གཟའ་མིག་དམར་ཉིན་དབུ་མའི་ལམ་མི་མང་ལས་འགུལ་ཁང་གིས་གསལ་བསྒྲགས་ཤིག་སྤེལ་ཏེ། ཚེ་བརྟན་རྡོ་རྗེ་མ་བུ་གསུམ་གྱིས་རྒྱ་ནག་རྒྱལ་དར་འཕྱར་བར་རྒྱབ་སྐྱོར་གཙང་མ་ཡོད་སྐོར་དང་། བོད་མིའི་སྤྱི་ཚོཊ་ནང་བོད་དང་རྒྱ་ནག་རྒྱལ་དར་མཉམ་འཕྱར་གྱི་ལས་འགུལ་སྤེལ་དགོས་པའི་འབོད་སྐུལ་བཅས་ཞུས་ཡོད།
གླིང་ཚ་ཚེ་བརྟན་རྡོ་རྗེ་མ་བུ་གསུམ་གྱིས་རྒྱ་ནག་རྒྱལ་དར་འཕྱར་ཏེ་གོམ་བགྲོད་གནང་བཞིན་པའི་གནས་སྟངས་ཐད། བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་བཟང་ངན་གྱི་གླེང་སློང་སྣ་ཚོགས་འབྱུང་བཞིན་ཡོད་ལ། གནད་དོན་དེའི་ཐོག་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་ཀྱང་ངོ་རྒོལ་བསྒྲགས་གཏམ་ཤིག་སྤེལ་ཡོད་སྟབས། དེ་རིང་ཕྱི་ཚེས་ ༨ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༡༡ སྟེང་བཞུགས་སྒར་ངྷ་ས་རུ་དབུ་མའི་ལམ་མི་མང་ལས་འགུལ་ཁང་གིས། ཚེ་བརྟན་རྡོ་རྗེ་མ་བུ་གསུམ་གྱི་བློས་གཏོང་ཆེན་པོའི་ལས་འགུལ་ལ་བསྔགས་བརྗོད་དང་འབྲེལ། ཁོང་མ་བུ་གསུམ་གྱིས་རྒྱ་ནག་རྒྱལ་དར་འཕྱར་བཞིན་པའི་བྱེད་སྟངས་ཐོག་དབུ་མའི་ལམ་ལས་འགུལ་ཁང་གི་ལངས་ཕྱོགས་ཅི་ཡིན་གསལ་སྟོན་གནང་སོང་།
གསར་འགོད་ལྷན་ཚོགས་སྟེང་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་ཤེས་ཡོན་དང་རིག་གཞུང་འགན་འཛིན་ཤར་ཕྱོགས་ཁུག་རྟའམ་བློ་བཟང་ཆོས་འབྱོར་ལགས་ཀྱིས་གནས་ཚུལ་སྒྲོག་སྦྱང་གནང་བའི་ནང་འཁོད་དོན། “ དབུ་མའི་ལམ་གྱི་སྲིད་བྱུས་ནི་བོད་མི་རིགས་ཀྱི་འཚོ་གནས་ལ་དམིགས་བསལ་འགན་འཁྲི་དང་ལོ་རྒྱུས་ལྡན་པའི་གཉིས་སྨན་སྲིད་བྱུས་ཤིག་ཡིན་པ་མ་ཟད། འཇིག་རྟེན་ཞི་བདེར་སྨན་པའི་ཐབས་ལམ་ཡང་དག་ཅིག་ཀྱང་ཡིན། བོད་གཞུང་མང་གཉིས་བཙན་བྱོལ་དུ་འབྱོར་རྗེས་ཕྱོགས་ཡོངས་ཀྱི་དངོས་ཡོད་གནས་ཚུལ་ལ་གཟིགས་ཏེ། ༧གོང་ས་མཆོག་གི་རླབས་ཆེན་དབུ་ཁྲིད་འོག་མང་གཙོའི་ལམ་ནས་གཏན་འབེབས་བྱས་པའི་སྲིད་བྱུས་འདི་ཉིད། བོད་མིའི་སྒྲིག་འཛུགས་ཀྱིས་མི་ལོ་བཅུ་ཕྲག་གསུམ་རིང་དམ་འཛིན་གནང་བཞིན་པ་དང་། མི་མང་ནང་སྲིད་བྱུས་འདིའི་རྒྱ་ལས་མ་བརྒལ་བར་བོད་ཀྱི་བདེན་དོན་རྩོད་རྒྱུ་ཁ་ཚ་དགོས་གཏུག་ཆགས་ཡོད་པའི་ཁྲོད། འདི་ལོའི་གསུམ་བཅུའི་དུས་དྲན་ཉིན་མགོ་འཛུགས་གནང་བའི་ཚེ་བརྟན་རྡོ་རྗེ་མ་བུ་གསུམ་གྱི་ངྷ་ས་ནས་བོད་བར་གྱི་ཞི་བའི་གོམ་བགྲོད་ནི་དཔེ་མཚོན་གསལ་ཤོས་ཤིག་ཡིན། ཁོང་མ་བུ་གསུམ་གྱི་མངོན་འདོད་དོན་ཚན་ལྔ་ཐོག་མར་ཁྱབ་བསྒྲགས་གནང་སྐབས། ངེས་ཤེས་རྙེད་པའི་ཁོང་གི་ཆོད་སེམས་ལ་ཤེས་ལྡན་ཀུན་གྱིས་ཡི་རངས་གོང་བཀུར་ཞུས་ཡོད་པ་མ་གཏོགས། གསུམ་བཅུའི་དུས་དྲན་ཉིན་ཁོང་མ་བུ་གསུམ་གྱི་གཡས་གཡོན་དུ་འཚང་ཁ་བརྒྱབ་སྟེ། གསར་འགྱུར་བརྒྱུད་ལམ་སོགས་སུ་མིང་ཙམ་ཐོན་ཐབས་ལ་རྩི་ཤིང་རླུང་ཁྱེར་གྱི་ཟློས་གར་འཁྲབ་རྒྱུ་མ་བྱུང་ ” ཞེས་འཁོད།
གསལ་བསྒྲགས་དེའི་ནང་མུ་མཐུད་འཁོད་དོན། “ གླིང་ཚ་ཚེ་བརྟན་རྡོ་རྗེ་མ་བུ་གསུམ་གྱི་འཐབ་རྩོད་ནི་དུས་ཐུང་ངང་མཇུག་སྒྲིལ་འགྲོ་བ་ཞིག་མིན་ལ། བསམ་སྤྱོད་འཚེ་བ་ཅན་དང་། གློ་བུར་གྱི་ཚོར་བ་དང་མ་འབྲེལ་བས་རྒྱ་གཞུང་ནས་ཀྱང་འགྲེལ་བརྗོད་ལོག་པ་སྤེལ་མེད་པ་མ་ཟད། འཇིག་རྟེན་འདིར་བློ་གཟུ་བོར་གནས་པ་ཀུན་གྱིས་བསྔགས་འོས་ཀྱི་ཞི་བའི་འཐབ་རྩོད་ཅིག་ཡིན་སྟབས། བཙན་བྱོལ་བོད་མིའི་མི་ལོ ༥༣ ཀྱི་བདེན་དོན་འཐབ་རྩོད་ནང་མིག་དཔེར་འོས་པ་དང་འགྲན་ཟླ་མེད་པ། ཆོལ་གསུམ་གཞིས་བྱེས་མི་མང་གི་མངོན་འདོད་སྒྲུབ་པའི་འཐབ་རྩོད་ནང་གསེར་ཡིག་གིས་བྲིས་པའི་ལོ་རྒྱུས་ཤིག་ཀྱང་ཆགས་ཡོད་ ” ཅེས་འཁོད།
མཐའ་མར་གསལ་བསྒྲགས་དེར། “ ཁོང་མ་བུ་གསུམ་གྱིས་རྒྱ་ནག་རྒྱལ་དར་གཅིག་པུ་འཕྱར་བ་མིན་པར། བོད་དང་རྒྱ་གར། བལ་ཡུལ་བཅས་ཀྱི་རྒྱལ་དར་མཉམ་འཕྱར་གྱིས་བོད་ཀྱི་བདེན་དོན་འཐབ་རྩོད་གནང་བ་ནི་དངོས་ཡོད་དང་མཐུན་པ། རྣམ་དཔྱོད་ལྡན་པ། དབུ་མའི་ལམ་གྱི་ནང་དོན་སྒྲུབ་པའི་འཐབ་རྩོད་བྱ་ཕྱོགས་ཤིག་ཡིན། རྒྱ་ནག་གི་རྩ་ཁྲིམས་སྒྲོམ་གཞིའི་འོག་གནས་རྒྱུའི་གྲོས་མོལ་འགྲོ་བཞིན་པ་འདི་དང་། རྒྱ་ནག་རྒྱལ་དར་འཕྱར་སྟེ་ཞི་བའི་འཐབ་རྩོད་གནང་བཞིན་པ་གཉིས་བོད་ལ་མིང་དོན་མཚུངས་པའི་རང་སྐྱོང་འཐོབ་ཆེད་ཡིན་ལ། བོད་ལ་མིང་དོན་མཚུངས་པའི་རང་སྐྱོང་འཐོབ་རྒྱུའི་མངོན་འདོད་ཁ་ཞེ་གཉིས་མེད་ཡིན་པ། བོད་མི་མང་རང་ངོས་ནས་འདི་ལྟའི་ལས་འགུལ་བརྒྱུད་རྒྱ་ནག་དང་། འཛམ་གླིང་མི་མང་ལ་ར་སྤྲོད་བྱ་རྒྱུ་ནི་དབུ་མའི་ལམ་ནས་བོད་ཀྱི་བདེན་མཐའ་སེལ་ཐབས་ལ་སྤེལ་དགོས་པའི་འཐབ་རྩོད་རྩེ་གྲས་ཤིག་ཡིན་སྟབས། ཁོང་མ་བུ་གསུམ་གྱི་རྣམ་དཔྱོད་ལྡན་པའི་འཐབ་རྩོད་ལ་ཡོངས་སུ་རྒྱབ་སྐྱོར་ཞུ་རྒྱུ་ཡིན། བོད་མིའི་འཐབ་རྩོད་ནི་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁ་གཏད་དུ་ལངས་པའམ། རྒྱ་ནག་མི་མང་གི་སེམས་ལ་ཞེ་འཁོན་བསྐྲུན་རྒྱུ་དེ་མིན་པར། རྒྱ་ནག་མགོ་ཁྲིད་མཁྲེགས་འཛིན་ཅན་ཚོས་བོད་ནང་ལག་བསྟར་བྱས་པའི་ནོར་འཁྲུལ་སྲིད་བྱུས་ཀྱི་ཁ་གཏད་དུ་འཚེ་མེད་ཞི་བའི་ལམ་ནས་ལངས་པ་ཞིག་ཡིན། བཙན་བྱོལ་བོད་མི་ཡོངས་ལ་འབོད་སྐུལ་ཞུ་རྒྱུ་ཞིག་ནི། ཚེ་བརྟན་རྡོ་རྗེ་མ་བུ་གསུམ་ལྟར་བོད་མི་དཀྱུས་མ་ཞིག་གིས་བོད་གཞིས་བྱེས་མི་མང་གིས་མངོན་འདོད་རྒྱ་གཞུང་ལ་དངོས་སུ་བརྡ་སྤྲོད་བྱེད་ཆེད། རང་ཉིད་བློས་གཏོང་གནང་བ་འདི་ནི་ཡོངས་སུ་རྒྱབ་སྐྱོར་གྱི་གནས་ཤིག་ཡིན་སྟབས། དབུ་མའི་ལམ་མི་མང་ལས་འགུལ་ཁང་གིས་མུ་མཐུད་རྒྱབ་སྐྱོར་ཞུ་རྒྱུ་ཡིན་ལ། ལས་འགུལ་འདི་ལྟ་བུ་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་འབྱུང་ཐུབ་རྒྱུར་འབོད་སྐུལ་ཞུ་རྒྱུ་ཡིན་ ” ཞེས་འཁོད་འདུག
གསར་འགོད་པས་བློ་བཟང་ཆོས་འབྱོར་ལགས་སུ་དབུ་མའི་མི་མང་ལས་འགུལ་ཁང་གིས། ཚེ་བརྟན་རྡོ་རྗེ་ནང་མི་གསུམ་གྱིས་རྒྱ་ནག་རྒྱལ་དར་འཕྱར་བའི་ལས་འགུལ་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་ན། མ་འོངས་པར་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་ངོས་ནས་རྒྱ་ནག་རྒྱལ་དར་འཕྱར་བའི་ལས་འགུལ་སོགས་སྤེལ་འཆར་ཡོད་མེད་དྲིས་པར། དབུ་མའི་ལམ་ལས་འགུལ་ཁང་ལ་ད་ཆར་རྒྱ་ནག་རྒྱལ་དར་འཕྱར་རྒྱུའི་འཆར་གཞི་གང་ཡང་མེད་ཀྱང་། རྒྱ་ནག་རྒྱལ་དར་འཕྱར་མཁན་ཚོར་དགག་བྱ་ཡོད་པ་མ་རེད། རྒྱ་ནག་གི་རྒྱལ་དར་དམར་པོ་དེའི་འོག་བོད་མིའི་སྲོག་ཤོར་གྱི་ཡོད་ནའང་། ཚུར་ཕྱོགས་ནས་ང་ཚོས་དེའི་ཁ་གཏད་དུ་རྒྱ་ནག་རྒྱལ་དར་མེར་བསྲེགས་བཏང་སྟེ། རྒྱ་ནག་མི་དམངས་ལ་ཞེ་འཁོན་འགྲོ་རྒྱུའི་འཚེ་བའི་ལས་རྩ་བ་ནས་སྤེལ་གྱི་མེད་ཅེས་བརྗོད་སོང་།
ཚེ་རྡོར་མ་བུ་གསུམ་ཉིན་ཤས་རྗེས་རྒྱ་བལ་ས་མཚམས་སུ་འབྱོར་གྱི་ཡོད་སྟབས། གལ་སྲིད་ས་མཚམས་ནས་ཉེན་རྟོག་པས་ཁོང་རྣམས་འཛིན་བཟུང་བཙོན་འཇུག་བྱས་པ་ཡིན་ན། དབུ་མའི་ལམ་ལས་འགུལ་ཁང་གིས་ཁོང་ཚོར་རོགས་རམ་གནང་འཆར་ཡོད་མེད་དྲིས་པར། ཁ་སྔོན་ལས་འགུལ་མགོ་འཛུགས་གནང་སྐབས་ནས་ངྷ་སའི་ཚོགས་སྐྱིད་མཉམ་འབྲེལ་གྱིས་ཉིན་བཅུའི་མཚམས་ནས་མི་རེ་ཆ་བགོས་ཀྱིས་གོམ་བགྲོད་བྱེད་ཀྱི་ཡོད་ལ། ཉིན་ཤས་གོང་ནས་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་འགན་འཛིན་གཞོན་པ་སྤྱི་འཐུས་རྨོག་རུ་བསྟན་པ་ལགས་དང་། མདོ་སྨད་དབུས་རྒྱུན་གྱི་ལས་བྱེད་རྒྱ་མཚོ་གཉིས་ཀྱིས་ལམ་ཁར་རོགས་རམ་གནང་བཞིན་ཡོད། ལམ་བར་དུ་ཁོང་ཚོར་དཀའ་ངལ་གང་ཞིག་འཕྲད་ཀྱང་དབུ་མའི་ལམ་ལས་འགུལ་ཁང་ཚུད་པའི་ཚོགས་སྐྱིད་མཉམ་འབྲེལ་གྱིས་གང་ཐུབ་རོགས་རམ་གནང་གི་རེད་ཅེས་བརྗོད་བྱུང་།
གསར་འགོད་པ། དཔལ་ལྡན།
དེ་འདྲ་བློ་ཕམ་པ་ལ། བོད་ནང་དུ་བོད་མི་ཁྱིམ་ཚང་རྣམས་ཀྱི་ཁང་ཐོག་ཏུ་དར་དམར་བཙུག་དགོས་པའི་བཙན་བཀའ་བཏང་བར། བོད་མི་རྣམས་ཀྱིས་མཐའ་གཅིག་ཏུ་ངོ་རྒོལ་བྱས་ཏེ་བཙན་ཁང་དུ་འགྲོ་དགོས་མཁན་ཀྱང་མང་པོ་ཡོད། རང་ལུས་མེར་བསྲེག་བཏང་མཁན་རྣམས་ཀྱིས་ཀྱང་དར་དམར་ཁྱེར་དགོས་པའི་ཁ་ཆེམས་རྩ་བ་ནས་མེད། དེས་ན་དབུ་མའི་ལམ་ཀྱི་ལས་འགུལ་ཚོགས་པ་ལགས་ཆ་རྐྱེན་གང་ཡང་མི་དགོས་པར་རྒྱ་ནག་སྟོབས་ཆེན་རྒྱལ་ཁབ་ཀྱི་འོག་ཏུ་ལག་པ་ནམ་མཁར་རྐྱག་སྟེ་སང་ཉིན་རང་ཕར་འགྲོ་ན་མི་ལེགས་སམ། དེ་འདྲ་འདུན་ལམ་སྐྱོ་བ་ལ། ཀྱེ་མ་ཀྱེ་ཧུད།
རེད་དེ་ཁོ་ཚོ་ལ་ཡང་ཁོ་ཚོའི་སྡུག་བསྔལ་ཞིག་ཡོད་རྒྱུ་རེད། འོ་རེད་དེང་སོང་ཁུག་རྟ་ཟེར་བ་འདི་ཁ་ཉུང་ཉུང་ཞིག་རེད་པཱ། ཕ་ཆེར་ཟ་རྒྱུ་ཞིག་རག་ཡོད་རྒྱུ་རེད། དེ་མ་གཏོགས་འདི་རང་དོན་ལ་ཐུག་དུས་རང་དགར་སྡོད་མི་ཐུབ་པཱ། རང་གཞུང་གི་དོན་དུ་རང་སྲོག་ཀྱང་འདོར་ཕོད་ཡ། རང་རིག་ལ་ཞེན་པ་དཀར་ནོ་གི་ཡིན་རྒྱུ་རེད།
གླིང་ཚ་མ་བུ་གསུམ་གྱི་ཀུན་སློང་རྣམ་དག་ལོས་ཡིན། ཡིན་ནའང་དར་དམར་འཁྱེར་བར་རྩམ་བཟན་གཅིག་ཡིན་པའི་ཆ་ནས་ངོ་རྒོལ་མི་བྱེད་ཐབས་མེད་རེད། དབུ་མའི་ལས་འགུལ་ཁང་ཟེར་བ་འདིས་དར་དམར་སྒྲེང་བར་ལ་རྒྱབ་སྐྱོར་བྱེད་པ་མ་ཟད་མ་འོངས་པར་དར་དམར་འཁྱེར་ནས་ལས་འགུལ་སྤེལ་བའི་འབོད་སྐུལ་ཞུས་པ་འདིར་མཐོང་དུས་བློ་ཕམ་ཚད་མེད་སྐྱེས་བྱུང་། དབུ་མའི་ལས་འགུལ་ཁང་འདིས་རྙོག་དྲ་འདི་འདྲ་ཞིག་སློང་ཡོང་བར་སྔར་ནས་ཡིད་ཆེས་ཡོད། ཚོགས་པ་འདིའི་ནང་ངན་པ་དགུ་འཛོམས་ཡོད། གཞུང་རྒྱུ་སྒེར་བདག་བྱེད་མཁན་ལྐོག་ཟ་རུལ་སུངས་བ། གཞུང་གི་སྒྲིག་གཞི་འགལ་ཏེ་གཞུང་ཞབས་ལས་བྱེད་ནས་ཕྱིར་ཕུད་བཏང་བའི་མི། དགོན་པའི་འགྲིག་ཁྲིམས་འགལ་ནས་གྲྭ་ཚང་ནས་གནས་དབྱུང་བཏང་བའི་མི། གང་དུ་སོང་ཡང་ཁོང་མ་འཁྱོལ་བའི་མི། སྤྱི་འཐུས་ནང་རྙོག་དྲ་བསླངས་ཏེ་གཏམ་ངན་འཛམ་གླིང་འདིའི་སྟེང་དུ་ཕྱོགས་བཅུར་ཁྱབ་པར་བཟོ་མཁན་དཀྲུག་རྒན་མཁན་པོ་དག་ཚོགས་པ་འདིར་འཛོམས་ཡོད། ཡིན་ནའང་ང་ཚོར་ལས་བསོད་དེ་ལས་མ་གཏོགས་མེད་སོང་ནི་རེད།
ཡ་མཚན་པ་ཞིག་ནི། ཁོང་མ་བུ་གསུམ་གྱིས་ཐོག་མར་གསུམ་བཅུའི་དུས་དྲན་ཉིན་གཙུག་ལག་ཁང་ནས་གོམ་བགྲོད་མགོ་བཙུགས་པའི་ཉིན་སྐར་ལྔའི་དར་དམར་ག་རེ་བྱས་ནས་ཕྱར་མེད་པ་ཡིན་ནམ། གལ་སྲིད་དེ་དུས་ནས་ཕྱར་ཡོད་ན་གནས་སྟངས་གང་འདྲ་ཞིག་ཆགས་སྲིད་དམ། ལྡི་ལི་ནས་བཟུང་དར་དམར་ཕྱར་མགོ་བཙུགས་པ་འདི་བསམ་ཚུལ་གསར་པ་ཞིག་ཡིན་པ་ལས་ཐོག་མའི་བསམ་ཚུལ་མིན་པ་གསལ་བོ་རེད།
༡། བོད་པ་ཚོ་ནམ་རྒྱུན་དགའ་ཆོག་ཆོག་དང་སྡུག་ཆོག་ཆོག་ཅིག་ན་ཡོད་པ་དང་། མི་ངོ་ཁྱི་ངོ་གསལ་བོ་མི་ཤེས་པའི་གནས་སྟངས་ཤིག་ན་ཡོད་སྟབས་འདི་འདྲའི་རིགས་ལ་ཐུག་དུས་དབྱེ་བ་མ་ཤེས་པ་རེད།
༢། ལས་འགུལ་སྤེལ་མཁན་ཁོ་རང་ཡང་སེམས་ཤུགས་ཅན་ཞིག་ཡིན་རུང་། མ་གཞི་ནས་མགོ་འཐོམས་ནས་བསྡད་མཁན་ཞིག་ཡིན་སྟབས། ལམ་སྐེད་ནས་བསམ་བློ་ལ་རང་བཞིན་གྱི་འགྱུར་བའམ། གཞན་གྱི་ཤུགས་རྐྱེན་ཐེབས་ཏེ་དར་དམར་ཕྱར་བ་ལོས་ཡིན།
༣། བོད་མི་རིགས་འདི་ལ་བདེ་སྐྱིད་དང་རང་དབང་ཞེས་པ་ཞིག་རག་རྒྱུ་ཕ་རིའི་སྤང་རྒྱན་རེད། ཐ་ན་མི་ཆིག་སྟོང་མེར་སྲེག་བཏང་ན་ཡང་དོན་དག་ཡོད་པ་མ་རེད། དེའི་རྒྱུ་རྐྱེན་གསལ་བོ་ཞིག་ནི་བོད་པ་ཚོར་ལངས་ཕྱོགས་དང་རང་ཚུགས་བརྟན་པོ་ཞིག་མེད་པ་རེད། མགོ་རྙོག མགོ་རྙོག མགོ་རྙོག་རེད།
༤། མགོ་རྙོག་གི་ནང་ནས་མགོ་རྙོག་ཆེ་ཤོས་དེ་དབུ་མའི་ལམ་ནས་བྱུང་འདུག དབུ་མའི་ལམ་གྱི་དམིགས་ཡུལ་ལ་རྩོད་པ་བྱུང་བ་རེད། བར་ནས་ལས་འགུལ་སྤེལ་སྟངས་ཀྱི་གོ་རིམ་ལ་རྩོད་པ་བྱུང་བ་རེད། མཐའ་མིའི་གྲུབ་དོན་ལ་རྩོད་པ་བྱུང་བ་རེད། མགོ་རྙོག མགོ་རྙོག མགོ་རྙོག་རེད།
༥། བོད་པ་ཚོས་མི་མེ་ལ་སྲེག་ན་ད་དུང་གྲུབ་འབྲས་མི་འདུག་བསམ་གི་ཡོད་པ་རེད། དོན་ངོ་མས་བཤད་ན་མེར་སྲེག་དེའི་ཐལ་བ་རླུང་ལ་བསྐུར་མཁན་བོད་པ་ཚོ་རང་ཉིད་ཡིན་པ་ད་དུང་ངོས་ཟིན་གྱི་ཡོད་པ་མ་རེད། བོད་མི་རིགས་ལ་དགའ་མཁན་གཅེས་མཁན་ཡོད་ཟེར་རུང་། དགོས་དུས་ཁ་གྲགས་མཁན་མེད་པ་དེ་ཡང་མི་རིགས་རང་གིས་བཟོས་པ་རེད།
༦། བོད་པ་ཚོ་རྒྱ་ནག་གི་རྒྱལ་དར་ལ་ལག་པ་འཆིང་སྟངས་དེ་ཡ་མཚན་པོ་རེད། སྲོག་ལ་མ་འཛེམས་པར་མར་ཕབ་མཁན་མང་པོ་རེད། མེར་སྲེག་མཁན་མང་པོ་རེད། ད་ནི་ཕྲག་ལ་ཁུར་ནས་ལེ་དབར་ཁྲི་ཕྲག་གི་རྒྱང་སྐྱོད་བྱེད་མཁན་བྱུང་བ་རེད། འདི་ལ་ངོ་རྒོལ་བྱེད་མཁན་བྱུང་བ་རེད། འདི་འགྲིག་འདུག་བཤད་མཁན་བྱུང་བ་རེད། འདི་ལ་ཁྱད་པར་མི་འདུག་ཟེར་མཁན་བྱུང་བ་རེད། འདི་ལ་ཅི་གང་བཤད་མི་ཤེས་མཁན་མང་པོ་བྱུང་བ་རེད། མགོ་རྙོག མགོ་རྙོག མགོ་རྙོག་རེད།
༧། རྒྱལ་དར་གྱི་བྱུང་བ་དང་མཚོན་དོན། ཆེ་བ། དགོས་མཁོ། དམིགས་ཡུལ་སོགས་མི་ཤེས་མཁན་དག་གིས་དེ་ཕྱར་བའི་མཚོན་དོན་དང་། དགོས་མཁོ། ཤུགས་རྐྱེན་སོངས་ཀྱང་ཤེས་གི་མེད་པ་རེད། ༼སེམས་ཆེན་པོ༽ ཡིན་འདོད་མཁན་གྱི་རྨོངས་འཆར་དེས་རང་རང་གི་ལངས་ཕྱོགས་ཀྱང་མག་མོག་པོར་བཏང་བ་རེད། འདི་བོད་ཁྲམ་པའི་འཁྲབ་སྟངས་ཤིག་ཀྱང་རེད།
༨། ལས་འགུལ་ཞིག་མ་བརྩམས་པ་ལས་བརྩམས་པས་དྲག་ཅེས་པའི་འདོད་ཚུལ་འཛིན་མཁན་དང་། སེམས་ཤུགས་གལ་ཆེན་པོ་ཡིན་པ་ལས་ཤུགས་རྐྱེན་གལ་ཆེན་པོ་མིན་པར་འདོད་མཁན། སྔར་གྱི་བྱུང་བ་ལས་དུས་ཀྱི་འགྱུར་བ་གལ་ཆེན་ཡིན་པར་འདོད་མཁན། ལྟ་བ་ལས་སྤྱོད་པ་ལ་ལྟ་རྒྱུ་མེད་པར་འདོད་མཁན། རབ་དང་རིམ་པ་མང་པོ་བྱུང་དང་འབྱུང་བཞིན་འདུག
༩། ང་འདི་མི་ལས་སྣང་མ་དག་པ་ཞིག་རེད། སྔོན་ཆད་བཅིངས་འགྲོལ་དམག་མིས་སྐར་ལྔའི་དར་དམར་ཕྱར་ཏེ་མདོ་དབུས་མཐོ་སྒང་དུ་དམར་དམག་རྒྱང་སྐྱོད་བྱས་པ་ངས་མཐོང་སོང་། དེ་རིང་བཙན་བྱོལ་བོད་མི་ཚོས་སྐར་ལྔའི་དར་དམར་ཕྱར་ཏེ་རི་བོ་ཧི་མ་ལ་ཡའི་འབད་ནས་ཕྱིར་བོད་དུ་རྒྱང་སྐྱོད་བྱེད་ཀྱིན་པ་ཡང་ངས་མཐོང་སོང་།
༡༠། བོད་ནང་ནས་བོད་ཀྱི་རྒྱལ་དར་ཕྱར་ན་ཅི་ཁག མིག་གི་མཐོང་ས་ན་ཡོད་ན་ཡང་བདེན་དུ་ཆུག ཁྱིམ་ཚང་གི་ཡ་སྒམ་དང་དགོན་པའི་མཆོད་ཁང་སྔོག་ནས་དོ་བདག་དེ་ཚོའི་སྐེ་དང་ལག་པར་ལྕགས་སྒྲོག་བརྒྱབ་ནས་ཁྲིད་འགྲོ་གི་འདུག དེ་དག་ཕྱིར་ཡོང་རྒྱུ་མི་འདུག
༡༡། རྒྱལ་དར་ཞེས་པ་འདི་རྩ་ཆེན་ལོས་ཡིན། དེ་ལ་དོན་དག་ལོས་ཡོད། དེ་ཚོར་བ་མཚོན་བྱེད་ཙམ་མ་རེད། དེ་སྲོག་གིས་ཉོས་པ་རེད། བོད་ནང་ནས་རྒྱ་མིའི་རྒྱལ་དར་མར་འབེབ་པར་རང་རང་གི་སྲོག་གི་འགྲོ་དོན་གཏོང་མཁན་མང་པོ་རེད། བཙན་བྱོལ་ནས་རང་རང་གི་ལ་རྒྱ་དང་སྙིང་སྟོབས། ལྷག་བསམ། ཕུགས་བསམ་སོགས་ཡིན་ལབ་ནས་སྐར་ལྔའི་དར་དམར་ཕྱར་ནས་འགྲོ་གི་འདུག
༡༢། པན་ཆེན་སྐུ་ཕྲེང་སྔ་ཕྱི་གཉིས་མེད་པར་བཟོས་ཐལ། རྒྱལ་བ་རིན་པོ་ཆེ་ནི་སྤྱང་ཀི་དམར་པོ་ཞིག་རེད་ཟེར། བླ་ཆེན་ཚང་མ་ས་མཐའ་ལ་འཁྱམ་བསྡད་འདུག དགོན་སྡེ་ཁག་མི་མཐུད་ནས་གཏོར་གི་འདུག གྲྭ་བཙུན་ཚོ་མུ་མཐུད་ནས་འཛིན་གི་འདུག དགེ་རྒན་ཚོ་སློབ་གྲྭ་ནས་ཕྱིར་འབུད་བྱེད་གིན་འདུག བོད་ཡིག་གི་སློབ་དེབ་ཚོ་ཕྱིར་བསྡུ་བྱེད་གིན་འདུག ད་ནི་རྒྱ་ནག་གི་རྒྱལ་དར་ཕྱར་ནས་སོང་དང་དོན་བྱ་འགྲུབ་སྲིད་པ་རེད།
༡༣། རྒྱ་ནག་གི་རྒྱལ་དར་ཕྱར་བ་དེ་ལ་དགོས་པ་རྒྱུ་མཚན་གལ་ཆེན་པོ་དང་གསལ་བོ་ཞིག་གསུང་རྒྱུ་ཡོད་ཀྱི་རེད། དེ་མེད་ན། བོད་རིགས་རང་གི་ནང་ཁུལ་ལ་འདི་ལྟར་ཁྱད་གསོད་དང་འགལ་བ་བཟོ་བྱེད་ཀྱི་ལས་འགུལ་སྤེལ་ནས་ཅི་བྱ། མ་མཐའ་ཡང་རྒྱ་བོད་གཉིས་ཀྱི་རྒྱལ་དར་གཅིག་པོའི་གནད་དོན་འོག་ནས་སྐུ་སྲོག་ཤོར་མཁན་དེ་དག་དང་དེ་དག་གི་ཤུལ་ལུས་ནང་མི་དག་ལ་འདི་ལྟར་ཁྱད་གསོད་བྱ་དགོས་དོན་ཨེ་ཡོད། འདི་ཁྱད་གསོད་ལོས་ཀྱང་ཡིན། རང་བཙན་རྩོད་མཁན་ཚོར་འདི་ལྟར་ཁྱད་གསོད་དང་ཀུ་རེ་སློང་དོན་ཨེ་ཡོད།
༡༤། དམངས་གཙོ་དང་འཐབ་རྩོད་གཉིས་ཁ་ཁར་དབྱེ་མི་ཐུབ་པ་འདི་ཡང་ང་ཚོའི་སྡུག་གྱོང་ཡིན་པ་འདྲ། ༼མི་རིགས་ཀྱི་འཐབ་རྩོད་༽ཟེར་དུས་ཐུན་མོང་གིས་ཕྱི་ལ་རྒོལ་དགོས་པ་རེད། ༼དམངས་གཙོའི་རང་དབང་༽ཟེར་དུས་ལམ་ལུགས་ཤིག་རེད། སྤྱི་ཚོགས་ཧྲིལ་བོ་ཞིག་གི་ནང་ཁུལ་གྱི་ལས་དོན་བྱ་ཕྱོགས་རེད། ཕྱི་ནང་གི་དབྱེ་བ་ཡང་མ་ཤེས་ན་ཕུང་དཀྲུག་ལས་མང་པོ་འབྱུང་གི་རེད།
༡༥། ཤེས་ཡོན་པ་རེ་ཡོད་ན་ཁ་གྲག་རན་རེད། ཁོང་མ་བུ་གསུམ་གྱི་སྟེང་ལ་ཤོད་ཟེར་གི་མེད། ང་ཚོའི་གཞི་རིམ་གྱི་ལྟ་བ་ལངས་ཕྱོགས་དང་། ལས་ཀ་བྱེད་ཕྱོགས། སྤྱི་ཚོགས་ཀྱི་སྒྲོམ་གཞི་དང་འཁོར་སྐྱོད་བཅས་ཕྱོགས་གང་ཐད་ལ་བསམ་བློ་གཏོང་རན་རེད།
གླིང་ཚ་མ་བུ་གསུམ་གྱི་ཀུན་སློང་རྣམ་དག་ལོས་ཡིན། ཡིན་ནའང་དར་དམར་འཁྱེར་བར་རྩམ་བཟན་གཅིག་ཡིན་པའི་ཆ་ནས་ངོ་རྒོལ་མི་བྱེད་ཐབས་མེད་རེད། དབུ་མའི་ལས་འགུལ་ཁང་ཟེར་བ་འདིས་དར་དམར་སྒྲེང་བར་ལ་རྒྱབ་སྐྱོར་བྱེད་པ་མ་ཟད་མ་འོངས་པར་དར་དམར་འཁྱེར་ནས་ལས་འགུལ་སྤེལ་བའི་འབོད་སྐུལ་ཞུས་པ་འདིར་མཐོང་དུས་བློ་ཕམ་ཚད་མེད་སྐྱེས་བྱུང་། དབུ་མའི་ལས་འགུལ་ཁང་འདིས་རྙོག་དྲ་འདི་འདྲ་ཞིག་སློང་ཡོང་བར་སྔར་ནས་ཡིད་ཆེས་ཡོད། ཚོགས་པ་འདིའི་ནང་ངན་པ་དགུ་འཛོམས་ཡོད། གཞུང་རྒྱུ་སྒེར་བདག་བྱེད་མཁན་ལྐོག་ཟ་རུལ་སུངས་བ། གཞུང་གི་སྒྲིག་གཞི་འགལ་ཏེ་གཞུང་ཞབས་ལས་བྱེད་ནས་ཕྱིར་ཕུད་བཏང་བའི་མི། དགོན་པའི་འགྲིག་ཁྲིམས་འགལ་ནས་གྲྭ་ཚང་ནས་གནས་དབྱུང་བཏང་བའི་མི། གང་དུ་སོང་ཡང་ཁོང་མ་འཁྱོལ་བའི་མི། སྤྱི་འཐུས་ནང་རྙོག་དྲ་བསླངས་ཏེ་གཏམ་ངན་འཛམ་གླིང་འདིའི་སྟེང་དུ་ཕྱོགས་བཅུར་ཁྱབ་པར་བཟོ་མཁན་དཀྲུག་རྒན་མཁན་པོ་དག་ཚོགས་པ་འདིར་འཛོམས་ཡོད། ཡིན་ནའང་ང་ཚོ་ལས་བསོད་དེ་ལས་མ་གཏོགས་མེད་སོང་ནི་རེད།
དྲྭ་བའི་ཉིང་ལག་རྣམས་པ།
༧ གོང་ས་མཆོག་ཀྱང་བོད་རྒྱལ་ལོ་ཞེས་བཀའ་ཡིས་སྐུལ་ཤག།།
བོད་གཞོན་ནུ་ཚོགས་པ་ཡང་བོད་རྒྱལ་ལོ་ཞེས་རྩོད་པ་རེད་ཤག།།
དབུ་མའི་ལམ་ཡང་བོད་རྒྱལ་ལོ་ཞེས་རྩོད་པ་རེད་ཤག།།
སྔར་རྒྱ་གར་རང་དབང་དང་། རང་བཙན་རྩོད་དུས་འཐབ་རྩོད་དང་ བལྟ་བ་འདྲ་མིན་བྱུང་ཡོད་པ་ལོ་རྒྱུས་ནང་ཡོང་ལེ་རེད།
ད་ཕལ་ཆེར་ང་ཚོ་ཚང་མ་ངལ་གསོ་ཅིག་བརྒྱབ་ནས་མང་གཙོའི་གོ་དོན་ཤེས་ཡོན་སྲིད་ཇུས་ལ་འབད་པ་གནང་ན་ག་འདྲ་འདུག་
ཡང་དེ་ནས་འདྲ་བའི་བགྲོ་གླེང་ནང་གང་མང་མང་ཞུགས་ན་མང་གཙོ་གོ་ཐོས་གོང་མཐོར་འགྲོ་ཉེན་འདུག།
༧ ཕྱག་ན་པདྨོ་རྣམ་པར་རྒྱལ་གྱུར་ཅིག།།
བོད་དང་ བདེན་པ་ཉིན་རྒྱལ་གྱུར་ཅིག།།
བོད་དོན་འཐབ་རྩོད་པ་ཀུན་རྣམ་པར་རྒྱལ་གྱུར་ཅིག།།
གུས་པས་བློ་ཕམ་ངང་ནས་བརྗོད་རྒྱུར། ད་རེས་ཀྱི་དབུ་མའི་ལམ་ཞེས་པའི་ཚོགས་པ་འདིས་ནང་ཁུལ་ཁ་གཏད་ལྟ་བུའི་བསལ་བསྒྲགས་འདི་འདྲ་སྤེལ་བར་མོས་མཐུན་ཞུ་ཐུབ་ས་རེད།
འགའ་རེས་བདེན་པ་རྒྱབ་སྐྱོར་ཡོད་ཞེས་བྲིས་འདུག ཁྱེད་ཀྱི་བདེན་པ་གང་ལ་ངོས་འཛིན་གྱི་ཡོད་དམ། བོད་རྒྱ་འོག་ཏུ་་་་་་་་་་་་་།
བོད་ནང་ལ་རྒྱ་དམར་གྱིས་བཙན་ཤེད་ཆེན་པོས་རྒྱ་དར་བཙུགས་སུ་བཅུག་གི་ཡོད་ཀྱང་ཁྱིམ་ཚང་འགའ་རེ་ད་དུང་བཙུགས་ཀྱི་མེད། འདི་ནས་རང་དབང་གི་ཐོག་ནས་རྒྱ་དར་འཁྱེར་བ་གཉིས་ལ་ཁྱད་པར་ཅི་ཞིག་ཡོད་དམ།
གླིང་ཚ་མ་སྨད་གསུམ་གྱིས་བོད་དོན་ཆེད་སྐད་འབོད་བྱས་པར་རྗེས་སུ་ཡི་རངས་དང་ཐུགས་རྗེ་ཆེ་ཞུ་འདོད་ཡོད།
འོན་ཀྱང་རྒྱ་ནག་གི་སྐར་ལྔའི་ཁྲག་དར་དམར་བོ་དེ་ཡར་ཕྱར་ནས་འགྲོ་བ་དེ་ང་རང་གི་བསམ་ཚུལ་བྱས་ན་མཐའ་གཅིག་ཏུ་ནོར་བ་ཞིག་དང་། ཆེས་སྔ་དྲག་པའི་གནས་སྟངས་ཤིག་རེད་འདོད། གང་ཡིན་ཟེར་ན་ཁྲག་གི་དར་ཆ་འདི་ད་ལྟའི་རྒྱ་ནག་གི་རྒྱལ་དེ་ཡིན་རུང་། རྒྱ་བོད་ཀྱི་འཐབ་རྩོད་ད་ལྟ་རང་བཙན་དང་། ཚད་མཐོའི་རང་སྲིད་རང་སྐྱོང་གི་གནས་སྟངས་ཐོག་ལའང་སླེབས་མེད་སྟབས། རང་དགར་རྒྱའི་དར་དམར་ཞིག་ཁྱེར་ནས་འགྲོ་བ་འདི་གླེན་རྟགས་ཙམ་དུ་མ་ཟད། གཞིས་བཞུགས་བོད་རིགས་སུས་གོ་ཐོས་བྱུང་ན། མི་བཟོད་པའི་སེམས་ངལ་དང་། རྒྱ་རིགས་ཆབ་སྲིད་པ་སུས་མཐོང་ཐོས་བྱུང་ཚེ་དགོད་བྲོ་བྱེད་ཅིག་ལས་གང་ཡང་མེད། ད་ལྟའི་བོད་གཞུང་གི་ལང་ཕྱོགས་དེ་ལམ་དབུ་མ་བརྒྱུད་ནས་རང་སྲིད་རང་སྐྱོང་འཐབ་རྩོད་བྱེད་ཀྱི་ཡོད་རུང་། གྲུབ་འབྲས་གང་ཡང་སོན་མེད་སྟབས་བཙན་རྒྱལ་གུང་ཁྲན་སྲིད་གཞུང་གི་དར་དམར་ཡར་འཕྱར་བ་དེ་ཆེས་སྔ་དྲགས་པ་དང་། གླེན་རྟགས་ཁོ་ན་ལས་མ་འདས།
ད་དུང་དབུ་མའི་ལམ་ལས་འགུལ་ཁང་ཟེར་བ་ཞིག་གིས་རྒྱབ་སྐྱོར་ཡོད་ཁུལ་བྱས་པ་ནི། ཆེས་དགོད་བྲོ་བ་ཞིག་ལས་མ་འདས་ཏེ། གསལ་བསྒྲགས་ཀྱི་མགོ་མཇུག་ཆ་ཚང་གླིང་བ་མ་སྨད་གསུམ་པོར་བསྟོད་གླུ་བླངས་པ་ཞིག་ལས། དར་དམར་དེ་ཡར་ཕྱར་བའི་དགོས་པ་རྒྱུ་མཚན་རྣམ་དག་ཅིག་དང་། དེ་མ་འཕྱར་ན་མི་འགྲིག་པའི་གནས་སྟངས་གང་ཡང་མེད་པ་སོགས་ལ་གསལ་བོ་ལྟོས་དང་། བཤད་ཚད་ཆ་ཚང་ཟེར་རྒྱུས་ཕོངས་བའི་གཏམ་འབའ་ཞིག་ལས་མི་འདུག
ཁོང་མ་བུ་གསུམ་ཀྱི་དགྲ་བོའི་དར་ཆ་འཕྱར་ཏེ་ཕེབས་པ་དེར་སྐྱོན་ཆ་དེ་ཙམ་མཐོང་མ་སོང་། ཡིན་ནས་དེ་རིང་དབུ་མིའི་ལམ་མི་མང་ལས་འགུལ་ཁང་གི་དེར་༧རྒྱལ་བའི་དགོངས་པ་ཡིན་ཚུལ་སོགས་དངོས་ཡོད་ལས་བརྒལ་བའི་གཏམ་བཤད་སྤེལ་བ་འདི་རྒྱ་གཞུང་གི་བོད་ནང་གི་བོད་མིའི་ཚེ་སྲོག་ལ་རིན་ཐང་མ་བཞག་པ་དང་༧རྒྱལ་བ་དོན་ཀྱི་བདག་པོར་མཚན་སྨད་བྱེད་པའི་དུས་སྐབས་ཛ་དྲག་འདིར་དགྲ་དར་ལ་དམིགས་བསལ་གུས་བརྩི་དགོས་ཚུལ་བརྒྱ་བཤད་སྟོང་བཤད་གསལ་བསྒྲགས་སྤེལ་བ་དེར་བློ་ཕམ་ཆེ་པོ་ཡོད་། གང་ཡིན་ཞུས་ན་བོད་ནང་གི་བོད་རིགས་དཔའ་བོ་རྣམས་ཀྱི་ག་རེ་བྱེད་ནས་རང་ལུས་མེ་མཆོད་འབུལ་བ་རེད་། དམིགས་བསལ་མདོ་སྨད་རྔ་བའི་དཔའ་བོ་གཅིག་རྗེས་གཅིག་ལང་ཏེ་འཐབ་རྩོད་ཀྱི་ལས་འགུལ་སྤེལ་བ་དེར་དགྲ་བོའི་རྒྱལ་དར་འཕྱར་ན་འགྲིག་གི་འདུག་ཅེས་བསམ་ནས་ལས་འགུལ་དེར་སྤེལ་བ་ཞིག་རེད་པས། འོ་ན་བོད་ནང་གོ་བོད་རིགས་དཔའ་བོ་དག་གི་ཆབ་སྲིད་ཀྱི་གོ་རྟོགས་མེད་པ་རེད་། གལ་སྲིད་ཚོགས་པ་འདི་དག་གི་ལས་འགུལ་ལ་མང་ཚོགས་ཀྱི་དོ་སྣང་མ་བྱེད་ན་ནམ་ཞིག་་རིམ་པས་འདི་དང་དེ་འདྲ་གནང་ནས་བཙན་བྱོལ་བའི་ནང་རྒྱ་ནག་གི་ཕྱོགས་གཏོགས་དང་དེ་མ་ཡིན་པའི་ཚོགས་པ་གཉིས་ཆགས་སྲིད་པ་རེད་། དེ་དུས་བོད་དོན་འདི་ཡལ་འགྲོ་བའི་མཐོང་ཚུལ་ཞིག་བྱུང་བས་དཔྱད་གཞི་ཙམ་ཡིན་།
ཆར་བ་ཆུ་གྲོགས་ཀྱི་བདེན་པའི་རྒྱབ་ལངས་ཀྱི་གསལ་བསྒྲགས་འདི་གནང་བར་དགའ་བསྡད་ཡོད། འདི་དོན་བོད་ནང་ནས་ཀྱང་གསལ་རྟོགས་ཡོང་རྒྱུ་གལ་ཧ་ཅང་ཆེ་གི དེ་བས་བདག་གི་དྲ་བའི་ནང་ལ་ཡང་འདྲེན་བཀོད་བྱས་ཡོད།
འདིར་ནན་གྱིས་ཞུ་འདོད་པ་གཅིག་ནི། གནད་དོན་འདི་ཚོགས་པ་ཕྱོགས་རེ་བའི་བར་གྱི་འགལ་བ་ཞིག་ཏུ་མི་འགྱུར་བར་ཕན་ཚུན་བསམ་ཤེས་གནང་རོགས་ཞུ།
དོན་ངོ་མ་ང་ཚོས་གནའ་སྔ་མོའི་རྒྱལ་རབས་ལོ་རྒྱུས་ཤིག་བཤད་ནས་བོད་རྒྱལ་ཁབ་ཆེན་པོ་བསྐྱར་གསོ་ཟེར་བ་དེ་སྟོང་བསམ་ཞིག་ལས་མ་འདས། ད་ལྟའི་བོད་ཀྱི་དཀའ་ངལ་གཙོ་བོ་གང་ཡིན་པ་དེ་སེལ་ཐབས་བྱས་ནས་ད་ལྟའི་མི་རིགས་ཁག་དང་འདྲ་མཉམ་གྱི་འཚོ་བ་གསར་བ་ལ་ལོངས་སྤྱོད་ཐུབ་པ་ཞིག་བྱུང་ན་ཆོག་པ་རེད། རང་ལ་ནུས་པ་ཅི་ཡང་མེད་པར་ཧམ་སེམས་ཆེན་པོ་ཞིག་བཤད་བསྡད་ན་དེ་ལ་དེང་སང་རོགས་པ་བྱེད་མཁན་སུ་ཡོད། ལྷག་པར་དུ་ཡང་དགྲ་ལ་རྒོལ་སྟངས་ནོར་ནས་དམངས་ལ་རྒོལ་བར་གྱུར་ན་དེ་ལས་བླུན་རྟགས་ཤིག་གང་ན་ཡོད།
ལོ་རྒྱུས་ལོ་རྒྱུས་རེད་དེ་འདས་ཟིན་པ་རེད། གཙོ་བོ་དངོས་ཡོད་གནས་སྟངས་རེད། རྐང་ལམ་ཕྲ་མོ་འདི་ཅི་ཙམ་ཆེ་རུ་སྐྱེད་ཐུབ་མིན་དེ་ཙམ་ལས་འུ་ཅག་ལ་འཇོན་ཐང་ཅི་ཡང་མེད་པ་འདི་གསལ་བོ་ཤེས་ན་འགྲིག་གི
http://www.chapdaklhamokyab.fr/%E0%BD%91-%E0%BD%A2-%E0%BD%84-%E0%BD%82-%E0%BD%A6-%E0%BD%96-%E0%BD%84/
པ་སངས་རྡོ་རྗེ་ལགས་ཀྱི་བཀའ་མོལ་འདི་ལ་སྙིང་བོ་འདུག མི་མང་གིས་ཀྱང་གླེང་བཞིན་པས། བདེན་མཐའ་སེལ་རྒྱུ་ནི་རྒྱུ་འབྲས་ཀྱིས་གློད་ཀྱི་མ་རེད།
1 “ང་ཚོས་བོད་རང་བཙན་ཐོབ་རྗེས་ཀྱི་རྒྱལ་ཁབ་འཛུགས་སྐྲུན་ཆེད་མ་དངུལ་ཞལ་འདེབས་བསྡུ་རྒྱུ་ཡིན”ཞེས་བྱིས་པའི་གཉིད་གཏམ་འདྲ་བའི་སྐད་ཆ་འདི་ཤོད་མཁན་དོན་གྲུབ་ལྷ་དར་རེད།
2 “སྐལ་ལྡན་བློ་གྲོས་ཀྱི་བྱེད་ཕྱོགས་དང་བརྡ་ལན་ལ་དཔགས་པའི་ང་ཚོས་གོམ་པ་མདུན་སྐྱོད་ཀྱི་གདོང་ལེན་མཐར་ཕྱིན་པ་བྱ་རྒྱུ་ཡིན”ཞེས་རྒྱ་ནག་དམར་སྲིད་ཀྱི་ཆབ་སྲིད་འུད་སྒྲོག་ལྟ་བའི་ཚིག་སྦྱོར་འདི་སྤེལ་མཁན་དོན་གྲུབ་ལྷ་དར་རེད།
3 “བོད་རང་བཙན་མ་ཐོབ་བར་དུ་རྒྱ་དམར་གཞུང་ལ་མཐའ་གཅིག་ཏུ་ངོ་རྒོལ་དང་། རྒྱ་ནག་གི་རྒྱལ་དར་མེར་བསྲེགས་གཏོང་རྒྱུ་ཡིན” ཞེས་རྒྱ་རིགས་དུང་ཕྱུར་བཅུ་གཅིག་དང་ཕྱེད་ཀའི་སྙིང་བརྩེ་བའི་དཀྲོག་གཏམ་སྤེལ་མཁན་དོན་གྲུབ་ལྷ་དར་རེད།
4 “དགྲ་བོ་རྒྱ་དམར་གྱི་རྒྱལ་དར་འཁྱེར་ནས་འགྲོ་བ་དེ་ནི་བཙན་བྱོལ་བོད་མིའི་མི་ལོ ༥༣ ཀྱི་ལོ་རྒྱུས་ནང་ཐེངས་དང་པོ་ཆགས་ཡོད་པ་མ་ཟད། བཙན་བྱོལ་བོད་མིའི་ལོ་རྒྱུས་ནང་ནག་ཐིག་ཆེན་པོ་ཞིག་བཟོས་ཡོད་པ་རེད” ཞེས་ནང་མི་སྤུ་ཟླ་ཕུང་དཀྲུག་གི་ཆལ་གཏམ་འདི་སྤེལ་མཁན་དོན་གྲུབ་ལྷ་དར་རེད།
མི་འདིས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་མི་ཚོས་སྤྱི་ཚོགས་ནང་གདོང་པ་སྟོན་ས་མེད་པ་ཞིག་བཟོ་ས་རེད།
༼ བོད་མིའི་འཐབ་རྩོད་ནི་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁ་གཏད་དུ་ལངས་པའམ། རྒྱ་ནག་མི་མང་གི་སེམས་ལ་ཞེ་འཁོན་བསྐྲུན་རྒྱུ་དེ་མིན་པར། རྒྱ་ནག་མགོ་ཁྲིད་མཁྲེགས་འཛིན་ཅན་ཚོས་བོད་ནང་ལག་བསྟར་བྱས་པའི་ནོར་འཁྲུལ་སྲིད་བྱུས་ཀྱི་ཁ་གཏད་དུ་འཚེ་མེད་ཞི་བའི་ལམ་ནས་ལངས་པ་ཞིག་ཡིན། ༽གསུང་འདིས་ཡིད་དབང་འཕྲོག་སོང། འདི་ནི་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོའི་རླབས་ཆེན་དགོངས་གཞི་དང་མཐུན་པ། བོད་རྒྱ་མི་རིགས་གཉིས་ཀྱི་འཕྲལ་ཕུགས་གཉིས་ལ་ཕན་ཐོག་རླབས་ཆེན་ལྡན་པའི་བཀའ་མོལ་ཞིག་རེད། དབུ་ལམ་ལས་འགུལ་ཁང་གིས་༧རྒྱལ་བའི་དགོངས་གཞི་ལས་མ་འདའ། བོད་མིའི་མངོན་འདོད་ལས་མ་བརྒལ་བར་འདི་ལྟར་ནང་དོན་ཟབ་པའི་གསར་འགོད་གསལ་བསྒྲགས་གནང་བ་འདི་བསྔགས་བརྗོད་ཀྱི་གནས་སུ་ཆེ། ད་དུང་རེ་སྐུལ་ཞིག་ལ། འདི་དབྱིན་རྒྱ་གཉིས་ཀྱི་ནང་དུའང་བསྒྱུར་རོགས་གནང། རྒྱ་ནག་མི་མང་དང་རྒྱ་ནག་གཞུང་གིས་གསལ་བོར་མཁྱེན་ན་ཡག་གི་རེད།
དབུ་མའི་ལམ་གྱིས་ལས་འགུལ་ཁང་ནས་ཚེ་བརྟེན་རྡོ་རྗེའི་མ་མོ་གསུམ་ལ་རྒྱབ་སྐྱོར་གནང་བ་ལ་དགའ་བསུ་ཡོད།
ལར་ནས་དར་དམར་ལྷེབ་ལྷེབ་དེའི་འོག་རྒྱ་མི་ཡོད་དོ་ཅོག་གནས་ཡོད་པས་ང་ཚོར་སྡུག་པོ་གཏོང་མཁན་དེ་ཐམས་ཅད་མིན་པ་ནི་གཞོན་ལྷན་གྱི་ངེས་པར་དུ་མཁྱེན་དགོས། དེར་བརྟེན་འཐབ་རྩོད་ཀྱི་ལམ་དབུ་མ་ཟེར་བ་དེ་བྱུང་བ་རེད། དེ་ལ་བཙན་བྱོལ་དབུས་སྒྲིག་འཛུགས་ནས་ཀྱང་རྒྱབ་སྐྱོར་བྱས་པ་རེད།
མཐའ་ན་བདེན་གཏམ་ང་ཡང་དེ་ལ་རྒྱབ་སྐྱོར་ཡོད།
དབྱིན་ཇིའི་གཏམ་དཔེ་” A drowning man will clutch at a straw.”ཟེར་བ་ཞིག་རྣམ་པ་ཚོས་གོ་མྱོང་ཡོད་ཀྱི་རེད། འུ་ཐུག་ཐབས་ཟད་ཀྱི་བོད་པ་ཚོ་གང་དྲན་འདི་དྲན་མེད་པ་དང་ཕུགས་རྒྱང་གི་བསམ་བློ་གཅིག་ཀྱང་མེད་པའི་ཆབ་སྲིད་ལས་འགུལ་མང་དག་ཅིག་སྤེལ་གྱི་ཡོད། བོད་མི་རིགས་ཀྱི་རང་གཤིས་འདིས་སོ་སོས་སོ་སོར་མགོ་སྐོར་གཏོང་གི་ཡོད།
མ་བུ་གསུམ་གོམ་བགྲོད་འགྲོ་བ་དེ་ཡག་པོ་རེད། དེ་ལ་སུས་ཀྱང་འགག་པ་རྒྱག་མི་སྲིད། འོན་ཀྱང་ཁོང་གསུམ་གྱི་ལས་འགུལ་དེས་བོད་སྤྱིའི་དཀའ་རྙོག་དེ་སེལ་ཐུབ་བམ། ལས་འགུལ་འདིའདྲ་ཞིག་གིས་བོད་ཀྱི་ཆབ་སྲིད་གནས་སྟངས་ལ་ཕན་ཇི་ཙམ་ཐོགས་སམ། བོད་ཀྱི་གཞོན་ནུ་ནི་ལོ་ངོ་མང་པོའི་རིང་བོད་མི་རིགས་ཀྱི་ཞབས་འདེགས་ཞུས་ཡོད་པ་རེད་ལ་མ་འོངས་པར་ཡང་ཞུ་གི་རེད། ད་བར་གྲུབ་འབྲས་མི་སྨན་པ་བྱུང་ཡོད། ཕྲལ་སེལ་ལས་འགུལ་བ་ཞིག་ལ་རྒྱབ་སྐྱོར་བྱེད་པ་དང་དུས་རྒྱུན་དུ་བོད་དོན་ཐོག་དཀའ་ལས་རྒྱག་མཁན་ལ་ཁ་རྡུང་བཏོང་བ་ནི་དངོས་གནས་བོད་མི་ཚོ་ད་དུང་ཆབ་སྲིད་ཐོག་ཀླད་པ་ལྗང་ཁུག་རང་རེད།་་་་
ད་མང་གཙོ་ཟེར་ན་འདི་ལྟའི་ལས་ལ་ཟེར།།
ཆུ་ཚད་མཐོ་དམན་བློ་ཡིས་དཔྱད་པ་དགོས།།
ད་བར་བྱུང་མྱོང་མེད་པའི་མང་གཙོ་རེད།།
ནུབ་ཕྱོགས་ཚད་ལྡན་ཡུལ་ན་མིག་དཔེ་བཟང་།།
ཡར་འཐོན་ལྡན་པའི་ཨ་རིའི་མང་གཙོ་ནི།།
ཤེས་ནུས་ཀླད་ཉམས་བརྗིད་ཀྱིས་རྩོད་པ་ལས།།
ཐལ་ཆ་ཆེ་བས་གླེན་རྟགས་ཡེ་ནས་མེད།།
དང་པོ་མང་གཙོ་ཤེས་པའི་ཡུལ་ན་གཙོ།།
གཉིས་པ་མང་གཙོ་འཆད་ཉན་རིག་པས་གྲོལ།།
གསུམ་ན་བཟང་སྤྱོད་མང་གཙོའི་མཛེས་རྒྱན་རེད།།
རྒྱུ་གསུམ་ཚང་མཐོང་མང་གཙོ་རྒན་པོ་རེད།།
འདིར་རྒྱ་དར་བསྲེག་དགོས་ཟེར་མཁན་དང་རྒྱ་དར་ཁྱེར་མཁན་ལ་ངོ་རྒོལ་ཡོད་ཟེར་མཁན་དག་གིས་འདིའི་ཕྱོགས་སུ་བསམ་བློ་ཅི་ཙམ་བཏང་ཡོད་དམ། ང་ལ་དོགས་པ་འདུག མ་གཞི་ཕྲལ་གྱི་ཚོར་བ་ནི་དེ་འདྲ་རེ་སུ་ལའང་ཡོང་སྲིད།
བསྭོ བསྭོ བསྭོ ལྷ་རྒྱལ་ལོ། བོད་རྒྱལ་ལོ། དབུ་ལམ་རྒྱལ་ལོ། མ་སྨད་གསུམ་རྒྱལ་ལོ།
དེ་རིང་དབུ་ལམ་ལས་འགུལ་ཁང་གིས་རྒྱབ་སྐྱོར་གནང་བར་ཡི་རང་བསྔགས་བརྗོད་ཡོད། ད་ལམ་བགྲོ་གླེང་གི་གཙོ་བོ་མ་བུ་གསུམ་གྱིས་རྒྱ་གཞུང་གི་རྒྱལ་དར་བསྒྲེང་བ་འདི་རེད།
རྒྱ་གཞུང་གིས་ད་བར་དུ་ང་ཚོར་སྡུག་པོ་བཏང་དང་གཏོང་བཞིན་པ་ནི་མིག་གིས་མཐོང་རྒྱུ་དང་ལག་པས་འཛིན་རྒྱུ་ཡོད་པ་ཞིག་རེད། འོན་ཀྱང་ང་ཚོས་ཁ་སེང་གི་མི་གསོད་ཁྲག་སྦྱོར་དེ་གནས་སྐབས་རིང་བཞག་ནས་་་སེང་ཉིན་ཡག་པོ་ཞིག་ཡོང་བ་ལ་ནུས་ཤུགས་བརྒྱ་ཆ་བརྒྱ་བཏོན་དགོས་པ་ལས་སྔར་གྱི་གནས་ཚུལ་སྡིག་པ་དེ་ཚོ་ཡོང་འགྱུར་གྱི་ཉིན་མ་རྟག་པར་གླེང་ནས་བསྡད་པ་ཡིན་ན་སྐུ་ལས་བསྐྱོན་པ་སྡུག་གྱོང་རེད་ལ་དགོས་དོན་འགྲུབ་པའི་ཉི་མ་ཤར་ཁག་པོ་རེད་སྙམ།
ད་བར་དུ་ལྟ་གྲུབ་ལ་རྩོད་པ་མ་བྱས་བསམ་པ་མེད་ལ། དེས་གྲུབ་འབྲས་ཐོན་སོང་བསམ་པའང་མེད།
ཡང་སྔ་མོ་བོད་རང་བཙན་ཡིན་མིན་ལ་རྩོད་པ་མེད། མང་པོ་ཞིག་གིས་སྐད་འབོད་སྐབས་་་བོད་རང་བཙན་གཙང་མ་ཡིན་་་ཞེས་པ་ལས་་་་བོད་རང་བཙན་གཙང་མ་དགོས་་་་ཞེས་པ་ཧ་ཅང་ཉུང་ཉུང་རེད། འདི་གཉིས་ལ་ཁྱད་པར་ཆེན་པོ་ཡོད།
གང་ལྟར་ལམ་དབུ་མ་ཟེར་ན་འདྲ་རྒྱ་གཞུང་གི་ཆབ་སྲིད་སྒྲོམ་གཞིའི་འོག་སྡོད་ཕྱིན་ཆད་དར་དམར་གྱི་འོག་སྡོད་དགོས་པ་བྱིས་པ་སྣབས་ལུད་ཚུན་ཆད་ཀྱིས་ཤེས། སོང་ཙང་མ་སྨད་གསུམ་གྱི་བྱེད་སྟངས་ལ་མི་འགྲིག་པ་མེད།
གཞོན་ནུའི་ཚོགས་གཙོ་ཚོགས་གཞོན་གྱི་ངོ་རྒོལ་ལ་ད་དུང་ངེད་ཀྱིས་ངོ་རྒོལ་བྱེད་རྒྱུ་ཡིན། མ་གཞི་ཁོང་གཉིས་ཕྱོགས་ལ་ས་མཚམས་ཆུ་མཚམས་མེད་ན་་་་ཉིན་ཞིག་ཚོགས་པ་ཡོངས་ལ་སྐུ་ངལ་འཕྲད་ཉེན་འདུག།།
ད་ཚོགས་པ་འདི་ཚོས་བཙན་བྱོལ་སྤྱི་ཚོགས་ཆུང་ཆུང་འདི་ཁ་འཐོར་དགུ་འཐོར་བཟོ་ས་རེད། བལྟོས་དང་ཤེས། འདི་འདྲའི་ཆབ་སྲིད་པ་ཤེས་མེད་འགའ་འདུག
དབུ་མའི་ལས་འགན་ཁང་གིས་ཁོང་མ་བུ་གསུམ་ལ་རྒྱབ་སྐྱོབ་བྱས་པ་ཤུན་ཏུ་ལེགས།
དེ་མིན་ཁ་སྔོན་ནུ་ཚོགས་པས་དོན་ལ་ཁོང་མ་བུ་གསུམ་ལ་ངོ་རྒོལ་བྱས་པ་དེ་ཧ་ཅང་གི་བློ་ཕམ་ཆེན་པོ་ཡོད། ད་བར་དུ་གཞོན་ནུས་ཁ་བཤད་མ་གཏོགས་དོན་གྱི་ལས་དོན་ཞིག་རྩ་བ་ཉིད་ནས་བྱས་མྱོང་ཡོད་པ་མ་རེད། ལྷག་པར་དུ་དོན་གྲུབ་ལྷ་དར་ཁྱི་ཕྲུག་འདིས་ནང་དཀྲུགས་མ་གཏོགས་ཕྱི་དགྲ་ལ་ཚིག་གཅིག་ཀྱང་བཤད་མ་མྱོང་བ་མ་ཟད་དོན་དངོས་ཁོ་རང་གོམ་པ་སྤོ་ནས་ལས་འགན་ནང་དུ་སོང་བའི་ལོ་རྒྱུས་མེད་མཁན་ཞིག་ཡིན།
ད་སྡོད་མ་གཏོགས་གཞོན་ཚོགས་ཀྱི་ཧམ་ངན་རེ་ཟུང་ཁ་ཤས་ཀྱི་་ངོ་པགས་སྤྱི་ཚོགས་ནང་དུ་གཅིག་གཅིག་གཉིས་གཉིས་བྱས་ནས་བཤུ་ངེས་ཡིན།
ཕྲན་ལ་མཚོན་ན་ཡང་རང་བཙན་གྱི་ལངས་ཕྱོགས་ཐོག་རྒྱབ་སྐྱོར་གཙང་མ་བྱེད་མཁན་ཞིག་ཡིན་ཡང་། རྒྱ་ནག་གི་རྒྱལ་དར་འཕྱར་བ་ལས་རྒྱ་ནག་གི་རྒྱལ་དར་མེེར་སྲེག་བཏང་བ་ནག་ཉེས་འཚབ་ཆེན་དུ་བརྩི་མཁན་ཞིག་ཡིན་ལ། ལྷག་པར་དུ་རྒྱ་ནག་ལ་ཕར་རྒོལ་སྤུ་རྩེ་ཙམ་བྱེད་མ་ཐུབ་པར་བོད་པ་ནང་ཁུལ་གྱི་མི་ཚང་ཉམས་ཆུང་ཞིག་གི་ཐོག་ལ་གསར་འགོད་གསལ་བསྒྲགས་སྤེལ་དེ་རྔམ་རྔམ་རྫིག་རྫིག་གི་བསྒྲགས་གཏམ་སྤེལ་བ་དེ་ནི་དེ་ལས་ཀྱང་ཞབས་ཆུང་ཐབས་རྡུགས་ཤིག་ཏུ་མཐོང་གི་ཡོད།
རྒྱ་ནག་རྒྱལ་དར་འཕྱར་མཁན་ཚོར་རྒྱབ་སྐྱོར་གཙང་མ་ཡོད་ཟེར་བ་དེ་བདེན་པ་རེད། ད་ནི་བཙན་གཤོལ་བོད་གཞུང་གི་ལས་ཁོང། བཀའ་ཤག་དང་། བདེ་སྲུང་། བདེ་དོན་ཁང་། ཆོས་རིགས་ལས་ཁོང་སོགས་ཀྱི་ཐོག་ལ་སྐར་ལྔའི་དར་དམར་མེ་རི་འབར་འདྲ་རེ་རེ་ཕྱར་ན་མི་ཡག་སམ།
དགྲ་་་་་ཕྱི་དགྲ་མ་རེད་། ནང་དགྲ་རེད།
གང་ལྟར་རྒྱལ་དར་ཁྱེར་བ་དེ་སྲིད་ཇུས་ཐབས་བྱུས་ཞིག་ཡིན་གྱི་རེད།
གཅིག་བྱེད་ན་ཁོང་ཚོས་རྒྱལ་དར་དམར་པོ་ཁྱེར་ནས་བོད་ལ་གོམ་བགྲོད་བྱེད་ཐུབ་སྲིད་དེ་འདྲ་བྱུང་ན་ལེགས། གང་ལྟར་མི་བུ་སྒེར་ངོས་ནས་གོམ་པ་གང་སྤོས་ཏེ་བོད་དོན་དུ་ཕྱིན་ནའང་ཐུགས་རྗེ་ཆེ་དང་ཡི་རངས་ཞུ་རྒྱུ་ཡིན། དེ་མིན་མདུན་ལྕོག་གྲུ་བཞིའི་སྟེང་ནས་ཁ་མཁས་འདྲ་ཆགས་རེ་བཤད་དེ་ཞལ་འདེབས་བསྡུ་སློང་དང། ང་འཇོན་ངས་བྱས་རྐྱང་བཤད་དེ་། ཁ་བཤད་ཆུ་ཡི་སྦུ་བའི་སྐད་ཆ་དེ་ཚོར་ཉན་འདོད་མི་འདུག
ཐབས་རྒྱ་ཇུས་སྟོང་བཏང་སྟེ་བོད་དོན་ལས་འགུལ་སྤེལ་དགོས་པ་རེད། དེ་མིན་ཚིག་གཡག་རོ་ཙམ་ཅིག་བཤད། ལག་ལེན་སོ་མ་ཙམ་ཞིག་ལས་མེད་ན་ཐབས་སྡུག་རེད།
ཧཧཧཧཧཧཧཧཧ་རྡ་ས་ནས་ནུས་མེད་ཀྱི་ཚོགས་པ་འདི་ཚོས་ནུས་པ་ཅུང་ཙམ་རེ་ཡོད་པ་རྣམས་ནང་ནས་གཅིག་གིས་གཅིག་ལ་མགོ་གནོན་དག་ཁ་གཏད་བཀྱགས་པ་ལས་བོད་རིགས་ཀྱི་རྩ་དོན་བསམ་མཁན་དྲ་མ་ཙམ་ཡང་མེད་པ་སྔ་ས་ནས་ཤེས་ཀྱི་ཡོད།
རྒྱ་དར་བོད་དར་གང་ཁུར་ཡང་འདྲ།
གཏམ་བཤད་རྫིག་པོ་དང་གསལ་བསྒྲགས་རྫིག་པོ་གང་བྱ་ཡང་རང་ཉིད་ཀྱི་ཕོར་ཁ་སྲུང་བྱེད་དང་གཞན་ལ་མགོ་གནོན་བྱ་བ་ཁོ་ན་རེད། འདི་ཚོ་བསམ་ཚེ་བོད་ནང་གི་དོན་དམ་གྱི་རྒྱལ་གཅེས་པ་ཁོང་ཚོའི་སྙིང་རྗེ་སྟོབས་ལ་ཡིད་རང་ཤོར་གྱི་འདུག
1 “ང་ཚོས་བོད་རང་བཙན་ཐོབ་རྗེས་ཀྱི་རྒྱལ་ཁབ་འཛུགས་སྐྲུན་ཆེད་མ་དངུལ་ཞལ་འདེབས་བསྡུ་རྒྱུ་ཡིན”ཞེས་བྱིས་པའི་གཉིད་གཏམ་འདྲ་བའི་སྐད་ཆ་འདི་ཤོད་མཁན་དོན་གྲུབ་ལྷ་དར་རེད།
2 “སྐལ་ལྡན་བློ་གྲོས་ཀྱི་བྱེད་ཕྱོགས་དང་བརྡ་ལན་ལ་དཔགས་པའི་ང་ཚོས་གོམ་པ་མདུན་སྐྱོད་ཀྱི་གདོང་ལེན་མཐར་ཕྱིན་པ་བྱ་རྒྱུ་ཡིན”ཞེས་རྒྱ་ནག་དམར་སྲིད་ཀྱི་ཆབ་སྲིད་འུད་སྒྲོག་ལྟ་བའི་ཚིག་སྦྱོར་འདི་སྤེལ་མཁན་དོན་གྲུབ་ལྷ་དར་རེད།
3 “བོད་རང་བཙན་མ་ཐོབ་བར་དུ་རྒྱ་དམར་གཞུང་ལ་མཐའ་གཅིག་ཏུ་ངོ་རྒོལ་དང་། རྒྱ་ནག་གི་རྒྱལ་དར་མེར་བསྲེགས་གཏོང་རྒྱུ་ཡིན” ཞེས་རྒྱ་རིགས་དུང་ཕྱུར་བཅུ་གཅིག་དང་ཕྱེད་ཀའི་སྙིང་བརྩེ་བའི་དཀྲོག་གཏམ་སྤེལ་མཁན་དོན་གྲུབ་ལྷ་དར་རེད།
4 “དགྲ་བོ་རྒྱ་དམར་གྱི་རྒྱལ་དར་འཁྱེར་ནས་འགྲོ་བ་དེ་ནི་བཙན་བྱོལ་བོད་མིའི་མི་ལོ ༥༣ ཀྱི་ལོ་རྒྱུས་ནང་ཐེངས་དང་པོ་ཆགས་ཡོད་པ་མ་ཟད། བཙན་བྱོལ་བོད་མིའི་ལོ་རྒྱུས་ནང་ནག་ཐིག་ཆེན་པོ་ཞིག་བཟོས་ཡོད་པ་རེད” ཞེས་ནང་མི་སྤུ་ཟླ་ཕུང་དཀྲུག་གི་ཆལ་གཏམ་འདི་སྤེལ་མཁན་དོན་གྲུབ་ལྷ་དར་རེད།
མི་འདིས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་མི་ཚོས་སྤྱི་ཚོགས་ནང་གདོང་པ་སྟོན་ས་མེད་པ་ཞིག་བཟོ་ས་རེད།
ཁ་སང་དེ་རིང་བཙན་བྱོལ་ནང་གི་ཚོགས་པ་ཁག་དང་མི་སྒེར་མང་བོ་ཞིག་གི་ཚེ་བརྟན་རྡོ་རྗེ་མ་བུ་གསུམ་གྱིས་རྒྱ་ནག་གི་རྒྱལ་དར་ཁྱེར་གྱི་ཡོད་པའི་ཐད་རྩོད་པ་མང་པོ་བྱས་ཀྱི་འདུག་ལ་དེ་ཐད་བློ་ཕམ་བྱུང་མཁན་ཡང་ཡོད་ཀི ངས་ཁོ་ཚོ་རྒྱ་ནག་གི་རྒྱལ་དར་ཁྱེར་བའི་ཉིན་དང་བོ་ནས་འདི་ལྟ་བུའི་རྩོད་པ་ཞིག་ཡོང་རྒྱུ་ཡིན་པ་ཚོར་དཔག་བྱས་ཡོད། རྒྱུ་མཚམས་ནི་དབུ་མའི་ལམ་ལ་རྒྱབ་སྐྱོར་བྱེད་མཁན་དང་ངོ་རྒོལ་བྱེད་མཁན་གཉིས་ཡོད་པས་སོ། ངས་ལྟོས་ན་གཞོན་ནུ་ལྷན་ཚོགས་ཀྱིས་ངོ་རྒོལ་བྱས་པ་དང་དབུ་མའི་ལམ་མི་མང་ལས་འགུལ་ཁང་གིས་རྒྱབ་སྐྱོར་བྱས་པ་གཉིས་འགལ་བ་མེད་པར་འདོད། རང་བཙན་གཙང་མ་བཤད་མཁན་ཞིག་ཡིན་ན་རྒྱ་ནག་གི་རྒྱལ་དར་ཁྱེར་བའི་བྱ་སྤྱོད་ལ་དགའ་བསུ་མི་བྱེད་པར་མ་ཟད་ངོ་རྒོལ་བྱེད་ཀྱི་རེད། དེ་ལ་ཚེ་བརྟན་རྡོ་རྗེ་མ་བུ་གསུམ་གྱིས་ཀྱང་ཤེས་རྟོགས་བྱུང་ཡོད་ཀྱི་རེད་བསམ། གལ་སྲིད་དབུ་མའི་ལམ་ལ་ལྷག་བསམ་རྣམ་དག་གི་རྒྱབ་སྐྱོར་བྱེད་མཁན་ཞིག་ཡིན་ན། རྒྱ་ནག་རྒྱལ་དར་ཁྱེར་ན་མིག་ལམ་དུ་བདེ་ན་ཆོག་གི་མི་བདེ་ན་ཆོག་གི་གང་ལྟར་ཁས་ལེན་ནས་རྒྱབ་སྐྱོར་བྱེད་དགོས་ཀྱི་རེད། དེ་དངོས་ཡོད་དང་གནས་ལུགས་ཡིན་ནི་རེད།
སྐད་ཆ་ཤོད་མཁན་སུ་ཡིན་གྱིས་སྤྱི་ཚོགས་ལ་མནོ་བསམ་བཏང་ནས་ཤོད་རོགས། རྒྱ་དམར་གྱི་རྒྱ་དར་འཁྱེར་པར་རྒྱབ་སྐྱོར་དང་ངོ་རྒོལ་གང་ཡོད་རུང་དེ་རང་རང་གི་ཚོར་འདུ་དང་བསམ་བློའི་འཁོར་ཕྱོགས་རེད་ལ་རང་དབང་ཡང་རེད། འོན་ཀྱང་། དེ་དང་མཉམ་དུ་དབུ་མའི་ལམ་དང་རང་བཙན་གཙང་མའི་ལྟ་གྲུབ་དང་རྒྱབ་ལྗོང་སོགས་གླེང་དགོས་དོན་ཨེ་ཡོད་ན་་་་་་་་་་་་་་་་
ངོ་མ་དགའ་བོ་བྱུང་། བོད་པ་ཚང་མ་ཁོང་མ་བུ་གསུམ་གྱི་རྒྱབ་ཏུ་ལོངས་ཤོག ཆབ་སྲིད་ལངས་ཕྱོགས་ཀྱི་ཐད་ནས་སོ་སོར་མཚོན་ན་བོད་རང་བཙན་གཙང་མའི་ཐོག་རྒྱབ་སྐྱོར་བྱེད་མཁན་ཞིག་ཡིན་ལ། དེ་དང་མཐུན་པར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་མིའི་ཁོངས་སུ་ཞུགས་ཏེ་ལོ་དགའ་རབ་ཅིག་འགྲོ་བཞིན་ཡོད། ནམ་རྒྱུན་སོ་སོས་ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པོར་བཟུང་སྟེ་ཚོགས་པ་འདིར་གང་ཐུབ་ཅི་ཐུབ་ཀྱིས་ཞབས་ཞུ་ཞུས་མྱོང་ཡོད་བསམ་པ་དྲན་ཡོད། ཡིན་ནའང་བྱེད་སྟངས་ཀྱི་ཐོག་ནས་ཚོགས་པ་འདིའི་ལས་དོན་མང་པོ་ཞིག་ལ་མོས་མཐུན་རྩ་བ་ཉིད་ནས་མེད་བསྡད་མཁན་ཞིག་ཡིན། ཉེ་ལམ་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་ངོས་ནས་ཆུང་ཆུང་ཆེན་པོ་དང་། འུར་བསྒྲགས་སྤུར་བསྒྲགས་འདྲ་ཞིག་བྱས་ཏེ་གསར་འགོད་གསལ་བསྒྲགས་སྤེལ་བ་དེར་བློ་ཕམ་ཤིན་ཏུ་ཆེན་པོ་བྱུང་སོང་བ་མ་ཟད། ཡང་བསྐྱར་བོད་ཀྱི་གཞོན་ནུ་ཚོགས་པ་འདི་གནམ་ལ་བཏེགས་ཏེ་ས་ལ་ཐེངས་གཅིག་བརྡབ་སོང་སྙམ་སྟེ་སེམས་འཚབ་བྱེད་ཀྱིན་ཡོད།
དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་ངོས་ནས་དེ་སྔ་ཐེངས་ཁ་ཤས་ལ་རྒྱ་ནག་གི་རྒྱལ་དར་མེར་བསྲེགས་བཏང་བས་མཚོན་པའི་ཐེངས་གཅིག་མིན་གཉིས་མིན་ལས་དོན་ཐོག་ཐལ་ཆ་མང་པོ་ཤོར་མྱོང་ཡོད། སྔ་ལོར་ཨ་རིའི་ཝ་ཤིན་ཌོན་དུ་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དུས་འཁོར་དབང་ཆེན་ཐེངས་སོ་གཉིས་པ་གནང་སྐབས་ཀྱང་། གནས་ཚུལ་ཕྲན་བུ་ཞིག་གི་དོན་དག་ལ་རྡ་རམ་ས་ལ་རུ་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་ངོས་ནས་གསར་འགོད་གསལ་བསྒྲགས་སྤེལ་ཏེ་མི་སྒེར་བ་ཞིག་གིས་ཅིག་ཅིག་མིག་མིག་བྱས་སོང་ཞེས་འུར་སྒྲ་བརྒྱབ་ཡོད། རྗེས་སུ་དུས་འཁོར་དབང་ཆེན་གོ་སྒྲིག་ཚོགས་ཆུང་གི་ངོས་ནས་གཞུང་འབྲེལ་ཐོག་གསལ་བཤད་ལན་འདེབས་གནང་ཡོང་སྐབས། སོ་སོར་མཚོན་ན་ཚོགས་པ་འདིའི་ཚོགས་མི་ཞིག་ཡིན་པའི་ངོས་ཐད་ནས་ངོ་ཚ་བོ་དང་ཁ་སྐྱེངས་པོ་འདྲ་ཞིག་བྱུང་སོང་ལ། ཡང་དང་བསྐྱར་དུ་འདི་འདྲ་གནང་ཡོང་སྐབས་ཁོང་ཁྲོ་ཡང་ལངས་འོང་གི་འདུག
ནོར་འཁྲུལ་དེ་དག་གི་འགན་ཡོངས་རྫོགས་ཚོགས་པ་འདིའི་ཚོགས་མི་ཡོངས་ལ་འཁྲི་བ་ཞིག་མ་ཡིན་པར། ཤེས་ཚད་ཆུང་ལ་འུར་གཏུམ་ཆེ་བའི་ལས་ཀྱི་སྣེ་མོར་གཏོག་པའི་མི་གཅིག་རེ་གཉིས་རེ་ཡིས་བྱས་ཉེས་ཡིན་ཞིང་། སྤྱོད་སྟངས་འདིས་ཚོགས་པ་འདི་ས་འདྲུད་རྡོ་འདྲུད་བྱས་ཏེ་ཚོགས་པའི་ཆེ་མཐོང་ཉམས་ཆགས་ལ་བཏང་དང་གཏོང་བཞིན་ཡོད། དོན་ལ་འདི་དག་ཚང་མ་མི་རེ་གཉིས་ཤིག་གི་ཧ་ཐལ་ཧོལ་རྒྱུག་དང་བྱེད་ཉེས་སྤྱོད་ལོག་གི་སྣང་ཚུལ་ཡིན་ཡང་། རྣམ་པའི་ཐོག་ནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ལ་མིང་ཆལ་དང་། ལོ་རྒྱུས་དོན་སྙིང་ལྡན་པའི་ཚོགས་པ་འདིར་མང་ཚོགས་ཀྱི་ཡིད་ཆེས་རླག་འགྲོ་བཞིན་ཡོད། འདི་དང་འདིས་མཚོན་པའི་བསམ་བློའི་གནས་ཚད་ཀྱིས་མ་འདང་བ་དང་ཆབ་སྲིད་ལྟ་བའི་ཕུ་ཐག་ཐུང་བའི་སྐྱོན་གནད་འོག་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལའང་ཐུགས་ཕམ་རབས་དང་རིམ་པ་བཟོས་ཡོད་ལ། བོད་པའི་རྩ་དོན་འཐབ་རྩོད་ཐོག་ཏུའང་དོ་ཕོག་སྔ་རྗེས་བཏང་ཡོད།
དབུ་མའི་ལམ་ལས་འགུལ་ཁང་གི་ཁྱི་བཤད་ལ་ངོ་རྒོལ་ཡོད། ལས་འགུལ་ཁང་ཟེར་བ་འདིས་༧གོང་ས་མཆོག་ཁ་འཁྱེར་ནས་སྤྱི་ཚོགས་ནང་གཡོ་སྒྱུ་སྣ་ཚོགས་འཁྲབས་མྱོང་བས། ཚང་མས་དོགས་གཟོན་གནང་རྒྱུ་གལ་ཆེ། འདི་དག་གིས་རྒྱལ་བ་ཐམས་ཅད་མཁྱེན་པའི་ཐུགས་དགོངས་ལ་ལོག་འགྲེལ་འདྲ་མིན་བཅོ་བརྒྱད་བྱས་སྟབས། སྤྱི་ཚོགས་ནང་ཚོགས་པ་འདིར་ཡིད་ཆད་ཅིང་སྐྱུག་ལོག་ནས་བསྡད་ཡོད་པ་བཤད་མི་དགོས་པ་ཞིག་རེད། དེ་རང་ཡང་གྱོད་སྣེ་ཀུན་གྱི་སྣ་འདྲེན་ཆོས་འབྱོར་ཟེར་བ་འདིས་ཁྱི་བཤད་ལ་བླངས་པར་རྣམ་དཔྱོད་ཅན་གྱི་མི་མང་དག་མགོ་འཁོར་མི་འོས་པའི་རེ་སྐུལ་ཞུ་བཞིན་ཡོད། རྒྱ་ནག་གི་དར་དམར་འོག་ང་ཚོའི་ཤི་གསོན་ག་ཚོད་ཅིག་གི་ཚེ་སྲོག་དང་མནར་གཅོད་མྱངས་ཤིང་མྱོང་གིན་ཡོད། གལ་སྲིད་ང་ཚོ་རྒྱལ་དར་གཅིག་གི་འོག་ཏུ་མགོ་སྒུར་ཏེ་འཚོ་དགོས་ན་འདི་ལྟ་བུའི་མནར་གཅོད་ཅིག་ཉོ་དགོས་པ་ག་ལ་ཡོད། རང་དབང་ལུང་པ་ན་ཡོད་པ་དག་གིས་ཆོས་འབྱོར་གི་ཁྱི་བཤད་ནང་བྱས་ན། ཁ་སང་གཤེགས་ཚར་བའི་བོད་གངས་ཅན་གྱི་རྒྱལ་གཅེས་དཔའ་བོ་དག་ཁྲེལ་མེད་བྱས་པ་རེད། གཞིས་ལུས་མང་གི་གདོང་ལའང་ཅི་ལྟར་བལྟ་དགོས་པ་རེད། བོད་མི་རིགས་ཀྱི་ཆེད་དུ་ཅི་གང་མི་འཇོན་ནའང་། སུ་ཡིན་པས་ཤེས་མ་མ་ཤེས་ཁྱི་བཤད་ལ་ལེན་རྒྱུར་མཚམས་འཇོག་རོགས།
དབུ་མའི་ལམ་ལས་འགུལ་ཁང་གིས་ཚེ་བརྟན་རྡོ་རྗེ་མ་བུ་གསུམ་ལ་རྒྱབ་སྐྱོར་བྱས་པ་དེ་འགྲིག་འདུག དེ་མཉམ་གཞན་ལ་ཡང་རྒྱ་ནག་གི་རྒྱལ་དར་འཕྱར་དགོས་པར་འབོད་སྐུལ་ཞུས་འདུག་པ་དེ་ཁྱད་མཚར་ཞིག་རེད། ལས་འགུལ་འདི་ཙམ་མ་གཏོགས་སྤེལ་རྒྱུ་མེད་སོང་བ་མིན་རེ་ཆེ། གང་ལྟར་གཞོན་ལྷན་དང་དབུ་མའི་ལམ་ལས་འགུལ་ཁང་འདི་གཉིས་ཀྱིས་ནང་དཀྲུག་གི་བསྒྲགས་གཏམ་ཐ་ཤལ་བ་རེ་སྤེལ་བར་བློ་ཕམ་ཆེན་པོ་ཡོད།
གོང་གི་གསལ་བསྒྲགས་དེའི་ནང་གླིང་ཚ་མ་བུ་གསུམ་གྱི་བོད་བར་གོམ་བགྲོད་བྱེད་བཞིན་པའི་ལས་འགུལ་འདིར་རྒྱབ་སྐྱོར་གཙང་མ་བྱེད་འདུག་པ་བཀའ་དྲིན་ཆེ། འུ་ཚང་གི་གྲོས་མོལ་བྱེད་བཞིན་པའི་ལམ་ཕྱོགས་ནི་རྒྱ་ནག་གི་རྩ་ཁྲིམས་སྒྲོམ་གཞིའི་འོག་འདུག་རྒྱུ་ཡིན་པས་དེ་དང་འཚམས་པའི་ལས་འགུལ་རེ་བྱེད་ནའང་མ་འགྲིག་པ་མེད། ད་ཉིན་ཤས་རྗེས་ནས་ཁོང་མ་བུ་གསུམ་ས་མཚམས་སུ་འབྱོར་གྱི་ཡོད་སྟབས་ངེད་ཚོས་ལས་འགུལ་འདི་མཉམ་ཞུགས་བྱེད་མ་ཐུབ་ཀྱང་བློ་ཕམ་རུ་ནམ་ཡང་འཇུག་མི་ཉན། ཁོང་མ་བུ་གསུམ་རྒྱལ་གྱུར་ཅིག།
རྒྱ་གཞུང་གི་བཀའ་རྒྱ་དང་དབུ་མ་པ་ཚོས་འབོད་སྐུལ་གཉིས་ནང་དོན་གཅིག་པ་རེད་འདུག མཐའ་གཅིག་ཏུ་ངོ་རྒོལ་ཡོད། ནམ་ཡང་ངོས་ལེན་མེད། སུ་ལ་ཕོག་ན་དེ་ལ་ཆེད་དུ་ཕུལ་ཡིན། ལམ་དབུ་མ་ཟེར་མཁན་ཚོ་ཅིའི་ཕྱིར་རྡ་རམ་ལར་བསྡད་ཡོད་རེ། མར་རྒྱ་འོག་ལ་འཛུལ་དུ་སོང་ན་སུས་བཀག་འགོག་བྱེད་དགོས་དོན་མི་འདུག་ཨ།
རྒྱ་ནག་རྒྱལ་དར་འཕྱར་ནས་ལས་འགུལ་སྤེལ་མཁན་ཚོར་ངོ་རྒོལ་བྱ་དགོས་དོན་མེད་ལ་བརྒྱབ་སྐྱོར་དེ་བས་བྱ་དགོས་དོན་མིན་འདུག གང་ཡིན་ཞེ་ན། རྒྱལ་དར་འཕྱར་མཁན་ལ་ངོ་རྒོལ་བྱས་ན། རྒྱ་དགུང་ཁྲན་གྱི་བ་སྤུ་ཡང་འགུལ་མི་ཐུབ་ལ། དེ་ལ་བརྒྱབ་སྐྱོར་བྱས་ན་རྒྱ་དགུང་ཁྲན་གྱིས་བསམ་གཞིགས་དེ་བས་ཐོབ་མི་སྲིད། གང་ལྟར་དེ་གཉིས་ཀས་ད་ལྟའི་བོད་ཀྱི་དཀའ་གནད་སེལ་རྒྱུར་ཕན་སྣ་ཅིག་མི་ཐོག་པའི་ཁར་བོད་མི་ནང་ཁུལ་ཕྱོགས་གཏོགས་དབྱེ་བའི་འཁྲུགས་སྣེའི་རྒྱུ་ཁོ་ནར་མཐོང། དབུ་མའི་ལམ་གྱི་གསལ་བསྒྲགས་ལ་མཚོན་ན། ཚེ་རྡོར་མ་བུ་གསུམ་གྱི་ཐབ་རྩོད་ལ་རྒྱབ་སྐྱོར་དང་རྒྱལ་དར་འཕྱར་བར་ངོ་རྒོལ་མེད་ན་འགྲིག་པ་ལས། དེ་རྒྱབ་སྐྱོར་དང་ལྷག་མར་མི་དམངས་ལ་ཕྱིས་སུ་ལས་འགུལ་སྤེལ་སྐབས་རྒྱལ་དར་མཉམ་འཁྱེར་བྱ་དགོས་པའི་དགོས་འདུན་བཏོན་པ་ནི་ཤིན་ཏུ་ནས་ཐབས་སྡུག་གི་བྱ་བ་ཞིག་རེད། དེ་བཞིན་གཞོན་ལྷན་ནས་རྒྱལ་དར་འཕྱར་བ་གཞོན་ལྷན་གྱི་ལངས་ཕྱོགས་སྲིད་ཇུས་དང་མི་མཐུན་པ་ཙམ་ལས། དེ་ལ་ངོ་རྒོལ་ཡོད་ཟེར་བ་དང་ལྷག་པར་རྒྱལ་དར་མེར་བསྲེགས་བཏང་གི་ཡིན་ཟེར་བ་ནི་བསམ་གཞིགས་མ་མཐོང་བའི་བྱིས་པ་ལོ་བརྒྱད་ཀྱི་སྐད་དང་བྱ་སྟངས་ཤིག་རེད། དེ་གཉིས་སོ་སོར་དགེ་སྐྱོན་གླེང་དགོས་ན་ནམ་ཡང་རྫོགས་མཐའ་མེད། བྱས་ཙང་དེ་སྐོར་རིག་པ་བཏོན་ཡང་དུས་ཚོད་འཕྲོ་བརླག་རེད་འདུག་པས་རིག་གྲོགས་ཚང་མས་གླེང་འཕྲོ་བཅད་རེ་ཞིག་ཏིང་ངེ་འཛིན་དུ་བཞུགས་སུ་གསོལ། །།
དེ་སྔོན་དྷ་སའི་ཚོགས་པ་༡༡ ནས་ཚེ་བརྟན་རྡོ་རྗེ་ལ་ཡིག་གེ་ཞིག་སྤྲད་པ་ཤར་ཕྱོགས་ཁུག་རྟས་བཅོས་འབྲི་བྱས་ནས་དབུ་མའི་ལམ་དང་མཐུན་པས་རྒྱབ་སྐྱོར་བྱས་རབས་བཀོད་ཡོད་འདུག ཚོགས་པ་བཅུ་གཅིག་དེ་དབུ་མ་རང་བཙན་གཉིས་ཀར་ཕྱོགས་སུ་ལྷུང་རྒྱུ་མེད་པའི་གྲོས་ཆོད་ཡོད་པ་རེད།
དེ་རྗེས་ཁ་སང་ཚེ་བརྟན་རྡོ་རྗེ་མ་བུ་གསུམ་གྱི་རོགས་པར་འགྲོ་དགོས་སྐོར་གྱི་ཚོགས་འདུའི་སྐབས་ ཤར་ཕྱོགས་ཁུག་རྟས་ཡང་ཚོང་ཁང་དང་ཟས་ཁང་མང་པོར་འབོད་སྐུལ་བྱས་ནས་རོགས་པ་ཡོང་རོགས་ལབ་ཀྱི་འདུག་ལབ་པ་རེད། ཚོགས་ཐོག་ནས་ཚེ་བརྟན་རྡོ་རྗེ་ལ་དྲིས་དུས་ངས་ཡོང་རོགས་ལབ་རྒྱུ་མ་བྱུང་། རོགས་པ་བྱུང་ཡང་དགའ་བསུ་ཡོད་ལབ་པ་རེད། ཁུག་རྟས་དེ་དུས་མདོ་སྨད་ཚོགས་པ་དང་དབུ་མའི་ལམ་གྱི་ལས་འགུལ་ཁང་གཉིས་ཀར་དགོངས་དག་ཞུས་ཡོད་པ་རེད།། མདོར་ན་མི་འདིས་ནང་ཁུལ་དཀྲུག་ཤིང་རྒྱག་པར་དབུ་ལམ་ཁང་ཏུ་འཇོག་དགོས་དོན་གང་ཡིན་ནམ།
ཁྱེད་ཚོར་རྒྱ་དར་དགོས་ན། ལག་པ་གནམ་ལ་རྐྱག་ནས་ཕར་ལོག་རྒྱུག། བྱམས་པ་ཕུན་ཚོགས་ཀྱིས་ཁྱེད་ཚོར་སྣེ་ལེན་བྱ་ངེས་རེད། བོད་ནང་གི་བོད་མི་ཚོས་རྒྱ་མིའི་འོག་དུ་འདོད་རྒྱུ་མིན་ཞེས་པའི་འབོད་ཚིག་ལ་ང་ཚོས་རིན་ཐང་རྩི་དགོས་བསམ། ངོ་ཚ་མེད་པའི་མི་ཚོ་གང་བྱེད།
ཡུལ་གྱར་སྲི་གཞུང་གི་བོད་རིགས་བློ་མཐུན་ཁ་ཤས་ཀྱིས་ང་ཚོའི་ཏང་གི་དར་དམར་འཁྱེར་ནས་མེས་རྒྱལ་གྱི་དཔང་དུ་ཕྱིར་ལོག་པའི་མངོན་བདྲ་གཅིག་གཏོང་བཞིན་ཡོད་པའི་གསར་འགྱུར་དེ་བཀྲིས་པའི་རྟགས་མཚན་ཞིག་རེད།
གང་ཡིན་ཟེར་ན་དེ་ནི་གུང་ཁྲན་ཏང་གི་རྩ་འཛུགས་ཏང་ཤོག་ཁྲི་ལོར་བརྟན་པའི་བརྒྱབ་བསྐྱོར་ཞིག་ཡིན་ཡིན་སྟབས། ཏང་གི་ག་དུས་ཡིན་ཀྱང་བརྒྱབ་བསྐྱོར་བྱེད་མཁན་བོད་རིགས་བློ་མཐུན་ཕྱི་ནང་གང་དུ་ཡོད་ཀྱང་ཁོང་ཚོར་བལྟ་ཐོགས་བྱེད་དགོས་ལ། ཁོང་ཚོར་དུས་ཐོག་ལས་འགུལ་སྤེལ་ཏེ་ད་དུང་བརྒྱབ་སྐྱོར་བྱེད་མཁན་བོད་རིགས་ཇི་ཙམ་མང་ན་དེ་ཙམ་གྱིས་ཆེས་མཐའ་འཇུག་ཏང་གི་རྒྱལ་ཁ་ངོ་མ་ཞིག་ཡིན།
ཏང་གིས་ཁོང་ཚོར་མཐུན་འགྱུར་རོགས་རམས་བྱེད་དགོས་ལ། ཁོང་ཚོར་དུས་ཐོག་འབྲེལ་བ་བྱེད་དགོས། ཁོང་ཚོའི་གནས་སྐབས་ཀྱི་མངོན་འདོད་རྣམས་མི་ཤུགས་དང་རྒྱུ་ཤུགས་གཉིས་ཀས་འདོད་བློ་བསྐངས་ཐུབ་པ་བྱེད་དགོས།
དེ་ནི་ང་ཚོའི་ཏང་གི་རླུང་རྟ་ཡར་འགྲོ་ཡིན་པའི་མཚོན་རྟགས་ཤིག་ཡིན་སྟབས་ད་དུང་མངོན་ལྐོག་གཉིས་ནས་ཕྱི་སྡོད་ཏྰ་ལ་བླ་མ་དང་། ཏྰ་ལའི་རུ་ཚོགས་དེ་གཙང་མེད་དུ་བཏང་ནས་ཁ་ཐོར་ནུས་ཤུགས་གང་ཡང་མེད་པ་ཞིག་བཟོ་ཐུབ་རྒྱུར་འབད་བརྩོན་བྱོས།
ཏང་གི་བཀའ་རྒྱ
དང་པོ། ༡༩༢༡ ལོར་གུང་ཁྲན་ཏང་བཙུགས་ནས་ཁྱོན་ལོ་ ༢༨ རྒྱུན་བསྲིངས་དམག་འཁྲུགས་བྱས་ཏེ་རྒྱ་རིགས་དགྲ་བོ་ས་ཡ་ ༤༢ ལྷག་ང་ཚོས་བསད་ཐུབ་ཡོད།
གཉིས་པ། ༡༩༤༩། ༡༠། ༡ ཉིན་ཀྲུང་ཧ་མི་དམང་སྤྱི་མཐུན་རྒྱལ་ཁབ་བཙུགས་ཐུབ་པ་དང་ཕྱི་ཉིན་ཚེས་ ༥ ཉིན་ཨུ་རུ་སུས་ཁས་ལེན་བྱས་ཏེ་ཕན་ཚུན་གཞུང་ཚབ་གཏོང་རེས་བྱས་ཡོད།
གསུམ་པ། བློ་མཐུན་མའོ་ཙེ་ཏུང་གི་བཀའ་དགོངས་ལྟར་བོད་དང་ཐེ་ཝན་སོགས་བཅིངས་གྲོལ་གཏོང་རྒྱུར་ཐག་བཅད་སྟབས། ༡༩༥༠ ལོར་ཀྲུང་གོའི་དམག་སྡེ་ཨང་༡༨ དེ་བོད་དུ་དཔུང་བསྐྱོད་བྱས་ཡོད།
བཞི་པ། ༡༩༥༠ ནས་༦༠ བར་ལོ་བཅུའི་རིང་ང་ཚོས་རྒྱ་བོད་ས་མཚམས་ཀྱི་བོད་རིགས་མི་དམངས་རྣམས་ལ་མཐུན་བསྒྲིལ་ཆེན་པོ་བཅིང་གྲོལ་གཏོང་རྒྱུར་རོགས་རམས་བྱས་ཏེ་དངུལ་རྡ་ཡང་ཅན་བེད་སྤྱད་དེས་སྐབས་དེའི་བོད་རིགས་ཚོས་དམག་མིའི་བཟའ་འབྲུ་དང་། ལམ་རྒྱག ལམ་བཟོ། རྟ་དྲེལ། མི་ཤུགས་སོགས་ཕྱོགས་ཀྱི་མཐུན་རྐྱེན་སྦྱོར་བས་ང་ཚོའི་དམིགས་ཡུལ་ལམ་ལྷོང་བྱུང་ཡོད། སྐབས་བོད་རིགས་ཚོས་ང་ཚོར་་་་་་་རྒྱ་གུང་ཁྲན་དྲིན་ཅན་ཕ་མ་ཡིན། རྡ་ཡན་ཅན་ཆར་པ་བབ་བབས་རེད། ་་་་ཅེས་བཤད་ཚུལ་དར་བ་རེད།
ལྔ་པ། ༡༩༥༩ ལོར་བོད་ས་ཡོངས་རྫོགས་ཞི་བའི་མིང་ཐོག་ནས་བཅིངས་གྲོལ་བཏང་ཏེ་བོད་ཀྱི་ས་ཁོངས་བདག་བདག་དབང་ཆ་ཚང་ང་ཚོར་བདག་ཐུབ་པ་བྱུང་བ་རེད། དེ་ནི་ཀྲུང་གོའི་རྒྱལ་ཡོངས་ཀྱི་ས་ཆའི་རྒྱ་ཁྱོན་གྱི་ལྔ་ཆ་གཅིག་བོད་ལྗོངས་ས་ཆས་བཟུང་ཡོད།
དྲུག་པ། བོད་ཀྱི་ཆོས་སྲིད་གཉིས་ཀྱི་བདག་པོ་དེ་ཏྰ་ལའི་བླ་མ་ཡིན་སྟབས་ང་ཚོས་ཏྰ་ལའི་བླ་མ་དང་ཏྰ་ལའིརུ་ཚོགས་ཀྱི་མི་འགའ་ཤས་ཤིག་ཕྱི་རྒྱལ་དུ་མཐར་བསྐྲོད་བཏང་ཐུབ་པ་བྱུང་བ་དེས་ང་ཚོར་རྒྱལ་ཁ་རླབས་ཆེན་ཞིག་ཐོབ་ཡོད།
དྲུག་པ། ཏྰ་ལའི་བླ་མ་དང་པན་ཆེན་གཉིས་བོད་ཀྱི་ཆོས་སྲིད་ཀྱི་གཉིས་ཀྱི་འགན་འཁུར་མི་སྣ་གཙོ་གཉིས་ཡིན་སྟབས་ པན་ཆེན་དེ་ལོ་ ༩ རིང་ང་ཚོས་བཙན་འཇུག་བྱས་པ་རེད། དེ་རྗེས་ང་ཚོས་ཁོ་པ་རྩ་མེད་དུ་བཏང་ཡོད་པ་རེད།
བདུན་པ། བོད་དེ་རྒྱ་ཡུལ་ཅན་དུ་འགྱུར་བར་བྱེད་པར་བོད་ཀྱི་ཆོས་དང་། སྐད་ཡིག་ རིགས་གནས། སྲོལ་རྒྱུན་སོགས་རྩ་མེད་དུ་བཟོ་ཆེད་༡༩༦༦ ནས་ ༡༩༧༦ བར་ཁྱོན་མི་ལོ་བཅུའི་རིང་རིག་གནས་གསར་བརྗེ་བྱས་ཏེ་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་དགོན་པ་དང་། ལྷ་ཁང་། བླ་བྲང་སོགས་ ༦༠༠༠ ལྷག་བཏོང་བཤིག་བཏང་ཐུབ་པ་རེད།
བརྒྱད་པ། བོད་རྒྱལ་ཁབ་དང་མི་རིགས་ལ་ཤ་ཚ་བའི་བོད་རིགས་བླ་མ་དང་། མཁན་པོ། གྲྭ་བཙུན། དགེ་བཤེས། མཁས་དབང་། ཤེས་ཡོན་ཅན་སོགས་ཁྲི་སྟོང་མང་དུ་ང་ཚོས་བཙོན་འཇུག་དང་ཁོང་ཚོར་་མནར་གཅོད་ཚད་ལས་འདས་པ་ཞིག་བཏང་ནས་ང་ཚོར་རྒྱལ་ཁ་ཐོབ་ཡོད།
དགུ་པ། ༡༩༥༠ ནས་ ད་བར་ལོ་ ༦༠ རིང་ང་ཚོས་བོད་དོན་འཐབ་རྩོད་བྱེད་མཁན་བོད་རིགས་ཁྱོན་ས་ཡ་གཅིག་དང་འབུམ་ལྷག་དམར་གཅོད་བཏང་ནས་ང་ཚོའི་ཏང་ལ་རྒྱལ་ཁ་ཆེན་པོ་ཞིག་ཐོབ་ཡོད།
བཅུ་པ། ད་དུང་བོད་དོན་འཐབ་རྩོད་པ་དང་། ཤེས་ཡོན་ཅན། རྩོམ་པ་པོ། གླུ་གཞན་མཁན་སོགས་མང་དག་གཅིག་ང་ཚོས་བཙོན་འཇུག་བསྟུད་མར་བྱེད་བཞིན་པ་རེད། མ་ཟད་བོད་རང་བཙན་ཡིན་ཟེར་དང་ཏྰ་ལའི་རུ་ཚོགས་ཀྱི་ངན་བསྐུལ་བྱེད་མཁན་ཡོངས་རྫོགས་རྩ་མེད་བཟོས་ཏེ་ཐལ་བའི་རྡུལ་དུ་བརླག་དགོས།
བཅུ་གཅིག་པ། དགྲ་བོའི་་ནང་ཁུལ་དུ་འགལ་ཟླ་ཇི་ཙམ་ཆེ་ན་དེ་ཙམ་གྱི་ང་ཚོའི་བརྒྱལ་ཁ་ཡིན་སྟབས། ང་ཚོས་སྔ་ཕྱིར་ཏྰ་ལར་ཁ་གཏད་གཅོད་བྱེད་དུ་རྡོ་རྗེ་ཤུགས་ལྡན་ཆོས་ལུགས་རང་དབང་ཁ་ལ་འཁྱེར་ཏེ་དགྲ་བའོ་ནང་འཁུལ་དུ་འགལ་ཟླ་གང་ཙམ་བཟོས་ཐུབ་པ་རེད།
བཅུ་གཉིས་པ། ད་དུང་ང་ཚོར་སུད་སི་སོགས་ཕྱི་སྡོད་བོད་རིགས་སྤུན་ཟླ་མང་པོ་ཞིག་ང་ཚོའི་ཀྲུང་གོའི་བློ་མཐུན་ཡིན་་སྟབས། ང་ཚོས་ཁོང་ཚོར་མངོན་ཀློག་གཉིས་ནས་འབྲེལ་བ་བྱས་ཏེ་མི་ཤུགས་དང་རྒྱུ་ཤུགས་བེད་སྤྱད་དེ་ཁོང་ཚོར་འབྲེལ་་བ་བྱས་ཏེ་ཏང་གི་བཀོད་འདོམས་ལ་ཉན་པ་དང་། ཏང་གི་འགོ་འཁྲིད་ལ་གུས་བརྩི་།ཏང་གི་དར་དམར་ལ་དགའ་ཞེན། ཏང་གི་བསམ་པ་གཅིག་མཐུན་ཡོང་བར་བྱས་ཏེ་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་མེས་རྒྱལ་ཁྱིམ་ཚང་ཆེན་མོའི་དཔང་དུ་ལོག་ཐུབ་པའི་རེ་བ་དང་དམིགས་ཚད་བཟུང་དགོས།
བཅུ་གསུམ་པ། ད་དུང་ཕྱི་སྡོད་བོད་རིགས་སྤུན་ཟླ་ནང་ཁུལ་དུ་འགལ་ཟླ་མང་ཙམ་བཟོ་རྒྱུ་དེ་ཏང་གི་དམིགས་ཡུལ་གཙོ་གཅིག་ཡིན་སྟབས། ང་ཚོས་ཀྲུང་གོའི་ཕྱི་སྡོད་བོད་རིགས་སྤུན་ཟླ་ཚོར་གསང་བའི་ཐོག་འབྲེལ་བ་བྱས་ཏེ་མཐར་ཏྰ་ལའི་རུ་ཚོགས་ཀྱི་དམིགས་ཡུལ་གང་བཅངས་པ་དག་སྟོང་བསམ་ཅན་དུ་འགྱུར་ཐུབ་པ་བྱེད་དགོས།
བཅུ་བཞི་པ། ད་ཆ་ང་ཚོའི་ཏང་ལ་དགའ་ཞེན་མཚོན་བྱེད་བོད་རིགས་ཁྱིམ་ཚང་ཁྲི་སྟོང་མང་པོར་བཀའ་བཏང་ཏེ་ཏང་གི་དར་དམར་དེ་བོད་རིགས་མི་དམངས་ཀྱི་ཁང་པའི་སྟེང་དུ་དམར་ལྷུབ་ལྷུབ་ཏུ་གཡོ་བར་བྱེད་ཐུབ་པ་དགོས།
བཅོ་ལྔ་པ། གཅིག་བྱས་ན་རིམ་པས་ང་ཚོ་ཀྲུང་གོའི་རྒྱལ་དར་དེ་ཡུལ་གྱར་སྲིད་གཞུང་གི་ཏྰ་ལའི་རུ་ཚོགས་ཀྱི་ཁང་པའི་སྟེང་དུ་དམར་པོའི་མེ་ལས་ཀྱང་ཚ་བ་ཞིག་ཉིན་གཅིག་ཏང་གི་དར་ཆ་དམར་ལྷུུབ་ལྷུབ་་ཏུ་གཡོ་མི་སྲིད་པ་མིན་སྟབས་ང་ཚོས་ཏང་དར་དམར་པོ་དེ་ཁོང་ཚོའི་མགོ་སྟེང་དང་། ཁོང་ཚོའི་ཁང་སྟེང་དུ་ཡར་རང་འགུལ་གྱིས་བསྒྲེངས་འཛུགས་བྱེད་ཐུབ་པ་ཡོང་བར་ཤུགས་སྣོན་འཕར་མ་རྒྱག་དགོས།
བཅུ་དྲུག་པ། ད་ལྟའི་ཆར་བོད་ནང་ཀྲུང་གོའི་དམག་དམག་དང་། དམར་སྒར། ནང་སའི་རྒྱ་རིགས་བློ་མཐུན་ས་ཡ་བཅུ་ཉི་ཤུ་ཙམ་གནས་སྡོད་བཞིན་ཡོད་སྟབས་སྔ་ཕྱི་མ་གཏོགས་བོད་ལྗོངས་དེ་བོད་ལྗོངས་མ་ཡིན་བོད་ལྗོངས་རྒྱ་ལྗོངས་ཡིན་པ་དེ་ང་ཚོའི་དམིགས་ཡུལ་དང་རེ་བ་དེ་རང་ཡིན།
ད་ལྟའི་ཆར་ཕྱི་སྡོད་ཏྰ་ལའི་བླ་མའི་སྙན་གྲགས་དང་། རྒྱལ་སྤྱིའི་བརྒྱབ་སྐྱོར། ཏྰལ་ལའི་ནུས་ཤུགས་བཅས་ཧ་ཅང་གི་ཆེན་པོ་ཡིན་སྟབས་ང་ཚོར་རྒྱལ་ཁ་ཆ་ཚང་བ་ཞིག་འཐོབ་ཐུབ་མེད། དེར་བརྟེན་ང་ཚོའི་ཕྱིར་སྡོད་བོ་རིགས་སྤུན་ཟླ་ཏང་ལ་ལྷག་བསམ་རྣམ་དག་ཡོད་མཁན་གང་ཙམ་ཞིག་ཡོད་སྟབས་ཁོང་ཚོས་ཏང་གི་འགོའཁྲིད་ལ་གུས་བརྩི་དང་། ཏང་གི་བཀོད་འདོམས་ལ་ཉན་པ། ཏང་གི་རྒྱལ་དར་ལ་དགའ་ཞེན། ཏང་གི་ཆབ་སྲིད་ལམ་ཕྱོགས་ཡོངས་སུ་མཐུན་པར་འབད་བརྩོན་བྱེད་ཐུབ་ཕྱིར་ཕྱིར་ཏང་གི་བོད་རིགས་བློ་མཐུན་ཅན་ཚོར་འབྲེལ་ལམ་ཟམ་མོ་འཛུགས་ཐུབ་པ་བྱེད་དགོས།
བཅས་བཀའ་རྒྱ་ ༡༦ ཅན་འདི་ཀྲུང་ཧ་མི་དམངས་སྤྱི་མཐུན་རྒྱལ་ཁབ་གྱི་ཀྲུ་ཞི། ཀྲུང་དབྱངས་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུ་ཞི། ཀྲུང་གོ་གུང་ཁྲན་ཏང་གི་སྤྱི་ཁྱབ་ཁྲུའུ་ཅི་བློ་མཐུན་ཝོ་ཅིང་ཐའོ་སྐུ་ངོ་མས་གཏན་ལ་ཕབ་པ་ཡིན་སྟབས། ཕྱི་སྡོད་དབུ་མའི་ལམ་ལས་འགུལ་ཁང་གི་བློ་མཐུན་ཚོས་ཁྱབ་བསྒྲགས་པའི་ཉིན་དེ་ནས་རྩ་འཛིན་ལག་བསྟར་བྱེད་དགོས།
ཡུལ་གྱར་སྲི་གཞུང་གི་བོད་རིགས་བློ་མཐུན་ཁ་ཤས་ཀྱིས་ང་ཚོའི་ཏང་གི་དར་དམར་འཁྱེར་ནས་མེས་རྒྱལ་གྱི་དཔང་དུ་ཕྱིར་ལོག་པའི་མངོན་བདྲ་གཅིག་གཏོང་བཞིན་ཡོད་པའི་གསར་འགྱུར་དེ་བཀྲིས་པའི་རྟགས་མཚན་ཞིག་རེད།
གང་ཡིན་ཟེར་ན་དེ་ནི་གུང་ཁྲན་ཏང་གི་རྩ་འཛུགས་ཏང་ཤོག་ཁྲི་ལོར་བརྟན་པའི་བརྒྱབ་བསྐྱོར་ཞིག་ཡིན་ཡིན་སྟབས། ཏང་གི་ག་དུས་ཡིན་ཀྱང་བརྒྱབ་བསྐྱོར་བྱེད་མཁན་བོད་རིགས་བློ་མཐུན་ཕྱི་ནང་གང་དུ་ཡོད་ཀྱང་ཁོང་ཚོར་བལྟ་ཐོགས་བྱེད་དགོས་ལ། ཁོང་ཚོར་དུས་ཐོག་ལས་འགུལ་སྤེལ་ཏེ་ད་དུང་བརྒྱབ་སྐྱོར་བྱེད་མཁན་བོད་རིགས་ཇི་ཙམ་མང་ན་དེ་ཙམ་གྱིས་ཆེས་མཐའ་འཇུག་ཏང་གི་རྒྱལ་ཁ་ངོ་མ་ཞིག་ཡིན།
ཏང་གིས་ཁོང་ཚོར་མཐུན་འགྱུར་རོགས་རམས་བྱེད་དགོས་ལ། ཁོང་ཚོར་དུས་ཐོག་འབྲེལ་བ་བྱེད་དགོས། ཁོང་ཚོའི་གནས་སྐབས་ཀྱི་མངོན་འདོད་རྣམས་མི་ཤུགས་དང་རྒྱུ་ཤུགས་གཉིས་ཀས་འདོད་བློ་བསྐངས་ཐུབ་པ་བྱེད་དགོས།
དེ་ནི་ང་ཚོའི་ཏང་གི་རླུང་རྟ་ཡར་འགྲོ་ཡིན་པའི་མཚོན་རྟགས་ཤིག་ཡིན་སྟབས་ད་དུང་མངོན་ལྐོག་གཉིས་ནས་ཕྱི་སྡོད་ཏྰ་ལ་བླ་མ་དང་། ཏྰ་ལའི་རུ་ཚོགས་དེ་གཙང་མེད་དུ་བཏང་ནས་ཁ་ཐོར་ནུས་ཤུགས་གང་ཡང་མེད་པ་ཞིག་བཟོ་ཐུབ་རྒྱུར་འབད་བརྩོན་བྱོས།
ཏང་གི་བཀའ་རྒྱ
དང་པོ། ༡༩༢༡ ལོར་གུང་ཁྲན་ཏང་བཙུགས་ནས་ཁྱོན་ལོ་ ༢༨ རྒྱུན་བསྲིངས་དམག་འཁྲུགས་བྱས་ཏེ་རྒྱ་རིགས་དགྲ་བོ་ས་ཡ་ ༤༢ ལྷག་ང་ཚོས་བསད་ཐུབ་ཡོད།
གཉིས་པ། ༡༩༤༩། ༡༠། ༡ ཉིན་ཀྲུང་ཧ་མི་དམང་སྤྱི་མཐུན་རྒྱལ་ཁབ་བཙུགས་ཐུབ་པ་དང་ཕྱི་ཉིན་ཚེས་ ༥ ཉིན་ཨུ་རུ་སུས་ཁས་ལེན་བྱས་ཏེ་ཕན་ཚུན་གཞུང་ཚབ་གཏོང་རེས་བྱས་ཡོད།
གསུམ་པ། བློ་མཐུན་མའོ་ཙེ་ཏུང་གི་བཀའ་དགོངས་ལྟར་བོད་དང་ཐེ་ཝན་སོགས་བཅིངས་གྲོལ་གཏོང་རྒྱུར་ཐག་བཅད་སྟབས། ༡༩༥༠ ལོར་ཀྲུང་གོའི་དམག་སྡེ་ཨང་༡༨ དེ་བོད་དུ་དཔུང་བསྐྱོད་བྱས་ཡོད།
བཞི་པ། ༡༩༥༠ ནས་༦༠ བར་ལོ་བཅུའི་རིང་ང་ཚོས་རྒྱ་བོད་ས་མཚམས་ཀྱི་བོད་རིགས་མི་དམངས་རྣམས་ལ་མཐུན་བསྒྲིལ་ཆེན་པོ་བཅིང་གྲོལ་གཏོང་རྒྱུར་རོགས་རམས་བྱས་ཏེ་དངུལ་རྡ་ཡང་ཅན་བེད་སྤྱད་དེས་སྐབས་དེའི་བོད་རིགས་ཚོས་དམག་མིའི་བཟའ་འབྲུ་དང་། ལམ་རྒྱག ལམ་བཟོ། རྟ་དྲེལ། མི་ཤུགས་སོགས་ཕྱོགས་ཀྱི་མཐུན་རྐྱེན་སྦྱོར་བས་ང་ཚོའི་དམིགས་ཡུལ་ལམ་ལྷོང་བྱུང་ཡོད། སྐབས་བོད་རིགས་ཚོས་ང་ཚོར་་་་་་་རྒྱ་གུང་ཁྲན་དྲིན་ཅན་ཕ་མ་ཡིན། རྡ་ཡན་ཅན་ཆར་པ་བབ་བབས་རེད། ་་་་ཅེས་བཤད་ཚུལ་དར་བ་རེད།
ལྔ་པ། ༡༩༥༩ ལོར་བོད་ས་ཡོངས་རྫོགས་ཞི་བའི་མིང་ཐོག་ནས་བཅིངས་གྲོལ་བཏང་ཏེ་བོད་ཀྱི་ས་ཁོངས་བདག་བདག་དབང་ཆ་ཚང་ང་ཚོར་བདག་ཐུབ་པ་བྱུང་བ་རེད། དེ་ནི་ཀྲུང་གོའི་རྒྱལ་ཡོངས་ཀྱི་ས་ཆའི་རྒྱ་ཁྱོན་གྱི་ལྔ་ཆ་གཅིག་བོད་ལྗོངས་ས་ཆས་བཟུང་ཡོད།
དྲུག་པ། བོད་ཀྱི་ཆོས་སྲིད་གཉིས་ཀྱི་བདག་པོ་དེ་ཏྰ་ལའི་བླ་མ་ཡིན་སྟབས་ང་ཚོས་ཏྰ་ལའི་བླ་མ་དང་ཏྰ་ལའིརུ་ཚོགས་ཀྱི་མི་འགའ་ཤས་ཤིག་ཕྱི་རྒྱལ་དུ་མཐར་བསྐྲོད་བཏང་ཐུབ་པ་བྱུང་བ་དེས་ང་ཚོར་རྒྱལ་ཁ་རླབས་ཆེན་ཞིག་ཐོབ་ཡོད།
དྲུག་པ། ཏྰ་ལའི་བླ་མ་དང་པན་ཆེན་གཉིས་བོད་ཀྱི་ཆོས་སྲིད་ཀྱི་གཉིས་ཀྱི་འགན་འཁུར་མི་སྣ་གཙོ་གཉིས་ཡིན་སྟབས་ པན་ཆེན་དེ་ལོ་ ༩ རིང་ང་ཚོས་བཙན་འཇུག་བྱས་པ་རེད། དེ་རྗེས་ང་ཚོས་ཁོ་པ་རྩ་མེད་དུ་བཏང་ཡོད་པ་རེད།
བདུན་པ། བོད་དེ་རྒྱ་ཡུལ་ཅན་དུ་འགྱུར་བར་བྱེད་པར་བོད་ཀྱི་ཆོས་དང་། སྐད་ཡིག་ རིགས་གནས། སྲོལ་རྒྱུན་སོགས་རྩ་མེད་དུ་བཟོ་ཆེད་༡༩༦༦ ནས་ ༡༩༧༦ བར་ཁྱོན་མི་ལོ་བཅུའི་རིང་རིག་གནས་གསར་བརྗེ་བྱས་ཏེ་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་དགོན་པ་དང་། ལྷ་ཁང་། བླ་བྲང་སོགས་ ༦༠༠༠ ལྷག་བཏོང་བཤིག་བཏང་ཐུབ་པ་རེད།
བརྒྱད་པ། བོད་རྒྱལ་ཁབ་དང་མི་རིགས་ལ་ཤ་ཚ་བའི་བོད་རིགས་བླ་མ་དང་། མཁན་པོ། གྲྭ་བཙུན། དགེ་བཤེས། མཁས་དབང་། ཤེས་ཡོན་ཅན་སོགས་ཁྲི་སྟོང་མང་དུ་ང་ཚོས་བཙོན་འཇུག་དང་ཁོང་ཚོར་་མནར་གཅོད་ཚད་ལས་འདས་པ་ཞིག་བཏང་ནས་ང་ཚོར་རྒྱལ་ཁ་ཐོབ་ཡོད།
དགུ་པ། ༡༩༥༠ ནས་ ད་བར་ལོ་ ༦༠ རིང་ང་ཚོས་བོད་དོན་འཐབ་རྩོད་བྱེད་མཁན་བོད་རིགས་ཁྱོན་ས་ཡ་གཅིག་དང་འབུམ་ལྷག་དམར་གཅོད་བཏང་ནས་ང་ཚོའི་ཏང་ལ་རྒྱལ་ཁ་ཆེན་པོ་ཞིག་ཐོབ་ཡོད།
བཅུ་པ། ད་དུང་བོད་དོན་འཐབ་རྩོད་པ་དང་། ཤེས་ཡོན་ཅན། རྩོམ་པ་པོ། གླུ་གཞན་མཁན་སོགས་མང་དག་གཅིག་ང་ཚོས་བཙོན་འཇུག་བསྟུད་མར་བྱེད་བཞིན་པ་རེད། མ་ཟད་བོད་རང་བཙན་ཡིན་ཟེར་དང་ཏྰ་ལའི་རུ་ཚོགས་ཀྱི་ངན་བསྐུལ་བྱེད་མཁན་ཡོངས་རྫོགས་རྩ་མེད་བཟོས་ཏེ་ཐལ་བའི་རྡུལ་དུ་བརླག་དགོས།
བཅུ་གཅིག་པ། དགྲ་བོའི་་ནང་ཁུལ་དུ་འགལ་ཟླ་ཇི་ཙམ་ཆེ་ན་དེ་ཙམ་གྱི་ང་ཚོའི་བརྒྱལ་ཁ་ཡིན་སྟབས། ང་ཚོས་སྔ་ཕྱིར་ཏྰ་ལར་ཁ་གཏད་གཅོད་བྱེད་དུ་རྡོ་རྗེ་ཤུགས་ལྡན་ཆོས་ལུགས་རང་དབང་ཁ་ལ་འཁྱེར་ཏེ་དགྲ་བའོ་ནང་འཁུལ་དུ་འགལ་ཟླ་གང་ཙམ་བཟོས་ཐུབ་པ་རེད།
བཅུ་གཉིས་པ། ད་དུང་ང་ཚོར་སུད་སི་སོགས་ཕྱི་སྡོད་བོད་རིགས་སྤུན་ཟླ་མང་པོ་ཞིག་ང་ཚོའི་ཀྲུང་གོའི་བློ་མཐུན་ཡིན་་སྟབས། ང་ཚོས་ཁོང་ཚོར་མངོན་ཀློག་གཉིས་ནས་འབྲེལ་བ་བྱས་ཏེ་མི་ཤུགས་དང་རྒྱུ་ཤུགས་བེད་སྤྱད་དེ་ཁོང་ཚོར་འབྲེལ་་བ་བྱས་ཏེ་ཏང་གི་བཀོད་འདོམས་ལ་ཉན་པ་དང་། ཏང་གི་འགོ་འཁྲིད་ལ་གུས་བརྩི་།ཏང་གི་དར་དམར་ལ་དགའ་ཞེན། ཏང་གི་བསམ་པ་གཅིག་མཐུན་ཡོང་བར་བྱས་ཏེ་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་མེས་རྒྱལ་ཁྱིམ་ཚང་ཆེན་མོའི་དཔང་དུ་ལོག་ཐུབ་པའི་རེ་བ་དང་དམིགས་ཚད་བཟུང་དགོས།
བཅུ་གསུམ་པ། ད་དུང་ཕྱི་སྡོད་བོད་རིགས་སྤུན་ཟླ་ནང་ཁུལ་དུ་འགལ་ཟླ་མང་ཙམ་བཟོ་རྒྱུ་དེ་ཏང་གི་དམིགས་ཡུལ་གཙོ་གཅིག་ཡིན་སྟབས། ང་ཚོས་ཀྲུང་གོའི་ཕྱི་སྡོད་བོད་རིགས་སྤུན་ཟླ་ཚོར་གསང་བའི་ཐོག་འབྲེལ་བ་བྱས་ཏེ་མཐར་ཏྰ་ལའི་རུ་ཚོགས་ཀྱི་དམིགས་ཡུལ་གང་བཅངས་པ་དག་སྟོང་བསམ་ཅན་དུ་འགྱུར་ཐུབ་པ་བྱེད་དགོས།
བཅུ་བཞི་པ། ད་ཆ་ང་ཚོའི་ཏང་ལ་དགའ་ཞེན་མཚོན་བྱེད་བོད་རིགས་ཁྱིམ་ཚང་ཁྲི་སྟོང་མང་པོར་བཀའ་བཏང་ཏེ་ཏང་གི་དར་དམར་དེ་བོད་རིགས་མི་དམངས་ཀྱི་ཁང་པའི་སྟེང་དུ་དམར་ལྷུབ་ལྷུབ་ཏུ་གཡོ་བར་བྱེད་ཐུབ་པ་དགོས།
བཅོ་ལྔ་པ། གཅིག་བྱས་ན་རིམ་པས་ང་ཚོ་ཀྲུང་གོའི་རྒྱལ་དར་དེ་ཡུལ་གྱར་སྲིད་གཞུང་གི་ཏྰ་ལའི་རུ་ཚོགས་ཀྱི་ཁང་པའི་སྟེང་དུ་དམར་པོའི་མེ་ལས་ཀྱང་ཚ་བ་ཞིག་ཉིན་གཅིག་ཏང་གི་དར་ཆ་དམར་ལྷུུབ་ལྷུབ་་ཏུ་གཡོ་མི་སྲིད་པ་མིན་སྟབས་ང་ཚོས་ཏང་དར་དམར་པོ་དེ་ཁོང་ཚོའི་མགོ་སྟེང་དང་། ཁོང་ཚོའི་ཁང་སྟེང་དུ་ཡར་རང་འགུལ་གྱིས་བསྒྲེངས་འཛུགས་བྱེད་ཐུབ་པ་ཡོང་བར་ཤུགས་སྣོན་འཕར་མ་རྒྱག་དགོས།
བཅུ་དྲུག་པ། ད་ལྟའི་ཆར་བོད་ནང་ཀྲུང་གོའི་དམག་དམག་དང་། དམར་སྒར། ནང་སའི་རྒྱ་རིགས་བློ་མཐུན་ས་ཡ་བཅུ་ཉི་ཤུ་ཙམ་གནས་སྡོད་བཞིན་ཡོད་སྟབས་སྔ་ཕྱི་མ་གཏོགས་བོད་ལྗོངས་དེ་བོད་ལྗོངས་མ་ཡིན་བོད་ལྗོངས་རྒྱ་ལྗོངས་ཡིན་པ་དེ་ང་ཚོའི་དམིགས་ཡུལ་དང་རེ་བ་དེ་རང་ཡིན།
ད་ལྟའི་ཆར་ཕྱི་སྡོད་ཏྰ་ལའི་བླ་མའི་སྙན་གྲགས་དང་། རྒྱལ་སྤྱིའི་བརྒྱབ་སྐྱོར། ཏྰལ་ལའི་ནུས་ཤུགས་བཅས་ཧ་ཅང་གི་ཆེན་པོ་ཡིན་སྟབས་ང་ཚོར་རྒྱལ་ཁ་ཆ་ཚང་བ་ཞིག་འཐོབ་ཐུབ་མེད། དེར་བརྟེན་ང་ཚོའི་ཕྱིར་སྡོད་བོ་རིགས་སྤུན་ཟླ་ཏང་ལ་ལྷག་བསམ་རྣམ་དག་ཡོད་མཁན་གང་ཙམ་ཞིག་ཡོད་སྟབས་ཁོང་ཚོས་ཏང་གི་འགོའཁྲིད་ལ་གུས་བརྩི་དང་། ཏང་གི་བཀོད་འདོམས་ལ་ཉན་པ། ཏང་གི་རྒྱལ་དར་ལ་དགའ་ཞེན། ཏང་གི་ཆབ་སྲིད་ལམ་ཕྱོགས་ཡོངས་སུ་མཐུན་པར་འབད་བརྩོན་བྱེད་ཐུབ་ཕྱིར་ཕྱིར་ཏང་གི་བོད་རིགས་བློ་མཐུན་ཅན་ཚོར་འབྲེལ་ལམ་ཟམ་མོ་འཛུགས་ཐུབ་པ་བྱེད་དགོས།
བཅས་བཀའ་རྒྱ་ ༡༦ ཅན་འདི་ཀྲུང་ཧ་མི་དམངས་སྤྱི་མཐུན་རྒྱལ་ཁབ་གྱི་ཀྲུ་ཞི། ཀྲུང་དབྱངས་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུ་ཞི། ཀྲུང་གོ་གུང་ཁྲན་ཏང་གི་སྤྱི་ཁྱབ་ཁྲུའུ་ཅི་བློ་མཐུན་ཝོ་ཅིང་ཐའོ་སྐུ་ངོ་མས་གཏན་ལ་ཕབ་པ་ཡིན་སྟབས། ཕྱི་སྡོད་དབུ་མའི་ལམ་ལས་འགུལ་ཁང་གི་བློ་མཐུན་ཚོས་ཁྱབ་བསྒྲགས་པའི་ཉིན་དེ་ནས་རྩ་འཛིན་ལག་བསྟར་བྱེད་དགོས།
ཟུར་ཆན། ང་ཚོའི་ཏང་ལ་དགའ་ཞེན་ཡོད་པའི་ཕྱི་སྡོད་བོད་རིགས་ཟླ་ཁ་ཤས་ཤིག་གི་ད་ལྟ་ཏང་གི་ཆབ་སྲིད་ལམ་ཕྱོགས་དང་མཐུན་པར་ལས་འགུལ་མི་ཉུང་བ་ཞིག་སྤེལ་འགོ་བཙུགས་ཡོད་སྟབས། ཁོང་ཚོའི་ལས་འགུལ་དེ་ལམ་ལྷོང་ཡོང་བར་དངོས་ཤུགས་བརྒྱུད་སགུམ་ནས་བརྒྱབ་བསྐྱོར་བྱེད་དགོས།
ཏང་གི་སྲིད་བློན་ཝུན་ཇོའི་བའོ་སྐུ་ངོ་མས།།
ག་ར་བྱས་གི་ཡོད་ནི་རེད་ད་། ག་དུས་ཡིན་ཡང་སྨྱུག་ཁ་ནང་དུ་བསྐོར་བ་ལས་མ་འོངས་བོད་ཀྱིས་ལས་འགུལ་ག་འདྲ་ཞིག་སྤེལ་དགོས་མིན་དང་རྒྱ་ནག་ཆབ་སྲིད་ཀྱི་འགྱུར་ལྡོག་སོགས་ད་དུང་བོད་ནང་གི་དངོས་ཡོད་གནས་སྟངས་གི་ཐོག། གཞན་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་བོད་ཐོག་ལ་བཟུང་བའི་རྣམ་འགྱུར་སོགས་ལ་གོ་བསྡུར་དང་བགྲོད་གླེང་སོགས་ཉིན་ཀྱི་སྐར་མ་བཞིན་ཡིན་ན་ཡང་ད་དུང་གཞོན་ནུ་ཅིག་འགྲིག་གི་མི་འདུག་ཚེ་རྡོར་མ་བུ་གསུམ་ཀྱིས་འདི་འགྲིག་གི་མི་འདུག་ཞེས་རྩོད་མི་དགོས་བ་དག་དག་རྩོད་དེ་བསྡད་ནས་ཕན་ཐོགས་ག་རེ་ཡོད་།
དེ་ལས་ཚང་མ་རྡོག་རྩ་གཅིག་ཏུ་སྦྲེལ་ནས་ཤ་ཚ་ཚ་དང་སྙིང་ཉེ་ཉེ་ངང་ནས་བསམ་བློ་བཞི་གསུམ་བཅུ་དང་བློ་རྩེ་ཉི་ཤུ་རྩ་དྲུག་བཏང་ནས་ང་ཚཽས་བོད་ཛ་དྲག་གནས་སྟངས་འདི་སྒང་ལ་ཚང་མའི་ཤུགས་རྒྱབ་ན་ཡག་གི་མ་རེད་།
ཚོགས་པ་ཚོས་འཛུགས་དགོས་པའི་དམིགས་ཡུལ་བོད་ཀྱི་བདེན་མཐའ་འགྲུབ་ཆེད་དུ་བཙུགས་པ་མ་གཏོགས་ནང་ལོག་ལ་ཁ་གཏོང་རེ་དང་གཅིག་གིས་གཅིག་ལ་འགྲན་འཛུགས་པའི་ཆེད་དུ་མ་རེད་།
དེ་འདྲ་ཚོགས་པ་སོ་སོ་ཡིན་ན་ཡང་འདྲ་གང་ཟག་སྒེར་བ་ཡིན་ན་ཡང་འདྲ་གཅིག་གིས་གཅིག་ལ་ཁ་མི་གཏོང་བར་མཉམ་རུབ་ཀྱིས་ཐཽག་ནས་སྐྱིད་སྡུག་མཉམ་མྱོང་ཞེད་ན་དགེ་ཕན་ཆེ་བར་འདོད
བཙན་བྱོལ་བས་བཤད་པ་དེའང་གནས་ལུགས་འདུག ཡིན་ནའང་གཞཽན་ལྷན་གྱིས་ཤེས་རབ་ཚེ་རྡོར་ལའང་ཁྲལ་མེད་བྱས་ཡོད་པ་རེད་།
གཞོན་ལྷན་གྱིས་ཕར་ནས་མི་གསོད་ན། འདི་ནས་ཀྱང་དེ་འདྲ་བྱེད་ཀྱི་ཡིན་ཟེར་གོ་རེད་བས། འོ་ན། ༧གོང་ས་མཆོག་གི་གསུང་ཆོས་ཞུ་མཁན་རྒྱ་རིགས་ཚོའང་མི་གསོད་ནས་ག་རེ་བྱེད་ཀ སྣང་བ་མི་འགྲོ་བའི་སྐད་ཆ་རེད།་དངོས་གནས་འཚེ་བ་ཅན་གྱི་ལས་ཀ་མ་བྱེད།
ཚོགས་པ་འདི་གཉིས་གཅིག་ཞལ་འདེབས་པ་ལ་རེད། གཅིག་རང་ཁ་རང་གསོ་པ་ལ་རེད།་དེ་གཅིག་པུས་ཀྱང་འགན་ག་ཚོད་ཁྱེར་གྱི་ཡོད་མེད་ཤེས་ལེ་རེད།
སྤྱིར་བཏང་ལྟ་གྲུབ་དང་ལངས་ཕྱོགས་གཉིས་སུ་གྱེས་པ་ལ་ཧང་སང་མདོག་གིས་སྒྲོག་དགོས་དོན་ཅང་མི་འདུག །འདི་ནི་འུ་ཅག་གི་སྤྱི་ཚོགས་ལམ་ལུགས་དེ་དམངས་གཙོའི་ཐོག་ལ་བསྐྱོད་པའི་རྟགས་མཚན་ཞིག་རེད། རྒྱ་མིའི་ཉུལ་མ་དང་། མཐུན་སྒྲིལ་གཏོར་ཤིག་སོགས་ཀྱི་མིང་ཁུར་ནས་ཕྱོགས་གཞན་ལ་མ་འཁྲིད་ན་ལེགས། རྒྱབ་སྐྱོར་དང་དགག་པ་རྒྱག་མཁན་སུ་ཡིན་རུང་ཁོང་ཚོའི་རང་དབང་རེད།
ད་ལྟ་བར་དུ་ཚེ་བརྟན་རྡོ་རྗེ་མ་བུ་གསུམ་གྱི་སྐོར་ལ་སུམ་བཅུའི་དུས་ཆེན་ནས་བཟུང་སྟེ་བོད་ཀྱི་དུས་བབ་ཀྱིས་གནས་ཚུལ་ཕལ་ཆེར་ཉིན་ལྟར་སྤེལ་སོང་། ཕྱོགས་གཅིག་ནས་ཡག་པོ་རེད། ཡང་ཕྱོགས་གཞན་ཞིག་ནས་ཞུ་རྒྱུར་དུས་ཚོད་དེ་ག་རང་ལ་མིག་དམར་གྱིས་ཀྱང་རྒྱ་གར་རྒྱལ་ཡོངས་བསྐོར་བསྐྱོད་ཀྱི་ལས་འགུལ་ཞིག་སྤེལ་སོང་མོད། གནས་ཚུལ་གཅིག་ཀྱང་མཐོང་མ་སོང་། སྙིང་རྗེ་ཁོ་ལ་གསར་འགོད་པས་བདག་པོ་རྒྱག་མཁན་མ་རག་པ་རེད། ཡིན་ན་ཡང་དེ་རིང་ཕ་ཡུལ་དྲ་རྒྱ་ནང་དུ་ཁོང་གི་གསར་འགྱུར་ཞིག་བཀོད་འདུག །ཁོང་ནི་ད་ལྟ་བར་དུ་རྒྱལ་ས་༤༠ ལྷག་ནང་བསྐོར་བསྐྱོད་ཕྱིན་ནས་ད་ལྟ་མོན་རྟ་དབང་ལ་སླེབས་པ་མ་ཟད། བློན་ཆེན་ཞིག་དང་མཇལ་འཕྲད་ཀྱིས་རྒྱབ་སྐྱོར་གྱི་འབོད་བསྐུལ་ཞུས་འདུག །དེར་མ་ཟད། ད་ལྟ་བར་དུ་མཚན་རྟགས་བསྡུ་རུབ་ཉིས་ཁྲི་བརྒལ་བ་བླངས་པ་མ་ཟད། གོམ་བགྲོད་མཐའ་མ་དེར་དྷི་ལི་རུ་སླེབས་མཚམས་གཞུང་ཚབ་ཡོངས་ལ་མཚན་རྟགས་དེ་སྤྲད་རྒྱུ་འཆར་གཞི་འདུག །ཕ་ཡུལ་དྲ་རྒྱའི་དྲ་ཐག་ http://phayul.com/news/article.aspx?id=31345&article=Tibetan+activist+marches+on+with+eyes+blindfolded འདི་ཡིན།
༼ བོད་གཞིས་བྱེས་མི་མང་གིས་མངོན་འདོད་༽ (མཆན། རང་སྲིད་རང་སྐྱོང་ངམ་རྒྱ་དམར་གྱི་དར་དམར་འོག་ཏུ་སྡོད་རྒྱུ་) ཅེས་པའི་ཚིག་དུམ་འདི་ལ་ང་དོགས་གཞི་ཆེན་པོ་ཡོད་དོ།
ད་ཉེ་སྔོན་རྒྱ་མིས་ལུང་བསྟན་གནང་བའི་ཐོག་ཏག་ཏག་རྒྱག་གི་འདུག་གཱ། མ་གཞི་བཙན་བྱོལ་གྱི་ཚོགས་པ་འདི་དག་ནི་སོ་སོའི་ཁེ་ཕན་རྐྱང་སྒྲུབ་མཁན་སྐབས་འཚོལ་བ་དག་གི་སྒོར་ཁུག་དང་འཁྲབ་སྟེགས་ཁོ་ན་ཡིན་སྟབས། ད་ནས་བཟུང་སྐྱ་སེར་མི་མང་ཚང་མས་སོ་སོའི་ངོས་ནས་བརྟག་དཔྱད་དང་། སོ་སོའི་རྣམ་དཔྱོད་སྤྱད་དེ་རང་ཉིད་ཀྱི་གོམ་པ་རང་ཉིད་ཀྱིས་རྒྱག་དགོས་པ་ལས། འདི་དག་གི་བརྒྱུད་སྐུལ་དང་བསླུ་བྲིད་ཀྱིས་འོག་ཏུ་མ་ཤོར་བ་བྱེད་དགོས་སོ། འདི་ཚོས་བཅའ་སྟངས་ལས་སྟངས་ནི་ད་ལྟའི་རུལ་སུངས་གཡོ་འཁྲབ་པ་རྒྱ་དམར་ཤོག་ཁག་གི་བྱ་སྟངས་ལས་སྟངས་དང་གཉིས་སུ་མ་མཆིས་པས། གད་སྙིགས་ལྟ་བུའི་ཚོགས་པ་འདི་དག་བོད་མི་མང་ཚོགས་རང་གི་ངོས་ནས་སྣང་མེད་རྒྱང་འཕུད་གཏོང་དགོས། ཞིབ་ཏུ་བསམ་བློ་ཐོངས་ལ་རྩིས་འདེད་བྱོས་དང་། སྐབས་འཚོལ་བའི་ཚོགས་པ་འདི་དག་གིས་ད་ལྟའ་བར་མི་མང་མང་ཚོགས་ལ་ཕན་པའི་ལས་དོན་ན་གཅིག་ཀྱང་སྒྲུབ་ཀྱི་མེད་ཤེས་ཐུབ། འདས་ནས་ད་ལྟའི་བར་སྐབས་འཚོལ་ཚོགས་པ་འདི་དག་གི་མི་མང་མང་ཚོགས་ནི་རྩེད་ཆས་དང་ཡོ་བྱད་ཀྱི་ཚད་དུ་བཞག་སྟེ། བོད་མི་མང་ལ་བརྙས་བཅོས་དང་མཐོང་ཆུང་ཁོ་ན་བྱས་ཡོད། ད་ནི། བོད་མི་མང་སེར་སྐྱ་ཚང་མས་རང་ཉིད་རང་གི་མགོན་ཡིན་པ་ཤེས་པར་བྱས་ཏེ། སོ་སོའི་རྣམ་དཔྱོད་དང་སོ་སོའི་རྐང་ཁར་ལངས་ཏེ་རྟོགས་སད་ཀྱི་ལམ་བུ་ཞིག་འཚོལ་དགོས་པ་ལས། ཡང་དང་བསྐྱར་དུ་སྐུ་དྲག་རྒྱལ་འཚོང་ཆོ་ལོ་བརྩོད་གཉེར་རིང་ལུགས་པ་དང་། བླ་དཔོན་རྒྱུ་རྔམ་ཆོས་འཚོང་དམངས་བསླུ་རིང་ལུགས་པ། ཚོགས་སྡེ་རང་དོན་ཁེ་གཉེར་འཁྲབ་སྟོན་རིང་ལུགས་པ་འདི་དག་རང་རེའི་སྤྱི་ཚོགས་ནས་མགོ་འཇོག་ས་མེད་པ་བཟོས་ཏེ། ད་ལྟའི་བར་བོད་མི་མང་རྒུད་པ་ནས་རྒུད་པར་འདེད་མཁན་མི་དམངས་ཀྱི་ཤ་ཟ་ཁྲག་འཐུང་འདི་དག་བོད་པའི་སྤྱི་ཚོགས་ནང་མཇུག་སྒྲིལ་བྱ་བར་བརྩོན་དགོས།
ཚོགས་སྡེ་གཉིས་ཀྱི་ལང་ཕྱོགས་མ་གཅིག་ཀྱང་ང་ཚོ་མི་མང་གི་ངོས་ནས་ལང་ཕྱོགས་བརྟན་པོ་བྱས་ནས་ཕན་ཚུན་མཐུན་ལམ་དང་དམིགས་ཡུལ་གཅིག་གི་ཐོག་ཏུ་འགྲོ་ཐབས་བྱེད་རྒྱུ་ཧ་ཅང་གལ་ཆེན་རེད་་་་དེ་མིན་གོང་ནས་གཅིག་བཤད་པའི་རྗེས་སུ་རྒྱུགས་པ་དང་འོག་ནས་གཅིག་བཤད་པའི་རྗེས་སུ་རྒྱུགས་ན་ང་ཚོས་ཅི་ཡང་མི་ཡོང་བས་གནད་འགག་གི་སྐབས་སུ་རང་ཚུགས་བརྟན་པོ་དང་ཕན་ཚུན་བར་ལ་དཀྲུགས་ཤིང་མི་བྱེད་རྒྱུ་དེ་ཧ་ཅང་གི་གལ་ཆེན་རེད་་་ཚང་མས་ཐུགས་བསམ་ཡག་པོ་ཞིག་བཞེས་རོགས་ཞེས་རེ་བ་བྱེད་ཀྱིན་ཡོད་་་་་དེང་སང་གི་དུས་ཚོད་འདི་ང་ཚོར་མཚོན་ན་ཧ་ཅང་གི་གནད་འགག་ཆེ་བའི་དུས་ཚོད་ཅིག་ཡིན་པ་ངེས་པར་དུ་ཤེས་དགོས་པ་རེད་་ཚང་མས་ཐུགས་བསམ་ཐོངས་་་
སོག་ཤོད་ལགས། དགོངས་པ་དང་པོ་ནས་བཞེས་དགོས་པ་རེད་མ་གཏོགས། ལས་ཀ་སྔོན་ལ་བྱས། བསམ་བློ་རྗེས་ནས་བཏང་ན་ལྐུགས་པའི་སྐད་ཆ་རེད། གཞོན་ལྷན་གྱིས་རྒྱ་མིའི་གསར་འགོད་གསལ་བསྒྲགས་དེ་འདྲ་མང་པོ་སྤེལ་ཡོད་བསམས་སོང། ད་གང་ལྟར།་་དོན་དག་ལ་ལྟ་རྒྱུ་གལ་ཆེན་རེད།
ངས་ཁ་རྩང་ནས་བསམས་སོང། གཞོན་ལྷན་གྱིས་གསལ་བསྒྲགས་སྤེལ་དུས་ཁྱོན་ནས་གཟབ་གཟབ་གནང་གི་མི་འདུག མི་ལ་དོན་མེད་བསྙོན་བསྐོ་ན་ལས་རྒྱུ་འབྲས་ག་ནས་འགྲིག དབུ་མའི་ལམ་གྱི་སྐད་ཆའི་གཏིང་ཟབ་པོ་འདུག་ཡ།
གཞོན་ནུ་ཚོགས་པ་དང་། དབུ་མའི་ལས་འགུལ་ཚོགས་པ་གཉིས་ཀྱི་ཚོགས་གཙོ་ཚོགས་གཞོན་ཚོ་ཐུགས་བསམ་བཞེད་ཡག་དུས་ཚོད་སླེབས་འདུག སོ་སོའི་ལངས་ཕྱོགས་གཅིག་པ་མིན་ན་ཡང་། ཕུག་གྱི་དམིག་ཡུལ་གཅིག་པ་རེད་ལ། བོད་མི་སྐྱེ་བོ་གནམ་ལྟས་ཡོང་གྱི་བདེ་སྐྱིད་གྱི་ཆེད་དུ་རེད་། ཁྱོད་རང་ཚོ་ཚོགས་པ་ཕན་ཚུན་བར་གྱི་ལངས་ཕྱོགས་ཁ་ཁ་ཡིན་ཡང་། མི་དམངས་ནང་ལ་ཕུ་དཀྲུག་མདའ་དཀྲུག་བཟོ་དགོས་ཡག་མི་འདུག་ག། ཚང་མས་ཟིན་འབྲི་སྤེལ་དུས་ཡིད་བཟབ་གནང་རོག
དར་དམར་འཕྱར་བ་རྩམ་པའི་དཔལ་གྱི་འབྱོར་བ་རྒྱས་ཆེད་ཡིན།།
དར་དམར་འཕྱར་བ་རྩམ་པའི་ཐུན་མིན་རིག་གཞུང་སྲུང་ཆེད་ཡིན།།
དར་དམར་འཕྱར་བ་རྩམ་གཟན་དེང་རབས་ཅན་དུ་འགྱུར་ཆེད་ཡིན།།
དར་དམར་འཕྱར་བ་དོན་གྱི་རང་སྐྱོང་རྩོད་པའི་ཐབས་མཆོག་ཡིན།།
ཨ་ཁ་ད་བྱས་མ་སོང་། མཐུན་སྒྲིལ་ གཏོར་སྐྱོན་བཏང་སོང་། ད་དངོས་གནས་རྒྱ་མའི་ཉུལ་མས་གོ་སྐབས་ཟིམ་ཡག་དུས་ཚོད་སླེབས་འདུག། ཚང་མས་ཐུགས་བཟབ་གནང་རོག
ད་ངས་ཀྱང་རྒྱབ་སྐྱོར་ཞུ་རྒྱུ་ཡིན། དངོས་གནས་དབུ་མའི་ལམ་གྱི་བསལ་སྒྲགས་ལ་ནང་དོན་ཤིན་ཏུ་ལྡན་ནོ། ད་ཕེབས་ཤོག།
ཨོ་ཡ་་་་ད་ཡིན་ན་་་་ཕྱོགས་གཉིས་སུ་ཆགས་སོང་་་་་ནང་འགལ་སླེབས་སོང་་་་ད་རྒྱ་མི་ཚོ་གད་མོ་ཤོར་གི་མེད་འགྲོ་་་