མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༸གོང་ས་མཆོག་ལ་གནོད་པ་གཏོང་འཆར་འདུག

བོད་ཀྱི་དུས་བབ།
༢༠༡༢/༠༥/༡༤
Share on FacebookShare on TwitterShare on EmailShare on Whatsapp

གཟའ་སྤེན་པའི་ཉིན་དབྱིན་ཇིའི་༼གཟའ་ཉི་མའི་གློག་འཕྲིན་གསར་ཤོག༽གིས་བཅར་འདྲི་བྱས་སྐབས། ༸གོང་ས་མཆོག་གིས་རྒྱ་གཞུང་གིས་རྫས་དུག་སྤྱད་དེ་ཁོང་གི་སྐུ་ལ་གནོད་པ་གཏོང་འཆར་གྱི་གནས་ཚུལ་ཡོད་པ་བསྒྲགས་འདུག

ཟླ་འདིའི་ཕྱི་ཚེས་ ༡༣ ཉིན་༸གོང་ས་མཆོག་དབྱིན་ཇིར་ཆིབས་བསྒྱུར་བསྐྱངས་ཏེ།  ཕྱི་ཚེས་ ༡༤ ཉིན་དབྱིན་ཇིའི་རྒྱལ་ས་ལོན་ཊོན་གྱི་སི་ཋི་ཕོལ་ཆོས་ཁང་ཆེན་མོའི་(St. Paul’s Cathedral) ནང་ཋིམ་ཕུ་ལའེ་ཌོན་རང་དབང་གཟེངས་རྟགས་(Templeton Prize)འབུལ་བཞེས་གནང་རྒྱུ་དང་།  སྐབས་དེར་མཛད་སྒོའི་ཐོག་མི་མང་ཁྲི་ཚོ་བརྒལ་བ་མཉམ་ཞུགས་གནང་རྒྱུ་ཡིན་པ་མ་ཟད།  གཟེངས་རྟགས་འབུལ་བཞེས་གྲུབ་རྗེས་༸གོང་ས་མཆོག་དབྱིན་ཇིའི་གྲོང་ཁྱེར་ཁག་ཅིག་ནང་ཕེབས་ཏེ་མང་ཚོགས་ལ་བཀའ་སློབ་གསུང་བཤད་གནང་རྒྱུ་ཡིན་འདུག 

ཕྱི་ཚེས་ ༡༢ ཉིན་དབྱིན་ཇིའི་༼གཟའ་ཉི་མའི་གློག་འཕྲིན་གསར་ཤོག༽གི་གསར་འགོད་པ་ཌེན་ནེལ་སུན་(Dean Nelson) ལགས་ཀྱིས་རྒྱ་གར་རྒྱལ་ས་ལྡི་ནས་༸གོང་ས་མཆོག་ལ་བཅར་འདྲིའི་སྐབས། ༸གོང་ས་མཆོག་གིས་ “བོད་ནས་གནས་ཚུལ་འབྱོར་གསལ་ལྟར་ན། རྒྱ་གཞུང་གསང་མྱུལ་བས་བོད་མི་དང་ལྷག་པར་དུ་བོད་པའི་བུད་མེད་འགའ་ཤས་ལ་ཟབ་སྦྱོང་སྤྲད་དེ། ཁོ་ཚོའི་མགོའི་སྐྲ་དང་ཁ་བཏགས་སོགས་སུ་རྫས་དུག་བྱུགས་རྗེས།  མཇལ་ཁར་བཅར་བཅུག་སྟེ་༸ངོས་ཀྱི་ལག་པས་རེག་པ་བརྒྱུད་ནས་རྫས་དུག་འཕོག་ཐབས་ཀྱི་བྱ་སྤྱོད་རིགས་སྤེལ་འཆར་ཡོད་པའི་གནས་ཚུལ་འདུག  ཡིན་ནའང་། གནས་ཚུལ་དེ་བརྒྱ་ཆ་བརྒྱ་བདེན་པ་ཡིན་པར་ཡིད་ཆེས་བྱེད་དཀའ་མོ་རེད། ” ཅེས་གསུངས་འདུག

གཞན་ཡང་། ༸གོང་ས་མཆོག་གིས་གསར་འགོད་པའི་དྲི་བར་ལན་འདེབས་སྐབས། ཁོང་སྐུ་འཚོ་བཞུགས་རིང་རྒྱ་ནག་པེ་ཅིན་གྱི་མཁྲེགས་འཛིན་སྲིད་ཇུས་ལ་འགྱུར་བ་ཕྱིན་ཏེ་དམངས་གཙོ་བཅོས་བསྒྱུར་ཡོང་བར་ཡིད་ཆེས་ཡོད་སྐོར་གསུངས་འདུག

གསར་འགོད་པ། ཚེ་རིང་རྒྱལ།

འབྲེལ་ཡོད་གསར་འགྱུར།

སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

ཆུ་ཚོད་ ༡༤ སྔོན་ལ།
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

ཆུ་ཚོད་ ༡༧ སྔོན་ལ།
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

ཆུ་ཚོད་ ༡༨ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

ཆུ་ཚོད་ ༡༨ སྔོན་ལ།
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

ཆུ་ཚོད་ ༡༩ སྔོན་ལ།
བྷི་རུའུ་ཁིན་སི་བསམ་མཛོད་བསྟི་གནས་ཁང་དུ་བོད་དོན་བཞུགས་མོལ་ཚོགས་འདུ་འཚོགས། ༢༠༢༥།༠༥།༠༧ སྲིད་སྐྱོང་གི་ངོ་དེབ་ཀྱི་པར།
Mobile App

སྲིད་སྐྱོང་མཆོག་གིས་ཨ་རིའི་གྲོས་ཚོགས་མི་སྣ་ཁག་ཅིག་ལ་མཇལ་འཕྲད་གནང་།

ཆུ་ཚོད་ ༡༩ སྔོན་ལ།

མཆན། 12

  1. རེབ་ཐོག་མདའ says:
    ལོ་ 13 སྔོན།

    གནས་ཚུལ་ཁུངས་ལྡན་ཡིན་རུང་མིན་རུང་ང་ཚཽ་མི་རེ་ངོ་རེ་ནས་འགན་འཁུར་དགོས་བ་ཧ་ཅང་གལ་ཆེན་མོ་རེད།
    མི་སྣ་མ་སྣ་ཚཽགས་ཡིན་དུས་དེ་འདྲ་ཡོང་མི་སྲིད་པ་མ་རེད་། ང་ཚོས་ག་དུས་ཡིན་ཡང་སྐུ་སྲུང་བ་དག་ལ་ལྟས་ནས་མི་སྡོད་པར་སྒེར་སོ་སོ་ནས་མགོ་བརྩམས་ནས་གོང་ས་མཆཽག་གི་སྐུ་ལ་འགན་འཁུར་དགོས།།
    ལྷག་པར་དུ་གོང་ས་མཆཽག་མཇལ་ཁ་གནང་བར་མི་སུ་འདྲ་ཞིག་ཡིན་ཀྱང་རྒྱང་རིང་ནས་གོང་ས་མཆོག་གི་ཞལ་མཇལ་བ་ལས་སྐུ་མདུན་དུ་མ་སོང་གནད་དོན་ཆེན་པོ་འོངས་མི་སྲིད་པའི་དེ་འདྲ་བྱས་ན་དགེ་ཕན་ལྡན་པར་བསམ།

    Reply
  2. གྲགས་བསོད་ says:
    ལོ་ 13 སྔོན།

    དེ་འདྲའི་བུ་མོ་སྙིང་སྟོབས་ཅན་དེ་སུ་རེད་་ གཅིག་བྱས་ན་དེས་སོང་མི་རིགས་དང་རྒྱལ་ཁབ་གཙོང་མཁན་ཆོ་ག་་ག་་གེ་མོ་རེ་གཉིས་ནང་མང་པོ་ཡོད་དེ་འདྲ་ཞིག་ཡིན་རྒྱུ་རེད།

    Reply
  3. ཤིང་རྟ། says:
    ལོ་ 13 སྔོན།

    ༸གོང་ས་སྐྱབས་མགོན་ཆེན་པོའི་སྐུ་ཕྱྭའི་ཐད་ལ་གཟབ་གཟབ་ངེས་པར་དུ་གནང་དགོས།
    ངས་སྔོན་མ་ནས་འདིའི་སྐོར་གྱི་བསམ་ཚུལ་ཞིག་འབྲི་བསམ་མྱོང་། ང་ཚོ་བོད་པ་ཚོ་རང་དོན་ལ་ཐུག་དུས་
    དགོན་པ་དགོན་ཆུང་དང་ཚོགས་པ་གྱི་ན་ཙམ་གྱིས་་༸གོང་ས་མཆོག་ཡར་གདན་འདྲེན་དང་མར་གདན་ཞུས་ ཀྱིས་སྐུ་ ཕྱྭ་དང་སྐུ་ངལ་གྱི་ཐད་ལ་བསམ་གཞིགས་གང་ཡང་མི་བྱེད་པ་་་སོ་སོའི་མིང་དང་སྙན་ གྲགས་དང་ཁ་ཕོར་གྱི་ཆེད་དུ་བོད་མི་ཡོངས་ཀྱི་ཁོག་པའི་སྙིང་དང་ཐོད་པའི་མིག་ ལྟ་བུ་ཁོང་ཉིད་ག་ཚད་རྩེད་མོ་རྩེད་་ཀྱི་མི་འདུག ་་་སོ་སོའི་སྒེར་དོན་གྱི་ན་ཙམ་གྱི་ཆེད་དུ་ལམ་འཕྲང་ དོགས་ཤིང་ཀྱག་ཀྱོག་དང་གཡང་ས་ཆེ་བའི་ འཕྲང་ལམ་དུ་ ཕེབས་བཞུད་བཅུག་སྟེ་དགོན་ཆུང་འབུ་ཚང་འདྲ་བ་ཞིག་གི་ནང་དུ་གདན་འདྲེན་བྱེད་ཕོད་ས་རེད་ དམ་་་་་དངོས་གནས་ཡིན་་་ད་ནས་བཟུང་བསམ་མནོ་ཞིག་ཐོངས་དང་་་་་་་་་་་་་་་་་་་་་་་་་་་་་་་།

    Reply
  4. ནད་པ says:
    ལོ་ 13 སྔོན།

    ༸ གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་ག་དུས་ཡིན་ཀྱང་བཀའ་སློབ་མ་གནང་གོང་དུ་བརྟག་དཔྱད་གནང་སྟེ་བཀའ་སློབ་ཟམ་མོ་བསྩལ་བཞོན་ཡོད་སྟབས། ད་རེས་གོང་ས་མཆོག་གིས་བཀའ་སློབ་འདི་འདྲ་ཞིག་གནང་བ་དེར་རྒྱུ་མཚན་ངེས་ཅན་ཞིག་ཡོད་པ་རེད།

    དེ་འདྲ་སོང་ཙང་སྐྱབས་མགོན་རིན་པོ་ཆེ་མཆོག་རྒྱ་གར་དང་། ཕྱི་རྒྱལ་ཡུལ་གྲུ་སོགས་གང་དུ་བཀའ་དྲིན་ཆིབས་བསྒྱུར་བསྐྱངས་ནའང་ངེས་པར་སྐུའི་བསྲུང་བྱའི་ཐོག་དོ་སྣང་དང་ཡིད་གཟབ་ནན་མོ་བྱེད་དགོས།

    ལྷག་པར་དུ་འཇལ་འཕྲད་གནང་བ་དང་། མི་དམངས་ཀྱི་ཚང་ཀ་སོགས་བརྒྱབ་བཞིན་སྐབས་སྐུ་སྲུང་ཚོས་ཡིད་འཇགས་བྱེད་དགོས།

    ༸ གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནི་བོད་མིའི་ཚེ་རབས་འདི་ཕྱི་གཉིས་སྐྱབས་གནས་བསླུ་བ་མེད་པའི་དམ་པ་ཉག་གཅིག་ཡིན་ལ། མ་ཟད་དེང་རབས་འཛམ་གླིང་ཆོས་ལུགས་ཡོངས་ཀྱི་རྩ་ཆེའི་དད་གུས་བྱེད་སའི་རླབས་ཆེན་ཞིག་དང་། སྒོས་སུ་འཛམ་གླིང་འགྲོ་བ་མིའི་རིགས་ཡོངས་ཆེས་དད་མོས་དང་། ཡིད་ཆེས། གུས་བཀུར་ཞུ་སའི་སྤྱི་ནོར་ཞིག་ཀྱང་ཡིན།

    མི་རེ་ངོ་རེ་ཚང་མས་༸ རྒྱལ་བའི་སྐུའི་སྲུང་སྐྱོབ་ཆེད་ཚང་མས་འགན་འཁུར་ལེན་དགོས། རྒྱ་རིགས་དང་། བོད་རིགས། སོག་རིགས། ཕྱི་རྒྱལ་མི་རིགས་སོགས་སུ་ཞིག་ཡིན་མིན་ལ་ལྟོས་པར་༸ གོང་ས་མཆོག་གི་སྐུའི་ཕྱར་གནོད་འཚེ་བཟོ་མཁན་ཞིག་ཡིན་ཆད་མཐར་བསྐྲོད་གཏོང་ཐུབ་པ་བྱེད་དགོས།

    དེ་ནི་སངས་རྒྱས་ཀྱི་བསྟན་པའི་ཞབས་འདེགས་ཞིགདང་། འགྲོ་བ་སེམས་ཅན་ལ་ཕན་པའི་བྱ་བ། འཛམ་གླིང་ཆོས་ལུགས་ཞབས་འདེགས། ཞི་བདེར་ཞབས་འདེགས། འགྲོ་བ་མིའ་རིགས་ཡོངས་ལ་ཕན་པའི་རླབས་ཆེན་གྱི་བྱ་བཞག་བཟང་པོ་ཞིག་ཡིན་སྟབས། མི་དམངས་ཚང་མས་འགན་འཁུར་ལེན་ཐུབ་པ་བྱེད་དགོས།

    ད་དུང་བོད་བརྒྱུད་ནང་བསྟན་གྱི་དགོན་སྡེ་ཁག་དང་ནས་མཆོག་གསུམ་རྒྱལ་བ་རྒྱ་མཚོའི་གསོལ་འདེབས་དང་། ལྷག་པར་ཆོས་ཡེ་ཤེས་ཀྱི་སྤྱན་ལྡན་རྣམས་ཀྱི་འཕྲིལ་བསྐུལ། ད་དུང་མི་དམངས་ཚང་མས་འཕགས་མཆོག་སྤྱན་རས་གཟིགས་དང་མཧྰ་གུ་རུའི་གསོལ་འདེབས་དང་མ་ནི་སོགས་ཞབས་རིམ་རང་རང་མི་རེ་ངེ་སོས་སོས་རྒྱུན་དུ་འདོན་དགོས།

    སྨོན་ལམ་ལོག་པས་རྒྱལ་བའི་བསྟན་པ་ལ།།
    ཁུ་བའི་ནག་ཕྱོགས་གཟུགས་ཅན་གཟུགས་མེད་སྡེ།།
    བསམ་སྦྱོར་ངན་པའི་འཇུག་པ་མ་ལུས་པ།།
    མཆོག་གསུམ་བདེན་པས་རྩད་ནས་གཅོད་གྱུར་ཅིག།

    Reply
  5. བློ་བཟང་ཕུན་ཚོགས། says:
    ལོ་ 13 སྔོན།

    ཀུན་ལ་བརྩེ་བའི་༧དུས་ཀྱི་སྟོན་པ་མཆོག།
    ནོར་ལན་འཛུམ་གྱིས་འདེབས་པའི་ཕན་དགོངས་ཁྱོད།།
    འཛམ་གླིང་སྐྱེ་བོ་ཀུན་གྱི་སྨན་མཆོག་ཏེ།།
    ཁྱོད་ཀྱི་སྐུ་ཚེ་ཡུན་དུ་བརྟན་པར་སྨོན།།

    Reply
  6. བདེན་གཏམ། says:
    ལོ་ 13 སྔོན།

    རྗེ་བཙུན་མི་ལ་དང་སྟོན་པ་བཅོམ་ལྡན་འདས་ལའང་དུག་འདྲེན་པའི་ལོ་རྒྱུས་ཡོད་རེད། བློ་ཕམ་གྱི་གནས་ཚུལ་རེད། ཁ་བཏགས་དང་མགོ་ལ་དུག་བྱུགས་ཡ་འདི་ཕལ་ཆེར་ཕོ་མོ་གཉིས་ཀ་ཡིན་སྲིད། ༸གོང་ས་མཆོག་ནས་ད་ནས་ཟུང་ཕྱག་དབང་མ་གནང་ན་ཡག་ག་འདུག
    དེ་ལས་དབྱུག་དབང་འདྲ་གནང་ན་དད་པ་ཡོད་ན་ཅིག་མཚུངས་རེད། ཕྱག་དབང་ལ་བྱིན་རླབས་ཆེ་རྒྱུ་གཅིག་དང་དབྱུག་དབང་ལ་བྱིན་རླབས་ཆུང་རྒྱུ་གཅིག་གང་ཡང་ཡོད་མ་རེད་སྙམ།
    བྱས་ན་ད་ནས་ཟུང་དབྱུག་དབང་གནང་རོག་ཞུ་རྒྱུ་ཡིན། ཨ་ལ་ལ། ཨ་ལ་ལ།

    Reply
  7. སྐར་མདའ། says:
    ལོ་ 13 སྔོན།

    འད྄ྲེ་ས྄ྲིན་འབ྄ྱུང་བོའི་རིགས་ཀ྄ྱིས་ཅི་བ྄ྱས་ཀ྄ྱང་།།
    གངས་ཅན་མགོན་པོར་གནོད་ཚབ་མི་ཡོང་བའི།།
    ཡིད་ཆེས་བར྄ྟན་པོར་ང་ཚོར་ཡོད་དགོས་པ།།
    ནང་པའི་ལ྄ྟ་ག྄ྲུབ་དག་ལས་གསལ་བོར་ཤེས།།

    Reply
  8. གཟུ་གནས་བློ་ལྡན། says:
    ལོ་ 13 སྔོན།

    བསྟེན་ཅིང་མཆོད་པའི་དམར་ནག་བསྟན་སྲུང་དག །མི་མངོན་དབྱིངས་ནས་གཟིགས་པའི་དཔུང་རོགས་མཛོད། །ཕན་བདེ་རྩ་ལག་རྒྱལ་བསྟན་རིན་པོ་ཆེ། །༸གངས་ཅན་མགོན་པོ་ཉག་གཅིག་ཐུག་ནས་ཡོད། །གཞིས་བྱེས་གཉིས་ཀྱི་བོད་འབངས་ས་ཡ་དྲུག །གྲུང་པོ་མིག་གིས་གངས་ཅན་མགོན་པོ་སྲུངས། །སྤྱང་པོ་བློ་ཡིས་རྒྱ་ལ་སོ་པ་བྱོས། །
    བླ་མ་རྗེ་བཙུན་སྒྲོལ་མས་༸ང་ཡི་བླ་མ་གངས་ཅན་འགྲོ་བའི་མགོན་པོའི་སྐུ་ཚེ་བརྟན་ཅིང་མཛད་འཕྲིན་མཁའ་ཉམས་ལུས་ཅན་ཡོངས་ལ་ཁྱབ་པར་མཛད་དུ་གསོལ། །བླ་མ་རྗེ་བཙུན་སྒྲོལ་མས་མཁྱེན། བླ་མ་རྗེ་བཙུན་སྒྲོལ་མས་མཁྱེན། བླ་མ་རྗེ་བཙུན་སྒྲོལ་མས་མཁྱེན། །

    Reply
  9. ཤག་སྒང་པ། says:
    ལོ་ 13 སྔོན།

    མགོན་གཅིག་ཕྱག་ན་པད་མོར།།
    དྲག་རྒོལ་བར་ཆད་ཞི་ཞིང་།།
    བྱམས་དང་བརྩེ་བའི་གཟི་འོད།།
    རྒྱ་ནག་གླིང་དུ་འཕྲོ་ཤོག།

    སྐུ་ཚེ་རྟག་ཏུ་བསྲིངས་ཤིང་ཐུགས་ཀྱི་བཞེད་འདོད་བཞིན་འགྲུབ་འགྱུར་ཅིག

    Reply
  10. བདེ་རྒྱལ། says:
    ལོ་ 13 སྔོན།

    གནས་ཚུལ་འདི་དུས་བབ་ན་ཅུང་ཛ་དྲག་པའི་རྣམ་པ་མེད་ཀྱང་། རྒྱ་གར་གྱི་གསར་ཤོག་དང་བོད་ཡིག་གི་ཁ་བརྡ་དྲ་ཚིགས་སོགས་ན་འདི་ལས་ཅུང་ཉེན་འཚབ་ཆེ་བ་འདུག་པས་མདང་
    དགོང་གཉིད་ཡག་པོ་ཞིག་གཏན་ནས་ཁུག་རྒྱུ་མ་བྱུང་། འདས་པའི་ཉམས་ནས་བཤད་ཚེ་
    གདན་ས་གསུམ་གཙོ་བོར་གྱུར་པའི་རིས་མེད་དགོན་སྡེ་དང་མི་དམངས་རྣམས་ཀྱིས་སྐུ་སྒེར་ཡིག་ཚང་དང་ཆོས་དོན་སོགས་ནས་ཞབས་རིམ་ཡིན་ཞེས་བཀའ་ཡིག་མ་འབྱོར་བར་རང་འགུལ་ངང་ཞབས་བརྟན་སྒྲུབ་སྲོལ་དེ་ཧ་ཅང་ཉུང་། ༸གོང་ས་མཆོག་གི་ཞབས་བརྟན་ཟེར་ཡང་མ་ཟེར་ཡང་དོན་ལ་བོད་མིའི་ཞབས་བརྟན་ཡིན། ༸གོང་ས་མཆོག་སྐུ་ཚེ་ཞབས་པད་བརྟན་རྒྱུ་བོད་མིའི་སྤྱི་མཐུན་བསོད་ནམས་ལ་རེག་ལས་ཡོད། བོད་མི་སྤྱི་མཐུན་གྱིས་བསོད་ནམས་བསགས་ན། ༸གོང་ས་མཆོག་སྐུ་ཚེ་བརྟན་ཞིང་བོད་སྤྱི་དང་སངས་རྒྱས་ཀྱིས་བསྟན་པ་ལའང་ཕན། དེ་རིང་ནས་ང་ཚོ་མི་རེ་ངོ་རེ་དང་དགོན་སྡེ་གྲྭ་ཚང་སོགས་ཀྱིས་རྒྱལ་བའི་ཞབས་བརྟན་རེ་ཆག་མེད་བསྒྲུབ་རྒྱུ་དང་། བཀའ་ཤག་གསར་བས་༸གོང་ས་མཆོག་གི་སྐུ་ཕྱྭའི་ཐད་ཨ་རི་དང་འཇར་པན་གཉིས་ལ་རོགས་རམ་ཡོང་བའི་རེ་སྐུལ་ཞུ་དགོས། དེ་བཞིན་རྒྱ་གར་ལའང་རེ་ནན་ཞུ་དགོས།

    Reply
  11. སྐར་མདའ། says:
    ལོ་ 13 སྔོན།

    རྒྱ་གཞུང་གི་གསང་མྱུལ་བས་གོ་སྐབས་བཙལ་ཏེ་རྫས་དུག་ཕོག་ཐབས་ཀྱི་བྱ་སྤྱོད་དེ་འདྲ་སྤེལ་མི་སྲིད་པ་མ་རེད། ཆུ་མ་ཡོང་གོང་གི་རགས་ལྟར་འབྲེལ་ཡོད་ཚོས་དད་པ་ཡོད་མདོག་བྱེད་མཁན་ཚོར་ཧ་ཅང་གཟབ་ནན་བྱ་རྒྱུ་ནི་ལས་འགན་གཙོ་བོ་རེད། བོད་རིགས་ཚོ་ལ་ཡང་མཇལ་བཅར་སྐབས་བརྟག་དཔྱད་ནན་མོ་བྱ་དགོས།

    Reply
  12. གསལ་ལེ་རྒྱལ། says:
    ལོ་ 13 སྔོན།

    བོད་པའི་བུད་མེད་ཟབ་སྦྱོང་ཅན།།
    སྐྲ་ཡི་ནང་ན་དུག་ལོ་ཅན།།
    སེམས་པའི་ནང་ན་ངན་སེམས་ཅན།།
    དམྱལ་བའི་ཡུལ་ན་བསུ་བ་ཅན།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese