུ་འདྲ་ཞིག་གི་ཐད་ནས་ཡིན་རུང་རྗེས་འདེད་གཏོང་དགོས་ཐུག་ཀྱང་། ཐོག་མར་བསམ་གཞིགས་བྱས་དགོས་བ་རྒྱུ་མཚན་དང་འབབ་སྟེགས་ཞིག་གཏན་འཁེལ་ཐུབ་རྒྱུར་འབད་རོགས།
གཞན་་་སྤྱི་ཚོགས་ཀྱི་རྩོད་རྙོག་རིགས་ཚོར་ཤུགས་ཀྱིས་དབང་ཤེད་ལ་བརྟེན་ངོ་བཤུས་བརྒྱབ། སྒྲོ་བཏགས་ནས་སྐད་ཆ་བཤད་ན་དོན་ཀྱིས་དཀའ་ངལ་འབྱུང་སའི་ས་གནས་ལ་འབྱོར་ཐབས་ཡོད་བ་མ་རེད། དེར་བརྟེན་རྗེས་ཕྱོགས་ནས་སྤྱི་ཚོགས་ཀྱི་འུར་སྒྲ་ལ་མ་འདྲོགས་ནས་ལྷོད་ཀྱི་ལེ་ཕེབས་ཤོག་དང་ཡ་ལན་སྤྲོད་མཁན་མང་ནི་རེད།
གསེར་འབྲུག་སྡེར་ལྔ་ལགས། སྐུ་ཉིད་ཀྱི་དྲིས་ལན་ཆ་ཚང་ཞིབ་ཀློག་བྱས་བ་ནང་བཞིན། གོ་དོན་ཟབ་ཞིང་སྤྱི་དོན་ལ་བསམ་གཞིགས་བྱས་བའི་དམིགས་ཡུལ་འབུར་དུ་ཐོན་འདུག་ན། རེད་དང་ཡིན་གྱི་སྐད་ཆ་ལས་མང་བོ་བཤད་ན། བློ་འཕེལ་དང་ཁྱེད་གཉིས་ཀྱི་རྩོད་གླེང་བཞིན་གཏད་སོ་མེད་པ་ཞིག་ཆགས་རྒྱུ་ཡིན་པ་འདྲ། རེ་བ་ལ་དཔྱད་མཆན་པ་སུ་འདྲ་ཞིག་གི་ཐད་ནས་ཡིན་རུང་རྗེས་འདེད་གཏོང་དགོས་ཐུག་ཀྱང་། ཐོག་མར་བསམ་གཞིགས་བྱས་དགོས་བ་རྒྱུ་མཚན་དང་འབབ་སྟེགས་ཞིག་གཏན་འཁེལ་ཐུབ་རྒྱུར་འབད་རོགས།
གཞན་་་སྤྱི་ཚོགས་ཀྱི་རྩོད་རྙོག་རིགས་ཚོར་ཤུགས་ཀྱིས་དབང་ཤེད་ལ་བརྟེན་ངོ་བཤུས་བརྒྱབ། སྒྲོ་བཏགས་ནས་སྐད་ཆ་བཤད་ན་དོན་ཀྱིས་དཀའ་ངལ་འབྱུང་སའི་ས་གནས་ལ་འབྱོར་ཐབས་ཡོད་བ་མ་རེད། དེར་བརྟེན་རྗེས་ཕྱོགས་ནས་སྤྱི་ཚོགས་ཀྱི་འུར་སྒྲ་ལ་མ་འདྲོགས་ནས་ལྷོད་ཀྱི་ལེ་ཕེབས་ཤོག་དང་ཡ་ལན་སྤྲོད་མཁན་མང་ནི་རེད།
ཟླ་བ་བསོད་ནམས་ལགས།
གནད་ལུགས་དང་རྒྱུ་མཚན་ཕན་ཚུན་དབར་སྦྱང་བཤད་བྱེད་རྒྱུ་དེ་དུས་རབས་གསར་པ་དང་མཐུན་ཙང་ང་དགའ་ནས་ཡོད།
འོན་ཀྱང་དད་པ་དང་ཡིད་ཆེས་ཙམ་གྱི་རྗེས་སུ་འབྲངས་ནས་རང་ལྟ་མཆོག་འཛིན་དང་གཞན་ལྟ་འབུར་བཅོམས་བྱས་ནས་གནད་ལུགས་དང་རྒྱུ་མཚན་ཡིན་མདོག་སྨྲས་ན་ནམ་ཡང་ངོས་ལེན་མེད།
བྱས་ཙང་ཁྱོད་ཀྱིས་དད་པའི་སྤུ་ལོངས་གཡོ་ས་དང་ཡིད་ཆེས་དང་བློ་གདེང་འཁེལ་སའི་གང་ཟག་ཡིན་མདོག་སྨྲས་ཙང་ངས་ཁྱོད་ཀྱི་ཚད་མའི་སྐྱེས་བུ་ཞེས་འབོད་ན་མི་འགྲིགས་མེད་པ་རེད། བྱས་ཙང་ཁྱོད་ཀྱིས་ཚད་མའི་སྐྱེས་བུ་དེ་ལམ་དབུ་མའི་ཁྲི་ཐོག་ལ་བཞུགས་དུས་མ་འཇོན་ན་ཁྲི་ལས་གཤོལ་ཚར་དུས་བོད་མི་རིགས་ཀྱི་འཐབ་རྩོད་རང་བཞིན་ལ་དཔྱོད་ཤེས་དང་གཟིགས་པ་དམིགས་བསལ་བ་ཞིག་མེད་པར་ངས་ཀྱང་ཤེས་ཡོད།
འོ་ན་ཅིའི་ཕྱིར་ཁོང་གི་ཡིད་རྟོན་བྱེད་ས་དང་བོད་མིའི་བདེ་སྡུག་ལ་བློ་གདེང་འཁེལ་སའི་ལྟ་གྲུབ་བརྒྱུད་དཔྱོད་ཤེས་རང་བཞིན་དང་ནུས་སྟོབས་རང་བཞིན་ལྡན་ཡོད་ན་སྔ་ས་ནས་གོ་མེད་འཚོར་མེད་དང་ལམ་དབུ་མའི་སྲིད་སྟེགས་ཀྱི་འོས་མིར་བཞེངས་པ་རེད། ཅིའི་ཕྱིར་ལམ་དབུ་མའི་ན་བཟའ་བསྣབས་པ་རེད། མི་དམངས་ཀྱིས་བཙན་པོ་དབང་ཡོད་ནི་བཏང་ཡོད་རྒྱུ་མ་རེད་པ། དེ་འདྲའི་བོད་དང་བོད་མི་རིགས་ཀྱི་བདེ་སྡུག་ཆེད་བློ་གདེང་འཁེལ་བའི་ལྟ་གྲུབ་བརྒྱུད་དཔྱོད་ཤེས་རང་བཞིན་དང་ནུས་སྟོབས་རང་བཞིན་ལྡན་ཡོད་ན་ངས་ནམ་ཡང་བསྟོད་གླུ་ལེན་ཆོག་ལ། ངས་ནམ་ཡང་གུས་པས་བཏུས་ཏེས་ཤར་བསྐྱོད་བྱས་ཆོག།
བྱས་ཙང་ངས་ཁོང་གིས་ཡིད་བརྟོན་བྱེད་སའི་ལྟ་གྲུབ་དེའི་སྒང་ནས་ནམ་ཡང་སྤྱི་ཚོགས་ཀྱི་སྣེ་འཁྲིད་གནང་ཐུབ་མེད་པ་རེད་ཟེར་བ་དེ་གནས་ལུགས་དང་རྒྱུ་མཚན་ལྡན་མི་འདུག་གས།
ཡང་ཅིག་བཤད་ན་ཁྲི་ཟུར་རིན་པོ་ཆེ་ཁོང་གཏན་དུ་ཝར་ཎར་བཞུགས་ནས་འཛིན་སྐྱོང་ལེགས་དཔྱོད་དང་འབྲེལ་ཁོང་གི་ཨབ་ཕྲུག་ཚོར་ཡིད་བརྟོན་གནང་སའི་ལྟ་གྲུབ་དར་སྤེལ་གནང་ཐུབ་ན་ཅི་འདྲའི་མི་ལེགས་སམ། རེད་དེ་ཁྱེད་རང་ཡང་ཁོང་གི་ཨབ་ཕྲུག་ཡིན་པ་ངས་རྟོགས་སོང་བས་ཁྱེད་ཀྱིས་འདི་ལྟར་ང་ཚོ་ཨབ་ཕྲུག་ཚང་མ་ཁོང་གི་ཡིད་བརྟོན་རུང་བའི་བདེན་པའི་ཨུ་ཚུགས་ཀྱི་ལྟ་གྲུབ་པ་རྐྱང་རྐྱང་ཡིན་ལབ་མདོག་ཁ་པོ་རེད། ཡིན་ན་ཡང་ངས་ངོ་ཤེས་ཝར་ཎའི་གྲྭ་ལོག་ཁག་གཅིག་དང་ཁོང་གི་ཨབ་ཕྲུག་མང་དག་ཅིག་ཨ་རི་དང་ནུབ་ཕྱོགས་ཁག་ནང་འདུག་པ་དེ་ཚོ་འགའ་རེ་ནི་ལམ་དབུ་མ་པ་རེད་འདུག་ལ། ལ་ལ་ནི་རང་བཙན་པ་རེད་འདུག་ལ། ལ་ལ ནི་སྒོར་མོ་ཁོ་ནར་གཡེངས་ཏེ་ལྟ་གྲུབ་ལ་ཇུས་གཏོག་རང་མི་འདུག། བདེན་པའི་ཨུ་ཚུགས་ཡིན་ཟེར་མཁན་གཅིག་ཀྱང་འཐུག་མ་སོང་། དོན་དངོས་བྱས་ན་ཁོང་གི་ཡིད་བརྟོན་གནང་སའི་ལྟ་གྲུབ་སྐབས་བབས་ཀྱི་ཁྱབ་སྤེལ་གཏོང་སའི་ཨབ་ཕྲུག་དེ་ཚོར་གཅིག་བལྟས་ན་ཡ་མཚན་སྐྱེས་དགོས་ཡ་ཞིག་འདུག། དེ་ནི་ངའི་ཉམས་མྱོང་དང་འབྲེལ་བའི་གནད་ལུགས་དང་རྒྱུ་མཚན་རང་བཞིན་ལྡན་ཡོད།
ཁྱོད་ཀྱིས་དོན་མཚན་གསུམ་པའི་ནང་གི་ཅིའི་ཕྱིར་ཞེས་ན། མི་དམངས་ཀྱིས་ཁོང་སྤྱི་མཐུས་ཀྱི་རྭ་བའི་ནང་ཡོད་དུས་ནང་ཁུལ་ལ་རིག་ལམ་བེད་སྤྱད་དེ་འགག་བཞག་ཚ་ཐག་གཅོད་འཕེན་སྟངས་དེ་ཞལ་ཀྲུང་ནན་ཧེའེ་དང་དབུས་འཐབ་ཕྱོགས་གཅིག་བསྒྱུར་པུའི་ལོག་སྨྲ་ཚར་གཅོད་བྱས་ན་སྙམ་ཏེས་ལམ་དབུ་མའི་སྲིད་ཁྲིར་འདེམས་པ་རེད་དེ། ལམ་དབུ་མའི་ན་བཟའ་བསྣབས་དུས་ཀྲུང་ནན་ཧེའེ་དང་དབུས་འཐབ་ཕྱོགས་གཅིག་བསྒྱུར་པུའུ་ལ་འགག་བཞག་བྱེད་པའི་རིག་ལམ་མི་འདུག་ལ། འཇམ་ཤུར་ཤུར་ངང་ཡོད་ཚད་རྒྱར་བསྟུན་དང་མགོ་འབུལ་ལུས་འབུལ་གྱིས་རང་སྐྱོང་མངོན་འདོད་ཡིག་ཆ་དེ་ཀྲུང་ནན་ཧེའེ་ལ་ཕུལ་ཡོད་ཀྱང་། ཀྲུང་ནན་ཧེའེ་ཡིས་ནམ་ཡང་ངོས་ལེན་མི་བྱེད་མཁར། རྣམ་པ་མི་མངོན་པའི་རང་བཙན་དང་། ངོ་བོ་བསྒྱུར་བའི་རང་བཙན། ཕྱེད་རང་བཙན་སོགས་རང་བཙན་རྣམ་པ་དུ་མར་དབྱེ་བའམ། མིང་འདྲ་མིན་གྱིས་ཚོན་མདངས་བསྒྱུར་ནས་ཕྱིར་རྡ་སར་ལོག་ཕེབས་པ་མ་རེད་པས། འོ་ན་ཅིའི་ཕྱིར་འགག་བཞག་གི་རིག་ལམ་ཚ་ཐག་གཅོད་དེ་ག་པར་ཕྱིན་པ་རེད། ཅིའི་ཕྱིར་ཁོང་གིས་ཡིད་བརྟོན་བྱེད་སའི་བོད་མི་རིགས་ཀྱི་བདེ་སྡུག་ལ་བློ་གདེང་འཁེལ་བའི་ལྟ་གྲུབ་བེད་སྤྱོད་མ་བྱས་པ་དང་དཔྱོད་ཤེས་རང་བཞིན་དང་ནུས་སྟོབས་རང་བཞིན་མ་ལྡན་པ་རེད། གནད་འགག་ལ་འཐུག་དུས་འཇོན་ཐང་ཡོད་ན་འདོན་དགོས་པ་རེད། དེ་ལྟར་ལྡན་ཡོད་ན་བོད་མི་རིགས་ཀྱིས་ནམ་ཡང་དགའ་བསུ་ཡོད་ངེས་རེད།
དེ་ནས་ཡོད་ཚད་བརྒྱར་བསྟུན་གྱིས་མཛད་རྗེས་དང་ལས་འགུལ་ཚུན་ནས་སྟངས་འཛིན་ནན་པོ་བྱས་ཏེ་ཞལ་འདོན་དགུ་སྐྱོར་དང་བྱང་ཆུབ་སེམས་མཆོག་འདོན་པ་མ་གཏོག་ཁ་ནས་རང་བཙན་ཡང་ལབ་མི་ཆོག་པ་འདྲ་ཞིག་དེ་ལམ་དབུ་མའི་དགོངས་དོན་ངོ་མ་དེ་ཨེ་རེད། དམངས་གཙོའི་གདན་རྟགས་ཨེ་རེད། མ་ཟད་ཉེ་འཆར་རང་གསར་འགོད་པས་བཅར་འདྲི་དང་ལེན་གནང་སྐབས་བོད་ནང་གི་མེར་བསྲེག་དོན་རྐྱེན་བྱུང་དང་འབྱུང་བཞིན་པའི་རྒྱུ་རྐྱེན་ཟུར་ཙམ་ཡང་མི་གླེང་བར། དར་དམར་བསྲེག་པར་ཐུགས་ཕམ་ཆེན་པོ་ཡོད་ཚུལ་དང་ཁོང་ལམ་དབུ་མའི་སྲིད་ཁྲིར་བཞུགས་དུས་བཀག་འགོག་མཛད་ཚུལ་ནི་རང་རིགས་སྤུན་ཟླ་གསོན་པོར་བསྲེག་པ་ལས་མྱ་ངན་ཆེ་ཚུལ་ལ་གཞིག་ན་ངས་ཏང་ལ་བློ་དཀར་གཞུང་དྲང་ཅན་གྱིས་གུང་ཁྲན་ཏང་ཡོན་རྣལ་མ་ཞིག་རེད་ཟེར་བ་འདི་ལ་གནད་ལུགས་དང་རྒྱུ་མཚན་རང་བཞིན་ལྡན་ཡོད།
ད་དུང་ཁྱོད་ཀྱིས་ཁྲི་ཟུར་རིན་པོ་ཆེ་ཁོང་སེམས་ཁམས་རུབ་ནས་དྲན་འཆར་མེད་པའམ། ངག་ལྐུགས་ནས་ཅི་ཡང་མི་བཤོད་ཟེར་བ་དེ་དོན་ལ་གནས་འདུག། དེ་མིན་ཁོང་ལ་དཔྱོད་ཤེས་དང་གནས་ལུགས་བཤད་རྒྱུ་ཡོད་ན་ཞལ་ཀྲུང་ནན་ཧེའེ་དང་དབུས་འཐབ་ཕྱོགས་གཅིག་བསྒྱུར་པུའུ་ལ་བསྐོར་དུས་འཇམ་ཐིང་ཐིང་དེ། ད་བྱས་དུས་དེ་འདྲ་ཡིན་པ་འདྲ། ད་རེས་ཁྱོད་ལ་གནད་ལུགས་རྒྱུ་མཚན་ལྡན་འདུག། ཧ་ཧ།
ངས་བདེན་པའི་ཨུ་ཚུགས་ཀྱི་ལྟ་གྲུབ་ལ་སྡང་སེམས་སྐྱེས་དགོས་དོན་མེད་ལ་ལག་ལེན་རང་བཞིན་ལྡན་ཡོད་ན་གོང་ཞུས་ལྟར་ཡིན་ཀྱང་ཁྱོད་ཀྱིས་ལག་ལེན་དངོས་ནང་མ་ཞུགས་གོང་ནས་ཞེ་པོ་ཅིག་འཇོན་རྒྱུ་ཡོད་མདོག་བཤད་སོང་བས། དེར་ངས་ངོས་ལེན་བྱ་ཐབས་བྲལ།
ཁོང་གིས་ལམ་དབུ་མའི་དགོས་འདུན་མ་འགྲུབ་སྟབས་འུ་ཐུག་ཐབས་ཟད་ཀྱི་གནས་ལ་བགྱར་ན་ཡིན་ཅིག་བོད་གཞུང་དེ་བདེན་ཉིད་རྒྱལ་གྱུར་ཅིག་ཞེས་པའི་སྨོན་ཚིག་འདྲ་ལ་ལབ་མི་བདེ་བའི་མིང་ཞིག་བཏགས་དགོས་རྒྱུ་ལ། བོད་མི་རིགས་ཀྱི་ཐོད་བྱང་ལ་གནའ་སྔ་མོ་ནས་ད་བར་བོད་གཞུང་ཞེས་པའི་མིང་བྱང་བརྐོས་ཡོད་མ་གཏོག་བདེན་པ་ཉིད་རྒྱལ་གྱུར་ཅིག་ཟེར་བ་ནམ་ཡང་བརྐོས་མེད་པ་རེད། དེ་ནི་ཁྲི་ཟུར་ཚང་གིས་ལམ་དབུ་མའི་དགོས་འདུན་མ་འགྲུབ་ཙང་ཞལ་སྐྱེངས་ནས་བོད་མི་རིགས་ཀྱི་ཐོད་བྱང་དུ་བཙན་གྱིས་བརྐོས་པ་རེད་དྲན་ཡོད་ལ་འབྱུང་འགྱུར་མི་རབས་གསར་པ་ལ་མདུན་ལམ་མེད་པར་བཟོས་པ་རེད་ལ། རང་ཉིད་ཀྱིས་ལྷན་སྐྱེས་ཀྱི་ཐོབ་ཐང་དང་བདག་དབང་རྩོད་རྒྱུའི་ནུས་པ་རྩ་ཡལ་དུ་བཏང་བ་མ་རེད་པས། གནས་ལུགས་དང་རྒྱུ་མཚན་ལྡན་ཨེ་འདུག།
གསེར་འབྲུག་སྡེར་ལྔའི་གློག་ཞགས་འདིའི་བར་ནས་ཐར་འགྲོ་བའི་བསམ་པ་མེད་དེ། ལུང་བའི་ཕུ་ཡི་ཁ་དཔེ་ལྟར། བ་ལུ་མ་ཤེད་མེད་རུང་རྔ་མ་མགོ་རྩངས་ནས་རྒྱུག་རྒྱུ་ཡིན།
༡༽ཚད་མའི་སྐྱེས་བུ་སུ་ཞིག་ཏང་ལ་བློ་དཀར་གཞུང་དྲང་དེ་ཡིན་སོང་བ་རེད་དམ། དྲི་བ་འདིའི་ཁ་ཕྱིར་ལ་བསྐོར་ནས་གསེར་འདྲུག་སྡེར་ལྔ་ལ་དགའ་འབོད་ཞུ། ཡི་གེ་ཐིག་ཕྲེང་གཉིས་གསུམ་ཙམ་ལས་མེད་པའི་བསམ་ཚུལ་ཞིག་བཤད་ན་ཡང་། གཞན་ལ་སྒྲོ་འདོགས་དང་སྐུར་འདེབས་རེ་མ་བྱས་ན་ཡ་ལན་སྤྲོད་ཐབས་ཞིག་མ་མཆིས་སམ། བདག་ལ་ད་ལྟའི་བར་དུ་ཚད་མའི་སྐྱེས་བུ་ཞིག་དང་འཕྲད་སྐལ་མ་བྱུང་ལ། མ་འོངས་བར་ཡང་འཕྲོད་འགྲོ་བའི་བསམ་པ་མེད་ན། ཅི་ཞིག་ཚད་མའི་སྐྱེས་བུ་ཟེར་ཞིང་། གང་འདྲ་ཞིག་ཡིན་ན་ཚད་མའི་སྐྱེས་བུ་ལ་འབོད་པ་རེད་དམ། འདི་ལྟར་ཕུགས་འདེད་དོན་དཔྱད་མཆན་པ་ཡོངས་ཀྱིས་གནས་ལུགས་དེ་བཙལ་བསམ་པའི་དབང་གིས་འདིར་འཛོམས་པར་བརྟེན། གནས་ལུགས་མི་ཤོད་པའི་འོ་དོད་དེ་བདག་ལ་མི་མཁོ་བ་བཞིན་མང་མང་ཡང་དེ་ལྟར་ན། དགྲ་བཅོམས་པ་རང་མ་བྱེད་ད་གནས་ལུགས་ཡོད་ན་རྣ་བ་གཏད་ནས་ཉན་ཡོད།
༢༽ སྤྱིར་བོད་མི་སུ་འདྲ་ཞིག་ཡིན་ནའང་རང་ཉིད་ཀྱི་དགའ་ཁ་ཁྱེར་ཕྱོགས་དང་། དད་སེམས། ཉེ་རིང་ཕྱོགས་ཞེན་ལ་བརྟེན་བློ་གདེང་འཁེལ་སའི་གང་ཟག ལྟ་གྲུབ། སྲིད་གཞུང་གིས་འབངས་མི་ལ་སྣེ་ཁྲིད་བྱེད་ཕྱོགས་གང་ཐད་ནས་མ་གྲོས་བསམ་པ་གཅིག་མཐུན་གྱི་བསམ་ཚུལ་ཞིག་ཡོངས་ཐབས་མེད་པ་ནང་བཞིན། ཁ་སང་དེ་རིང་གི་རྩོད་རྙོག་འདི་འདྲ་རྒྱུན་ལྡན་ལྟར་སྣང་ཡང་། བསམ་གཞིགས་ཡང་དང་བསྐྱར་དུ་བྱས་ན་ང་ཚོ་རང་ཡུལ་རང་སྲུང་མ་ཐུབ་པའི་བྲོས་བྱོལ་གྱི་གནས་བབས་འོག་འཚོ་ཞིང་། བདེན་པའི་མཐའ་སེལ་རྒྱུ་མིག་མདུན་ན་ལྷག་ཡོད་ཙང་། ཁེངས་སྐྱོངས་དང་ལེ་འདེད་ཀྱི་རྣམ་པ་འདི་བསྐྱུར་ནས་ལྷག་བསམ་གྱི་སྐད་ཆ་བཤད་རྒྱུ་ལས་ཨམ་ཚིགས་བསྡམས་ནས་འདུག་བཟོད་མ་ཐུབ་དབང་གིས་རང་ཤེད་ཀྱིས་མི་ལྕོགས་རུང་། ལོ་རྒན་རིན་པོ་ཆེ་ཁོང་ལ་ད་དུང་ཡིན་རུང་བོད་མི་མང་གི་སྤྱི་དོན་ཐད་ནས་རེ་བ་གསར་བ་ཞིག་བྱེད་ཀྱིན་ཡོད་དེ། སྐུ་ཉིད་ཀྱིས་མཚང་འབྱིན་བཞིན་པ་ལྟར། རིན་པོ་ཆེ་ཁོང་གིས་བོད་མིའི་བདེ་སྡུག་ཆེད་བློ་གདེང་འཁེལ་སའི་ལྟ་གྲུབ་ཀྱི་རྐང་ཚུགས་མ་ཐུབ་པའི་དབང་གིས་ཡིད་སེམས་སྐྱོ་ནས་ཡོད། དེ་ལྟ་ནའང་བདག་གིས་རིན་པོ་ཆེ་ཁོང་གི་སྐུ་མདོག་འགྱུར་སོང་བ་ལ་ཆ་འཇོག་བྱེད་ཀྱིན་མེད་ཁར། བོད་མི་མང་གིས་རིན་པོ་ཆེ་ཁོང་མཛད་དཀའ་བཟོས་ནས་ལམ་དབུ་མའི་ཚོན་མདངས་ལ་བསྒྱུར་སོང་བ་རེད་བསམ་པ་དྲན་ཡོད། དེ་ཡང་འོད་དོད་ཀྱི་སྐད་ཆ་མ་ཡིན་པར་བསམ་གཞིགས་བྱས་བའི་ཁུལ་ཡིན། དེ་སྔོན་ཟམ་གདོང་བླ་མའི་སྐུ་གཟུགས་བདེ་ཐང་དང་རྣམ་དཔྱོད་ཡངས་བའི་དུས་ལ། བོད་མི་མང་གིས་ལམ་དབུ་མ་རིན་ཆེན་དོན་ཆེ་བལྟས་སོང་བས་ན། རིན་པོ་ཆེ་ཁོང་རི་ཁྲོད་ལ་འགྲིམ་ནས་ཆོས་བ་རྣམ་མ་བྱེད་འདོད་ཀྱི་མོས་བ་ཤིན་ཏུ་ཆེ་མོད། བར་ནས་རིན་པོ་ཆེ་ཁོང་གོ་མཚོན་བསྣམས་དབང་མེད་པར་བོད་མི་མང་གིས་འཐབ་གྲོགས་ལ་འབོད་འགུག་བྱས་སོང་བའི་དབང་གིས། མི་ལོ་བཅུའི་རིང་ལ་རིན་པོ་ཆེ་ཁོང་ལམ་དབུ་སྲིད་སྟེགས་ནས་གོ་མཚོན་མེད་པར་ཐོ་ཡོར་བཞིན་དུ་འགྲེང་མཐར། རིན་པོ་ཆེ་ཁོང་རང་ངོས་ནས་་བོད་མི་མང་གི་ཆེད་དུ་ནུས་སྟོབས་བསྐྱེད་ཐབས་མ་བྱུང་བའི་ཚུལ་དུ། འུ་ཐུག་གི་བཀའ་མོལ་དེ་བྱུང་སོང་བ་མ་ཡིན་ནམ། སྔ་ས་ནས་ཕྲན་གྱིས་རང་ཉིད་ལ་དྲི་བ་འདི་འདྲི་བཞིན་ཡོད་མོད། སྐབས་སུ་བབས་པའི་ལན་འདེབས་མཁན་སྐུ་ཉིད་ཆགས་འདུག་ན། ཁུ་སིམ་མེར་མི་འདུག་པའི་རེ་བ་ཤིན་ཏུ་ནས་ཆེ།
༣༽ རིན་པོ་ཆེ་ཁོང་ལམ་དབུ་མའི་སྲིད་ཁྲི་ལ་བཞུགས་བར་བརྟེན། བོད་མི་མང་གི་བདེན་མཐའ་སེལ་བར་མི་ལོ་བཅུའི་འགོར་འགྱངས་ཐེབས་སོང་སྙམ་པ་ལྟར། ངན་ཁག་འདི་སུས་སུ་ལ་དཀྲིས་ན་ད་གཟོད་འདྲ་མཉམ་གྱི་གནས་ལུགས་ཞིག་བཤད་ཐུབ་རྒྱུ་རེད། རིན་པོ་ཆེ་ཁོང་གི་བློ་གདེང་འཁེལ་སའི་ལྟ་གྲུབ་བརྒྱུད་དཔྱོད་ཤེས་དང་། ནུས་སྟོབས། བོད་མི་མང་གིས་བེད་མེད་དུ་འདོད་ནས་ངོས་ལེན་མེད་རུང་། གཟིགས་གཞི་ཙམ་པོ་དྲུད་ནས་ལམ་དབུ་མའི་སྲིད་ཁྲི་ལ་འོས་འདེམས་བྱས་སོང་བས། རྒྱུ་མཚན་ཅིའི་ཕྱིར་དུ་ཞེས་བའི་དྲི་བ་འདི་གསེར་འབྲུག་སྡེར་ལྔའི་ལས་སྐལ་ཡིན་པ་འདྲ། མ་རེད་དམ།
དེ་དང་དེ་ལྟར་རིན་པོ་ཆེ་ཁོང་སྲིད་ཁྲི་བཞུགས་རྒྱུན་རིང་རྒྱ་ནག་ལ་བསྟུན་ཐབས་རང་ལ་འབད་ཡོད་དབང་དུ་བཏང་རུང་། ལམ་དབུ་མའི་དགོངས་དོན་རེད་དམ། ཡང་ན་ཟམ་གདོང་བླ་མ་ཁོང་གིས་ཡིད་རྟོན་བྱེད་སའི་ལྟ་གྲུབ་དང་འབྲེལ་ཡོད་རེད། བསམ་གཞིགས་མེད་པར་སྐད་ཆ་ཤོར་ན་མགོ་གང་ལ་སྤས་རུང་གདོང་དེ་ཚ་ལམ་ལམ་ཡིན་སྟབས་གང་དགའ་གྱིས།
༤༽བོད་མི་མང་གི་དཀའ་སྡུག་འབྲེལ་བའི་འཐབ་རྩོད་གང་བྱུང་ལ་རྒྱུས་མངའ་ཡོད་མཁན་ཞིག་ཡིན་ཚེ། བདེན་པའི་ཨུ་ཚུགས་ཀྱི་ལྟ་གྲུབ་ལ་བློ་གདེང་འཁེལ་མི་ཐུབ་རུང་། བོད་སྤྱི་ཚོགས་ཀྱི་འཐབ་རྩོད་དང་འབྲེལ་མེད་དུ་འདོད་མི་སྲིད་མོད། གསེར་འབྲུག་སྡེར་ལྔ་ཟམ་གདོང་བླ་མ་བརྒྱུད་བདེན་པའི་ཨུ་ཚུགས་ཀྱི་ལྟ་གྲུབ་སྒང་ལ་ཡང་སྡང་སེམས་ཞིག་སྐྱེས་འདུག་ན། ཁོ་ལ་་ཡང་ཁོའི་ཚོད་ཀྱི་གནས་ལུགས་ཡོད་རྒྱུ་བསམ་ཐོག མིག་ཅེར་ནས་སྒུག་ཡོད།
ད་དུང་རིན་པོ་ཆེ་ཁོང་གི་སེམས་ཁམས་རུབ་ནས་དྲན་འཆར་ཐང་བོ་མེད་པའམ། ངག་ལྐུགས་ནས་ཅི་ཡང་མི་ཤོད་བསམ་ཀྱིན་ཡོད་ན་ཅི་ཆ། དེ་མིན་སློབ་དཔོན་ཁོང་གི་དཔྱོད་ཤེས་ལ་དཔགས་པའི་གནས་ལུགས་ཞིག་ཁྱོད་བཤད་རྒྱུ་མེད་པ་འདྲ། མ་རེད་དམ།
༥༽ ས་ལག་མཐིལ་ཙམ་གྱི་བདག་དབང་མེད་སའི་མིའི་ལུང་བ་ནས་རྣ་བ་ཅོར། མིག་ཅེར་ནས་བསྟུན་མཁས་བྱས་ན་ཐབས་ཤེས་མ་རེད་དམ། གང་ལྟར་ཀྱང་རིན་པོ་ཆེ་ཁོང་གིས་ལམ་དབུ་མའི་དགོངས་དོན་བཞིན། བསམ་གཞིགས་རིང་ཐུང་གཉིས་ལ་གདོང་གཏད་ནས་ཧུར་ཐག་བྱས་བ་གང་ཞིག་ལ། འབྲས་བུ་མ་བྱུང་སྟབས་ཐབས་ཟད་དེ་ཁོང་རང་ཉིད་ཀྱི་གོ་མཚོན་འཕྱར་ནས་བདེན་པ་ཉིད་རྒྱལ་གྱུར་ཞེས་བའི་མིང་བྱང་འདི་། བོད་མི་མང་གི་ཐོད་བྱང་ལ་བསྐོས་སོང་བ་མིན་ནམ། དགེ་སྐྱོན་ཅི་ཡོད་རིན་པོ་ཆེ་ཁོང་གི་དགོངས་དོན་ལ་རྒྱུས་ལོན་རེ་བྱས་རྗེས། བསམ་གཞིགས་བྱས་ནས་སྨྱུ་གུ་ཡར་འདེགས་རོགས།
མདོ་དོན་སྐབས་ཀྱི་རྩོད་ཇོག་འདི་གཞོན་ནུ་དང་ཐག་རིང་དུ་གྱེས་སོང་མོད། གསེར་འབྲུག་སྡེར་ལྔ་དང་མུ་མཐུད་ནས་གླེང་འདོད་ཡོད། ལས་བྲེལ་གྱིས་དབང་གིས་ཅུང་རཇེས་ལུས་ཐེབས་འདུག་ན། དགོངས་འགལ་མེད་པ་ཞུ།
ཁོ་རི་བློ་ཆོས་འཛམ་གླིང་གི་མི་སྣ་དུང་ཕྱུར་མང་བོས་གོང་ས་མཆོག་ཡིད་ཆེད་ཡོད་མ་རེད།
དེ་ཚོ་ཚང་མ་དམར་གཞུང་གི་ཁོང་སུ་འཛུལ་དགོས་རེད་དམ། ་དོལ་ཚོགས་ཀྱི་ཁོངས་སུ་འཛུལ་ཞུགས་བྱས་དགོས་ཁྱེད་ཀྱིས་ཅིག་བཤོད་དང་།
བློ་འཕེལ་ལ་ནན་གྱིས་བཤད་པར་བྱ་རྒྱུར།
ངས་བོད་མི་ལ་ཀྲུང་ཧཱ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནང་སྡོད་རེ་བའི་རང་དབང་ཞེས་ལབ་དུས། ཀྲུང་ཧཱ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནང་འདུག་རྒྱུར་རེ་བ་བཅོལ་རྒྱུ་ལས་ལྷག་མེད་ཙང་རེ་བ་བཅོལ་རྒྱུའི་རང་དབང་ཆ་ཚང་ཡོད་པ་རེད་ཞེས་ལབ་ཡོད། མ་ཟད་བོད་མི་རིགས་ལ་རང་དབང་འདོད་ཀྱི་ཡོད་ན་ཀྲུང་ཧཱ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནང་རང་དབང་ཞེས་པའི་མིང་ཡང་མེད་པས་བོད་མི་ལ་ཀྲུང་ཧཱ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནང་འདུག་རྒྱུའི་རང་དབང་ཞིག་གང་ན་འདུག་ལབ་ཡོད། དེས་ངས་སྔ་ཕྱི་འགལ་བ་ཞིག་གང་བཤད་འདུག། ཡང་ན་ཁྱོད་ཀྱིས་མིག་ཡ་གཅིག་བཙུམས་ནས་བཀློག་ཡིན་རྒྱུ་རེད་པ།
དེ་ནས་ཁྱོད་དང་ཁྱོད་འདྲ་བ་མང་པོ་མང་པོ་ཞིག་གིས་དྲི་བ་དང་མཆན་ལ་བལྟས་ཡོང་དུས་གུང་ཁྲན་ཏང་དམར་ཤོག་གིས་སྲོག་ལས་གཅེས་པར་འཛིན་པའི་དར་དམར་ལ་དད་གུས་དང་དགའ་ཞེན་བླ་ན་མེད་པ་ཞིག་མཚོན་འདུག་པས། དེ་ལྟར་ཡིན་ན་ཆ་རྐྱེན་ཅི་ཡང་མེད་པར་མེས་རྒྱལ་ཁྱིམ་ཚང་ཆེན་མོའི་པང་དུ་མ་ལོག་པར་ཡིན་ཅིག་བཙན་བྱོལ་དང་ཡུལ་བགྱར་བྱེད་དགོས་དོན་ཅི་རེད་ཞེས་དྲིས་ཡོད། ངའི་རྣ་བའི་དབང་པོ་འདི་ཉམས་གུད་ཕྱིན་མེད་ལ་༧སྐུ་མདུན་གྱིས་གསུངས་ཆོས་དང་ཆབ་སྲིད་རིག་པའི་བཀའ་སློབ་མང་མང་ཉན་ཡོད། འོན་ཀྱང་༧སྐུ་མདུན་གྱིས་ནམ་ཡང་བཙན་བྱོལ་ནང་དར་དམར་དམར་ལིང་ལིང་འཕྱར་ཨ། དར་དམར་ལ་དད་གུས་དང་དགའ་ཞེན་བླ་ན་མེད་པ་ཞིག་བགྱིས་ཨ་ཞེས་ནམ་ཡང་གསུངས་ཀྱི་མི་འདུག། མ་ཟད་བཙན་བྱོལ་བྱེད་དགོས་དོན་བོད་དང་བོད་མི་རིགས་འདི་དཔལ་འབྱོར་དཀའ་ངལ་ཞེ་པོ་འཕྲད་ནས་བཙན་བྱོལ་བྱས་པ་ཡང་མ་རེད། ཡང་ན་ས་ཆུ་མེ་རླུང་སོགས་འབྱུང་བ་རང་བཞིན་གྱིས་གནོད་འཚེ་འཕོགས་ནས་བཙན་བྱོལ་བྱས་པ་ཡང་མ་རེད། འོ་ན་ག་རེ་བྱས་པ་རེད་ལབ་ན་གཞན་གྱིས་བཙན་པོ་དབང་ཡོད་བཏང་ཙང་རང་དབང་དང་བདེ་སྐྱིད་ཀྱི་འཐབ་རྩོད་བྱ་ཆེད་བཙན་བྱོལ་བྱས་པ་ཞིག་མང་མང་གསུངས་པ་གོ་སོང་། རེད་པས།
ད་དུང་བསམ་ཡུལ་ལས་འདས་པ་ཞིག་ལ་ཁྱོད་ཀྱིས་ནག་ཁུང་དུ་མཛུབ་མོ་བཙུགས་ནས་ངས་༧སྐུ་འདུན་ལ་ཡིད་ཆེས་དང་དད་གུས་མེད་རབས་དང་ལྷ་འདྲེ་གདོན་གེགས་ཚོགས་པ་དང་དམར་གཞུང་ནང་འཛུལ་ན་འཚམ་པོ་ཡོད་ཚུལ་བཤད་པ་ནི་ཅི་འདྲའི་ཡ་མཚན་མ་རེད་པས། མ་གཞི་དངོས་ཐོག་བདེན་འཚོལ་གྱི་སྐད་ཆ་ཞིག་བཤད་ན་ཁོ་ལྟ་ལོག་པ་དང་མུ་སྟེག་པ་དམར་པོ་ཡིན་རབས་སྨྲ་བ་ནི་གནའ་སྔ་མོ་ནས་ད་བར་བོད་པའི་གཤིས་རྒྱུད་ལ་ཡོད་ཡོད་པ་རེད་ལ། རྙིང་ཞེན་གྱི་ལྟ་བ་འདི་དུས་རབས་ཉེར་གཅིག་ལ་སླེབས་ན་ཡང་ད་དུང་དོར་མེད་པ་རེད། ངས་༧སྐུ་མདུན་ལ་དད་མ་དད་ཟེར་ན་ཁྱོད་ལ་ཇུས་གཏོག་སྤུ་ཙམ་ཡང་མེད་ཀྱང་། ངས་༧སྐུ་མདུན་ལ་ལོ་སྒྱུས་རང་བཞིན་གྱིས་དབུ་འཁྲིད་བླ་ན་མེད་པ་ཞིག་ལ་ངོས་འཛིན་ཞུ་གི་ཡོད་ལ། ཆོས་ཕྱོགས་ནས་བཤད་ན་བཀའ་ཆོས་དང་བཀའ་དབང་མང་པོ་ཞུ་མྱོང་བའི་རྩ་བའི་བླ་མའི་འདུ་ཤེས་བླ་ན་མེད་པ་ཞིག་ཡོད། འོན་ཀྱང་ཁྱོད་ཀྱིས་འབྲེལ་མེད་དོན་གཞན་གྱིས་༧སྐུ་མདུན་འདིར་དྲུད་ཡོང་བ་ནི་རང་ཉིད་ཀྱིས་རྒྱབ་དཔུང་འཚོལ་ཆེད་ཡིན་ཡང་། དེ་ལས་ལྡོག་ཏེས་ཁྱོད་དང་ཁྱོད་འདྲ་བ་མང་པོས་བོད་མི་རིགས་ཀྱི་འཐབ་རྩོད་ཀྱི་འགན་འཁྲི་ཡོངས་རྫོགས་༧སྐུ་མདུན་གྱི་དབུ་ཐོག་ཏུ་གཡུགས་པ་མ་ཟད་༧སྐུ་མདུན་ཆབ་སྲིད་ཀྱི་མདུན་གྲལ་དུ་བུད་ཙང་ཀྲུང་ནན་ཧེའེ་ནས་བློ་ཡུལ་ལས་རྒལ་བའི་མཚན་སྨོད་ཞུ་ས་འདི་ནས་བྱུང་བ་རེད་ལ། ཆབ་སྲིད་གྲེས་ཡོལ་ལ་ཕེབས་དགོས་བྱུང་བ་ཡང་འདི་ལས་མ་འདས་སོ། བྱས་ཙང་ངས་རང་གི་རྩ་བའི་བླ་མ་དེ་གཡོ་ཇུས་རང་བཞིན་ལྡན་པའི་ཏང་ཀྲུང་དབྱང་གི་བཀོད་འདོམས་འོག་བཞུགས་སུ་བཅུག་འདོད་མེད་ལ། མཚོན་རྟགས་འཇིགས་སུ་རུང་བ་དང་སྡུག་རྩུབ་རང་བཞིན་ལྡན་པའི་དར་དམར་འོག་ནམ་ཡང་ཕེབས་སུ་བཅུགས་འདོད་མེད་ལ། རང་དབང་རང་བཞིན་ལྡན་པའི་འོག་ནས་གྲུ་འཛིན་གཉིས་པའི་གཞལ་མེད་ཁང་གི་སླར་ཡང་གསེར་ཁྲིར་མངའ་གསོལ་ཞུ་རྒྱུ་དེ་རེད་ལ། གཞིས་ལུས་རྒྱ་ཆེའི་མི་དམངས་དང་ལྷག་པར་དུ་གཞིས་བྱེས་གཉིས་ཀྱི་དཔའ་བོ་དང་དཔའ་མོ་རྣམས་ཀྱིས་མེ་ལྕེའི་ནང་གི་འབོད་སྒྲ། བོད་རང་བཙན་ཡིན་། བོད་ལ་རང་དབང་དགོས། ༧རྒྱལ་བ་རིན་པོ་ཆ་ེབོད་དང་བོད་མི་རིགས་ཀྱི་དོན་གྱི་བདག་པོ་ཡིན་པའི་ཆ་ནས་བོད་ནང་གདན་འདྲེན་ཞུ་དགོས་ཞེས་པའི་མངོན་འདོད་དེ་ག་རང་ཡིན་པ་རེད་མ་གཏོག་ཏང་གཡོ་ཇུས་རང་བཞིན་ལྡན་པའི་ཏང་ཀྲུང་དབྱང་གི་བཀོད་འདོམས་འོག་དང་། མཚོན་རྟགས་འཇིགས་སུ་རུང་བ་དང་སྡུག་རྩུབ་རང་བཞིན་ལྡན་པའི་དར་དམར་འོག་ཕེབས་རོགས་ནམ་ཡང་ཞུ་གི་མེད་ཚོད་རེད་པ།
དཔེར་ན་༧པཎ་ཆེན་སྐུ་གོང་མ་ཏང་དང་དར་དམར་འོག་སྐུ་ཚེའི་རྒྱུད་རིམ་དང་དགོངས་གཞི་ཆ་ཚང་འགྲུབ་ཡོད་མེད་དང་སྐུ་ན་མ་གྲེས་གོང་ནས་སྐུ་ཚེའི་འཕེན་པ་རྫོགས་སྟངས་ལ་བསམ་བློ་མ་བཏང་རང་བཏང་རེད་ལ་སྔ་འདངས་ཕྱི་འདངས་ངེས་པར་དུ་བརྒྱགས་དགོས་པ་རེད།
དེ་ནས་ང་གདོལ་ཚོགས་དང་དམར་གཞུང་ནང་འཛུལ་ན་འཚམ་པོ་ཡོད་ཚུལ་བཤད་པ་ནི་ཅི་འདྲའི་དགོད་སྤྱད་ཅིག་མ་རེད་པས། ངས་སྟོན་པ་བཅོམ་ལྡན་འདས་དང་ཀླུ་གྲུབ་ཡབ་སྲས་ཀྱིས་མཛད་པའི་རྟེན་འབྱུང་རང་བཞིན་ལྟ་གྲུབ་དང་དངོས་ཐོག་བདེན་འཚོལ་ལ་ཡིད་ཆེས་ཡོད་པ་མ་གཏོག་མངོན་སུམ་ཚད་མས་མ་དམིགས་པའི་གཟུགས་མེད་ལྷ་འདྲེ་གདོན་བགེགས་ལ་ནམ་ཡང་ཡིད་ཆེས་མེད་ལ་ནམ་ཡང་སྐྱབས་རེ་ཞུ་གི་མེད།
ངས་མཆན་ཕལ་ཆེ་བའི་ནང་གཡོ་ཇུས་ཀྱི་ཐབས་ལམ་ལ་བྱང་ཆུབ་པའི་དམར་གཞུང་ནང་འདུག་རྒྱུ་དང་མཚོན་རྟགས་འཇིགས་སུ་རུང་བ་དང་སྡུག་རྩུབ་རང་བཞིན་ལྡན་པའི་དར་དམར་འོག་འདུག་གི་ཡིན་ཟེར་མཁན་ཁྱོད་དང་ཁྱོད་འདྲ་བ་ལ་མཐའ་གཅིག་ཏུ་རྒོལ་བ་ལ་གཞིག་ན་དམར་གཞུང་ནང་འཛུལ་ཞུགས་ལ་ང་ལས་ཁྱོད་འཚམ་པ་མི་འདུག་གམ། ད་དུང་ཁྱོད་དང་ཁྱོད་འདྲ་བ་མགོ་གཏད་རིང་ལུགས་པའི་རྣམ་འགྱུར་ཡ་ན་བརླ་ཅན་མང་པོ་མང་མང་པོ་ཞིག་གིས་ཀྲུང་ཧཱ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནང་འདུག་འདོད་དང་དར་དམར་གུས་བརྩི་དང་དགའ་ཞེན་བླ་ན་མེད་པ་ཞིག་ཡོད་པ་ལ་བལྟས་ན་དོན་ངོ་མའི་དམར་པོའི་དཔོན་པོ་དང་གཉིས་སུ་མ་མཆིས་པ་དེ་སུ་རེད། ཞིབ་འདངས་ཞིག་བརྒྱོབ་དང་ཤེས་ཀྱི་རེད། ད་དུང་བོད་ནང་གི་མེ་ལྕེའི་ནང་གི་འབོད་སྒྲ་་་་་་བོད་རང་བཙན་ཡིན་་་་ཟེར་བ་དེ་ནག་སུབ་གཏོང་སྟངས་འདི་མགོ་གཏད་རིང་ལུགས་པ་མིན་ན་ཅི་རེད། དཔའ་བོ་དང་དཔའ་མོ་ཚོར་བརྙས་བཅོས་བྱས་པ་མ་རེད་པས། ད་དུང་ག་ལེར་ཞུས་ཆོག། མཇལ ཡོང་།
སྤྱི་ལོ་ ༡༩༢༡ ལོར་རྒྱ་ནག་གུང་ཁྲན་ཏང་བཙུགས་ཏེ་གུང་ཁྲན་ཏང་དང་གུང་མིང་ཏང་གཉིས་བཅས་དབར་དམག་འཁྲུགས་བརྒྱབས་ནས་ཁྱོན་ལོ་ ༢༨ རིང་རྒྱ་མི་རིགས་ས་ཡ་ ༤༢ ལྷག་ཅིག་དམར་གསོད་བཏང་ཡོད།
སྤྱི་ལོ་ ༡༩༥༠ ལོ་ནས་ད་བར་མི་ལོ་ ༦༠ ནང་གྲངས་ཉུང་མི་རིགས་འབུམ་ཕྲག་དུ་མ་དམར་གསོད་བཏང་བྱས་ཡོད།
མི་ལོ་་དྲུག་ཅུའི་རིང་བོད་རིགས་ས་ཡ་གཅིག་དང་འབུམ་ལྷག་དམར་གསོད་བྱས་ཡོད། ད་དུང་ཚེ་བཙོན་དང་། བཙོན་འཇུག མནར་གཅོད། སྡུག་སྦྱོང་སོགས་སྣ་ཚོགས་ཅིག་དམྱལ་བ་མི་ཡུལ་མྱངས་པ་ལྟར་མྱོང་དགོས་ཐུག་ཡོད།
ད་དུང་བོད་ས་ཡོངས་རྫོགས་ཀྱི་བདག་དབང་བཙན་འཕྲོག་བྱས་ཏེ་རང་བཙན་དང་། རང་སྐྱོང་སོགས་ཕར་བཞག་ཐ་ན་རི་ཆུང་ཆུང་གཅིག་ཀྱང་སྤྲོད་རྩིས་བྱེད་ཀྱིན་མེད་པའི་རྒྱ་དམར་གཞུང་འདིར་མཚོན་ཆེས་འཛམ་གླིང་ནང་དབང་ཤེད་དང་། ཆེས་སྡུག་རྩུབ། ཆེས་ཀླ་ལོ། ཆེས་མ་རབས། ཆེས་ཇག་པ། ཆེས་ཕྲམ་པ་བཅས་ཀྱི་འཛམ་གླིང་ནང་སྡུག་ཤོས་ཀྱི་ཏང་ཤོག་ཅིག་ཆགས་ཡོད།
ཏང་ཤོག་དེའི་དར་དམར་དེ་བོད་ཀྱི་གྲོང་གསེབ་ཆུང་ཆུང་ཅིག་ཚུན་ཆད་དུ་དར་དམར་ཡར་བསྒྲེངས་འཛུགས་བྱེད་དགོས་པའི་བཀའ་ཕབ་ཡོད། དེས་ཏང་ལ་དགའ་ཞེན་ཡོད་མདོག་སྟོན་པའི་ཕྱིར་དུ་རེད།
ད་དུང་འདི་ནས་དམངས་གཙོ་་དང་རང་དབང་ཁ་ལ་འཁྱེར་ནས་བོད་ཀྱི་རྩ་དོན་ཆེད་ཡིན་ཟེར་དེ་སྐད་བཟང་མཐོན་པོས་དར་དམར་མགོ་སྟེང་དུ་འཁུར་ཏེ་གོམ་བགྲོད་བྱེད་བཞིན་པ་དེ་ཧ་ཅང་གི་ཐབས་སྡུག་གི་བྱ་སྤྱོད་ཅིག་རེད། གླིང་ཚའི་ཀུན་སློངས་ལ་ལྷད་ཡོད་མེད་མི་ཤེས་ཀྱང་བྱ་སྤྱོད་ཀྱི་ཐོག་ནས་བལྟས་ནས་ཏང་ལ་གུས་བརྩི་ཡོད་པ་ཅིག་དང་། ཏང་ལ་བློ་སེམས་ཉེ་པོ་ཡོད་པ། ཏང་དར་ལ་དགའ་ཞེན་ཡོད་པ་བཅས་རང་བཞིན་གྱིས་མཚོན་པ་རེད།
འདི་ལྟ་བུའི་ལས་འགུལ་རིགས་བོད་ཀྱི་རྩ་དོན་དང་། བོད་མི་རིགས་ཀྱི་ཆེད་དུ་ཡིན་ཟེར་ན་ལས་འགུལ་སྤེལ་བ་ལས་མ་སྤེལ་ནས་རང་སོར་བསྡད་ན་བཟང་ཀི།
དགྲ་དགའ་སྙིང་སྡུག་གི་ལས་ཀ་དེ་འདྲ་བོད་མི་རིགས་ཀྱི་རླབས་ཆེན་བཙན་པོ་སྲོང་བཙན་སྒམ་པོ་དང་། བོད་རིགས་དཔའ་རྒོད་རྣམས་ཀྱི་མི་ལོ་སྟོང་ཕྲག་རིང་ནམ་ཡང་རྩ་བ་ནས་བྱས་མྱོང་མེད་ལ་བོད་མི་རིགས་ཀྱི་ཞབས་འདྲེན་ནམ་ཡང་ཞུ་མྱོང་མེད།
རང་བཙན་མི་དགོས། རང་སྐྱོང་མི་དགོས། དམངས་གཙོ་མི་དགོས། བོད་ཡུལ་མི་དགོས། བདག་དབང་མི་དགོས། རང་དབང་མི་དགོས། ཏང་གི་བྱམས་བརྩེའི་ཐུགས་འཁུར་འོག་ཏང་ལ་དགའ་ཞེན་བྱས་ཏེ་བསྡད་ཀྱི་ཡིན་ཟེར་ན་ད་གཟོད་ད་དུང་ཅིག་ཁས་ལེན་བྱེད་རྒྱུ་ལྷག་ཡོད་པ་སྟེ། དེ་ནི་ཏང་ཀྱི་དབུ་བཟང་པོ་བློ་མཐུན་ཝོ་ཅིན་ཐོའི་ལགས་ཀྱི་སྐྱག་པ་ཚ་པོ་དེར་ང་ཚོས་དགའ་ཞེན་བྱས་ཟ་རྐྱང་བྱེད་ཀྱིན་ཡིན་ཞེས་ཏང་གི་དབུ་འཁྲིད་ཚོའི་སྐྱག་པ་ཚ་པོ་དེ་བཟའ་རྒྱུ་མ་གཏོགས་གཞན་ཅི་ཡང་ལྷག་མེད།
ད་ཏང་གི་དབུ་འཁྲིད་དེ་ཚོའི་སྐྱག་གཅིན་བཟའ་དང་མ་བཟའ་ཐག་གཅོད་རྒྱུ་མ་གཏོགས་ལྷག་མིན་འདུག དེར་བརྟེན་གླིང་ཚ་དང་ཟམ་དོང་གིས་གཙོས་པའི་ཏང་ལ་དགའ་ཞེན་ཡོད་མཁན་ཁ་ཤས་ཤིག་གིས་བསམ་བློ་བཏང་དགོས།
གཞོན་ནུ་ཚོགས་པའི་ཚོགས་མི་ཚོ་གལ་སྲིད་གླིང་ཚ་ཚང་གི་བྱེད་ལུགས་དེར་སྐྱོན་ཡོད་ན་། ཁྱེད་གཞོན་ནུ་ཚོགས་པས་ལས་མགུལ་དེ་ལས་ཡག་པ་ཞིག་སྤེལ་ནས་བོད་མི་རྣམས་ལ་བཏོན་དང་། རྐུབ་སྟེགས་སྟེང་ནས་ཁྲ་དོག་གི་སྐད་ཆ་སྟོང་པ་བཤད་ནས་བོད་མི་རྣམས་ལ་འཁྲུག་བརྩོད་མ་བསླང་ན་ལེགས་།
ཁྱོད་ཀྱིས་ཁ་སེང་་་་་བོད་མིས་ཀྲུང་ཧཱ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ནང་སྡོད་རྒྱུའི་རེ་བའི་རང་དབང་ཆ་ཚང་ཡོད་ཀྱང་།་་་ཞེས་གཅིག་བཤད། དེ་རིང་་་་་བོད་མི་ལ་ཀྲུང་ཧཱ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ནང་སྡོད་རྒྱུའི་རང་དབང་ཞིག་གང་དུ་ཡོད་དམ།?་་་་གཉིས་བཤད་དུས་སྐད་ཆ་འདི་ལ་ཆ་འཇོག་བྱེད་ས་མི་འདུག་གོ། ཡང་ཁྱོད་ཀྱིས་་་འོ་ན་བཙན་བྱོལ་དང་ཡུལ་བགྱར་བྱེད་དགོས་པའི་རྒྱུ་མཚན་ག་རེ་རེད།་་་་ཞེས་ཟེར་འདིའི་བརྒྱུད་རིམ་་་༧གོང་མཆོག་གི་གསུང་ལ་ཡིད་ཆེ་ཡོད་ན་མང་མ་དྲགས་ན་ཉུང་མ་དྲགས་པ་ཞིག་གསུངས་ཡོད། ཕལ་ཆེར་ཁྱོད་ཀྱིས་སྐད་ཆ་བཤད་སྟངས་ལ་དཔག་ན་༧གོང་ས་མཆོག་ལ་ཡིད་ཆེ་ཡོད་མདོག་ཁ་པོ་མི་འདུག། གལ་ཏེ་མེད་ན་དམར་གཞུང་དང་དོལ་ཚོགས་ཀྱི་ཁོངས་སུ་འཛུལ་ཞུགས་བྱས་ན་འཚམ་པོ་རེད།
གཞན་ཡང་ཉེ་ལམ་༧གོང་ས་མཆོག་གིས་བོད་ནང་གི་ཤེས་ཡོན་པ་མང་པོས་དབུ་ལམ་ལ་རྒྱབ་སྐྱོར་ཤུགས་ཆེར་གནང་གི་ཡོད་པ་གསལ་པོ་གསུངས་དུས་ཁྱོད་ཀྱི་རྣ་མཆོག་གཉིས་ནང་ག་རེ་བླུགས་ཡོད། ཁྱོད་ཅི་འདྲའི་ཚིག་ཐག་ཆོད་པོ་ཞིག་རེད་་་་གཞིས་ལུས་ས་ཡ་དྲུག་གིས་ནམ་ཡང་དེ་ལྟར་མ་སྨྲས་སོ།་་ཞེས་ཟེར་ཧམ་བཤད་འདི་རིགས་ལ་ཉན་འདོད་མི་འདུག་གྲོགས་པོ།
གཞན་ཡང་་་བོད་རང་བཙན་མ་མིན་ཟེར་མཁན་གྱི་བོད་མི་ཡོད་རྒྱུ་མ་རེད་ལ་འདི་ནི་འདས་པའི་སྐད་ཆ་ཞིག་རེད། གཙོ་བོ་་་ད་ལྟ་བོད་རང་བཙན་རྩོད་དང་མི་རྩོད་ལ་ཐུག་ཡོད་པར་ཤེས་པར་བྱོས་ལ་གཞི་ནས་སྐད་ཆ་ཤོད།
ཁྱོད་ཀྱི་རྣ་མཆོག་འོན་པ་མིན་ན་གཞིས་ལུས་དཔའ་བོ་དཔའ་མོ་ཚོའི་འབོད་ཚིག་གི་དང་པོ་༧གོང་ས་མཆོག་བོད་ནང་གདན་འདྲེན་ཞུ་དགོས་ཟེར་བ་དེ་གོ་ཡོད་ཚོད་རེད། གལ་ཏེ་མ་གོ་ན་ཡག་རྟགས་ཞིག་མ་རེད། གོ་བཞིན་དུ་འདི་འདྲ་བཤད་ན་་་དམར་པོའི་དཔོན་པོ་ཚོ་དང་གཉིས་སུ་མ་མཆིས་སོ།།
བློ་ཁོག་ཡོད་ན་བོད་ནང་དུ་སོང་ནས་དམར་དར་མེ་སྲོག་དང་ལྟ་རྒྱུ་ཡོད།
མང་བཤད་རྒྱུའི་ཆུ་ཚོད་མེད་དགོངས་དག།
བློ་འཕེལ་ལགས།
ཤེས་པ་རང་བཞིན་རྣལ་དུ་མ་བབས་ཙང་དྲི་བ་འདི་ཡོང་གི་ཡོད་པ་རེད། ཀྲུང་ཧཱ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལ་རང་དབང་མེད་ན་བོད་མི་ལ་ཀྲུང་ཧཱ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ནང་སྡོད་རྒྱུའི་རང་དབང་ཞིག་གང་དུ་ཡོད་དམ།? འོ་ན་བཙན་བྱོལ
་དང་ཡུལ་བགྱར་བྱེད་དགོས་པའི་རྒྱུ་མཚན་ག་རེ་རེད།
་དེ་ནས་ཀྲུང་ཧཱ་མི་དམངས་སྤྱི་མཐུན་རྒྱལ་ཁབ་འོག་འདུག་གི་ཡིན་ཟེར་མཁན་དེ་བཙན་བྱོལ་བ་འབུམ་གཉིས་ཙམ་རེད་མ་གཏོགས་གཞིས་ལུས་ས་ཡ་དྲུག་གིས་ནམ་ཡང་དེ་ལྟར་མ་སྨྲས་སོ། ད་དུང་འབུམ་གཉིས་ནང་ནས་ཆ་ཚང་མ་རེད་ལ་མི་རབས་གསར་པ་ཚོ་དང་གཞོན་ནུ་ཕལ་ཆེ་བ་དེའི་ཁོངས་སུ་མ་འདུས་པས་ཕྱིར། ཡང་ཅིག་བཤད་ན་བཙན་བྱོལ་བ་ཚོ་གཞིས་ལུས་རྒྱ་ཆེའི་མི་དམངས་ཀྱི་ཚབས་མཚོན་ཡིན་ལབ་ན་། དེ་ནི་མ་ཡིན་ཏེ་གཞིས་ལུས་རྒྱ་ཆེའི་མི་དམངས་ཀྱི་མངོན་འདོད་ནམ་ཡང་བསྒྲུབ་མི་ཐུབ་པས་ཕྱིར། བྱས་ཙང་སྲིད་དོན་ཚོང་པའི་མདུན་ལམ་མིན་ན་ཅི་རེད། མ་ཟད་བོད་དོན་འདི་ནུབ་ཕྱོགས་དང་ཨ་རི་སོགས་ཀྱིས་རྒྱ་ནག་དང་མཉམ་འབྲེལ་ཚོང་རྫས་གལ་ཆེན་ཞིག་ལགས་ན་བཙན་བྱོལ་བ་ཚོས་ནུབ་ཕྱོགས་དང་ཨ་རིའི་ཁ་ལ་ཉན་བསྡད་པ་མ་གཏོག་རང་གི་ལོ་ངོ་སྟོང་ཕྲག་གི་ལོ་སྒྱུས་ཟུར་ལ་བཞག་ནས་རང་གི་བཙན་པོའི་སྙིང་སྟོབས་ནམ་ཡང་གླེང་གི་མེད་པ་དེ་རེད། ང་ལ་སྙིང་ནད་གཅིག་རང་གཅིག་ཡོད་པ་ནི་ལོ་རབས་བརྒྱད་བཅུ་དགུ་བཅུ་ནས་རྩིས་པའི་ད་ལྟའི་བོད་ནང་གི་དཔའ་བོ་དང་དཔའ་མོ་མང་པོ་ཞིག་གིས་འབོད་སྒྲ་ཤུགས་ཆེ་ཤོས་(བོད་རང་བཙན་གཙང་མ་ཡིན་)ཞེས་པའི་མངོན་འདོད་དེེ་ཟུར་ཙམ་ཡང་མི་གླེངབར་དར་དམར་འོག་འདུག་འདོད་ཡོད་དང་། དར་དམར་འདི་གངས་སེང་རྟགས་ཅན་གྱི་བོད་ཀྱི་རྒྱལ་དར་ལས་གལ་ཆེ་དོན་ཆེན་དུ་རྩིས་ནས་དར་དམར་བསྲེག་ན་རྙིང་རླུང་སྟོད་ལ་འཚངས་ནས་རང་གི་ཕ་མ་མིང་སྲིང་བསྲེགས་པ་ལས་མྱ་ངན་ཆེ་ཚུལ་ཡོད་པ་འདི་ངའི་སྙིང་ནད་དང་ཀླད་ནད་བཅོས་སུ་མེད་པ་ཞིག་ལགས་ན་ནམ་ཡང་རྒོལ་རྒྱུ་ཡིན། ནམ་ཡང་དར་དམར་བསྲེག་རྒྱུ་ཡིན།
དྲྭ་གྲོགས་ཡུལ་གྱར་ལགས་དགོན་པས་ཁྱི་ལ་གཞུས་ན་བླ་མའི་ཐུགས་ལ་ཕོག་ཟེར་བ་དེ་ཤིན་ཏུ་ནས་བདེན་འདུག་ཕྲན་གྱིས་གཞོན་ལྷན་གྱི་ཚེ་རྡོར་མ་མོ་གསུམ་གྱི་འཐབ་རྩོད་བྱས་ཕྱོགས་ལ་ངོ་རྒོལ་ཡོད་ཟེར་བ་དེ་ལ་ལན་ཆུང་ཞིག་འདེབས་པས་ནི་ཡུལ་གྱར་བ་ཞིག་ལ་ཕོག་འདུག་དེ་ནི་ཕ་རི་བྲག་ལ་གཞུས་ན་ཚུ་རི་འུག་པ་འདྲོགས་ཟེར་རོ། དེ་བཞིན་ཕོ་ང་ཕྱོགས་ལྷུང་བའི་སློབ་གྲྭར་འགྲོ་དགོས་གང་ཡང་མེད་སྙམ།
ངོ་རྒོལ་ཡོད་ཞེས་ན་འདི་གོ་ལེ་རེད། རང་གི་རིག་གཞུང་ནང་ལྐུག་པ་ཚོ། མངོན་སུམ་འཛེམས་མེད་ཀྱི་འཐབ་འཛིང༌།གཉའ་གནོན་བཤུ་གཞོག་ལ་མི་བཟོད་འུ་ཐུག་ངོ་རྒོལ་བྱེད་པ། དབྱིན་སྐད་ནང་་་oppose, be against, revolt, resist, protest, strike,to attack, to oppose, be against སོགས་རེད།
མོས་མཐན་མེད་ཞེས་ན་་་་refuse, disagree, disapprove་ ངས་ལན་མང་བཏབ་ཀྱང་དུས་བབ་ཚང་རྙིང་གཉིད་ཤོར་ནས་སྟོན་མ་སོང་།།།
བོད་ནང་ནས་བོད་ལ་ཕན་ཐོག་པའི་བྱ་བ་ཞིག་སྒྲུབ་སོང་ན་རྒྱ་མིར་གནོད་པའི་ནག་ཉེས་ཞིག་ལ་བརྩི་གི་འདུག རྒྱ་གར་ནས་རྒྱ་མིར་ངོ་དགའ་ཞིག་བྱས་ན་ཡང་བོད་དོན་ལས་འགུལ་རེད་འདུག་ངོ་མ་དགོད་ཤོར་བ་ཞིག་རེད།
གསེར་འབྲུག་ལགས་ཁྱོད་ལ་ག་རེ་བྱས་སོང་། ཁྱོད་ཀྱི་ཤེས་པ་རང་བཞིན་དུ་མ་གནས་པ་མ་རེད་དམ། ངས་་་བོད་མི་ལ་ཀྲུང་ཧ་མི་སྤྱི་མཐུན་རྒྱལ་ཁབ་ཀྱི་ནང་སྡོད་རྒྱུའི་རང་དབང་ཡོད་དམ་མེད།་་་དྲིས་པ་ལས། ཀྲུང་ཧ་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་ནང་རང་དབང་ཡོད་མེད་ག་པར་དྲིས་འདུག་་་་མིག་གིས་མི་མཐོང་ན་གཞན་ལ་ཀློག་ཆུག་བསམ་བློ་ཡག་ཐོངས། དེ་ནས་གཞན་ལ་འབྲི་བཅུག་ན་འགྲིག་གི་རེད། རྙོག་སོང་ན་ཀློག་འདོད་ཀྱི་མི་འདུག།
ཡང་ཁྱོད་ཀྱིས་་་་མ་གཞི་ནས་བོད་མི་ཀྲུང་ཧཱ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནང་འདུག་རྒྱུ་ཟེར་བ་དེ་ཆབ་སྲིད་ཚོང་པ་འགའ་ཤས་ཀྱི་མདུན་ལ་འཐུག་ཡོད་པ་མ་རེད་པས།་་་་་ཟེར། ཆབ་སྲིད་ཚོང་པ་དེ་སུ་རེད། གསལ་པོ་གསུངས་དང་། བཤད་རྒྱུ་མེད་ན་སྐད་ཆ་འདི་རིགས་རྫབ་ཆེན་པོ་རེད། དེ་ཚོའི་ཐོག་ཁྱོད་ལ་སྙིང་ནད་ཅིག་ཡོད་པ་མ་རེད་དཱོ། དེ་འདྲ་ཡིན་ཁག་མེད།
རྒྱལ་ཁབ་ཀྱི་འོག་ཏུ་སྡོད་ན་་་རྒྱལ་དར་གྱི་འོག་ཏུ་སྡོད་དགོས་པ་ཟུར་བལྟས་ལེབ་མཐོང་མ་རེད་དམ། མིན་ན་ས་སྒང་འདིའི་ཐོག་དཔེ་གཅིག་ཤོད་དང་ཁ་དམ་ཡོང།
ད་ལྟའི་ཆར་ས་ཁོངས་མི་རིགས་རང་སྐྱོང་གི་རྩ་ཁྲིམས་ཇི་བཞིན་ལག་ལེན་བསྟར་གྱིན་མེད་པ་བདེན་པ་ཡིན་རྒྱུ་རེད། འོན་ཀྱང་དེ་རྟག་ཅིང་བརྟན་པ་ཞིག་དང་འགྱུར་མེད་ཀྱི་རང་བཞིན་ཅན་ཞིག་ཡིན་པ་ཁྱོད་དང་ངེད་གཉིས་ཕར་ཞོག་་་སུ་གཅིག་གིས་ཐག་ཆོད་ཀྱིན་མ་རེད།
བདེ་པོ་འཕྲོད་སྟེན་ཡག་པོ་བྱོས།
བློ་འཕེལ་གྱིས་དྲིས་པའི་ལན་དང་པོའི་ནང་ཆབ་སྲིད་ཚོང་པ་འགའ་ཤས་ཀྱི་(མདུན་ལ་ཞེས་པར) ཆབ་སྲིད་ཚོང་པ་འགའ་ཤས་ཀྱི་(མདུན་ལམ་ལ་)འཐུག་ཡོད་པ་རེད་ཞེས་བཅོས་རོགས།
འདི་ལམ་དབུ་མ་དང་མཐུན་གྱི་འདུག རྒྱ་དར་བཟུང་བར་སྐྱོན་ཟིག་ཅང་ཡོད་ནོ་མི་ཤེས། དེ་ཡང་ཐབས་ལམ་ཞིག་རེད། དེང་སྐབས་མང་པོ་ཞིག་གིས་གཞོན་ནུ་ཚོགས་པ་་ནི་སྐྱབས་དང་མགོན་ཞིག་ཏུ་བསམ་བསྡད་ཡོད་པ་རེད། སུ་ཞིག་ཡིན་ཡང་ལོ་རྒྱུས་ནང་བོད་རང་བཙན་ཡིན་པ་དེ་གཞོན་ནུ་ལས་གཞན་གང་གིས་ཀྱང་མ་ཤེས་པ་ཞིག་མ་རེད།ཤེས་ནི་རེད། ཡང་གཅིག་བཤད་ན་རྒྱ་དར་མེར་བསྲེགས་པ་ནི་དགོས་མེད་ཀྱི་བྱ་འགུལ་ཞིག་རེད། འདྲ་མཉམ་གྱི་རིན་ཐང་ལྟ་ཚུལ་ཞིག་བཟུང་ནས་ལས་འགུལ་སྤེལ་ནི་འགྲིག་གི་འདུག ངས་ནི་ཁོང་མ་བུ་གསུམ་ལ་ཁྱེད་ཅག་གིས་རྒྱ་དར་བཟུང་བ་ཙམ་གྱིས་ནི་ནམ་ཡང་ཁྱེད་ཅག་གི་ནོར་འཁྲུལ་ཞིག་ཏུ་མི་འདོད་ཞུ་རྒྱུ་ཡིན།
གླིང་ཚ་ནང་མིའི་སྙིང་སྟོབས་རྗེས་སུ་ཡིད་རངས་ཞུ་དགོས་པ་ཞིག་ཡིན་ལ་ལས་འགུལ་འདི་ལྟ་བུ་སྤེལ་བ་ནི་ལས་སླ་པོ་ཞིག་རྩ་ནས་མིན་་་་འོན་ཀྱང་རྒྱ་ཡི་རྒྱལ་དར་འཁྱེར་བ་དེ་མཐོང་སྣང་ལ་མི་བདེ་བ་ཞིག་འདུག་ང་ཚོའི་ཐབ་རྩོད་དབུ་མའི་ལམ་ཡིན་ཡང་རྒྱ་ཡི་རྒྱལ་དར་འཕྱར་དགོས་དོན་རྩ་བ་ནས་མེད་་་དབུ་མའི་ལམ་རྩོད་པར་རྒྱ་ཡི་རྒྱལ་དར་འཁྱེར་དགོས་ན་རྒྱ་ཡི་རྒྱལ་གླུ་ཡང་གཏོང་དགོས་པར་ཐལ་་་དེ་ན་གུང་ཁྲན་ཏང་ལ་བརྩེ་བཀུར་དང་ཏང་གི་དབུ་འཁྲིད་ལ་ཡང་བརྩེ་བཀུར་ཞུ་དགོས་པ་ཞིག་ཡིན་་་་་་་དེ་ན་གཞོན་ནུ་ཚོགས་པའི་ལམ་ཕྱོགས་དང་ལྟ་བ་གསལ་གཏོན་གནང་བ་དེར་རྒྱབ་སྐྱོར་ཞུ་དགོས་པ་ཞིག་ཏུ་མཐོང་།
ཨམ་མདོ་བའི་ཞི་བའི་གོམ་བགྲོད་བྱེད་མཁན་ཚེ་རྡོར་མ་བུ་གསུམ་ལ་མཚོན་ན་ཡི་རང་བྱེད་དགོས་པའི་གནས་སྟངས་ཤིག་རེད། འོན་ཀྱང་དར་དམར་འགོ་སྟེང་དུ་འཁྱེར་ཏགུང་ཁྲན་ཏང་ལ་དགའ་ཞེན་ཡོད་འདོད་གི་རྣམ་པ་སྟོན་བཞིན་པར་ད་ཆེས་ཐབས་སྐྱོ་བའི་བྱ་སྤྱོད་ཐ་ཤལ་ཞིག་རེད།
བོད་ཀྱི་གཏམ་དཔེ་གཅིག་ལ་ཐབས་ག་ཚོད་ཅིག་སྡུག་ཀྱང་་་་་་་ཁྱི་སྨྱོ་ན་ཡང་བདག་པོ་ངོ་ཤེས་་་་་ཟེར་བའི་གཏམ་དཔེ་རང་རེད། ཏང་ལ་དགའ་ཞེན་ཡོད་ན་མགོ་འདོགས་བྱས་ཏེ་ཕྱིར་ནས་ཏང་ལ་བློ་སེམས་དཀར་པོས་གུ་ཁྲན་ཏང་ཡོན་གཅིག་བྱས་ནས་བསྡད་དེ་དར་དམར་ག་དུས་ཡིན་ཁང་པའི་སྟེང་དུ་ཡར་བསྒྲེངས་འཛུགས་བྱས་ན་འགྲིག་གི་རེད།
བོད་ཀྱི་དུས་བབ་ཟེར་བ་འདིས་ཀྱང་དྲང་བདེན་གྱི་ལས་ཀ་ཞིག་བྱེད་ཀྱིན་མེད་པའི་སྣང་ཚུལ་བྱུང་། ཨམ་མདོ་ཚོས་ཅིག་བྱས་རབ་སྐོར་གྱི་གནས་ཚུལ་ཆུང་ཙག་ཅགིག་ཡིན་ཀྱང་ག་ཚོད་སྟོན་ཐུབ་ཐུབ་གཅིག་དང་། ཡང་ཨམ་མདོ་ཚོས་སྡུག་སྡུག་གི་གནས་ཚུལ་ཅིག་ཐོན་ན་གོ་མ་བྱུང་མདོག་མདོག ཤེས་མ་བྱུང་མདོག་མདོག་བྱས་ཏེ་དངོས་ཡོད་ཀྱི་གནས་ཚུལ་དེ་སྦས་བསྐུང་བྱེད་ཀྱིན་འདུག
ང་ཚོས་འདི་ནས་ཆན་འགའ་ཤས་གནད་ལུགས་ཀྱིས་ཐོག་ནས་གསལ་བཤད་བྱས་ཀྱང་བཀོད་ཀྱི་མི་འདུག དེ་འདྲ་ཡིན་ན་ཁྱེད་ཚོས་་་་་་བོད་ཀྱི་དུས་བབ་ཟེར་བའི་མིང་དེ་བརྗེད་པོ་བརྒྱབ་ཏེ་་་་་ཨམ་མདོའི་དུས་བབ་ཅེས་བཏགས་ན་མཚམས་ཤོས་རེད།
ཟླ་བ་བསོད་ནམས་ཞེས་བྱ་བར་ཞུ་བ་ནི།
ཁྱེད་ཀྱི་ཚད་མའི་སྐྱེས་བུ་ཁྲི་ཟུར་ཚང་ནི་ཏང་ལ་བློ་དཀར་གཞུང་དྲང་ཅན་ཞིག་ཡིན་པར་སོང་། གཟིགས་ཚུལ་དམིགས་བསལ་བ་ཞིག་གང་ཡང་ཡོད་རྒྱུ་མ་རེད་ལ། ཁོང་ཡང་དང་ཐོག་གཞོན་ནུ་སྐབས་ནས་རིམ་པས་སྤུ་མདོག་འགྱུར་ནས་ལྟ་བ་ཚུགས་ཐུབ་མེད་པའི་སྲིད་དོན་པའི་བཙུན་པ་ཞིག་རེད་ལ། བདེན་པའི་ཨུ་ཚུགས་ཞེས་པ་དེ་ཁོང་རང་ཉིད་ཀྱིས་ལྟ་གྲུབ་དམིགས་བསལ་བ་ཞིག་ཏུ་རློམས་པ་མ་གཏོག་ལྟ་གྲུབ་དེའི་སྒང་ནས་སྤྱི་ཚོགས་ནང་ཆབ་སྲིད་སྣེ་འཁྲིད་ནམ་ཡང་གནང་ཐུབ་མེད་པ་མ་ཟད། ཁྲི་པ་ལས་ཐོགས་སྐབས་དབུ་མའི་ལྟ་གྲུབ་སྒང་ནས་ཡོད་ཚད་རྒྱར་བསྟུན་གྱིས་མཛད་ཕྱོགས་ལ་བཙན་བྱོལ་ནང་ཆབ་སྲིད་ལས་འགུལ་སྤེལ་ཕྱོགས་ཐད་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པའི་དབར་མཛད་དཀའ་ཆེན་པོ་བཟོས་ཡོད་པ་རེད་ལ། མ་ཟད་ཁྲི་ཐོག་ནས་ཕེབས་མཁར་བཙན་བྱོལ་བོད་གཞུང་སྒྲིག་འཛུགས་ལ་བསྒྱུར་པའི་མཛད་རྗེས་བླ་ན་མེད་པ་འདིས་འབྱུང་འགྱུར་གྱི་མི་རབས་གསར་པར་བོད་ཀྱི་བདག་དབང་སླར་གསོ་བྱེད་པའི་ནུས་པ་ཅི་ཡང་མེད་པ་བཟོས་གནང་བ་རེད། དེས་ན་གསར་འགོད་པས་བཅར་འདྲི་ཡང་ཡང་ཞུས་ཀྱང་བོད་ཀྱི་རྩོད་རྙོག་འདི་ཁོང་གི་ཕྱག་ལ་ཡོད་དུས་བདེ་ས་ལ་དྲུད་ཐུབ་མེད་པས་ད་ཆ་ཁྲི་ཐོག་ནས་ཕེབས་ཚར་ནས་མེད་པ། ཁག་པོ་བྱས་པ་མ་རེད་པས། འོན་ཀྱང་ཁྱོད་རང་མོས་པ་བྱས་ན་འགྲིག་པ་རེད། ངས་ནི་ཁོང་ཏང་ལ་བློ་དཀར་གཞུང་དྲང་ཅན་གྱི་གུང་ཁྲན་ཏང་ཡོན་རྣལ་མ་ཞིག་རེད་དྲན་ཡོད།
བློ་འཕེལ་མིང་ཅན་གྱི་དྲིས་པའི་ལན་དུ།
༡༽ བོད་མིས་ཀྲུང་ཧཱ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ནང་སྡོད་རྒྱུའི་རེ་བའི་རང་དབང་ཆ་ཚང་ཡོད་ཀྱང་། ཀྲུང་ཧཱ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནང་རང་དབང་ཞེས་པའི་མིང་ཡང་མེད་པ་ཁྱོད་ཀྱིས་མི་ཤེས་པ་ནི་ཁྱོད་ཀྱི་ཀླད་རྩའི་འཁོར་རྒྱུགས་དེ་སྐྱོན་ཅན་དུ་སོང་བ་ཡིན་རྒྱུ་རེད། མ་གཞི་ནས་བོད་མི་ཀྲུང་ཧཱ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནང་འདུག་རྒྱུ་ཟེར་བ་དེ་ཆབ་སྲིད་ཚོང་པ་འགའ་ཤས་ཀྱི་མདུན་ལ་འཐུག་ཡོད་པ་མ་རེད་པས།
༢༽ དབུ་ལམ་ཐོག་འགྲོ་འདུན་ཙམ་ལས་ཀྲུང་ཧཱ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མེས་རྒྱལ་ཁྱིམ་ཚང་ཆེན་མོའི་པང་དུ་སླེབས་མི་སླེབས་ངེས་པ་གཏན་ནས་མེད་པས། ཡིན་ཅིག་དར་དམར་འོག་ལས་འགྲོ་ས་མེད་པ་དེ་ཁྱོད་ཀྱིས་རྒྱ་ཞེན་བླ་ན་མེད་པ་ཞིག་གིས་འཆར་སྣང་ཁོ་ན་ལས་གཞན་དུ་ན་གཏན་ནས་མ་མཆིས་སོ།
༣༽ ཁྲིམས་བསྒྲིག་ལག་བསྟར་མེད་པའི་ཀྲུང་ཧཱ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་སྒྲོམ་གཞིའི་ནང་མིང་ཙམ་གྱི་རང་སྐྱོང་དེ་རྩོད་པ་དང་ད་ལྟའི་བོད་ནང་གི་རང་སྐྱོང་གནས་སྟངས་གཉིས་ལ་ཁྱད་པར་སྤུ་ཙམ་ཡང་མེད་པས། དེ་གཉིས་གང་དུ་སྡོད་པ་དང་དར་དམར་འོག་སྡོད་པ་གཉིས་ཀར་བོད་མི་རིགས་ལ་རང་དབང་ནི་ནམ་ཡང་འབྱུང་མི་སྲིད་པས་ཁྱད་པར་འབྱེད་གཞི་མེད་པར་ཁྱོད་ཀྱིས་ངེས་པར་དུ་ཤེས་པར་བགྱིས་ཨ།
ཡུལ་གྱར་པའི་བསམ་ཚུལ་བཤད་པ་དགའ་པོ་བྱུང་། ངེད་ཀྱི་བསམ་ཚུལ་དེ་ཁྱོད་དང་ཁྱོད་ཀྱི་རིགས་སུ་གྱུར་པའི་སྙིང་ནང་དུ་ཕོག་ཡོད་པ་འདྲ། འོན་ཀྱང་དེ་ནི་འགྲིག་པ་ཞིག་རེད། ཆུའི་ནང་དུ་རྡོ་འཕང་བ་བཞིན་མ་ཡིན་པར་འཕེན་ས་དེར་ཕོག་དགོས་པ་ངེད་ཀྱི་འདོད་དོན་ཡིན།
ཡུལ་གྱར་པ་ལགས་་་སྤྱིར་རང་དབང་དང་ཐོབ་ཐང་གཉིས་ལ་ཁྱད་པར་ཆེན་པོ་ཡོད་པ་རེད། ཐོབ་ཐང་ཡོད་ལ། རང་དབང་མེད་པ། ཡང་་་རང་དབང་ཡོད་ལ། ཐོབ་ཐང་མེད་པ། གཉིས་ཀ་ཡོད་པ་སོགས་ཀྱི་ཁྱད་པར། ཁྱོད་ལ་ཀ་ཁ་མི་དགོས་པའི་རེ་བ་ཡོད།
ད་ལམ་ངེད་ཀྱི་རང་དབང་ཞེས་པ་ཐོབ་ཐང་ལ་གོ་ཡང་མི་འགྲིག་པ་མེད། ཁྱོད་ཀྱིས་ “ བོད་མི་ལ་ཀྲུང་ཧ་མི་སྤྱི་མཐུན་རྒྱལ་ཁབ་ཀྱི་ནང་སྡོད་རྒྱུའི་རང་དབང་ཡོད་པ་ཙམ་དུ་མ་ཟད་ཀྲུང་ཧས་ཅི་གསུང་བཀའ་བསྒྲུབ་ཞུ་རྒྱུའི་ཐོབ་ཐང་འང་ཡོད། ” ཟེར། ཐོབ་ཐང་ཡོད་བཞིན་པར་རྩོད་ལེན་བྱས་པ་དེ་ལ་གཞོན་ནུས་ངོ་རྒོལ་བྱེད་དགོས་དོན་ཁྱོད་ལ་བཤད་རྒྱུ་ཡོད་ན་ཤོད། རང་གི་ལྟ་གྲུབ་དང་མ་མཐུན་པ་ཙམ་གྱིས་དེ་ལ་ངོ་རྒོལ་བྱེད་དགོས་ན་ཏོག་ཙམ་ཐལ་ཆ་ཆེ།
ཧ་ཧ། ཁྱོད་གངས་སྐྱིད་ནས་ག་ཚོད་བར་དུ་བསྡད་པ་ཡིན། ཁྱོད་ཅི་འདྲའི་ཐག་ཆོད་པ་ཞིག་རེད། ད་ལྟ་དར་དམར་འདིའི་འོག་ཏུ་མེད་པ་སུས་ཐག་བཅད་པ་རེད། ད་ལྟ་དར་དམར་འདིའི་འོག་ཏུ་མེད་ན་་་་ང་ཚོས་སྐད་རྒྱག་དགོས་དོན་ཅི། ང་ཚོའི་རེ་བ་རྒྱག་ས་་་གནས་ཡུལ་རྒྱ་གར་གྱི་་་བྷ་ཇི་བྷའུ་དང་ཨ་རུའི་ཨོ་བྷ་མ་གཉིས་ཀྱིས་ང་ཚོ་དར་དམར་འདིའི་འོག་ཏུ་ཡོད་པ་ཐག་བཅད་པ་གོ་མ་སོང་ངམ།
གཞན་ཡང་གངས་སྐྱིད་དང་མེག་གྷན་ན་དར་དམར་ཡོད་ནས་མེར་བསྲེག་པ་རེད་དམ་མེད་ནས་བསྲེག་པ་རེད།
ཡིན་ཡིན་པ་རེད། གངས་སྐྱིད་ནས་གུང་ཁྲན་གྱི་དར་ཆ་ཞིག་མ་བསྒྲེང་བསྒྲེངས་ལ་ངོ་རྒོལ་ཡོད་པ་རེད། བསྒྲེངས་ན་མ་རྙེད་པ་ཞིག་རྙེད་པ་རེད། ཁོང་ཚོར་བརྩི་དགོས་ཡ་དང་འཚོ་དགོས་ཡ་ཡོད་པ་མ་རེད། མ་ཟད་ལོ་སྔོན་མའི་ནང་༧གོང་ས་མཆོག་གི་ཕོ་བྲང་ནང་ནས་ག་འདྲ་བྱུང་སོང་གོ་སོང་ངམ། འདི་རིགས་ལ་ངོས་འཛིན་ག་འདྲ་ཡོད། མ་གཞི་ཁྱོད་བསམ་བློ་གུ་ཡངས་པོར་སོང་ཙང་དེའི་རིགས་སྣང་མེད་ཡིན་རྒྱུ་རེད།
ང་ཚོས་ད་བར་བསམ་ཤེས་ཇི་ཙམ་མང་བ་བྱས་ཀྱང་ཕ་རོལ་པོས་བཟང་ཕྱོགས་ཀྱི་རྣམ་འགྱུར་བསྟན་མེད་པ་ལོས་ཤེས། དེ་ཡང་གཞོན་ནུས་ཁོང་ཚོར་༧གོང་ས་མཆོག་རྒྱབ་སྐྱོར་གནང་བ་བསྒྲགས་པ་དང་དེ་ལ་བརྟེན་པའི་དམར་གཞུང་གི་སྐད་ཆ་དེ་ཚོ་གོ་སོང་ངམ།
ཡིན་དང་ཡིན། ཁྱོད་ཀྱིས་ངོས་འཛིན་ག་འདྲ་བྱེད་ཁྱོད་རང་གི་རང་དབང་རེད། འདི་ཟླའི་ཚེས་ལྔ་ཉིན་གྱི་ཁྱོད་ཀྱི་བསམ་ཚུལ་ཞིག་བྲིས་ཡོད་པ་མཐོང་མ་སོང་། ཁྱོད་ཀྱི་རྩོམ་ཡིག་གིས་བསམ་བློ་གུ་ཐོབ་པའི་རེ་བ་མེད་ཐུགས་རྗེ་ཆེ།
ངས་གཞོན་ནུའི་སྐད་ཆ་དེར་ངོས་ལེན་བྱས་པ་ཡིན། དགྱ་དང་བོད་གཉིས་དུས་ནམ་ཡང་འགྲིག་ཐབས་མེད། དེའི་ཕྱིར་ཁོང་གི་རྒྱ་དར་དེ་རྩ་བ་ཉིད་ནས་ཕྱར་འདོད་མེད།
བློ་འཕེལ་ཞུ་བ་ལགས། ཁྱེད་ཀྱིས་གཞོན་ནུ་ཚོགས་པར་ངོ་རྒོལ་ཡོད་ཟེར་བར་ཞུ་རྒྱུ་གང་ཡང་མེད། འོན་ཀྱང་ཁྱེད་ཀྱིས་གད་མོ་ཤོར་ཡོང་བའི་དྲི་བ་ཁ་ཤས་ཤིག་བཀོད་འདུག་པར་བསམ་ཚུལ་ཞུ་འདོད་བྱུང་།
༡ བོད་མི་ལ་ཀྲུང་ཧ་མི་སྤྱི་མཐུན་རྒྱལ་ཁབ་ཀྱི་ནང་སྡོད་རྒྱུའི་རང་དབང་ཡོད་པ་ཙམ་དུ་མ་ཟད་ཀྲུང་ཧས་ཅི་གསུང་བཀའ་བསྒྲུབ་ཞུ་རྒྱུའི་ཐོབ་ཐང་འང་ཡོད། ཁྱེད་ཀྱིས་འདིར་རང་དབང་ཞེས་བྲིས་འདུག་པ་ཐོབ་ཐང་ལ་གོ་དགོས་པ་འདྲ། དེ་ཙམ་མིན་པར་གུང་ཁྲན་གྱི་ཆབ་གཅིན་མཆོད་རྒྱུའི་ཐོབ་ཐང་ཡང་གཞོན་ནུས་བཅོམ་མེད། ངོ་རྒོལ་ཡོད་ཟེར་བ་ནི་ངོས་ལེན་མེད་པའི་དོན་ལས་མི་ཆོག་ཟེར་ནས་བཀའ་གཏོང་བ་མིན་པ་ཤེས་པར་གྱིས།
༢ ངས་ཁྱེད་ལ་འདྲ་མཚུངས་ཀྱི་དྲི་བ་ཞིག་འགོད། གངས་སྐྱིད་དུ་རྒྱ་མིའི་རྒྱལ་དར་ཞིག་མཐོང་རྒྱུ་མེད་པ་གང་ཡིན་ནམ། དེས་མཚོན་པ་ནི་མི་རིགས་ས་གནས་རང་སྐྱོང་གི་གནས་བབ་ཆ་ཚང་བ་ཞིག་སྤྲོད་ན་དར་དམར་འདིའི་འོག་ཏུ་སྡོད་འདོད་ཡོད་པ་ལས་ད་ལྟ་འདིའི་འོག་ཏུ་མེད་མའང་ཤེས་དགོས། སྤྱིར་ན་གཞོན་ནུའི་དབུ་ལམ་འདིའང་ད་ལྟའི་བོད་ཀྱི་གནས་བབ་དང་མཚམས་པའི་ཆབ་སྲིད་ཀྱི་ལང་ཕྱོགས་ཡང་དག་པ་ཞིག་ཏུ་མཐོང་བཞིན་མེད་གངས་སྐྱིད་ཀྱི་ཁོར་ཡུག་ལྟ་བུར་གུང་ཁྲན་པའི་དར་ཆ་ཞིག་བསྒྲེངས་ན་ངོ་རྒོལ་བྱེད་ངེས་རེད་བསམ། འོན་ཀྱང་གླིང་ཚ་མ་བུ་གསུམ་ལ་གུས་ཞབས་ཡོད་ལ་ངས་ངོས་ནས་རྒྱ་དམར་གྱི་དར་ཆ་འཁྱེར་བར་ངོ་རྒོལ་བྱེད་བཞིན་མེད།
༣ འདིའང་གཅིག་མཚུངས་རེད། ཆབ་སྲིད་ཀྱི་སྒྲོམ་གཞི་འོག་ཏུ་སྡོད་འདོད་པ་ལས་བསྡད་མེད། ང་ཚོས་ད་བར་བསམ་ཤེས་ཇི་ཙམ་མང་བ་བྱས་ཀྱང་ཕ་རོལ་པོས་བཟང་ཕྱོགས་ཀྱི་རྣམ་འགྱུར་ཕྲན་བུ་ཙམ་ཡང་བསྟན་མེད་པ་ཤེས་སམ།
དོན་འགྲུབ་ལྷ་དར་གྱིས་ཁྱོད་ལ་ཕན་ཐོག་གི་ཡོད་མེད་ངར་ཆ་རྒྱུས་གང་ཡང་མེད། འོན་ཀྱང་གཞོན་ནུའི་ཆབ་སྲིད་ལ་ངེས་ཤེས་རྙེད་ཅིང་ལས་ལ་བརྩོན་ཞིང་དཔའ་ངར་ལྡན་པའི་མི་བུ་ཞིག་ཏུ་ངས་ངོས་འཛིན་བཞིན་ཡོད། འདི་ཟླའི་ཚེས་ལྔ་ཉིན་ཕྲན་གྱི་བསམ་ཚུལ་ཞིག་བྲིས་ཡོད་པ་གཟིགས་ན་ཁྱེད་ལ་གུ་ཡངས་ཀྱི་བསམ་བློ་ཅུང་ཟད་རེ་ཐོབ་ཤས་ཆེ། དེ་བཞིན་མི་རྒོད་དང་བདེན་གཏམ་ཞུ་བ་གཉིས་ཀྱིས་དགོངས་ཚུལ་མང་ཙམ་འདུག་ཀྱང་མི་རྒོད་ནི་མི་རྒོད་རང་དུ་འདུག བདེན་གཏམ་ལགས་ཀྱང་དང་པོ་སྐད་ཡིག་འཛིན་གྲར་མང་ཙམ་ཕེབས་རྒྱུའི་རེ་བ་ཆེ། རྗེས་སོར་ང་ཚོས་རིམ་བཞིན་བགྲོ་གླེང་བྱེད་ཆོག
བཀའ་ཟུར་ཟམ་གདོང་བླ་མ་མཆོག་ལ་ཆ་མཚོན་ན། ཅིས་ཀྱང་གནས་གནས་སྟངས་འདི་རིགས་ཀྱི་སྐོར་ལ་གཟིགས་ཚུལ་དམིགས་གསལ་བ་རེ་ཡོད་ཡོད་པ་རེད། དེ་ཡང་གཞོན་ནུ་ལྷན་ཚོགས་ཀྱི་དར་དམར་མེར་བསྲེགས་ཀྱི་སྟེང་ནས་མ་ཡིན་པར། སློབ་དཔོན་ཁོང་བདེན་པའི་ཨུ་ཚུགས་ཀྱི་ལྟ་གྲུབ་ལ་རྒྱུས་མངའ་ཆེ་ཞིང་བློ་གདེང་འཁེལ་ཐུབ་མཁན་ཉག་གཅིག་དེ་ཡིན་སྟབས། གསར་འགོད་པ་ཚོ་ཟམ་གདོང་རིན་པོ་ཆེ་ཁོང་གི་མདུན་ལ་མང་ཙམ་བཅར་ནས་བཀའ་འདྲི་ཡང་ཡང་ཐུབ་པའི་དབང་དུ་བཏང་ན། ཁ་སང་དེ་རིང་གི་རྩོད་ཉོག་འདི་བདེ་ས་ཞིག་ལ་འདྲུད་ཐུབ་པའི་མོད་ལ། སློབ་དཔོན་ཁོང་གི་མི་ཚེའི་འདོད་མོས་དང་ནུས་སྟོབས། ལྷག་བསམ། བོད་མི་རིགས་ཀྱི་བདེ་སྡུག་བསམ་པའི་ཆོད་སེམས་གང་ཐད་ནས་གསལ་བོ་ཆགས་ཐུབ་པའི་རེ་བ་ཤིན་ཏུ་ནས་ཆེ། དེ་ཡང་སློབ་དཔོན་ཁོང་གི་མི་ཚེའི་མཐའ་ལ་རང་ཉིད་ཀྱི་བལྟ་གྲུབ་གཞི་བཟུང་གིས་བདེན་དོན་དཔུང་ལ་བཙུགས། རྒྱ་བལ་གང་ལ་མཛད་དཀའ་བཟོས་རུང་དགོངས་སེལ་ཞུ་གིན་ཨུ་ཚུགས་སྒོས་གོམ་བགྲོད་བྱེད་འདོད་ཀྱི་མོས་བ་དེ་ལས་ཀྱང་ཆེ་བ་ཡོད་རེད།
གཞོན་ལྷན་གྱི་ཚོགས་གཙོ་དང་ཚོགས་གཞོན་གྱིས་བཤད་པར་མཐའ་གཅིག་ཏུ་ངོ་རྒོལ་ཡོད། གཞོན་ནུ་ལ་དྲི་བ་ཁག།
༡ བོད་མི་ལ་ཀྲུང་ཧ་མི་སྤྱི་མཐུན་རྒྱལ་ཁབ་ཀྱི་ནང་སྡོད་རྒྱུའི་རང་དབང་ཡོད་དམ་མེད།
༢ དབུ་ལམ་གྱི་ཐོག་འགྲོ་འདོད་ན་རྒྱ་མའི་རྒྱལ་དར་འོག་གི་མི་སྡོད་པར་འགྲོ་ས་ག་པར་ཡོད།
༣ རྒྱའི་ཆབ་སྲིད་ཀྱི་སྒྲོམ་གཞིའི་འོག་སྟོད་པ་དང་དར་ཆའི་འོག་སྡོད་པ་ལ་ཁྱད་པར་ག་རེ་ཡོད།
ཚང་མས་ལྟོས་དང་དོན་གྲུབ་ལྷ་དར་ཟེར་བ་འདི་ནང་ཁུལ་དཀྲུག་རྒྱུ་སྐད་རྫུན་བཟོ་བྱེད་པ་ཕུལ་བྱུང་ཞིག་ལས་ཕན་ཐོག་གི་མི་འདུག།
ཇི་སྐད་དུ། ཚིག་ལ་མ་བལྟོས་དོན་ལ་བལྟོས་ཟེར་བ་བཞིན།
དར་དམར་ལ་མ་བལྟོས་བསེམ་ཤུགས་ལ་བལྟོས། ལར་ནས་རས་དམར་ལྷེབ་ལྷེབ་ཞིག་འཆར་ དང་མ་འཆར་གྱིས་བོད་ཀྱིི་རྩ་དོན་ལ་གང་ཡང་ཕོག་ཐུག་འགྲོ་མི་སྲིད། གང་ལ་ཞེས་ན། རས་དམར་དེ་ནི་སེམས་མེད་བེམ་པོ་ཞིག་གོ
འུ་ཅག་་ལུང་པ་ལ་གནོད་པ་སྐྱེལ་མཁན་ནི་སེམས་ལྡན་མི་ངན་ཁོ་ནའོ།
དེ་འདྲའི་སེམས་ལྡན་མི་ངན་ཚོར་ངོ་རྒོལ་ཆེད་ཚེ་རྡོར་མ་མོ་གསུམ་གྱིས་ད་བར་འཐབ་བཙོད་ལ་འབད་པ་བྱེད་དོ། དེའི་ཕྱིར་ཁོང་གསུམ་ལ་སླར་ཡང་བསྔགས་བརྗོད་ཞུ།
གསར་འགོད་པས་བཀའ་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་ལ་ཚེ་བརྟན་རྡོ་རྗེ་མ་བུ་གསུམ་གྱིས་བོད་རྒྱའི་རྒྱལ་དར་འཁྱེར་ཏེ་གོམ་བགྲོད་ལས་འགུལ་སྤེལ་བཞིན་པ་དེར་གཟིགས་ཚུལ་ག་རེ་ཡོད་མེད་དྲིས་པར། “ རྒྱ་མིའི་དར་ཆ་འཁྱེར་འགྲོ་བཞིན་འདུག་ཟེར་བ་ངས་དེ་རིང་གསར་པ་གོ་ཐོས་བྱུང་བ་ཡིན། རྒྱ་ནག་རྒྱལ་དར་མེར་བསྲེགས་གཏོང་བ་དེ་ང་རང་བཀའ་ཤག་ནང་ཡོད་སྐབས་ཀྱང་ཡག་པོ་མ་རེད་ཅེས་ལབ་མྱོང་ལ། ད་ལྟ་ཡང་དེ་ག་རང་ཡིན། ང་ཚོས་ཁ་གཏད་བྱེད་སྐབས་མི་རིགས་ཤིག་གི་བརྩི་མཐོང་དང་མཚོན་རྟགས་ཡིན་པ་ཞིག་ལ་དམའ་འབེབས་བཏང་ན། འཚེ་མེད་ཞི་བའི་ལམ་དང་མཐུན་གྱི་མེད་པ་མ་ཟད། བྱེད་སྟངས་དེས་ང་ཚོའི་འཐབ་རྩོད་གནས་ཚད་དམའ་སར་ལྷུང་འགྲོ་ཡི་ཡོད་པ་རེད། དེ་ནི་མི་དཀྱུས་མ་ཞིག་འཁྲུག་པ་བརྒྱབ་པའི་བཟོ་འདྲ་བོ་ཙམ་ལས། མི་རིགས་དང་རྒྱལ་ཁབ་བར་གྱི་འཐབ་རྩོད་ཀྱི་རྣམ་པ་ཞིག་སྟོན་ཐུབ་ཀྱི་མེད། ང་ཚོས་རྒྱ་ནག་གི་རྒྱལ་དར་བསྒྲེངས་དགོས་པ་རེད་ཟེར་གྱི་ཡོད་པ་མ་རེད་ལ། དེ་ལྟར་བསམ་མཁན་ཡང་ཡོད་པ་མ་རེད། རྒྱ་ནག་རྒྱལ་དར་ལ་མེར་བསྲེགས་གཏོང་བ་དང་རྡོག་རྫུས་བཏང་ན། དེ་བཟང་སྤྱོད་དང་མཐུན་པ་ཞིག་ལ་ངོས་འཛིན་ཞུ་ཡི་མེད། གོམ་བགྲོད་ནང་ཞུགས་མཁན་ཁོང་རྣམས་ཀྱིས་བོད་དང་རྒྱ་ནག་གི་རྒྱལ་དར་འཁྱེར་གྱི་ཡོད་ན། ང་རང་སྒེར་ངོས་ནས་དེ་ལ་ངོ་རྒོལ་བྱ་འདོད་གང་ཡང་མེད། ངས་བལྟས་ན་ཁོ་རང་ལ་རྒྱབ་ལྗོངས་ཀྱི་དགོངས་པ་བཞེས་སྟངས་ཤིག་ཏན་ཏན་ཡོད་ཀྱི་རེད། ཁོང་གི་ཀུན་སློང་དེ་གསལ་པོ་མ་ཤེས་བར་ང་ཚོས་ཡག་སྡུག་བཤད་ས་འགྲོ་ཡི་མ་རེད། ” ཅེས་གསུངས།
བོད་གཞོན་ནུ་ཚོགས་པ། ངོ་རྒོལ་ཡོད་ཞེས་པ་འདི་དམར་ཤོག་དབང་འཛིན་གྱིས་ཤས་རེད། མོས་མཐུན་མེད་ཞེས་ན་མ་འགྲིག་པ་མེད། ད་དོན་གྲུབ་ལྷ་དར་གཡོ་ཁྲམ་ཅན་གྱིས་རྗེས་སུ་འཇུག་ཨང་དཔེ་མི་སྲིད་པ་ཡག་པོ་འདུག། འོ་འདི་ལ་ཉམས་མྱོང་མེད་པའི་གླེན་རྟགས་ཟེར། དགྲ་ལ་དགོས་རྒྱུ་འདི་རང་རེད། དོན་གྲུབ་ལྷ་དར་གཞོན་ནུས་མདུན་བསྐྱོད་ཆེན་མོ་སྤེལ་སྐབས་ག་སོང་མེད་པ་ཡལ་འགྲོ་བ་བརྗེད་མེད་ད། ད་ང་ཚོ་བོད་ཚང་གིས་ལས་ངན་དཔག་མེད་བསགས་ཤག། ༧ གོང་ས་མཆོག་ལ་འདི་འདྲ་བུའི་སྐུ་ངལ་བཟོས། ད་རེ་བོ་ཆེ་སས་ཚོགས་པ་འདི་རྣམས་ཀླད་པ་དང་ ཉམས་མྱོང་མཐོང་དུས་མེ་ལ་བསྲེག་ནས་བོད་དོན་ཆེད་ཀུན་སློང་བཟང་པོ་བསྐྱེད་ན་འགྲོ་ན་མི་ལེགས་པ་ཞིག་མིན་འདུག་པ་སྙམ་མོ་ཡིན་ཡང་ཁ་ཚིག་སྟོང་པས་ག་ལ་ཕན་ ད་བལྟ་དགོས་ལེ་རེད།།།
དྲང་བདེན་མདའ་་མོ་ཁྱོ་རང་ལ་མཆན་གཞན་པ་བྲི་རྒྱུ་མེད་ན་བོད་མི་ཚེ་སྲོག་ཤོར་བ་རྣམས་ལ་མ་ནི་འདོན་ཨང་ དེ་དགའ་ལེ་རེད། མེ་འབར་བཞིན་པ་དུག་རླངས་དགོས་དོན་མིན་འདུག།།
གྲངས་མང་བའི་མཆན་ཆ་ཚང་ཀློག་ཁོམས་མ་བྱུང་འགའ་རེ་ཙམ་ཀློག་པས་རང་གི་སེམས་ཚོར་ཞིག་མི་འདྲི་མཐུ་མེད་བྱུང་། ཕྲན་གྱིས་གླིང་ཚ་མ་བུ་གསུམ་གྱིས་ལས་འགུལ་འགོ་བརྩམས་པ་ནས་ད་བར་རྒྱབ་སྐྱོར་དང་གུས་ཞབས་ཚད་མེད་ཞུ་བཞིན་ཡོད་ལ་རྒྱ་མིའི་དར་ཆ་འཕྱར་བར་ལའང་ངོ་རྒོལ་བྱེད་བཞིན་མེད། བོད་དང་བོད་མིའི་རྩ་དོན་མདུན་དུ་བཞག་སྟེ་སོ་སོའི་ཆབ་སྲིད་ཀྱི་ལངས་ཕྱོགས་དང་འབྲེལ་ནས་ལས་འགུལ་སྤེལ་བ་ཡིན་པར་ངོས་འཛིན་བཞིན་ཡོད། དེ་བཞིན་གཞོན་ནུའི་གསར་བསྒྲགས་འདིའང་ཚད་ལྡན་ཞིག་ཏུ་ངོས་འཛིན་བཞིན་ཡོད། གཞོན་ནུའི་ལང་ཕྱོགས་རང་བཙན་ཙམ་དུ་མ་ཟད་སྐར་ལྔའི་དར་དམར་འདིའི་མཚོན་དོན་འདིའང་གཞོན་ནུའི་ཁས་ལེན་ཐབས་བྲལ་བས་ཚོགས་པ་ཞིག་་གི་ངོས་ནས་གསལ་བསྒྲགས་མ་གནང་མཐུ་མེད་ཡིན་ཤག་རེད། གནས་དོན་འདི་རིགས་ངེད་ཅག་གིས་ཆེ་རུ་བཏང་སྟེ་གང་མིན་ཚད་རྫབ་ཆེན་རེད་འདྲ་བ་དེ་འདྲ་མ་བཤད་ན་ཡག་སྙམ། གཞོན་ནུ་ཚོགས་པའི་ཟུར་གཅིག་ནས་སྐྱོན་ཞིག་ཨེ་རགས་ལྟ་བ་ལས་གཞོན་ནུས་དཀའ་ལས་གྲངས་མེད་བརྒྱབས་པའི་ཟུར་རེ་མཐོང་ན་ལས་རྒྱུ་འབྲས་ལ་འགྲོ་བ་ཡག་གི་རེད། ཏང་གི་དར་ཆ་ཕབ་ནས་རྒྱལ་ཁབ་ཀྱི་དར་ཆ་འཕྱར་དགོས་རེད་ཟེར་བའང་གད་མོའི་གནས་རེད། ལང་ཕྱོགས་དབུ་ལམ་ཅན་གྱི་ཚོགས་སྡེ་ཡིན་ན་དར་ཆ་འདི་གཉིས་དབྱེ་བ་ཕྱེས་ཏེ་གཞན་པར་གདམ་རུང་བ་ལྟ་བུ་ཡོད་ཀྱང་གཞོན་ནུ་ཚོགས་པར་དབང་བསྒྱུར་རིང་ལུགས་པས་འཁྱོག་བཤད་ཀྱིས་བཟོས་པའི་རྒྱ་དར་དང་ཏང་གི་དར་ཆ་གཉིས་ལ་བཟང་ངན་དང་། ཡང་ལྗིད། མཐོ་དམན་སོགས་གང་ཡང་མེད། དེས་ན་ཕྲན་གྱིས་ཕྱོགས་གཉིས་ཀའི་ལས་དོན་ཁག་དོན་མཐུན་དུ་འཛིན་བཞིན། གང་ལྟར་དོན་བྱེ་བྲག་པའི་ཐོག་ནས་སྐྱོན་མཐོང་བས་ལས་དོན་ཡོངས་སྐྱོན་ཅན་དུ་བརྩི་བ་ལྟ་བུ་ནི་སྐྱོན་བརྗོད་སྟངས་སྐྱུག་བྲོ་ཞིག་ལས་ཅི། རྗེས་སོར་ཚང་མས་གཟབ་རྒྱུའི་རེ་བ་ཡོད། བྲེལ་བས་ཞུ་དག་གཏོང་རྒྱུ་མ་བྱུང་བས་ནོར་འཁྲུལ་རིགས་ལ་དགོངས་སེལ་ཞུ།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་དར་བཅའ་ཁྲིམས།
zb 2010ལོའི་ཟླ 08ཚེས 27ཉིན་དང་། ཁམས་པའི་གསར་འགྱུར་དྲ་བའི་ལེ་ཚན།
1990ལོའི་ཟླ6པའི་ཚེས28ཉིན་སྐབས་བདུན་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་བཞི་བའི་སྟེང་གྲོས་འཆམ་བྱུང་།དོན་ཚན་དང་པོ། རྒྱལ་དར་གྱི་གཟི་རྔམ་སྲུང་སྐྱོང་དང་སྤྱི་དམངས་ཀྱི་རྒྱལ་ཁབ་ཀྱི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་། རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་དར་སྤེལ་བྱེད་ཆེད། རྩ་ཁྲིམས་གཞིར་བཟུང་སྟེ་བཅའ་ཁྲིམས་གཏན་ལ་ཕབ་པ་ཡིན།
དོན་ཚན་གཉིས་པ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་དར་ནི་སྐར་ལྔའི་དར་དམར་ཡིན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་དར་ནི་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་དང་པོའི་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་ཀྱི་ཀྲུའུ་ཞི་ཚོགས་པས་ཁྱབ་བསྒྲགས་བྱས་པའི་རྒྱལ་དར་བཟོ་ཐབས་ཀྱི་གསལ་བཤད་ལྟར་བཟོས་པ་ཡིན།
དོན་ཚན་གསུམ་པ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་དར་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མཚོན་རྟགས་ཡིན་པས། སྤྱི་དམངས་དང་རྩ་འཛུགས་རེ་རེ་ཚང་མས་རྒྱལ་དར་ལ་བརྩི་བཀུར་དང་གཅེས་སྤྲས་བྱེད་དགོས།
དོན་ཚན་བཞི་བ།ས་གནས་རིམ་པ་སོ་སོའི་མི་དམངས་སྲིད་གཞུང་གིས་རང་སྲིད་འཛིན་ས་ཁོངས་ནང་དུ་རྒྱལ་དར་འགེལ་བ་དང་བཀོལ་སྤྱོད་བྱེད་པར་ལྟ་སྐུལ་དང་དོ་དམ་བྱེད་དགོས། ཕྱི་འབྲེལ་པུའུ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འགྲིམ་འགྲུལ་གཙོ་གཉེར་སྡེ་ཁག ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་སྤྱི་ཁྱབ་ཆབ་སྲིད་པུའུ་བཅས་ཀྱིས་རང་རང་གི་བདག་སྐྱོང་བྱེད་ཁོངས་ནང་དུ་རྒྱལ་དར་འགེལ་བ་དང་བཀོལ་སྤྱོད་བྱེད་པར་ལྟ་སྐུལ་དང་དོ་དམ་བྱེད་དགོས།
རྒྱལ་དར་ནི་ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་གྱི་མི་དམངས་སྲིད་གཞུང་གིས་དམིགས་འཛུགས་བྱས་པའི་ཁེ་ལས་ཀྱིས་བཟོ་དགོས།
དོན་ཚན་ལྔ་བ། གཤམ་གསལ་གྱི་གནས་ཡུལ་ལམ་ལས་ཁུངས་གནས་ས་རུ་ཉིན་རེར་རྒྱལ་དར་འགེལ་དགོས་ཏེ།
(གཅིག)པེ་ཅིན་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དང་ཞིན་ཧྭ་སྒོ་མོ།
(གཉིས)རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་། ཆེས་མཐོའི་མི་དམངས་ཁྲིམས་ཁང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་།
(གསུམ)ཕྱི་འབྲེལ་པུའུ།
གླིང་ཚ་ཚེ་བརྟན་རྡོ་རྗེ་མ་བུ་གསུམ་ནས་བོད་བར་གྱི་གོམ་བགྲོད་ལས་འགུལ་ནི་ཧ་ལས་པའི་རླབས་ཆེན་རེད། འོན་ཀྱང་རྩམ་དཀར་མགོ་ལ་རམ་ནག་ཅེས་པའི་དཔེ་ལྟར། སྐར་ལྔའི་དར་དམར་ཕྱར་བ་དེའི་ལས་འགུལ་གྱི་རིན་ཐང་ཕྱེད་བཅགས་བཏང་བ་རེད། དེ་མིན་འདི་ནས་གཞོན་ནུར་སྡིག་དམོད་
དམངས་ལ་གནོད་ན་རང་ལ་གནོད།
རྒྱལ་དར་མཉམ་བསྒྲེངས་བྱེད་པ། རྒྱལ་ཁབ་འདྲ་མཉམ་མཚོན་དོན།
དེ་ལ་མགོ་འདོགས་ཟེར་ན། རྒྱལ་ཁབ་ཚང་མ་མགོ་འདོགས།
ང་ཚོའི་དགྲ་དཔུང་དམར་ཤོག་གཞུང་རེད། དམར་པོའི་མཚོན་རྟགས་ཟོར་ཐོར་དར་རེད།
ང་ཚོའི་མཐུན་ཕྱོགས་ཀྲུང་གོའི་དམངས་རེད། རྒྱལ་དམངས་མཚོན་རྟགས་སླར་ལྔའི་དར་རེད།
རྒྱལ་དར་འོག་ན་རྒྱ་ཆེའི་དམངས་ཡོད། ཏང་དར་འོག་ན་བཙན་པོའི་དམག་ཡོད།
རྒྱལ་དར་ཏང་དར་དབྱེ་བ་འབྱེད་དགོས། ཏང་དང་མི་དམངས་ངོ་བོ་མི་གཅིག
ཏང་ལ་རྒོལ་མཁན་མི་དམངས་མང་པོ། དམངས་མགོ་གནོན་མཁན་ཏང་མི་ཤོག་ཁག
རྒྱལ་དར་ཕྱར་ནས་ཏང་དར་ཕབ་དགོས། དམར་ཤོག་གཏོར་ནས་དམངས་གཙོ་འཛུགས་དགོས།
རང་དབང་འདྲ་མཉམ་འཆམ་མཐུན་གླེང་བཞིན། རྒྱལ་ཁབ་ལ་རྒོལ་ཚུལ་མཐུན་མ་ཡིན།
དེ་བས་རྒྱལ་དར་ལྷན་ཅིག་བསྒྲེངས་ནས། དམར་ཤོག་གཞུང་ལ་རྒོལ་གཏམ་གཏོང་དགོས།
གཞུང་དང་རྒྱལ་ཁབ་ངོ་བོ་མི་གཅིག ཏང་དར་རྒྱལ་དར་ངོ་བོ་མི་གཅིག
མི་དམངས་དགྲ་རུ་ལེན་འདོད་ན།་རྒྱལ་དར་བསྲེགས་ནས་ངོ་རྒོལ་བྱོས་ཤིག
ཐབས་ལ་མཁས་པ་དམག་བྱུས་མཆོག་ཡིན། དགྲ་ཉུང་གྲོགས་མང་རྒྱལ་ཁའི་གཞི་ཡིན།
ལོ་རྒྱུས་ཁོ་ནའི་གཏམ་རྒྱུད་བཞག་ནས། དུས་དང་བསྟུན་ནས་ལམ་རེ་ཚོལ་ཅིག
གྲངས་མང་གྲངས་ཉུང་མི་རིགས་ཀུན་གྱི། ཐུན་མོང་དགྲ་བོ་རྒྱ་དམར་གཞུང་ཡིན།
རྒྱལ་དར་ང་ཚོ་ཐུན་མོང་དར་ཡིན། རང་གིས་རང་ལ་ངོ་རྒོལ་མ་བྱེད།
འཚེ་མེད་ཞི་བའི་གཞུང་ལམ་ཟེར་བ། ཀུན་ཕན་ཐུན་མོང་ལམ་ཞིག་ཡིན་ན།
ཞི་སྡང་ལར་ཞེན་དབང་དུ་ཚུད་ནས། རང་ལམ་ཁོ་ནར་ཨུ་ཚུགས་མ་རྒྱག
དཔའ་བོ་གཡུལ་ལ་ཆས་པའི་རྗེས་སུ། དོན་མེད་དཔའ་སྐད་ཀུ་ཅོ་མ་འདོན།
དོན་གྱི་དཔའ་མཛངས་ངོམ་རྒྱུ་ཡོད་ན། འཕྲལ་ཕུགས་ཀུན་དགེའི་དོན་ཞིག་སྒྲུབ་རོགས།
ལུས་སྲོག་ལོངས་སྤྱོད་ཕངས་མེད་བཏང་ནས། རྒྱ་ཆེན་དོན་ཕྱིར་གཤེགས་པའི་ལམ་ཆེན།
ཆེ་རུ་བསྐྱེད་ལ་ནུས་པ་མེད་ཀྱང། ཆུང་དུ་གཏོང་བའི་ལས་ལ་མ་འཇུག
རང་དབང་འདྲ་མཉམ་འཆམ་མཐུན་དམངས་གཙོའི། དོན་གྱི་དར་ཆེན་མཁའ་རུ་འཕྱར་དུས། ཀུ་ཡངས་དཀྱེལ་ཆེའི་དཔའ་སྟོབས་བསྐྱེད་དེ། འཛམ་བུ་གླིང་ལ་དཔེ་ཞིག་སྟོན་མཛོད།
བསམ་ཚུལ་མ་མཐུན་པ་དང་ལྟ་ཚུལ་མ་འདྲ་བ། ལམ་ཕྱོགས་མི་འདྲ་བ་སོགས་ཚོགས་སྒེར་དང་མི་བུ་སུ་ཡིན་རུང་མ་འདྲ་བ་རེ་ཡོད་པ་ཆོས་ཉིད་ཞིག་ཏུ་འདོད། ད་ལན་གླིང་ཚ་མ་བུ་གསུམ་གྱི་བོད་དོན་འཐབ་རྩོད་རྒྱུན་འཁྱོངས་བྱེད་བཞིན་དཀའ་ཚེགས་དང་། ལུས་སྲོག་ལའང་མ་འཛེམ་པ་རྡ་ས་ནས་བོད་བར་ཞི་བའི་གོམ་བགྲོད་བྱེད་བཞིན་པ་འདིར་བསྔགས་བརྗོད་དང་རྒྱབ་སྐྱོར་འདྲ་གནང་འདོད་མེད་ཀྱང་། ཁུ་སིམ་པོ་སྡོད་ནའང་ཚོགས་པ་དེའི་འགྲིག་མ་སོང་ཟེར་མདོག་མེད། གང་གི་ཕྱིར་ན་ད་བར་ཁྱེད་ཚོས་ངོས་ལེན་བྱེད་ཐུབ་ཐབས་མེད་པའི་སྲིད་ཇུས་འདྲ་མིན་བཟུང་མཁན་ཁོང་མ་བུ་གསུམ་གཅིག་པུ་ག་ལ་ཡིན། དུས་རྒྱུན་ལས་འགུལ་ངོ་བོ་ཇི་ལྟར་ཡང་ནང་ཁུལ་མཐུན་ལམ་དགོས་གལ་ཆེ། ལྷག་པར་དུ་སྐབས་འཚོལ་བ་རིགས་ལ་དེ་བས་གཟབ་དགོས།
ཁོང་མ་བུ་གསུམ་གྱིས་འུ་ཚང་གི་ཆེད་དུ་ཁ་བཤད་ཙམ་མིན་པ་དོན་ངོ་མའི་སེམས་སྡུག་གི་མནར་བཞིན་རྔུལ་ནག་དང་འབྲེལ་ནས་རི་ཆུ་དག་བརྒལ་བཞིན། ཉིན་རེ་ནས་ཉིན་རེ་མདུན་བསྐྱེད་བྱེད་བཞིན་པའི་སྐབས་འདི་དང་བསྟུན་བརྗིད་རྔམས་ཆེ་བའི་གསལ་བསྒྲགས་འདི་འདྲ་ཞིག་སྤེལ་དགོས་དོན་ཨེ་ཡོད་ན་སྙམ། སྟབས་ལེགས་ཉེས་གང་བྱུང་ཡང་ལས་འགུལ་འདིའི་ངོ་བོ་དང་རྒྱབ་ལྗོངས་ཇི་ཡོད་ཁོང་མ་བུ་གསུམ་གྱི་འགན་ཁུར་བཞིན་ཡོད། གླིང་ཚ་མ་བུ་གསུམ་རྒྱལ་གྱུར་ཅིག།
ནམ་ཡིན་ཡང་ཚོགས་པ་ཕན་ཚུན་བར་དང་གཞུང་སྒེར་བར་སོགས་ནང་ཁུལ་དཀྲུགས་པ་ལས་གཞོན་ནུ་ཚོགས་པར་ལས་ཀ་མེད་པ་རེད་དམ
གཞོན་ནུ་ཚོགས་པས་རང་དབང་ལུང་པ་ནས་ཁ་རྒྱག་པ་ཞིག་བཤད་པ་ལས་ཉེན་ཁ་ཅན་གྱི་ལས་འགུལ་ཞིག་སྤེལ་མེད་་་་་སོ་སོ་ཉེན་ཁ་མེད་སའི་ཕྱོགས་སུ་བསྡད་ནས་ལས་འགུལ་སྤེལ་ཁུལ་བྱས་པ་དེར་ཕན་འབྲས་འདུག་གམ་་་་་
ཁྱོད་ཚོ་དེ་འདྲའི་བློ་ཁོག་ཡོད་ན་བོད་དར་འཕྱར་ནས་བོད་ནང་དུ་སོང་དང་་་་་་སེམས་ཤུགས་ཡོད་པས་་་་བློ་ཁོག་ཡོད་པས་་་་་མེད་པ་་་་འདི་ནས་རྫིག་རྫིག་བྱེད་པ་ལས་དོན་དུ་མེད་པ་་་་ཟླ་ཕོགས་རེག་ཐབས་ཤིག་ལས་་་་སེམས་གཏིང་ནས་ཅི་ཞིག་འཚོལ་གྱིན་ཡོད་་་་སྒོར་མོ་་་་་
བོད་ཕྱི་རོལ་གྱི་སྤྱི་ཚོགས་ཁྲོད་ལྷག་བསམ་བསྐྱེད་ནས་བློ་གཏད་རྒྱུ་འདི་ཧ་ཅང་གི་དཀའ་ངལ་ཆེ་ཤོས་དེ་ཆགས་ཀྱིན་ཡོད། ནམ་རྒྱུན་གནད་ལ་ཐུག་ས་ནས་དཔྱད་མཆན་པ་སྤྲང་ནག་གི་རིགས་རྣམས་རང་ཚུགས་མེད་པར་སྤྱི་ཚོགས་ཀྱི་རྒྱབ་བཤད་ཁྲོད་ལྡིང་སྐོར་བྱེད་རྒྱུ་ལས་དཔྱོད་ཤེས་ཁྱོན་ནས་མེད། གླིང་ཚ་མ་བུ་གསུམ་གྱི་ལྷག་བསམ་ལ་རྒྱབ་སྐྱོར་བླ་ན་མེད་པ་བྱས་རྗེས། གཞོན་ནུ་ལྷན་ཙོགས་ཀྱི་ངོ་རྒོལ་ལ་མཐའ་གཅིག་ཏུ་མོས་གུས་ཞུ་མཁན་འདི་རིགས། གཡང་གཟར་ན་གཅིག་རྗེས་གཉིས་མཐུད་ཀྱི་མཆོངས་བཞིན་པའི་ལུག་ཁྱི་དེ་མ་ཡིན་ནམ། མ་གཞི་ནས་མི་གཤིས་ལ་གཡའ་སླ་བའི་བོད་མི་འདི་རིགས་ཀྱིས་དོན་ཆེན་ཞིག་ཅི་ལྟར་བསྒྲུབས་སམ།
ད་དུང་གཞོན་ནུ་ལྷན་ཚོགས་ཀྱིས་རང་བཙན་ལབ་ཡོང་དུས་ཉེས་ཅན་དུ་འདོད་ནས་རྒྱང་ཐག་རིང་དུ་གྱེས་འགྲོ་ལ། ༧གོང་ས་མཆོག་གི་ལམ་དབུ་མ་རྣ་ལམ་ལ་བརྒྱུད་ཡོང་དུས་དད་པའི་སྤུ་ལོང་གཡོས་འགྲོ། བར་འདི་ནས་ང་ཚོ་བོད་མི་ཡོངས་ཀྱིས་དོན་ཆེན་བསྒྲུབས་རྒྱུ་གཡུག་ནས་རང་ཉིད་ལ་བརྟད་དཔྱད་བྱས་ན་མ་རེད་དམ། རྒྱ་ནག་གི་དར་འཕྱར་འདོད་མེད་ན་རང་བཙན་རྩོད། རྒྱ་ནག་གི་རྩ་ཁྲིམས་འོག་འདུག་འདོད་ལྟར་དབུ་མའི་ལམ་ལ་བློ་གདེང་འཁེལ་ཐུབ་ན། ངོ་གཉིས་མའི་བྱེད་བབས་འདི་གཡུག་ཞོག མ་རེད་དམ། སྤྲང་ནག་ཚོ།
མདོ་དོན་གླིང་ཚ་མ་བུ་གསུམ་གྱིས་དགོས་འདུན་བཏོན་པ་ནང་བཞིན་རྒྱ་ནག་གི་ངོས་ལེན་ཡོད་ན། རྒྱ་ནག་གི་རྒྱལ་དར་འཕྱར་ནས་གནམ་ས་གཡོགས་སོང་རུང་། ཁོ་བོས་གླིང་ཚ་མ་བུ་གསུམ་ལ་མོས་གུས་ཞུ་རྒྱུ་ཡིན། ད་ཅི་འདྲ་རེད། སྤྲང་ནག་ཚོ།
གཉིས་ཀར་རྒྱབ་ལྗོངས་དང་རྒྱུ་མཚན་ཡོད་པས་ལྟད་མོ་བལྟ་ཡ།
ཚེ་བསྟན་རྡོ་རྗེ།་མ་བུ་གསུམ་ལ་རྗེས་སུ་ཡིད་རངས་ཡོད་སྟེ་རྒྱ་དམར་གྱི་དར་འཁྱེར་བ་སེམས་པ་སྐྱོ། དེ་ནི་དགྲྭ་བོ་རྒྱ་དམར་ལ་རྒྱབ་སྐྱོར་ལྟ་བུ་ལས་བོད་མི་ས་ཡ་དྲུག་གི་ཆེད་ལས་འགུལ་མཚོན་མི་ཐུབ།