གཟའ་མིག་དམར་ཉིན་དབུ་མའི་ལམ་མི་མང་ལས་འགུལ་ཁང་གིས་གསལ་བསྒྲགས་ཤིག་སྤེལ་ཏེ། ཚེ་བརྟན་རྡོ་རྗེ་མ་བུ་གསུམ་གྱིས་རྒྱ་ནག་རྒྱལ་དར་འཕྱར་བར་རྒྱབ་སྐྱོར་གཙང་མ་ཡོད་སྐོར་དང་། བོད་མིའི་སྤྱི་ཚོཊ་ནང་བོད་དང་རྒྱ་ནག་རྒྱལ་དར་མཉམ་འཕྱར་གྱི་ལས་འགུལ་སྤེལ་དགོས་པའི་འབོད་སྐུལ་བཅས་ཞུས་ཡོད།
གླིང་ཚ་ཚེ་བརྟན་རྡོ་རྗེ་མ་བུ་གསུམ་གྱིས་རྒྱ་ནག་རྒྱལ་དར་འཕྱར་ཏེ་གོམ་བགྲོད་གནང་བཞིན་པའི་གནས་སྟངས་ཐད། བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་བཟང་ངན་གྱི་གླེང་སློང་སྣ་ཚོགས་འབྱུང་བཞིན་ཡོད་ལ། གནད་དོན་དེའི་ཐོག་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་ཀྱང་ངོ་རྒོལ་བསྒྲགས་གཏམ་ཤིག་སྤེལ་ཡོད་སྟབས། དེ་རིང་ཕྱི་ཚེས་ ༨ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༡༡ སྟེང་བཞུགས་སྒར་ངྷ་ས་རུ་དབུ་མའི་ལམ་མི་མང་ལས་འགུལ་ཁང་གིས། ཚེ་བརྟན་རྡོ་རྗེ་མ་བུ་གསུམ་གྱི་བློས་གཏོང་ཆེན་པོའི་ལས་འགུལ་ལ་བསྔགས་བརྗོད་དང་འབྲེལ། ཁོང་མ་བུ་གསུམ་གྱིས་རྒྱ་ནག་རྒྱལ་དར་འཕྱར་བཞིན་པའི་བྱེད་སྟངས་ཐོག་དབུ་མའི་ལམ་ལས་འགུལ་ཁང་གི་ལངས་ཕྱོགས་ཅི་ཡིན་གསལ་སྟོན་གནང་སོང་།
གསར་འགོད་ལྷན་ཚོགས་སྟེང་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་ཤེས་ཡོན་དང་རིག་གཞུང་འགན་འཛིན་ཤར་ཕྱོགས་ཁུག་རྟའམ་བློ་བཟང་ཆོས་འབྱོར་ལགས་ཀྱིས་གནས་ཚུལ་སྒྲོག་སྦྱང་གནང་བའི་ནང་འཁོད་དོན། “ དབུ་མའི་ལམ་གྱི་སྲིད་བྱུས་ནི་བོད་མི་རིགས་ཀྱི་འཚོ་གནས་ལ་དམིགས་བསལ་འགན་འཁྲི་དང་ལོ་རྒྱུས་ལྡན་པའི་གཉིས་སྨན་སྲིད་བྱུས་ཤིག་ཡིན་པ་མ་ཟད། འཇིག་རྟེན་ཞི་བདེར་སྨན་པའི་ཐབས་ལམ་ཡང་དག་ཅིག་ཀྱང་ཡིན། བོད་གཞུང་མང་གཉིས་བཙན་བྱོལ་དུ་འབྱོར་རྗེས་ཕྱོགས་ཡོངས་ཀྱི་དངོས་ཡོད་གནས་ཚུལ་ལ་གཟིགས་ཏེ། ༧གོང་ས་མཆོག་གི་རླབས་ཆེན་དབུ་ཁྲིད་འོག་མང་གཙོའི་ལམ་ནས་གཏན་འབེབས་བྱས་པའི་སྲིད་བྱུས་འདི་ཉིད། བོད་མིའི་སྒྲིག་འཛུགས་ཀྱིས་མི་ལོ་བཅུ་ཕྲག་གསུམ་རིང་དམ་འཛིན་གནང་བཞིན་པ་དང་། མི་མང་ནང་སྲིད་བྱུས་འདིའི་རྒྱ་ལས་མ་བརྒལ་བར་བོད་ཀྱི་བདེན་དོན་རྩོད་རྒྱུ་ཁ་ཚ་དགོས་གཏུག་ཆགས་ཡོད་པའི་ཁྲོད། འདི་ལོའི་གསུམ་བཅུའི་དུས་དྲན་ཉིན་མགོ་འཛུགས་གནང་བའི་ཚེ་བརྟན་རྡོ་རྗེ་མ་བུ་གསུམ་གྱི་ངྷ་ས་ནས་བོད་བར་གྱི་ཞི་བའི་གོམ་བགྲོད་ནི་དཔེ་མཚོན་གསལ་ཤོས་ཤིག་ཡིན། ཁོང་མ་བུ་གསུམ་གྱི་མངོན་འདོད་དོན་ཚན་ལྔ་ཐོག་མར་ཁྱབ་བསྒྲགས་གནང་སྐབས། ངེས་ཤེས་རྙེད་པའི་ཁོང་གི་ཆོད་སེམས་ལ་ཤེས་ལྡན་ཀུན་གྱིས་ཡི་རངས་གོང་བཀུར་ཞུས་ཡོད་པ་མ་གཏོགས། གསུམ་བཅུའི་དུས་དྲན་ཉིན་ཁོང་མ་བུ་གསུམ་གྱི་གཡས་གཡོན་དུ་འཚང་ཁ་བརྒྱབ་སྟེ། གསར་འགྱུར་བརྒྱུད་ལམ་སོགས་སུ་མིང་ཙམ་ཐོན་ཐབས་ལ་རྩི་ཤིང་རླུང་ཁྱེར་གྱི་ཟློས་གར་འཁྲབ་རྒྱུ་མ་བྱུང་ ” ཞེས་འཁོད།
གསལ་བསྒྲགས་དེའི་ནང་མུ་མཐུད་འཁོད་དོན། “ གླིང་ཚ་ཚེ་བརྟན་རྡོ་རྗེ་མ་བུ་གསུམ་གྱི་འཐབ་རྩོད་ནི་དུས་ཐུང་ངང་མཇུག་སྒྲིལ་འགྲོ་བ་ཞིག་མིན་ལ། བསམ་སྤྱོད་འཚེ་བ་ཅན་དང་། གློ་བུར་གྱི་ཚོར་བ་དང་མ་འབྲེལ་བས་རྒྱ་གཞུང་ནས་ཀྱང་འགྲེལ་བརྗོད་ལོག་པ་སྤེལ་མེད་པ་མ་ཟད། འཇིག་རྟེན་འདིར་བློ་གཟུ་བོར་གནས་པ་ཀུན་གྱིས་བསྔགས་འོས་ཀྱི་ཞི་བའི་འཐབ་རྩོད་ཅིག་ཡིན་སྟབས། བཙན་བྱོལ་བོད་མིའི་མི་ལོ ༥༣ ཀྱི་བདེན་དོན་འཐབ་རྩོད་ནང་མིག་དཔེར་འོས་པ་དང་འགྲན་ཟླ་མེད་པ། ཆོལ་གསུམ་གཞིས་བྱེས་མི་མང་གི་མངོན་འདོད་སྒྲུབ་པའི་འཐབ་རྩོད་ནང་གསེར་ཡིག་གིས་བྲིས་པའི་ལོ་རྒྱུས་ཤིག་ཀྱང་ཆགས་ཡོད་ ” ཅེས་འཁོད།
མཐའ་མར་གསལ་བསྒྲགས་དེར། “ ཁོང་མ་བུ་གསུམ་གྱིས་རྒྱ་ནག་རྒྱལ་དར་གཅིག་པུ་འཕྱར་བ་མིན་པར། བོད་དང་རྒྱ་གར། བལ་ཡུལ་བཅས་ཀྱི་རྒྱལ་དར་མཉམ་འཕྱར་གྱིས་བོད་ཀྱི་བདེན་དོན་འཐབ་རྩོད་གནང་བ་ནི་དངོས་ཡོད་དང་མཐུན་པ། རྣམ་དཔྱོད་ལྡན་པ། དབུ་མའི་ལམ་གྱི་ནང་དོན་སྒྲུབ་པའི་འཐབ་རྩོད་བྱ་ཕྱོགས་ཤིག་ཡིན། རྒྱ་ནག་གི་རྩ་ཁྲིམས་སྒྲོམ་གཞིའི་འོག་གནས་རྒྱུའི་གྲོས་མོལ་འགྲོ་བཞིན་པ་འདི་དང་། རྒྱ་ནག་རྒྱལ་དར་འཕྱར་སྟེ་ཞི་བའི་འཐབ་རྩོད་གནང་བཞིན་པ་གཉིས་བོད་ལ་མིང་དོན་མཚུངས་པའི་རང་སྐྱོང་འཐོབ་ཆེད་ཡིན་ལ། བོད་ལ་མིང་དོན་མཚུངས་པའི་རང་སྐྱོང་འཐོབ་རྒྱུའི་མངོན་འདོད་ཁ་ཞེ་གཉིས་མེད་ཡིན་པ། བོད་མི་མང་རང་ངོས་ནས་འདི་ལྟའི་ལས་འགུལ་བརྒྱུད་རྒྱ་ནག་དང་། འཛམ་གླིང་མི་མང་ལ་ར་སྤྲོད་བྱ་རྒྱུ་ནི་དབུ་མའི་ལམ་ནས་བོད་ཀྱི་བདེན་མཐའ་སེལ་ཐབས་ལ་སྤེལ་དགོས་པའི་འཐབ་རྩོད་རྩེ་གྲས་ཤིག་ཡིན་སྟབས། ཁོང་མ་བུ་གསུམ་གྱི་རྣམ་དཔྱོད་ལྡན་པའི་འཐབ་རྩོད་ལ་ཡོངས་སུ་རྒྱབ་སྐྱོར་ཞུ་རྒྱུ་ཡིན། བོད་མིའི་འཐབ་རྩོད་ནི་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁ་གཏད་དུ་ལངས་པའམ། རྒྱ་ནག་མི་མང་གི་སེམས་ལ་ཞེ་འཁོན་བསྐྲུན་རྒྱུ་དེ་མིན་པར། རྒྱ་ནག་མགོ་ཁྲིད་མཁྲེགས་འཛིན་ཅན་ཚོས་བོད་ནང་ལག་བསྟར་བྱས་པའི་ནོར་འཁྲུལ་སྲིད་བྱུས་ཀྱི་ཁ་གཏད་དུ་འཚེ་མེད་ཞི་བའི་ལམ་ནས་ལངས་པ་ཞིག་ཡིན། བཙན་བྱོལ་བོད་མི་ཡོངས་ལ་འབོད་སྐུལ་ཞུ་རྒྱུ་ཞིག་ནི། ཚེ་བརྟན་རྡོ་རྗེ་མ་བུ་གསུམ་ལྟར་བོད་མི་དཀྱུས་མ་ཞིག་གིས་བོད་གཞིས་བྱེས་མི་མང་གིས་མངོན་འདོད་རྒྱ་གཞུང་ལ་དངོས་སུ་བརྡ་སྤྲོད་བྱེད་ཆེད། རང་ཉིད་བློས་གཏོང་གནང་བ་འདི་ནི་ཡོངས་སུ་རྒྱབ་སྐྱོར་གྱི་གནས་ཤིག་ཡིན་སྟབས། དབུ་མའི་ལམ་མི་མང་ལས་འགུལ་ཁང་གིས་མུ་མཐུད་རྒྱབ་སྐྱོར་ཞུ་རྒྱུ་ཡིན་ལ། ལས་འགུལ་འདི་ལྟ་བུ་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་འབྱུང་ཐུབ་རྒྱུར་འབོད་སྐུལ་ཞུ་རྒྱུ་ཡིན་ ” ཞེས་འཁོད་འདུག
གསར་འགོད་པས་བློ་བཟང་ཆོས་འབྱོར་ལགས་སུ་དབུ་མའི་མི་མང་ལས་འགུལ་ཁང་གིས། ཚེ་བརྟན་རྡོ་རྗེ་ནང་མི་གསུམ་གྱིས་རྒྱ་ནག་རྒྱལ་དར་འཕྱར་བའི་ལས་འགུལ་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་ན། མ་འོངས་པར་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་ངོས་ནས་རྒྱ་ནག་རྒྱལ་དར་འཕྱར་བའི་ལས་འགུལ་སོགས་སྤེལ་འཆར་ཡོད་མེད་དྲིས་པར། དབུ་མའི་ལམ་ལས་འགུལ་ཁང་ལ་ད་ཆར་རྒྱ་ནག་རྒྱལ་དར་འཕྱར་རྒྱུའི་འཆར་གཞི་གང་ཡང་མེད་ཀྱང་། རྒྱ་ནག་རྒྱལ་དར་འཕྱར་མཁན་ཚོར་དགག་བྱ་ཡོད་པ་མ་རེད། རྒྱ་ནག་གི་རྒྱལ་དར་དམར་པོ་དེའི་འོག་བོད་མིའི་སྲོག་ཤོར་གྱི་ཡོད་ནའང་། ཚུར་ཕྱོགས་ནས་ང་ཚོས་དེའི་ཁ་གཏད་དུ་རྒྱ་ནག་རྒྱལ་དར་མེར་བསྲེགས་བཏང་སྟེ། རྒྱ་ནག་མི་དམངས་ལ་ཞེ་འཁོན་འགྲོ་རྒྱུའི་འཚེ་བའི་ལས་རྩ་བ་ནས་སྤེལ་གྱི་མེད་ཅེས་བརྗོད་སོང་།
ཚེ་རྡོར་མ་བུ་གསུམ་ཉིན་ཤས་རྗེས་རྒྱ་བལ་ས་མཚམས་སུ་འབྱོར་གྱི་ཡོད་སྟབས། གལ་སྲིད་ས་མཚམས་ནས་ཉེན་རྟོག་པས་ཁོང་རྣམས་འཛིན་བཟུང་བཙོན་འཇུག་བྱས་པ་ཡིན་ན། དབུ་མའི་ལམ་ལས་འགུལ་ཁང་གིས་ཁོང་ཚོར་རོགས་རམ་གནང་འཆར་ཡོད་མེད་དྲིས་པར། ཁ་སྔོན་ལས་འགུལ་མགོ་འཛུགས་གནང་སྐབས་ནས་ངྷ་སའི་ཚོགས་སྐྱིད་མཉམ་འབྲེལ་གྱིས་ཉིན་བཅུའི་མཚམས་ནས་མི་རེ་ཆ་བགོས་ཀྱིས་གོམ་བགྲོད་བྱེད་ཀྱི་ཡོད་ལ། ཉིན་ཤས་གོང་ནས་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་འགན་འཛིན་གཞོན་པ་སྤྱི་འཐུས་རྨོག་རུ་བསྟན་པ་ལགས་དང་། མདོ་སྨད་དབུས་རྒྱུན་གྱི་ལས་བྱེད་རྒྱ་མཚོ་གཉིས་ཀྱིས་ལམ་ཁར་རོགས་རམ་གནང་བཞིན་ཡོད། ལམ་བར་དུ་ཁོང་ཚོར་དཀའ་ངལ་གང་ཞིག་འཕྲད་ཀྱང་དབུ་མའི་ལམ་ལས་འགུལ་ཁང་ཚུད་པའི་ཚོགས་སྐྱིད་མཉམ་འབྲེལ་གྱིས་གང་ཐུབ་རོགས་རམ་གནང་གི་རེད་ཅེས་བརྗོད་བྱུང་།
གསར་འགོད་པ། དཔལ་ལྡན།
ཨ་ཨ་ཀེ་ཏ་ཀ།
ཏང་དར་བསྲེག་པས་ཞི་བ་མ་ཡིན་པ་དྲག་པོ་ཡིན་པ་ཁྱོད་དབུ་ལམ་པ་ཚོའི་ངོར་གྲུབ་པ་མ་གཏོག་གཞན་གྱི་ངོར་ནམ་ཡང་གྲུབ་མེད། ཁྲིམ་མཐུན་མ་ཡིན་པ་བཅའ་ཁྲིམས་དོན་མཚན་གང་དུ་འཁོད་ཡོད་པ་རེད། འགྲེལ་བཤད་གསལ་པོ་ཞིག་གནང་རོགས། ཏང་དར་དམར་པོ་བསྲེག་པས་ཆེ་མཐོང་མི་ལྡན་པ་དང་ལྷབ་ལྷུབ་ཏུ་འཕྱར་ན་ཆེ་མཐོང་ལྡན་པའི་ལམ་ལུགས་འདི་ཡང་དག་ཡིན་མིན་དོན་གྱི་བདག་པོ་གཞིས་ལུས་མི་དམངས་ལ་བཀའ་འདྲི་ཞུ་དགོས་པ་རེད།
ཁྱེད་ཀྱིས་བཤད་པ་ལྟར་བྱས་ན་ཚེ་རྡོར་ལགས་ཀྱིས་བོད་བསྐྱོད་གོམ་བགྲོད་དེ་གཞོན་ནུའི་ཁ་གཏད་དུ་ལངས་ཏེས་དར་ཆ་མེར་བསྲེག་མི་གཏོང་ཆེད་ཡིན་པ་ཞིག་གསལ་པོ་གསུངས་འདུག་པས་དེ་ནི་ཧ་ཅང་ཉེན་ཁའི་གནས་ཞིག་མ་རེད་པས། དོན་དངོས་དེ་འདྲ་རང་ལྟ་ཨེ་ཡིན། ངས་ཁོང་གིས་ཏང་དར་འཕྱར་བར་ངོ་རྒོལ་ཞུ་གི་ཡོད་ཀྱང་། ཁོང་གི་སྙིང་སྟོབས་ལ་བསྔགས་བརྗོད་ཞུ་གི་ཡོད།
དཔལ་ལྡན་བཀའ་ཤག་གིས་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་དང་སྒེར་གྱི་ལས་འགུལ་སྟངས་འཛིན་དང་ཐེ་ཇུས་བྱས་ན་ཆབ་སྲིད་རིག་པའི་གཞུང་ལུགས་དང་འགལ་འགྲོ་བ་དང་། གཞུང་གིས་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་དང་སྒེར་བེད་སྤྱོད་བྱས་མི་ཆོག་པ་དེ། དཔལ་ལྡན་ཚོགས་གཙོ་མཆོག་གིས་དེའི་ཐད་གསར་འགོད་པས་བཅར་འདྲི་དང་ལེན་གནང་བ་ཞིག་ཁ་བརྡའི་དྲ་སྟེང་དུ་བཀོད་འདུག་པས་དེར་ཡིན་ཅིག་གཟིགས་དང་ཁྱེད་ཀྱིས་རྣམ་དྭོགས་བསེལ་ངེས།
དེས་ན་དཔལ་ལྡན་བཀའ་སྤྱིའི་མཚན་མཐོང་ནམ་ཡང་ཉམ་ཆག་འགྲོ་གི་མ་རེད།
༧སྐུ་མདུན་གྱི་བཀའ་ལ་མ་ཉན་ན་ཟེར་བ་དེ་ཅི་ཟེར་ལེ་རེད།
༧སྐུ་མདུན་གྱིས་ཏང་དར་བསྲེག་མི་ཆོག་པ་ཞིག་ནམ་ཡང་གསུང་པ་གོ་མ་སོང་ལ་ཏང་དར་དམར་པོ་ལྷབ་ལྷུབ་ཏུ་འཕྱར་དགོས་པ་ཞིག་ནམ་ཡང་གསུང་གི་མི་འདུག།
དེས་ན་༧སྐུ་མདུན་གྱི་ལམ་དབུ་མའི་དགོངས་གཞི་དང་དགོངས་དོན་ལ་ ནམ་ཡང་འབྲེལ་ལོག་མ་བརྒྱགས་རོགས། སྐུ་མཁྱེན།
ས་ཤིང་བཀུར་འོས་པའི་གླིང་ཚ་མ་བུ་གསུམ་ལ་ ཐོག་མ་གུས་འདུད་ཞུས་གི་ཡོད་།
སོ་སོའི་གཅོས་པའི་ལུས་སྲོག་ལ་ཉེས་འགག་ཡོད་པ་ཤེས་བཞིན་དུ་ བློ་ཡུལ་མ་ཤོང་བའི་དཀའ་སྡུག་ལ་བཟོད་བསྲན་དང་ གདོང་ལེན་ བོད་བསྟན་སྲིད་མི་རིགས་དང་བཅས་པ་ཛ་དྲག་ཆགས་འཇིག་གི་སོ་མཚམས་གྱར་བའི་སྐབས་འདིར་ ཁ་ཞེ་གཉིས་མེད་དང་ ལྷག་བསམ་ཟོལ་མེད་ཐོག་ཞི་བའི་གོམ་བགྲོད་གནང་བར་སྙིང་ཁོག་ནས་བརྗོད་མིན་ཤེས་པའི་ཚོར་བའི་ཐོག་ནས་ གདུང་སེམས་མཉམ་བསྐྱེད་གྱི་མཚམས་འདྲི་ཡོད་ བོད་མི་རིགས་འདི་གསོན་པོ་གནས་ཐུབ་ཐབས་དང་ དུས་རབས་གསར་པའི་ནང་འཚར་ལོང་བྱུང་བཞིན་པའི་བོད་གངས་ཅན་གྱི་མི་རིགས་ཀྱི་སེམས་ལ་བག་ཆགས་ཆེན་པོ་བཞག་ཡོད་པ་གདོན་མི་ཟ་ བྱུང་རབས་ལོ་རྒྱུས་ཀྱི་དེབ་ཐེབ་ནང་འགོད་ངེས་ ཡིན་ལ་ རྒྱ་ནག་གི་ནོར་འཁྲུག་ཅན་གྱི་སྲིད་ཇུས་བཟུང་སྟེ་ རྒྱ་བ་རིན་པོ་ཆེ་མ་བཞུགས་པ་ཡིན་ན་ བོད་མི་རིགས་ཀྱི་འཐབ་རྩོད་འཇུག་སྒྲིལ་གྱི་རེད་བསམ་པ་དེར་ རྩིས་ནོར་ཡིན་པ་མངོན་གསལ་དོད་པའི་བརྡ་ལེན་གྱིས་ནུས་པ་སྤྲོད་ཡོད་ ལ་ བོད་རིགས་ཡོད་དོ་ཅོག་ནས་གདུང་སེམས་མཉམ་བསྐྱེད་གནང་རོགས་ སོ་སོས་རང་ཉིད་ཀྱིས་ལྟོ་གོས་ཁོ་ནར་གྲ་མ་འགྲིགས་པ་སྡོད་དེ་ རྩ་དོན་ཆེདུ་བློས་གཏོང་གནང་མཁན་དག་ལ་རྒྱབ་བཤོད་གནང་ནས་བཞུགས་ན་ རྒྱ་ནག་ལ་དགོས་ངེས་ཀྱི་ཅ་རྐྱེན་ཆགས་པས་ དེ་འདྲ་རྩ་བ་ཉིད་ནས་གནང་མི་ཉན་ བོད་མི་རིགས་འདིར་ རྒྱ་ནག་དམག་གཞུང་གིས་ གཉའ་གནོན་དང་ མཐོང་ཆུང་ཁྱད་གསོད་རྡུང་འདེད་མནར་བཅོད་དམར་རྗེན་དུ་བཏོན་ཏེ་ བོད་མི་རིགས་འདི་རྩ་མེད་ཤུལ་མེད་བཟོ་རྒྱུ་སྲིད་ཇུས་བཟུང་ཏེ་ མངོན་གསལ་དོད་པའི་ཐོག་ མི་རིགས་འདི་མིག་ནང་བཞག་གི་ཡོད་མ་རེད་ ཚང་མས་མ ཁྱེན་གྱི་ཡོད་ཤག་ཡིན་ ང་ཚོའི་བོད་མི་རིགས་འདི་ རྒྱལ་རབས་ལོ་རྒྱུས་ལྡན་པའི་རྒྱལ་ཁབ་ཡིན་བཞིན་དུ་ གུ་བཤངས་ཀྱི་སྲིད་ཇུས་བཟུང་སྟེ་ རྒྱལ་ཁབ་བློས་གཏོང་གནང་ཡོད་ རྒྱལ་ཁབ་བརྩོན་ལེན་བྱེད་གི་མེད་ཀྱང་ ད་དུང་ཐུབ་ཚོད་ག་འདྲ་ཞིག་གཏོང་གི་མིན་འདུག་གམ་། མཐོང་གི་འདུག་གམ་ བོད་རིགས་ སྤྱི་བོ་གནམ་བསྟན་ཡོངས་ནས་ ནན་ཆོག་པ་འདུག་གམ་ གངས་ཅན་པ་རྣམས་ རང་ཅག་ཤ་ཁྲག་གཅིག་པའི་སྤུན་ཟླ་ས་ཡ་གཅིག་དང ཕྱེད་ལ་ཉེ་བ་དམག་བསོད་གཏོང་ བོད་ལུང་པ་བཙན་འཕྲོག་བྱས་ གཏེར་ཁ་དང་ རིན་ཐང་བྲལ་བའི་ཅ་དངོས་རྣམས་འཕྲོག་བཅོམ་བྱས་ རང་ཅག་ནས་རང་གཞན་གཉིས་ཕན་གྱིས་ རང་ཅགི་ལུང་པ་དེ་བེད་སྤྱོད་མཉམ་དུ་གཏོང་ཟེར་ཡང་ ཁས་ལེན་མ་བྱས་ཁ་ ཞི་བའི་ངོ་རྒོལ་གནང་མཁན་རྣམས་ལ་བཅར་རྡུང་དྲག་པོ་གཏོང་ སྟེ་ དམག་བསོད་གཏོང་གི་ བོད་གངས་ཅན་པའི་བོད་མི་ཞིག་ཡིན་ཕྱིན་ཆད་ རང་ལ་ནུས་འཇོན་ག་ཚད་ཡོད་ན་ངོམས་པའི་དུས་ཚོད་རེད་མི་འདུག་གམ་ ལངས་ཤོག་ ལངས་ཤོག་བོད་མི་ཚོ་ གཉིད་ལས་སོད་ཤིག་ ཤ་ཁྲག་གཅིག་པའི་བོད་རིགས་སྤུན་ཟླ་རྣམས་ཁ་ཞེ་གཉིས་མེད་ཐོག་ཤི་གསོན་གང་ལ་སྐྱིད་སྡུག་མཉམ་མྱོང་དང་ རྡོག་རྩ་གཅིག་སྒྲིལ་ཡིན་། གུས་པས་བོད་མི་རིགས་ལ་ཞེ་ཆེད་དུ་རང་དབང་མེད་པ་བྲིས་པ་ཐལ་བས་ནོར་འཁྲུག་ཡོད་ངེས་པའིདགོངས་སེལ་ཞུ་ བོད་རྒྱལོ་།།
༧གོང་ས་མཆོག་གི་བཀའ་མི་ཉན་སར་བཀའ་སྤྱིའི་ཁ་ལ་ཉན་རྒྱུ་ཡོང་མི་སྲིད་པ་རེད།
བཀའ་ཤག་གི་ཆབ་སྲིད་ཀྱི་ལས་འགུལ་སྤེལ་ཕྱོགས་ཀྱི་ལྟ་གྲུབ་གསུམ་སྟེ། ཞི་བ་དང། ཁྲིམས་དང་མཐུན་པ། ཆེ་མཐོང་ལྡན་པ་བཅས་ཡིན་ཟེར། དེ་ཡིན་དུ་ཆུགས།
འོ་ན་ཚེ་བརྟན་རྡོ་རྗེའི་དར་བཞི་མཉམ་འཕྱར་གྱིས་ཞི་བའི་དོན་ཚན་ལྔ་རྩོད་བཞིན་པ་ནི། ལྟ་གྲུབ་གསུམ་གྱི་གང་ལ་མཐུན་མི་འདུག་གམ། དར་ཆ་མེར་སྲེག་ལ་ལྟ་གྲུབ་གསུམ་གྱིས་ཅི་ལྟར་བཀའ་སྩལ་རུང། ཉན་འཇོག་ཁྱོན་ནས་མེད་པ་གསལ་བོ་ཡིན་སྟབས། དེ་རིང་སྟབས་གཅིག་སྦྲེལ་གྱིས་དར་ཆ་མེར་སྲེག་མི་གཏོང་ཆེད་ཞི་བའི་གོམ་བགྲོད་འདིའང་གོང་གི་ལྟ་གྲུབ་གསུམ་དང་འགལ་ཚུལ་བཤད་པ་ནི་དངོས་གནས་བྱས་ན་ཧམ་པ་ཆེན་པོ་རེད།
དཔལ་ལྡན་བཀའ་ཤག་གིས་ཅི་ལྟར་སྨྲས་ཀྱང། བདེན་པ་དང་རིག་པའི་ཁུངས་སྐྱེལ་ཅི་ལྟར་བྱས་ཀྱང། དར་དམར་མེར་སྲེག་གཏོང་རྒྱུ་མཚམས་འཇོག་གི་རེད་དམ། རྩ་བ་ནས་ཡོང་ཐབས་མེད་པ་རེད། ཞེ་འཁོན་བསྐྲུན་ན། ཞེ་འཁོན་སེལ་ཡང་དགོས་ཀྱི་འདུག་ན། དོན་མེད་ལ། སྲིད་བྱུས་གསར་གཏོད་མ་བྱེད། དཔལ་ལྡན་བཀའ་སྤྱིའི་མཚན་ཐོངས་ཆགས་ངེས།
ང་རང་གིས་ཁོང་མ་བུ་གསུམ་གྱིས་གནང་སྟངས་དེ་འདི་འདྲ་ཞིག་མཐོང་སོང་།
དང་པོ།
བོད་ནང་གི་བོད་མི་ཚོས་རྒྱ་དམར་གྱི་རྒྱལ་དར་དེ་མར་ཕབ་པ་དང་། མེར་བསྲེགས་བཏང་མཁན་མང་པོ་བྱུང་དང་འབྱུང་བཞིན་ཡིན་ཞིང་། སྐབས་དེར་རང་དབང་ལུང་པར་ཡོད་མཁན་ཚོས་གཞིས་ལུས་བོད་མིས་མར་ཕབ་བཞིན་པ་དེ་ཡར་འཕྱར་དེ་ནི།
གཞིས་ལུས་བོད་མའི་སེམས་ཤུགས་ཉམས་ཐབས།
གཉིས་པ།
བཙན་བྱོལ་སགྲིག་འཛུགས་དང་། ༧གོང་ས་མཆོག་བཅས་ཀྱིས་རྒྱུན་འཛིན་གནང་བཞིན་པའི་དབུ་མའི་ལམ་ལ་མཐོང་ཆུང་ཆེད་བསོད་བྱས་པ་ཞིག་རེད།
ཏང་གི་སྐྱག་དོང་ནང་གི་ཀེ་ཏ་ཀ་ཁྱོད་ཡང་ཅིག་ཉོན་ཨ།
ཁྱོད་ཀྱི་བདེན་རྫུན་གོ་ལྡོག་གི་དྲི་བ་སྔ་ཕྱི་གཅིག་པ་གཅིག་རྐྱང་དེ་སྔོན་མ་ནས་རྣམ་པ་འདྲ་མིན་ཐོག་ཡང་ཡང་དྲ་སྟེང་དུ་སླེབས་པར་ལན་འདེབས་རིམ་པར་བྱས་ཡོད་ཀྱང་། ད་དུང་རྒན་རབས་དང་གཞོན་རབས་དབར་དཀྲུགས་གཞི་དང་དབུ་མ་པ་དང་རང་བཙན་པའི་དབར་དཀྲུགས་གཞི་གཞིས་ལུས་མི་དམངས་དང་བཙན་བྱོལ་དབར་དཀྲུགས་གཞི་བཟོ་སྟངས་ལ་བལྟས་ན་ཁྱོད་ཅི་ཞིག་གི་འཆོ་འཕྲུལ་ཡིན་ནམ། ཁྱོད་སུས་མངགས་པའི་ཉུལ་མ་ཡིན་ནམ། ངས་ངེས་པར་དུ་ཤེས་འདོད་འདུག། ལར་ནས་ཁྱོད་ཡུལ་བགྱར་ན་གནས་ཡོད་ན། ཅིའི་ཕྱིར་མེས་རྒྱལ་ཁྱིམ་ཚང་ཆེན་མོའི་ནང་ལོག་ནས་ཏང་གིས་དྲོ་སྐྱིད་ཀྱིས་མི་འཚོ་བར་ཅི་ཡིན་ནམ།
ཏང་དར་དམར་པོ་ཞིག་བསྲེག་པར་ཏང་དང་རྒྱ་རོ་དུང་ཕྱུར་བཅུ་གསུམ་སྙིང་རླུང་མ་ལངས་པར་ཁྱོད་སྙིང་རླུང་སྟོད་ལ་འཚངས་དགོས་དོན་ཅི་རེད། གཞོན་ལྷན་དང་ངེད་ད་ལྟའི་མི་རབས་གསར་པ་དང་འབྱུང་འགྱུར་མི་རབས་གསར་པའི་མདུན་ལམ་དང་ལྷན་སྐྱེས་ཀྱི་ཐོབ་ཐང་ལ་རྡོག་རོལ་གཏོང་བ་དང་དམའ་འབེབས་བྱེད་པའི་ཐོབ་ཐང་སུས་སྤྲད་སོང་། འོ་ན་བོད་མི་རིགས་ས་ཡ་རྒལ་བ་དམར་གསོད་དང་བཙོན་འཇུག། རྡུང་རྡེག་ཚ་ནན། ཁ་རྗེ་དབང་ཐང་རྒྱུ་ནོར་ལོངས་སྤྱོད་བཅས་པ་བཙན་ཕྲོགས། ད་དུང་བཅུ་ཕྲག་གསུམ་ལས་རྒལ་བ་གསོན་བསྲེག་བཏང་བས་བོད་མི་རིགས་ས་ཡ་དྲུག་ལ་ཕོག་ཐུག་མི་འགྲོ་བའི་རྒྱུ་མཚན་ག་རེ་ཡོད་དམ། དེས་ན་ཁྱོད་ཏང་དང་མེས་རྒྱལ་ལ་དགའ་ཞེན་དང་། མཚོན་རྟགས་འཇིགས་སུ་རུང་བ་དང་སྡུག་རྩུབ་རང་བཞིན་ལྡན་པའི་ཏང་དར་དམར་པོ་ལ་དགའ་ཞེན། གཡོ་སྒྱུའི་རང་བཞིན་ལྡན་ལ་མི་རིགས་ཆེན་མོའི་རིང་ལུགས་ཀྱི་ལྟ་གྲུབ་རང་བཞིན་ལྡན་པའི་རྒྱ་རོ་དུང་ཕྱུར་བཅུ་གསུམ་ལ་དགའ་ཞེན་ནི། བོད་མི་ས་ཡ་དྲུག་ལ་དགའ་ཞེན་ལས་ལྡབ་བརྒྱ་འགྱུར་གྱི་དགའ་ཞེན་བླ་ན་མེད་པ་ཞིག་འདུག་ན། ངས་ཁྱོད་ཏང་གིས་ནུ་ཞོས་གསོས་པའི་ཏང་ཕྲུག་རྣལ་མ་ཞིག་ཡིན་པ་ར་སྤྲོད་གསལ་པོ་བྱུང་སོང་བས། ད་ནས་བཟུངས་ཁྱོད་ཏང་ཕྲུག་ངོ་མ་ཡིན་པའི་ངོས་འཛིན་མ་གཏོགས་མཐོ་སྒང་གི་བཙན་པོའི་གདུང་བརྒྱུད། ཡང་ན་གདུང་བརྒྱུད་སྤྲེལ་རྒན་བྱང་སེམས་དང་ཁྲག་རྒྱུན་བྲག་སྲིན་ཡིན་པ་ངས་ནམ་ཡང་ངོས་ལེན་མེད་ལ། ནམ་ཡང་བོད་མི་རིགས་ཀྱི་སྲོག་རྩ་གཅོད་མཁན་གྱི་རྒྱ་འདྲེ་ཞིག་ཡིན་པར་ངོས་འཛིན་ཐོག་ནམ་ཡང་ངོ་རྒོལ་མཐའ་གཅིག་ཏུ་ཡོད།
གཞས་སྙན་མོ་ཞིག་བྲིས་འདུག
གླིང་ཚ་ཚེ་བརྟན་རྡོ་རྗེ།། བདག་མེད་ཡུལ་གྱི་བུ་ཡིན།། བདག་མེད་ཕྱུགས་ཀྱི་རྫི་ཡིན།། ཕྱུགས་ལ་དུངས་བའི་བུ་རེད།།
དཔལ་ལྡན་ཨ་མ་ལྡོམ་པོ།། ཨ་མདོའི་ཨ་མའི་ཚབ་ཡིན།། བུ་ལ་བརྩེ་བའི་མ་ཡིན།། བོད་ལ་གཉོར་བའི་ཡུམ་ཡིན།།
ནུ་མོ་ཆུང་ཆུང་ལྷད་མེད།། བོད་ཀྱི་རེ་བའི་ཡུལ་ཡིན།། རུས་པ་ཅན་གྱི་རྒྱུད་རེད།། འཁྲབ་ཏོ་རྣམས་ཀྱི་སྐྱབས་ཡིན།།
གཞོན་ལྷན་སྐབས་འཚོལ་དར་མ།། འཁྲབ་རྩལ་ཆུ་ཡི་རྦ་རླབས།། ག་ས་གང་ལ་འཁྲབ་ནས།། པེད་ཤག་བློ་ཁོག་བཀང་ཡོད།།
དབུ་མ་རང་འགོ་རང་ཐོན།། འགྲོ་འདུག་སྤྱོད་གསུམ་དལ་ཡང།། བཟོད་པའི་གྲུབ་ཐོབ་མེད་ཙང།། བྲག་རྡོས་ཀླད་པར་གཞུས་སོང།།
རྒྱ་འབངས་བོད་འབངས་རླུང་རེད།། དྲ་འབུ་ཁ་ནག་མེ་རེད།། ག་བ་ཁྲིད་ཁྲིད་འདུག་པས།། བལྟས་ན་གད་མོ་རང་ཤོར།། བསམས་ན་སྙིང་རྗེ་སྐྱེ་བ།།
ཚོགས་གཙོ་སྐྱག་ངོ་དྲང་བ།། བེད་སྤྱོད་ཆོག་ཆོག་འདུག་པ།། རྐུབ་སྟེགས་བརྟན་པོར་སྲུང་ན།། དེ་ལ་དོ་ཟླ་མི་འདུག།
ཁམས་རྫུན་བང་ཚུལ་ཐོན་སྟེ།། དྲི་བར་ལན་འདེབས་བྱས་འདུག བཤད་པའི་གཏམ་དེ་ཐུང་བ།། བསམ་རྒྱུའི་དོན་ཞིག་དབེན་པ།།
སྒེར་གྱི་བསམ་ཚུལ་གསུངས་འདུག ཚོར་བ་དམར་བརྗོད་གནང་འདུག རྒྱབ་ཀྱི་དོན་དག་མེད་པས།། བཀྲ་ཤིས་རྒྱ་མཚོ་དྲན་སོང།།
སྐད་ཆ་འདི་སྙིང་རྗེ་བོ་འདུག་གེ
1 “ང་ཚོས་བོད་རང་བཙན་ཐོབ་རྗེས་ཀྱི་རྒྱལ་ཁབ་འཛུགས་སྐྲུན་ཆེད་མ་དངུལ་ཞལ་འདེབས་བསྡུ་རྒྱུ་ཡིན”ཞེས་བྱིས་པའི་གཉིད་གཏམ་འདྲ་བའི་སྐད་ཆ་འདི་ཤོད་མཁན་དོན་གྲུབ་ལྷ་དར་རེད།
2 “སྐལ་ལྡན་བློ་གྲོས་ཀྱི་བྱེད་ཕྱོགས་དང་བརྡ་ལན་ལ་དཔགས་པའི་ང་ཚོས་གོམ་པ་མདུན་སྐྱོད་ཀྱི་གདོང་ལེན་མཐར་ཕྱིན་པ་བྱ་རྒྱུ་ཡིན”ཞེས་རྒྱ་ནག་དམར་སྲིད་ཀྱི་ཆབ་སྲིད་འུད་སྒྲོག་ལྟ་བའི་ཚིག་སྦྱོར་འདི་སྤེལ་མཁན་དོན་གྲུབ་ལྷ་དར་རེད།
3 “བོད་རང་བཙན་མ་ཐོབ་བར་དུ་རྒྱ་དམར་གཞུང་ལ་མཐའ་གཅིག་ཏུ་ངོ་རྒོལ་དང་། རྒྱ་ནག་གི་རྒྱལ་དར་མེར་བསྲེགས་གཏོང་རྒྱུ་ཡིན” ཞེས་རྒྱ་རིགས་དུང་ཕྱུར་བཅུ་གཅིག་དང་ཕྱེད་ཀའི་སྙིང་བརྩེ་བའི་དཀྲོག་གཏམ་སྤེལ་མཁན་དོན་གྲུབ་ལྷ་དར་རེད།
4 “དགྲ་བོ་རྒྱ་དམར་གྱི་རྒྱལ་དར་འཁྱེར་ནས་འགྲོ་བ་དེ་ནི་བཙན་བྱོལ་བོད་མིའི་མི་ལོ ༥༣ ཀྱི་ལོ་རྒྱུས་ནང་ཐེངས་དང་པོ་ཆགས་ཡོད་པ་མ་ཟད། བཙན་བྱོལ་བོད་མིའི་ལོ་རྒྱུས་ནང་ནག་ཐིག་ཆེན་པོ་ཞིག་བཟོས་ཡོད་པ་རེད” ཞེས་ནང་མི་སྤུ་ཟླ་ཕུང་དཀྲུག་གི་ཆལ་གཏམ་འདི་སྤེལ་མཁན་དོན་གྲུབ་ལྷ་དར་རེད།
ཨེ་ཤ་རང་རླུང་ན་ དབུ ་མའི་ལས་ཁང་གི་དྲུང་ཆེ་ལ་བཅར་འདྲི་བྱས་པ་ཞེས་ལབ་ཀྱི་ནའདུག. དབུ མའི་ལས་ཁང་གི་གསལ་བསྒྲགས་སུ་ཤེས་ཡོན་དང་རིག་གཞུང་འགན་འཛིན་ཞེས་བྲིས་འདུག་པས་དེའི་གོ་གནས་ཐོག་ནས་གསར་འགོད་གསལ་བསྒྲག་གནང་བའི་ཐོབ་ཐང་ཡོད་དམ
གལ་ཏེ་བོད་ལ་རང་སྲིད་རང་སྐྱོང་གི་གནས་བབས་ཆ་ཚང་ཞིག་རེག་པ་ཡིན་ན་བོད་ཀྱི་བཀའ་ཤག་གི་རྩེ་ལ་རྒྱལ་དར་དམར་བོ་ཞིག་བསྒྲེང་རྒྱུ་ཡིན་པ་གཞི་གྲུབ་ཡོད་པས་གླིང་ཚ་ཚང་ལ་རྒྱབ་བསྐྱོར་ཡོད།
དབུ་མའི་ལམ་གྱི་ལས་འགུལ་ཁང་གི་དབུས་རྒྱུན་ཚོར་དེ་བས་ཀྱང་སྐུར་འདེབས་བྱེད་རྒྱུར་ཐེ་ཚོམ་ཅི་ཡང་མེད་པ་རེད། དངོས་གནས་བོད་ཀྱི་བདེན་མཐའ་སྲིད་བྱུས་འདི་ནས་སེལས་དགོས་ན། མི་མང་གི་ལས་འགུལ་ཁང་འདི་ལ་རག་ལས་ཤུགས་ཆེ་ཡོད་པ་གསལ་བོ་རེད་འདུག་ལ། ལས་འགུལ་ཁང་གི་ད་རེའི་གསལ་བསྒྲགས་ཀྱིས་ནུས་པ་ཐོན་འདུག་པས། གྲུབ་འབྲས་འབྱུང་དུས་ཁ་ཅིག་གིས་མ་དགའ་ཕྲག་དོག་གིས་འདྲ་མིན་ལབ་སྲིད་སྟབས། སྐབས་འདིར་ཁྱེད་རྣམ་པས་སྒམ་ཚུགས་དང་དཀྱེལ་ཡངས་ཞེ་དྲག་གནང་དགོས་ཀྱི་རེད། དེ་ཙམ་ཞུ། བསམ་བློ་བཏང་དུས་ཁྱེད་རྣམས་ཀྱི་བྱེད་སྟངས་ཏིལ་འབྲུ་ཙམ་ཡང་ནོར་མི་འདུག གཞོན་ལྷན་གྱིས་ལས་ཀ་སྔོན་ལ་བྱས། བསམ་བློ་རྗེས་སུ་གཏོང་གི་ཡོད་པ་འདྲ་བོ་ཞིག་འདུག གང་ལྟར་ཁྱད་པར་མེད། སོ་སོའི་རང་ཚུགས་བརྟན་བཟུང་གནང་དགོས་པ་རེད། བོད་སྤྱི་བའི་དོན་དག་བཤད་ཀྱི་ཡོད་པ་རེད། བོད་རྒྱལ་ལོ། ཧཧཧཧཧཧཧཧཧཧཧཧཧཧ
དབུ་མའི་ལམ་གྱི་སྲིད་བྱུས་གཞིར་བཟུང་རགས་ང་པོད་ངག་དབང་འཇིགས་མེད་ལ་སྐྱབས་སུ་མཆིའོ། ཀྲུ་ཞི་རགས་སྡིས་ལ་སྐྱབས་སུ་མཆིའོ། ཀྲུ་ཞི་བྱམས་པ་འཕྲིན་ལས་ལ་སྐྱབས་སུ་འཆིའོ། ཀྲུ་ཞི་པདྨ་འཕྲིན་ལས་ལ་སྐྱབས་སུ་འཆིའོ། ཁོང་ཚོས་དབུ་ལམ་ལག་བསྟར་བྱེད་བཞིན་རྒྱ་དར་དམར་པོ་གནམ་ལ་ཕྱར་བ་བཀྲ་ཤིས་བདེ་ལེགས། ཧཧཧཧཧཧཧ། རྡ་སའི་དབུ་མའི་ལས་འགུལ་ཁང་ཟེར་བ་རaaགཡང་ཕུད་གཏོང་བ་རྣམས་དང་ཇག་པ་རྣམས་ལ་ཕྱག་འཚལ་ལོ། དེ་ཚོ་ནི་རྒྱ་གཞུང་དགོས་དོན་སྒྲུབ་མཁན་ཁྱད་པར་ཅི་ཡང་མེད་པས་། རྒྱ་ཡི་དཔོན་པོ་བོད་རིགས་དེ་ཚོ་དེ་ཚོ་དང་། འོག་གི་དབུ་མའི་ལམ་གྱི་ལས་འགུལ་ཁང་ཟེར་བ་དེ་གཉིས་གཅིག་པ་ཡིན་པའི་ཡག་སྡུག་བཟང་ངན་ཁྱད་པར་ཏིལ་འབྲུ་ཙམ་ཞིག་མཐོང་རྒྱུ་མི་འདུག འོན་ཀྱང་སྡོད་གནས་གཅིག་ཤོས་རྡ་ས་དང་། གཅིག་ཤོས་བོད་ུད་རེད་འདུག དྲ་གྲོགས་ཚོ་གཅིག་གཟིགས་དང་། ཧཧཧཧཧཧཧཧཧཧཧཧཧཧ།
གླིང་ཚ་མ་བུ་གསུམ་གྱི་བློས་གཏོང་དང་ཆོད་སེམས་ལ་གུས་བཀུར་འགྱུར་བ་མེད་པ་ཡོད། གཞོན་ནུས་ལང་ཕྱོགས་དང་མཐུན་པའི་གསལ་བསྒྲགས་ལའང་བསམ་ཚུལ་གང་ཡང་མེད། འོན་ཀྱང་མི་སྣ་ངན་དགུ་འཛོམས་པའི་དབུ་མའི་ལམ་ལས་འགུལ་ཁང་ཟེར་བ་འདིས་གླིང་ཚ་མ་བུ་གསུམ་གྱི་བློས་གཏོང་གི་ཞབས་རྗེས་ནག་བསུབ་གཏོང་བཞིན་འདུག་པས་ཁྱེད་ཅག་ལྷག་བསམ་རྣམ་དག་གིས་རྒྱབ་སྐྱོར་ཡིན་ན་བྱེད་སྟངས་ཤེས་པ་གནང་རོགས། བསམ་བཞིན་དུ་ནག་བསུབ་གཏོང་བཞིན་ཡོད་ན་ཅི་བྱ་གཏོལ་མེད་རེད། གང་ལྟར་ཁྱོད་ཚོས་དབུ་མའི་ལམ་གྱི་གཟེངས་རྟགས་དེ་དག་རྒྱ་ནག་གི་དཔོན་རིགས་མཐོ་གྲས་ཁག་ལེན་མཁན་ཡོང་བའི་རེ་བ་མེད་ཀྱང་བསྔོས་མ་ཐུབ་པ་དེ་ཁྱེད་ཅག་གི་ཕམ་ཁ་རེད། གཞན་ཁྱེད་ཅག་ད་ལྟའི་ཆར་གུང་ཁྲན་ཏང་ཡོན་དངོས་སུ་གྱུར་ཟིན་པ་རེད། འོན་ཀྱང་དུས་ཚོད་ཅུང་ཟད་སྔ་ཕྱི་ཙམ་ལས་འགྱུར་རྒྱུ་ཉག་གཅིག་རེད། བསྟོད་མ་ཤེས་པས་བསྟོད་པ་ལས་སྨད་མ་ཤེས་པས་སྨོད་པ་དགའ་ཟེར་བའི་གནའ་གཏམ་དེར་བདེན་ཁ་མི་སྟེར་ཐབས་མེད་བྱུང་། ཇི་འདྲའི་སྐྱུག་བྲོ་བའི་བསྒྲགས་གཏམ་འདིས་ཚེ་རྡོར་མ་བུ་གསུམ་གྱི་ལས་འགུལ་ལ་རྒྱབ་སྐྱོར་མཚོན་ཐུབ་འདུག་གམ།
གླུ་བ་བློ་བློ་ཁོང་གིས་ “བོད་དར་ཆ་སྒྲེངས་ཤིག་གངས་བུ་ཚོ་” ཞེས་པའི་གཞས ཚིག །
བོད་བཙན་པོའི་གདུང་རྒྱུད་སྐྱོང་བའི་ཕྱིར། །རྒྱ་དམར་པོའི་དཔུང་ལ་རྒོལ་བའི་སླད། །དོན་བདེན་པ་དབུ་མའི་ལམ་ཁ་ནས། །བོད་དར་ཆ་སྒྲེངས་ཤིག་གངས་བུ་ཚོ། །གངས་དཀར་པོའི་ལ་རྒྱ་སྐྱོང་པའི་ཕྱིར། །བོད་རང་བཙན་གཙང་མ་ཐོབ་པའི་སླད། །དོན་གནས་ལུགས་དུ་མའི་རྒྱབ་ལྗོངས་ནས། །བོད་དར་ཆ་སྒྲེངས་ཤིག་གངས་བུ་ཚོ། །སྐྱབས་རྒྱལ་བ་བོད་ལ་ཕེབས་པའི་ཕྱིར། །བོད་གཞིས་བྱེས་ལྷན་འཛོམས་ཡོང་བའི་སླད། །སྲོག་དམར་པོར་བསྡེབས་པའི་ཉག་ཁ་ནས། །བོད་དར་ཆ་སྒྲེངས་ཤིག་གངས་བུ་ཚོ། །སེང་གངས་རིས་བརྒྱན་པའི་དར་ཆ་འདི། །བོད་མི་རིགས་འདི་ཡི་རྒྱལ་དར་ཡིན། །བོད་སྔོན་གཤེགས་དཔའ་བོའི་དགྲ་ལན་དུ། །བོད་དར་ཆ་སྒྲེངས་ཤིག་གངས་བུ་ཚོ།
གླིང་ཚ་ཚེ་བརྟན་རྡོ་རྗེ།། བདག་མེད་ཡུལ་གྱི་བུ་ཡིན།། བདག་མེད་ཕྱུགས་ཀྱི་རྫི་ཡིན།། ཕྱུགས་ལ་དུངས་བའི་བུ་རེད།།
དཔལ་ལྡན་ཨ་མ་ལྡོམ་པོ།། ཨ་མདོའི་ཨ་མའི་ཚབ་ཡིན།། བུ་ལ་བརྩེ་བའི་མ་ཡིན།། བོད་ལ་གཉོར་བའི་ཡུམ་ཡིན།།
ནུ་མོ་ཆུང་ཆུང་ལྷད་མེད།། བོད་ཀྱི་རེ་བའི་ཡུལ་ཡིན།། རུས་པ་ཅན་གྱི་རྒྱུད་རེད།། འཁྲབ་ཏོ་རྣམས་ཀྱི་སྐྱབས་ཡིན།།
གཞོན་ལྷན་སྐབས་འཚོལ་དར་མ།། འཁྲབ་རྩལ་ཆུ་ཡི་རྦ་རླབས།། ག་ས་གང་ལ་འཁྲབ་ནས།། པེད་ཤག་བློ་ཁོག་བཀང་ཡོད།།
དབུ་མ་རང་འགོ་རང་ཐོན།། འགྲོ་འདུག་སྤྱོད་གསུམ་དལ་ཡང།། བཟོད་པའི་གྲུབ་ཐོབ་མེད་ཙང།། བྲག་རྡོས་ཀླད་པར་གཞུས་སོང།།
རྒྱ་འབངས་བོད་འབངས་རླུང་རེད།། དྲ་འབུ་ཁ་ནག་མེ་རེད།། ག་བ་ཁྲིད་ཁྲིད་འདུག་པས།། བལྟས་ན་གད་མོ་རང་ཤོར།། བསམས་ན་སྙིང་རྗེ་སྐྱེ་བ།།
ཚོགས་གཙོ་སྐྱག་ངོ་དྲང་བ།། བེད་སྤྱོད་ཆོག་ཆོག་འདུག་པ།། རྐུབ་སྟེགས་བརྟན་པོར་སྲུང་ན།། དེ་ལ་དོ་ཟླ་མི་འདུག།
ཁམས་རྫུན་བང་ཚུལ་ཐོན་སྟེ།། དྲི་བར་ལན་འདེབས་བྱས་འདུག བཤད་པའི་གཏམ་དེ་ཐུང་བ།། བསམ་རྒྱུའི་དོན་ཞིག་དབེན་པ།།
སྒེར་གྱི་བསམ་ཚུལ་གསུངས་འདུག ཚོར་བ་དམར་བརྗོད་གནང་འདུག རྒྱབ་ཀྱི་དོན་དག་མེད་པས།། བཀྲ་ཤིས་རྒྱ་མཚོ་དྲན་སོང།།
བཀྲ་ཤིས་རྒྱ་མཚོ་མི་འདུག སྐལ་བཟང་རྒྱ་མཚོ་མ་ཁོམས། ཚོགས་གཙོའི་སྐྱག་ཁའི་ནང་ན།། སྐྱག་དྲི་མ་གཏོགས་མི་འདུག
སྐར་མ་ལྔ་ཡི་དར་དམར། བདག་པོ་ཡོད་པའི་དར་རྟགས། རྒྱལ་ཁབ་ཡིན་པའི་མཚོན་རྟགས། ཀུན་གྱིས་ཤེས་པའི་རྒྱལ་དར།།
བོད་དར་སེང་གེ་ཁ་སྤྲོད། དམག་དར་ཡིན་ཚུལ་གོ་ཡང། རྒྱལ་དར་ཡིན་ཚུལ་མ་རྙེད། གངས་ལྗོངས་མཚོན་ན་དགའ་སོང།།
སེང་དམར་མཉམ་འཕྱར་བྱས་ན།། འཛམ་གླིང་དོ་སྣང་ལོས་འདྲེན།། རྒྱ་མིའི་བརྩེ་བ་ལོས་སྤྲོད།། ཧུའུ་ཅིན་ཐའོ་ཡང་ལོས་དགའ།། དམར་ཤོག་ཚོགས་པའི་གྲོས་རྭར།། འགལ་བའི་གྲོས་གཞི་འབྱུང་ངེས།། བོད་ལ་ཉེ་བའི་དམར་དཔོན།། ཅུང་ཙམ་སྐད་མགོ་ལོས་མཐོ།། བོད་ལ་སྡང་བའི་དཔོན་ངན།། ཅི་བྱེད་འདི་བྱེད་མེད་དོ།།
བོད་དོན་འཐབ་རྩོད་པ་ཀུན་རྣམ་པར་རྒྱལ་གྱུར་ཅིག། བདེན་པ་ཉིན་རྒྱལ་གྱུར་ཅིག། བོད་རྒྱལ་གྱུར་ཅིག།
ད་དུང་བོད་ནང་བོད་མིས་རྒྱ་ཡི་དར་དང་། བོད་དར་འཁུར་ནས་ཞི་འབོད་བྱས་ཚེ་ཧ་ཅང་འཛམ་གླིང་ནང་ཁྱབ་སྤེལ་ཆེན་པོ་ཆགས་ཀྱི་ཡོད་ལ་དེ་ནི་ཀུན་གྱི་ཕྲལ་དུ་ངོས་ཟིན་པ་ཡོང་གི་རེད། གང་ལ་ཟེར་ན་རྒྱ་ཡི་དར་ད་ལྟའི་གནས་སྐབས་སུ་འཛམ་གླིང་ཚང་མས་ངོ་ཤེས་པ་དང་ བོད་ཀྱི་རྒྱ་དར་དོ་སྣང་ཞན་ཆ་ཧ་ཅང་ཆེན་པོ་རེད། དེ་མིན་བོད་མི་ཞིག་གི ་འདི་མཉམ་འཁུར་གྱི་ཞི་འབོད་བྱས་ཚེ་སྐབས་དེར་འཛམ་གླིང་གསར་ལམ་སླེབས་སྐབས་རྒྱ་མི་ཧ་ཅང་ཁེ་རྐྱང་པོ་ཆགས་ཀྱི་རེད་ གང་ལ་ཞེས་ན་ རང་གི་མི་སེར་ལ་དྲག་གནོན་བྱེད་པ་མཐོང་བ་མ་ཟད་ཁ་བྲལ་རིང་ལུགས་པ་ཞེས་པའི་དབྱེན་འབྱེད་དེ་དཀའ་བའི་གནས་སུ་འགྱུར་བ་རེད། ད་ལྟ་བོད་དར་གཅིག་པུ་འཁུར་བ་བརྟེན་མང་པོ་ཞིག་གི་ང་ཚོས་ཁ་ནས་ལབ་པ་དང་། དོན་དངོས་གཉིས་གཅིག་མཚུངས་མ་རེད་བསམ་གྱི་ཡོད་རེད། ད་ག་ནང་བཞིན་རྒྱ་རིགས་མང་ཚོགས་རྣམས་བདེན་པའི་བརྒྱབ་ལང་བྱེད་ཐབས་ཀྱི་རིག་ལམ་གསར་པ་ཞིག་ཡོང་གི་རེད། གལ་ཏེ་ང་ཚོ་བོད་དོན་རྩོད་པ་ན་རྒྱ་རིགས་མང་ཚོགས་ཀྱི་བརྒྱབ་སྐྱོར་དགོས་རྒྱུ་ཤིན་ཏུ་ནས་གལ་ཆེན་པོ་རེད། རྒྱ་ནག་མང་གཙོ་ཆགས་ཚེ་བོད་དོན་བདུན་གཅིག་ནང་སྒྲུབ་ཀྱི་ཡོད་ཞེས་༧ གོང་ས་མཆོག་གིས་གསུངས་ཡོད། འདི་རྣམས་ཧ་ཅང་གི་གོ་བ་ཆེན་པོ་ཡོད་རེད། དར་གཉིས་མཉམ་འཁུར་གྱིས་མི་གཅིག་ལ་བརྡུང་བརྡེགས་གཏང་བ་མཐོང་ཚེ་རང་གི་མི་ལ་རང་གི་དྲགས་གནོན་བྱེད་པ་གསལ་པོ་ཆགས་པ་རེད། གླིང་ཚ་མ་བུ་གསུམ་རྣམ་པར་རྒྱལ་གྱུར་ཅིག།།
ང་ལ་དོན་དག་མང་པོ་ཞིག་གྲོས་བྱ་རྒྱུ་འདུག ཡིན་ཡང་། དྲ་ཐོག་འདི་ན་སེམས་བསམ་པའི་གཏིང་ནས་ཉན་མཁན་ཞིག་ཡོད་་་་་ན་་་་མེད་་་་ན། གལ་སྲིད་ཡོད་ན་་་་་དེའི་ཚོད་ཀྱིས་སེམས་ན་གྲ་སྒྲིག་རེ་དགོས་པ་རེད། ང་ཚོས་དར་ཆ་དེའི་ཤུགས་རྐྱེན་ངོ་མ་རེ་གླེང་ཆོག་ག །
ཁུག་རྟ་ལགས་ཀྱི་རྒྱབ་ཀྱི་རྒྱག་ཡིག་དེ་གཉིས་ཡག་པོ་བྲིས་འདུག། འོན་ཀྱང་མ་ཚང་བར་ཞིག་ལ་སྐར་ལྔ་དར་གམར་དང་རྒྱ་གཞུང་གི་གཙོ་འཛིན་ཚོའི་འདྲ་པར་རེ་མེད་པ་དེ་བློ་ཕམ་ཡོད།་དེང་སང་བོད་ལ་ཡང་དགོན་པ་ཁག་གཙོ་བྱེད་པའི་མི་ཚང་སྒེར་གྱི་མཆོད་གཤམ་ནང་དུ་ཡང་རྒྱ་གཙོ་འཛིན་ཚོའི་འདྲ་པར་རེ་བཞག་བཅུག་གི་ཡོད་པས་ཁྱོད་ཚོས་རྗེས་སུ་མ་བརྗེད་པ་གནོང་རོགས།
ད་དུང་རྒྱ་གཙོ་འཛིན་ཚོས་ནམ་རྒྱན་བོད་གཞོན་ནུ་ཚོགས་པ་ལ་དྲག་སྤྱོད་པ་འབོད་བཞིན་པའི་ཚིག་དེ་ཁྱོད་ཚོས་ཤུགས་རྟེན་བྱས་པ་ལས་དངོས་སུ་བཤད་ན་དེ་ལས་སྙིང་སྟོབས་ཆེ་བ་ལ་ཨང་། གང་ལྟར་བཙན་བྱོལ་ནང་དུ་ཁྱོད་ཚོ་ལས་སྙིང་སྟོབས་ཆེ་བ་ཞིག་དང་ཁྱོད་ཚོ་ལས་སེམས་ཤུགས་ཆེ་བ་ཞིག་མ་བྱུང་བས་སྙིང་ཐག་པ་ནས་ཐུགས་ཆེ་ཞུ་རྒྱུ་དང་མ་འོངས་བཀའ་ཤག་དང་སྤྱི་འཐུས་།་བོད་ཀྱི་ཁྲིམས་ཞིབ་ཁང་སོགས་ཀྱི་ཁང་པའི་ཡོངས་རྩེ་རུ་སྐར་ལྔ་དར་དམར་སྒྲིང་རྒྱུ་དང་ནང་དུ་རྒྱ་གཙོ་འཛིན་ཚོའི་འདྲ་པར་འཇོག་པའི་རེ་བ་དང་ལྷག་པར་དུ་སྐུ་སྒེར་ཁང་ཐོག་ཏུ་འཛུག་རྒྱུ་མ་བརྗེད་པ་བྱོས་དེ་ནི་མི་སྒེར་ཞིག་ཡིན་པའི་རྒྱ་གཞུང་གི་བཀའ་དང་འགལ་ཡོང་། མ་ཟད་ཁྱོད་ཚོའི་དབུ་མའི་ལམ་དང་ཡང་མ་མཐུན་ཆགས་ཡོང་།
༡ གཞོན་ལྷན་གྱིས་༧གོང་ས་མཆོག་གི་དགོངས་གཞི་ནང་བཞིན། འཚེ་མེད་ཞི་བའི་ལམ་ནས་བོད་རང་བཙན་སྒྲུབ་སྟངས་གཞོན་ལྷན་དབུས་རྒྱུན་གོང་མ་ལྟར་ཡོང་གི་ཡོད་དམ།
༢ བོད་ཀྱི་གཞོན་ནུ་ལྷན་ཚོགས་འཛུགས་དགོས་དོན་ག་རེད་དམ། དེ་ནི་༧གོང་ས་མཆོག་དང་རང་གཞུང་ལ་དབུ་འོག་དཔུང་འདེགས་ཆེད་བཙུགས་པ། སྐབས་དེའི་ཟམ་གདོང་རིན་པོ་ཆེ་དང། རྒྱ་རི་རིན་པོ་ཆེ། རྗེ་བཙུན་པད་མ་སོགས་ལ་བཀའ་འདྲི་གནང་ན་གསལ་བོ་རེད།
༣ ད་ལྟའི་གཞོན་ནུའི་བྱ་ཕྱོགས་ལ་ཁོང་རྣམས་པ་དབུ་གཡུག་ནས་ཧང་སང་གི་ཡོད་པ་རེད།
༤ སློབ་དཔོན་ཟམ་གདོང་རིན་པོ་ཆེས་ཁོང་ཚོའི་བྱེད་ཕྱོགས་འགོ་འཚོས་ཀྱི་མི་འདུག དོལ་རྒྱལ་དང་རྒྱ་མིའི་ག་རེ་བྱེད་ཀྱི་ཡོད་པ་གསལ་བོ་རེད་ཅེས་གསུངས་ཡོད་པ་རེད།
༥ ད་དུང་མང རིམ་པར་སླེབས་ཆོག
འཛམ་གླིང་ནང་ཆེས་སྡུག་རྩུབ་ཆེ་བའི་སྲིད་དབང་གཅིག་སྡུད་ཀྱི་རྒྱ་ནག་དམར་ཤོག་འདིའི་རྩ་འཛུགས་ཁ་ཐོར་དུ་མ་ཕྱིན་པར་བོད་རིགས་གཙོས་པའི་གྲངས་ཉུང་མི་རིགས་ ༥༦ དག་ལ་རང་དབང་ཞིག་ནམ་ཡང་ཐོབ་ཐབས་མེད།
ཁྱེད་ཚོས་བསམ་བློ་ཞིག་གཏོང་དང་། དམར་ཤོག་གི་དར་དམར་འདི་ཇི་སྲིད་རྩ་མེད་དུ་མ་སོང་བར་དེ་སྲིད་དུ་བོད་ལ་རང་བཙན་དང་། རང་སྐྱོང་ཕར་ཞོག ཐ་ན་རི་ཆུང་ཞིག་སྤྲོད་རོགས་ཞེས་འབོད་བསྐུལ་བྱས་ནའང་ནམ་ཡང་ཡོང་ཐབས་མེད།
ཏང་གི་རྩ་ཁྲིམས་དང་། རྩ་འཛུགས། ཏང་དར་དམར་པོ། ཏང་གི་འགོ་འཁྲིད་བཅས་ལ་དགའ་ཞེན་ཇི་ཙམ་བྱས་མིན་ལ་མ་ལྟོས་པར་ནམ་ཡང་བོད་རིགས་ཚོར་དོན་དམ་ཞི་རང་སྐྱོང་དང་། རང་དབང་འཐོབ་ཐབས་རྩ་བ་ནས་མེད་པའི་གནས་གནས་དེ་ཤེས་དགོས་པ་རེད།
དར་དམར་མེར་བསྲེགས་གཏོང་བའི་གནད་དོན་དེ་ནི་རྒྱ་ནག་མི་རིགས་ལ་མཐོང་ཆུང་དང་དམའ་འབེབས་བྱས་པ་་ཞིག་མ་ཡིན་པར་དེ་ནི་ཐད་ཀར་ཏང་གི་དམར་ཤོག་རྩ་འཛུགས་དེར་མདུང་རྩེ་གཏད་དེ་རྩ་མེད་དུ་གཏོང་དགོས་པའི་རྩ་དོན་ཞིག་རེད།
ཏང་དར་འཁྱེར་བ་དང་། དར་དམར་ཡར་བསྒྲེངས་འཛུགས་བྱེད་པའི་མཚོན་དེ་ཏང་ཤོག་རྩ་འཛུགས་དེར་རྒྱལ་ཁའི་ངང་ཁྲི་ལོར་བརྟན་པའི་རྩ་དོན་ཞིག་མཚོན་གྱིན་ཡོད།
ཆབ་སྲིད་ཟེར་བའི་གནད་དོན་དེ་གང་འདྲ་ཞིག་ཡིན་མིན་དེ་ངེས་པར་ཤེས་ཐུབ་པ་བྱེད་དགོས། བོད་དང་བོད་རིགས་ལ་དགའ་ཞེན་ཡོད་པ་ཙམ་གྱིས་མི་འགྲིག་པར་ཆབ་སྲིད་ཀྱི་ངོ་བོ་གང་ཡིན་པ་དེའི་གནད་འགག་ཤེས་རྟོགས་ཐུབ་པ་བྱེད་དགོས།
གླིང་ཚ་མ་བུ་གསུམ་གྱི་སྙིང་སྟོབས་ལ་བསྟོད་བསྔགས་བྱེད་འོས་པ་ཞིག་ཡིན་ཀྱང་ཆབ་སྲིད་ཀྱི་ལམ་ཕྱོགས་དང་ཐབས་ཇུས་ཀྱི་རང་བཞིན་ལ་ཡིག་རྨོངས་ཅན་གྱི་མི་དམངས་ཕལ་པ་ཞིག་ལས་ཀྱང་ཐབས་སྐྱོ་བའི་བྱ་སྤྱོད་ཅིག་མངོན་པ་དེ་རེད།
༡ རྒྱ་ནག་གི་རྒྱལ་དར་མེར་བསྲེགས་ཏེ་རྒྱ་རིགས་ས་ཡ་མང་པོར་ཕོག་ཐུག་བཏང་བས་འགན་གཞོན་ལྷན་གྱིས་ཁྱེར་ཐུབ་ཀྱི་ཡོད་དམ།
༢ བོད་རང་བཙན་རྩོད་སྟངས་ཐད་དེ་སྔའི་དགའ་ལྡན་ཕོ་བྲང་གི་ལོ་རྒྱུས་དང་། རྒྱལ་སྤྱིའི་རྒྱབ་སྐྱོར་གྲོས་ཆོད་སྔ་ཕྱི་ཁག རྒྱལ་སྤྱིའི་ཁྲིམས་དོན་མཁས་པའི་བོད་ཀྱི་ལོ་རྒྱུས་བཞེད་ཕྱོགས་བཅས་ལས་རྣམ་པར་རྒྱལ་བའི་ལོ་རྒྱུས་ཀྱི་ཆ་ནས་རྒྱུ་ཆ་འདང་ངེས་ཀྱི་སྤོབས་པ་ག་རེ་ཡོད་དམ།
༣ ད་ལྟའི་བོད་ནང་གོས་ཆེན་སྣུམ་བསྲེས་ཀྱི་མི་སེར་སྤེལ་བའི་སྲིད་བྱུས་དང་དེའི་མཇུག་འབྲས་བཅས་ལ་གཞོན་ནུ་ལྷན་ཚོགས་ལ་འཕྲལ་ཕུགས་གཉིས་ཀྱི་འགོག་ཐབས་ཐབས་ཤེས་གང་དག་ཡོད་དམ།
༤ བོད་ཀྱི་ཆོས་རིག་སྲུང་སྐྱོབ་དང་༧རྒྱལ་བ་རིན་པོ་ཆེ་བོད་དུ་གདན་འདྲེན་ཞུ་རྒྱུའི་ཐད་གཞོན་ནུ་ལྷན་ཚོགས་ལ་ལས་འཆར་དང་ཐབས་ལམ་དམིགས་བསལ་བ་གང་དག་ཡོད་དམ།
༥ ཁྱེད་ཚོས་དོན་དངོས་རང་བཙན་རྩོད་ཀྱི་ཡོད་དམ། བོད་གཞུང་དང་༧གོང་ས་མཆོག་གི་དགོངས་གཞི་དབུ་མའི་ལམ་དེ་ཉིད་ལ་ཞིབ་འཇུག་མ་བྱས་པར་མཐའ་གཅིག་ཏུ་དགག་པ་དང་དེའི་མདུན་བསྐྱོད་ལ་གཏོར་བརླག་གཏོང་གི་ཡོད་དམ།
༦ རྒྱ་ནག་གཞུང་གིས་གཞོན་ནུ་ལྷན་ཚོགས་ཀྱི་ཁ་ཕྲལ་དང་དྲག་སྐུལ་བྱ་བའི་རྣམ་འགྱུར་ཐོན་བཞིན་པ་རྒྱལ་སྤྱིའི་སྤྱི་ཚོགས་སུ་གསལ་བསྒྲགས་བྱེད་བཞིན་པར་ཁ་གཏད་ཀྱི་བདེན་དོན་གང་དག་ཡོད་དམ།
༧ གཞོན་ལྷན་གྱིས་ཐབས་ལམ་དང་དངོས་ཡོད་གནས་ཚུལ་དང་མི་བསྟུན་པའི་ཆབ་སྲིད་ཀྱི་བསྒྲགས་གཏམ་དང་ལས་འཆར་མང་པོ་རྩོམ་བཞིན་པས། བོད་ནང་གི་ད་ལྟའི་གནས་བབ་ཡག་ཏུ་འགྲོ་རྒྱུར་འགན་ག་ཚོད་ཁྱེར་ཡོད་དམ། གནོད་འཚབ་ཚད་ལས་འདས་པ་བསྐྱལ་བཞིན་པར་ངོས་ལེན་བྱེད་ཕོད་དམ།
༨ བོད་མི་མང་བརྒྱ་ཆའི ༩༠་གོ་གྲངས་ཀྱིས་དབུ་མའི་ལམ་ཡིད་ཆེས་ཀྱིས་རང་སྐྱོང་གི་གནས་བབ་རྩོད་ལེན་བྱེད་བཞིན་པར་འགན་ག་ཚོད་ཁྱེར་ཡོད་དམ། ད་བར་དེ་ལ་གཏོར་བརླག་ཚད་ལས་བརྒལ་བ་བཏང་བར་ངོས་ལེན་བྱེད་ཕོད་དམ།
༩ ༧གོང་ས་མཆོག་གི་རྒྱལ་སྤྱིའི་དངོས་ཡོད་ཆབ་སྲིད་ཀྱི་འགྱུར་འགྲོས་དང་བསྟུན་ནས་རང་སྐྱོང་གི་ལམ་ཁ་ནས་བོད་གཞིས་བྱེས་མཉམ་འཛོམས་འབྱུང་འཆར་དང་། ལྷག་པར་བོད་མི་མང་གིས་ཁོང་གི་སྐུ་ཚེ་འདིར་གཞིས་བྱེས་མཉམ་འཛོམས་བྱུང་བར་འབད་བརྩོན་བྱེད་བཞིན་པར་མཐའ་གཅིག་ཏུ་མི་མཐུན་པའི་ལས་ཀ་བྱེད་དགོས་དོན་ག་རེ་ཡིན་ནམ།
༡༠ དོན་དམ་༧གོང་ས་མཆོག་བོད་དུ་ཕེབས་ཏེ་བོད་མི་མང་དང་ལྷན་འཛོམས། རང་གི་ས་ཐོག་ནས་རང་གི་ཆོས་རིག་སྲུང་སྐྱོབ་ཀྱི་རང་སྐྱོང་ངོ་མའི་གནས་བབ་མི་ཐོབ་རྒྱུའམ། དེ་མི་སྤྲོད་རྒྱུའི་རྒྱ་ནག་གཞུང་ལ་ག་དུས་ཡིན་ནའང་ལག་ཆ་མང་པོ་བེད་སྤྱོད་དུ་འཇུག་དགོས་པའི་རྒྱུ་མཚན་ག་རེ་ཡིན་ནམ།
ཀེ་ཏ་ཀ་ཞེས་པའི་མི་འདི་གི་དྲི་བ་ལ་ཁོང་ཁྲོ་གཏིང་ནས་ལང་དགོས་བྱུང་། འོ་ན་རང་ལུས་མེ་ལ་བསྲེགས་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་འདི་ཚོའི་མཚོན་དོན་ཐལ་བ་ལས་མེད་པར་འགྱུར་བ་ཨེ་ཡིན། ཏང་དར་འཕྱར་བ་དང་བསྲེགས་པ་གཉིས་ཁྱད་པར་གནམ་དང་ས་ལྟ་བུའི་ཁྱད་པར་ཅིའི་ཕྱིར་མེད། བོད་གངས་ཅན་པའི་ཕ་མཁར་གྱི་མདུན་ཐང་དུ་བསྒྲེང་པ་དེ་ཏང་དར་དམར་པོ་རེད། དེ་ནི་ཕ་བསད་བུ་གྱར་མོ་ཡུག་ས་བོད་མི་རིགས་ཁ་དག་ཞབས་རྫོགས་བཏང་ཉན་དེ་མཚོན་པའི་ཏང་དར་རེད། ཕ་ཁང་འཕྲོག་སྤུན་ཟླ་འབུམ་ཕྲག་མང་པོ་དམར་བསད་བཏང་མེ་མདའ་དང་ལག་སྒྱོག་གི་སོ་ཁ་ནས་བཙན་བཀའ་བཏང་། བཙོན་དུ་བཅུག་ནས་རང་ཡུལ་དྲོན་མོ་བཙན་གྱི་འཕྲོག་ཉན་དེ་ཏང་རེད། དགོན་སྡེ་བཤིག་སྐུ་གསུང་ཐུགས་རྟེན་འཇིག་རྟེན་སྲིད་ན་དཀོན་པ་ཡོད་ཚད་བསྲེགས་གཏོར་བཏང་ནས་བོད་གཞིས་བྱེས་གཉིས་སུ་ཕྱེ་བ་དེ་ཏང་རེད། ༧གོང་ས་རྒྱལ་བའི་དབང་པོའི་སྐུ་དབང་འཕྲོག་བོད་མི་ས་ཡ་མང་པོ་བསད་བཅད་རྡུང་རྡེག་འཇིག་རྟེན་མི་སྤྱོད་ལས་བརྒལ་བ་ཤ་ཁྲག་གི་གཡོས་པའི་སྒྱུ་ལུས་ཀྱིས་མི་ཐེག་པར་མནར་གཅོད་བཏང་ཉན་དེ་ཏང་རེད། དེ་ཚོ་ཡུན་རིང་པོ་མ་རེད་ལ་དེ་ཚོ་བོད་མི་རིགས་ཀྱི་བརྗེད་མདོག་བྱེད་ཀྱང་བརྗེད་ཀྱི་མ་རེད། ཏང་དར་བསྲེག་ན་ཐལ་བར་མི་འགྱུར་ལ། ཏང་དར་འཕྱར་ན་དེ་བས་བྱས་རྗེས་གཏན་ནས་མེད། མཐའ་གཅིག་ཏུ་ངོ་རྒོལ་ཡོད། ཡོད་པའི་རྒྱུ་མཚན་ནི། ཕ་བསད་ལག་དམར་གྱི་ཤ་ཕ་དང་ནང་མཐུན་པའི་དུས་ཚོད་མེད་ལ། ངོས་དགའ་བྱེད་དགོས་པའི་རྒྱུ་མཚན་གཏན་ནས་མེད། བོད་མི་གཞིས་བྱེས་གཉིས་ཀྱི་ནང་ནས་ཁ་རྒྱལ་ཞན་ལ་དཀྲི་ནས་རང་དབང་ལུང་པའི་ནང་ཤ་ཕའི་ཏང་དར་འཕྱར་ཉན་དེ་གླིང་ཚ་ཁོ་རང་ན་ལས་གཞན་པ་སུ་ཡང་མེད་ཚོད་འདུག འདི་ལ་དུས་ནམ་ཡང་མོས་མཐུན་བྱེད་ཐབས་བྲལ།
ང་ནི་དངོས་གནས་བློ་ཕམས་འདུག་གཞིས་ལུས་བོད་མིས་རེ་བའི་ཡིད་ཆས་ཆུ་ནང་དུ་གཡུག་ཞག་པ་དང་ཆད་ག་རེ་འདུག དེ་འདྲའི་མི་མང་པོས་རྒྱལ་ཁབས་ཀྱི་ཆེད་དུ་བློས་བཏང་གནང་བ་དེ་ནོར་འདུག་ཟེར་བ་དང་ཆད་ག་རེ་འདུག
གསར་འགོད་པས། (ཚེ་བརྟན་རྡོ་རྗེ་ནང་མི་གསུམ་གྱིས་རྒྱ་ནག་རྒྱལ་དར་འཕྱར་བའི་ལས་འགུལ་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་ན། དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་ངོས་ནས་རྒྱ་ནག་རྒྱལ་དར་འཕྱར་བའི་ལས་འགུལ་སོགས་སྤེལ་འཆར་ཡོད་མེད་དྲིས་པར། དབུ་མའི་ལམ་ལས་འགུལ་ཁང་ལ་ད་ཆར་རྒྱ་ནག་རྒྱལ་དར་འཕྱར་རྒྱུའི་འཆར་གཞི་གང་ཡང་མེད་ཀྱང་། རྒྱ་ནག་རྒྱལ་དར་འཕྱར་མཁན་ཚོར་དགག་བྱ་ཡོད་པ་མ་རེད། )
ཅེས་སོགས་མིག་ཡ་གཅིག་མ་གཏོགས་བལྟ་མི་ཤེས་པ་འགས་ལན་འདེབས་ཁུལ་བྱས་འདུག རྒྱའི་དར་འཕྱར་མཁན་ལ་དགག་བྱ་མེད་པ་ཙམ་བཤད་པ་མ་གཏོགས་རྒྱབ་སྐྱོར་ཡོད་ལུགས་ཀྱི་དངོས་ལན་འདེབས་ཕོད་མི་འདུག དངོས་གནས་ཁྱེད་ཚོས་རྒྱབ་སྐྱོར་ཡོད་ན་སོ་སོའི་ངོས་ནས་དར་དམར་བཙུགས་ཏེ་གཞི་ནས་མི་ལ་འགྲེལ་བརྗོད་བྱ་དགོས། དེ་ནས་བོད་པའི་བློ་སེམས་མགུ་མིན་ཧ་གོ་ཡོང་།
ཁོང་གླིང་ཚ་དཔའ་བོ་རྣམས་བལ་ཡུལ་ཉེན་རྟོགསས་བཀག་ཉར་བྱས་ཡོད་པའི་གནས་ཚུལ་ཞིག་དབུས་རྒྱུན་ཚངས་དབྱངས་རྒྱ་མཚོ་ལགས་ཀྱིས་འགྲེལ་བརྗོད་གནང་བཞིན་འདུག་པས་དེ་ལྟར་ན་དབུ་མའི་ལམ་ལས་འགུལ་ཚོགས་པ་སོགས་ནས་ཁ་བཤད་ཙམ་མ་ཡིན་པར་དོན་དངོས་ཐོག་རྒྱབ་སྐྱོར་བྱ་རན་ཆེ། ཁོང་རྣམས་པའི་དར་ཆའི་བང་རིམ་དེ་ལ་ལྟོས་དང་བོད་ཀྱི་རྒྱལ་དར་དེ་འོག་ཏུ་ཞག་འདུག་པས་དེའི་ཐད་འགྲེལ་བཤད་ཅི་ཡོད་དམ།
ཏང་གི་སྐྱག་དོང་ནང་གི་ཀེ་ཏ་ཀ་ཁྱོད་ཉོན་ཅིག།
མཚོན་རྟགས་འཇིགས་སུ་རུང་བ་དང་སྡུག་རྩུབ་རང་བཞིན་ལྡན་པའི་ཏང་དར་དམར་པོ་བསྲེག་པས་འཚེ་བར་འགྱུར་ན། ཏང་དར་དམར་པོ་དེའི་འོག་ནས་བོད་མི་ས་ཡ་ལས་རྒལ་བའི་ཚེ་སྲོག་ཕྲོགས་་པ་མ་ཟད། ཁ་རྗེ་དབང་ཐང་རྒྱུ་ནོར་ལོངས་སྤྱོད་བཅས་པ་བཙན་ཕྲོགས་བྱས་ཡོད་ལ། ད་དུང་ཏང་དར་དམར་པོ་འདི་བོད་ཀྱི་མཐོ་སྒང་གི་རི་ཆུ་གསུམ་གྱི་སྟེང་དུ་བཙུགས་ནས་རང་འབྱུང་ཁམས་ལ་གནོད་འཚེ་ཚད་ལས་རྒལ་བ་བཏང་ཡོད་པ་དེ་འཚེ་བ་མིན་ན་ཅི་རེད། ཞི་བ་དང་འཚེ་བ་དབྱེ་འབྱེད་མི་ཤེས་པ་ནི་ཁྱོད་ཀྱི་སྒོ་ལྔའི་ཤེས་པ་རྣལ་དུ་མ་འཕབས་པའམ། ཡང་ཅིག་མིན་ན་ཏང་གི་སྒོར་མོས་མྱོས་ཚར་བ་ཡིན་རྒྱུ་རེད་པ།
ཚེ་རྡོར་མ་བུ་གསུམ་གྱིས་ཐོག་མར་བོད་བསྐྱོད་ལས་འགུལ་ལ་འགག་བྱ་གང་ཡང་མེད་ལ་བསྔགས་བརྗོད་ཞུས་པ་ཡིན། འོན་ཀྱང་ཁོང་གི་བློ་བུར་དུ་ལམ་བར་ནས་ཏང་དར་དམར་པོ་དམར་ལིང་ལིང་འཕྱར་བ་དེས་བོད་མི་མང་པོ་ཞིག་གི་སེམས་ནང་རྨ་ཁ་ཆེན་པོ་བཟོས་ཡོད་པ་རེད་ལ། ཏང་གིས་བོད་ཐོག་འཛིན་པའི་སྲིད་ཇུས་དང་འཆར་གཞི་ལག་བསྟར་རང་བཞིན་ལྡན་པ་ལ་ངོ་རྒོལ་གནང་གི་མེད་པ་རེད་ལ་ཏང་དང་རྒྱལ་ཁབ་ལ་དགའ་ཞེན་བླ་ན་མེད་པ་ཞིག་མཚོན་འདུག་པས། འཐབ་རྩོད་ལ་ངེས་གཏན་མི་འདུག་པས་དགོས་འདུན་དོན་མཚན་ལྔ་མི་དགོས་བརྒྱ་བཏོན་ན་ཡང་ཡིད་ཆེས་པར་དཀའ་བས་འབྲས་བུ་ཅི་ཞིག་འབྱུང་གི་ཡོད་མེད་སུས་ཀྱང་བཤད་མི་ཐུབ་པ་ཞིག་རེད།
མ་གཞི་ནས་གཞིས་ལུས་དཔའ་བོ་དང་དཔའ་མོ་ཚོས་རང་གི་གཅེས་པར་འཛིན་པའི་ཚེ་སྲོག་ཡང་ཕངས་མེད་ངང་བོད་དང་བོད་མི་རིགས་ཀྱི་བདེན་པའི་འཐབ་རྩོད་དོན་དུ་བཏང་ན་ཡང་འབྲས་བུ་ཆུའི་ནང་རྡོ་འཕངས་བ་ནང་བཞིན་ཅི་ཡང་མ་བྱུང་ན། གླིང་ཚང་གིས་ཏང་དར་དམར་པོ་དབུ་ལ་བཙུགས། ལུས་ལ་གྱོན། ཏང་དར་དམར་པོ་ལ་ཕྱག་དང་མཆོད་པ་འབུལ་གྱིན་འབུལ་གྱིན་ཕེབས་ན་ཡང་ཏང་གིས་འབྲས་བུ་མངོན་འདོད་ཞིག་བསྟེར་རྒྱུ་ནི་གླིང་ཚང་ལ་རྫུ་འཕྲུལ་ཞིག་བཏོན་ནས། ཏང་གི་གཙོ་འཛིན་དང་གུང་ཁྲན་ཏང་ཡོན་ཚང་མ་ས་འཐོབ་ཀྱི་སེམས་དཔའ་དང་སེམས་མར་བསྒྱུར་ན་མ་གཏོག་ཁག་པོ་བྱས་པ་རེད། མཐའ་ན་ས་འཚམས་ལས་རྒལ་ཐུབ་མིན་ཡང་བཤད་ཁག་པོ་རེད། འོན་ཀྱང་སྙིང་སྟོབས་བསྔགས་བརྗོད་ཡོད།
དེ་ནས་རྒྱ་གར་གྱི་གྷན་དྷི་ཇཱིས་རྒྱ་གར་རང་བཙན་ཆེད་དབྱིན་ཇི་ལ་འཐབ་རྩོད་གནང་སྐབས་དབྱིན་ཇིས་འགྲམ་ལྕག་ཞུས་ན་ཡང་ཐུགས་རྗེ་ཆེ་གསུང་གི་ཡོད་ཀྱང་། རང་གི་ཞི་བའི་འཐབ་ཡུལ་དབྱིན་ཇིའི་རྒྱལ་དར་འཕྱར་ནས་འཐབ་རྩོད་གནང་གི་ཡོད་པ་ཞིག་ངས་ནམ་ཡང་གོ་མ་སོང་ཡང་ཁྱོད་ཀྱིས་གོ་ཡོད་རྒྱུ་རེད་པ། དེས་ན་བོད་ཀྱི་གྷན་དྷི་ཇི་ཆུང་ཆུང་གསུང་མཁན་གྱི་རྩོམ་པ་པོ་དེས་གླིང་ཚང་གིས་ཏང་དར་དམར་པོ་མ་འཕྱར་གོང་གི་རྩོམ་ཡིག་རེད་ལ་ད་ལྟ་ཁོང་གིས་ག་རེ་གསུང་གི་ཡོད་མེད་ཤེས་ཁག་པོ་མ་རེད་པས།
ཕྱི་ནང་བོད་རིགས་སུ་ཞིག་གིས་རྒྱ་ནག་དམར་གཞུང་ལ་དགའ་ཞེན་དང་། གུང་ཁྲན་ཏང་ལ་དགའ་ཞེན། ཏང་གི་རྩ་ཁྲིམས་ལ་དགའ་ཞེན། ཏང་གིས་དམར་དམག་ལ་དགའ་ཞེན། ཏང་གི་རྩ་འཛུགས་ལ་དགའ་ཞེན། ཏང་གི་བཀའ་ཁྲིམས་ལ་དགའ་ཞེན། ཏང་དར་དམར་པོ་ལ་དགའ་ཞེན། འགྱུར་བ་མེད་པའི་ཏང་གི་དབུ་འཁྲིད་ལ་དགའ་ཞེན། ཐ་ན་ཏང་གི་འགོ་འཁྲིད་བློ་མཐུན་ཚོའི་སྐྱག་པ་ཚ་པོ་ལའང་སྐྱུགས་བྲོ་མེད་པར་དགའ་དགའ་ཞེན་བཅས་བྱེད་མཁན་མང་ཉུང་ཇི་ཙམ་བྱུང་མིན་ལ་མ་བལྟོས་པར།
བོད་མི་རིགས་ཀྱི་ཆེས་རླབས་ཆེན་བཙན་པོའི་སྙིང་སྟོབས་ཀྱིས་རང་གི་མི་རིགས་ལ་དགའ་ཞེན་དང་། རང་གི་རྒྱལ་ཁབ་ལ་དགའ་ཞེན། རང་གི་མི་དམངས་ལ་དགའ་ཞེན་བཅས་ཀྱི་སྙིང་སྟོབས་དེ་ནམ་ཡང་ཉམས་པ་མེད་པར་གནས་ངེས་ཡིན།
རང་གི་རིགས་ལ་ཞེན་པ་དཀར་པོའི་མདངས།།
རང་བྱུང་སྙིང་གི་དབུས་སུ་གནས་པ་དེ།།
རང་ཡུལ་ཁ་བ་ཅན་གྱི་རྗེ་འབངས་ལ།།
རང་གི་ནུས་པས་སྲི་ཞུ་ཅུང་ཟད་སྒྲུབས།། ཞེས་བོད་སྨད་ཀྱི་བཙན་པོའི་སྙིང་སྟོབས་དང་། བློ་རིག། ལ་རྒྱ་བཅས་ཡོད་པའི་མཁས་དབང་དགེ་ཆོས་ཞལ་ཆེམས་ཤིག་མདོ་སྨད་མི་དམངས་དང་བོད་རིགས་ཡོངས་ལ་བཞག་ཡོད།
དབུ་མའི་ལམ་ནས་གསལ་བསྒྲགས་འདི་སྤེལ་མེད་ནའང། ང་དྲི་བ་ཞིག་ཡོད། གཞོན་ལྷན་གྱིས་དར་ཆ་མེར་སྲེག་བཏང་ཆོག་ན། ཚེ་བརྟན་རྡོ་རྗེས་དར་དམར་འཕྱར་མ་ཆོག་པ་ག་རེ་རེད་དམ།
མིག་ལྡན་སུས་ཀྱང་ཚོད་དཔག་ཐུབ་པ་ཞིག་ནི། དར་ཆ་སྲེག་པར་འབྲས་བུ་ཐལ་བ་ཙམ་ཡང་འབྱུང་རྒྱུ་མེད་པ་གསལ་བོ་རེད། ཚེ་བརྟན་རྡོ་རྗེ་ཞི་བའི་དོན་ཚན་ལྔ་འདི་༧གོང་ས་མཆོག་གི་ཞི་བའི་དོན་ཚན་ལྔ་དང་འདྲ། དོན་ཚན་ལྔ་འདི་ཁོང་གིས་བཏོན་ཅིང་རྩོད་སྐབས་དར་དམར་འཕྱར་བ་ནི་ཐབས་མཁས་དང་ལྡན་པ་རེད། དེ་ལ་འབྲས་བུ་ཐལ་བ་ལས་ལྷག་ཅིག་འབྱུང་ངེས་པ་གསལ་བོ་རེད། གང་ཡིན་ཞེ་ན། གཞོན་ལྷན་ལྟར་ཉིན་ཁ་ཤས་ཆོ་ག་ཕྱག་ལན་སྤེལ་བ་ལྟར་མིན་པར། སྐད་ཆ་རྫིག་པོ་དྲག་པོ་འཚེ་བ་ཅན་རྐྱང་རྐྱང་བཤད་པ་མིན་པར། ཉམས་ཆུང་ཡ་རབས་ཀྱིས་མི་ཚེ་གཅིག་ལ་འཐབ་རྩོད་གནང་བཞིན་པས། འདི་ལ་འབྲས་བུ་དོན་ལྡན་ཡོད་པ་ནི་བཤད་མ་དགོས་པ་ཞིག་རེད་ལ། བོད་ཀྱི་ཡིག་འབྲི་བ་ཞིག་གིས། ཁོང་ལ་བོད་ཀྱི་གན་ངྷེ་ཇི་ཆུང་ཆུང་ཟེར་བའི་རྩོམ་ཡིག་བྲིས་པ་དེའང་དོན་དངོས་འགྱུར་གྱི་རེད།
གླིང་ཚ་ནང་མིས་ལས་འགུལ་དབུ་འཛུགས་སྐབས་རྡ་ས་ནས་རྒྱ་ཡི་རྒྱལ་དར་མ་འཕྱར་བ་ཅི་ཞིག་ཡིན་ནམ་སྐབས་དེ་དུས་དབུ་མའི་ལམ་རྩོད་ཀྱི་མེད་དམ། དངོས་གནས་རྒྱ་ཡི་རྒྱལ་དར་འཕྱར་བ་སྔ་དྲག་པ་་རེད་དབུ་མའི་ལམ་རྩོད་པར་རྒྱ་ཡི་རྒྱལ་དར་འཕྱར་དགོས་ཀྱི་ཡོད་ན་རྒྱ་ཡི་རྒྱལ་གླུ་ཡང་གཏོང་དགོས་པར་ཐལ། དབུ་ལམ་ཁ་ལ་འཁྱེར་ནས་རང་དོན་སྒྲུབ་བཞིན་པ་ནི་དབུ་མའི་ལས་འགུལ་ཁང་སོགས་པའི་བོད་པའི་སྤྱི་ཚོགས་ནང་ཚོགས་པ་དང་སྒེར་པ་མང་དག་ཤིག་ཡོད་པས་དངོས་གནས་བློ་ཕམ་ཡོད།
འགྲིག་ཤག་འགྲིག་ཤག། དམངས་གཙོ་རང་བཞིན་ལྡན་པའི་གཞུང་ཞིག་ཡིན་ན་ཆབ་སྲིད་ཚོགས་པ་དང་སྲིད་དོན་ཤོག་ཁག་ངེས་པར་དུ་དགོས་པ་རེད་ལ་དམངས་གཙོའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་རེད། འོན་ཀྱང་སྒེར་འཁོན་ལྟ་བུའི་ནང་འཁྲུག་རྒྱབ་བསྡད་ན་མཇུག་འབྲས་ག་རེ་ཡོང་གི་རེད་བསམ་བློ་ངེས་པར་དུ་གཏོང་དགོས་པ་རེད།
འོན་ཀྱང་དར་དམར་འཕྱར་བར་རྒྱབ་བསྐྱོར་བྱས་པ་མ་ཟད་ད་དུང་འབོད་བསྐུལ་བྱས་པ་འདིས་བོད་མི་མང་པོའི་སེམས་ཁམས་ལ་རྨ་ཁ་ཆེན་པོ་བཟོས་པ་རེད་ལ་བོད་ནང་ལ་མཚོན་ན་བོད་རང་གི་ལོ་ངོ་སྟོང་ཕྲག་གོང་ནས་བརྒྱུད་ཡོང་བའི་ཁང་པའི་ཡང་སྟེང་གི་མ་ཎི་ཇོ་དར་དང་སྒྲོལ་བསྟོད་དང་རྒྱལ་མཚན་རྩེ་མོའི་དཔུང་རྒྱན་སོགས་ཤིང་དཔར་ལས་གྲུབ་པའི་ཐོག་དར་དེ་བཙན་གྱིས་འཕབ་རུ་བཅུགས་ནས་སྐར་ལྔའི་དར་དམར་བཙན་གྱིས་བསྒྲེང་རུ་འཇུག་གི་ཡོད་པ་རེད། འོན་ཀྱང་འདི་ན་རང་དབང་ལུང་པར་དམར་ལིང་ལིང་འཕྱར་བ་མ་ཟད་འབོད་བསྐུལ་བྱེད་བཞིན་པ་འདི་ཅི་འདྲའི་ཞབས་འདྲེན་མ་རེད་པས།
ཅི་སྟེ་ཁྱོད་དབུ་ལམ་པ་ཚོས་ཡིན་ཅིག་འཕྱར་དགོས་ན་འབྲས་བུ་རང་སྐྱོང་མངོན་འགྱུར་བྱུང་དུས་འཕྱར་ན་ཕྱིས་དྲག་གི་མ་རེད་ལ་ལན་པོ་ཡང་ཡོད་པ་རེད། གང་ལྟར་ཁྱོད་ཚོ་དར་དམར་མགོ་ལ་བཙུགས། དར་དམར་ལུས་ལ་གྱོན། དར་དམར་ལ་མཆོད་པ་ཕུལ། ཤི་ན་ཡང་དར་དམར་རོ་སྒམ་ལ་དཀྲིས་བྱས་ན་ཡང་ཀྲུང་ནན་ཧེའེ་ནས་འབྲས་བུ་རང་སྐྱོང་མི་བསྟེར་བ་ནི་ངས་ཀྱང་ཤེས་ཡོད། ཡིད་མི་ཆེས་ན་མིག་བགྲད་ནས་བལྟོས་ཨ། རྣ་བ་ཀྲོང་ནས་ཉོན་ཨ།
ད་དེ་རེད་བོད་དོན་དུ་རང་ལུས་མེར་སྲག་མཁན་ཚོས་དོན་དག། མི་སུམ་བཅུ་སོ་དྲང་གིས་བློས་བཏང་གི་འབྲས་བུ། དྲང་བོ་དྲང་བཞག་བླ་མ་དཀོན་མཆོག་གིས་བསམ་ལོ་གཏོང་དང་མི་སུམ་བཅུ་སོ་དྲང་ནིང་ལ་རྒྱ་དར་འདིའི་འོག་ལ་འདུག་འདོད་མཁན་ཞིག་ཡོད་རེད་བསམ་གིས་འདུག་པེ། མ་ཟད་བོད་ནང་ལ་རྒྱ་དར་འདི་མེར་སྲག་དང་སྡོག་རྫས་བྱས་སྐྱེན་ལ་རྟེ་ནས་མི་ག་ཚོད་གཙོང་ཁང་ནང་ཡོད་རེད། བསམ་ལོ་ཡག་པོ་ཞིག་གཏོང་ན་ཡག་ས་མ་རེད་པེ།
གང་ལྟར་ཀྱང་དབུ་ལམ་ལས་འགུལ་ཁང་དང་གཞོན་ལྷན་གཉིས་ཀྱི་དམིགས་ཡུལ་ཐ་དད་པ་རེ་ལ་ལམ་ལུགས་མི་འདྲ་བ་གཉིས་བྱུང་བ་ཡིན་པས། སོ་སོའི་ལམ་དང་ལུགས་སྲོལ་ལྟར་ན་འགལ་འདུ་གང་ཡང་མཐོང་གི་མི་འདུག ཡིན་ན་ཡང་། གཅིག་གི་འགལ་ཟླར་གཅིག་ལངས་པ་ལྟར་སྣང་ཡང་གླིང་ཚ་མ་བུ་གསུམ་གྱི་ལས་འགུལ་ལ་གནོད་སྐྱོན་མི་ཐེབས་རྒྱུའི་རེ་བ་ཡོད།
ཧཧཧཧ ངོ་མ་དེང་སང་དུས་བབ་ནང་བསམ་འཆར་མང་པོ་སྤེལ་གྱི་མེད།
དེ་རིང་མདུན་ངོས་ཀྱིས་སྟེང་དུ་(རྒྱ་ནག་རྒྱལ་དར་འཕྱར་མཁན་ཚོར་རྒྱབ་སྐྱོར་གཙང་མ་ཡོད་ཟེར། )ཧབ་ཏེ་ཁ་ལ་མཐོང་མ་ཐག མིག་ཕྱི་ནས་ལྟས་པ་ཡིན་དེ་རྗེས་ཚོར་བ་ལ། ནུབ་ཕྱོགས་ཀྱི་སྲིད་དོན་མཁས་པས་སྲིད་བཙུད་སྟང་དེ་གཡོ་འཇམ་བསླུ་བྲིད་མཁས་པའི་སྒོ་ནས་གཙོ་བོ་ནང་མི་མཐུན་པ་བྱེད་རྒྱུ་ཨབ་གྷང་དང་། ཏ་ལིའི་བན་འདྲ་བོ་བཟོ་གི་ཡོད་རེད། ད་དེ་ཇི་མ་ཇི་བཞིན་དེ་རིང་རྡ་རམ་ས་ལའི་བཙན་བྱོལ་པའི་འཁོར་ཡུག་འདི་ནང་ཏག་ཏག་སླེབ་པའི་ཚོར་བ་བྱུང་། བསམ་བློ་ཡག་པོ་ཐོང་། གྲོགས་པོ་ཚོ་བསམ་བློ་ཡག་པོ་ཐོང། འདང་ཡག་པོ་རྒྱོབ། རང་ཚུག་ཟིན་པ་དགོས་ཀྱི་འདུག དགྲ་བོ་རྒྱ་མི་དམར་པོ་ལ་བསྟོད་དགོས་ཀྱི་མི་འདུག་ལ། སྨད་དགོས་ཀྱི་མི་འདུག ཤ་ཁ་ཁ་གྲི་སོ་སོ་རེད། མེ་དང་ཆུ་གཉིས་མཉམ་དུ་དུས་ནམ་ཡང་གནས་མི་ཐུབ་ལ། ལག་དམར་ལ་སྤྲེལ་ལེགས་བྱས་པ་དང་སྡང་ཟུག་བྱས་པ་གཉིས་ཀ་འདྲ་མཉམ་རེད། དེ་ཚོ་ཡོད་ཚད་བསླུ་བྲིད་དང་སྡང་དམོད་ཁོ་ནའི་བློ་ངན་ལས། དུས་ནམ་ཡང་བདེན་པར་ཡིན་སྙམ་པ་འགྱུར་མི་ཐུབ། བོང་གུ་གི་རྣ་ཅོག་ནང་དུ་གསེར་དང་བྱེ་མ་གཉིས་ཀ་ཁྱད་པར་གཏན་ནས་མེད་པ་བཞིན། ཇག་པ་དང་རྐུ་མས་མི་གསོད་ཀྱི་ལག་དམར་རྣམས་ལ་ངོ་དགའ་བྱེད་དགོས་དོན་ནི་དུས་ནམ་ཡང་རྒྱུ་མཚན་གཏན་ནས་མེད། ངོ་དགའ་དང་སྤྲེལ་ལེགས་ཀྱིས་ཕན་པ་ཡོད་ན་བྱེད་ལོས་དགོས་ཀྱང་། དེ་འདྲས་ཕན་པ་ཡོད་པ་ཞིག་ཁྱོད་ཚོས་ག་འདྲ་བྱེད་ནས་མཐོང་གི་འདུག་པས། སྲིད་ཇུས་སྤེལ་སྟང་དང་མནར་གཅོད་བཏང་སྟང་སོགས་ཀྱི་ཇུས་འབྲས་འདི་ཚོ་མི་མཐོང་བར་འདུག་གམ། ངོ་ཚ་གི་མི་འདུག་གམ། དེ་བས་ང་ཚོ་ནང་དུ་མཐུན་སྒྲིལ་དགོས་ཀྱི་འདུག་ལ། ལང་ཕྱོགས་བརྟན་པོ་དགོས་ཀྱི་འདུག གྲོས་མོལ་མ་བྱས་པ་མ་རེད། མ་འགྲིགས་པ་རེད། ལི་ཚ་བརྡུང་ཐོ་བ་ཕྱེད་གསུམ་དེ་ཙམ་དགོས་ཀྱི་མི་འདུག་ལ། ཚོགས་པ་ཕན་ཚུན་དེ་བས་དགའ་སྡུག་སྤེལ་དགོས་ཀྱི་མི་འདུག མཐུན་སྒྲིལ་ལ་ཤུག་མ་ཉམ། ནང་མ་མཐུན་ན་ལས་ཀ་གང་ཡང་བྱེད་ཐུབ་ཀྱི་མེད་ལ། འདི་འདྲ་ཐལ་ཆེ་བའི་ལས་འགུལ་གཏན་ནས་མ་སྤེལ་རོག ཡང་ཡང་འབོད་བསྐུལ་ཞུ་གི་ཡོད།།།།།།
ར་ལོ་ཟེར་བ་འདིས།
གཞོན་ནུས་དར་དམར་བསྲེགས་པ་དང་བསྲེགས་དོན་ཉི་འཚེ་བ་ཁུངས་མེད་དེའི་སྐོར་ཚིག་གཅིག་མི་འབྲི་དོན་ག་རེ་ཡིན་ནམ། ཧཧཧཧ