མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཀྲུང་གོ་ཁོང་ཁྲོ་ལངས་ཡོད་ཟེར།

བོད་ཀྱི་དུས་བབ།
༢༠༡༢/༠༥/༡༦
Share on FacebookShare on TwitterShare on EmailShare on Whatsapp


གཟའ་ཟླ་བའི་ཉིན་༧གོང་ས་མཆོག་ལ་དབྱིན་ཇིའི་རྒྱལ་ས་ལོན་ཌོན་དུ་ཕྱི་ལོ་ ༢༠༡༢ ལོའི་(Templeton)ཞེས་པའི་གཟེངས་རྟགས་འབུལ་བཞེས་གནང་རྗེས། དབྱིན་ཇིའི་སྲིད་བློན་ཁཱ་མེ་རོན་(David Cameron) དང་སྲིད་བློན་གཞོན་པ་ནེ་ཁི་ (Nick Clegg)རྣམ་གཉིས་དང་མཇལ་འཕྲད་གནང་བར། རྒྱ་གཞུང་ཁོང་ཁྲོ་ཆེན་པོ་ལངས་ཏེ་ཁ་སང་རྒྱ་ནག་ཕྱི་སྲིད་མགྲིན་ཚབ་པས་འདི་ལྟར་བརྗོད་འདུག “
དབྱིན་ཇི་ཡིས་ཀྲུང་གོས་ཐེངས་དུ་མར་སྐད་ཆ་བཤད་པ་སྣང་མེད་དུ་བཞག་སྟེ། ཨུ་ཚུགས་ངང་ཏཱ་ལའི་དང་དབུ་བཞུགས་བློན་ཆེན་ཐུག་འཕྲད་བྱས་པ་དེ་ནི། ཀྲུང་གོའི་ནང་སྲིད་ལ་ཐེ་གཏོགས་ཚབས་ཆེན་བྱས་པ་ཡིན་ཞིང་། ཀྲུང་གོའི་མི་དམངས་ཀྱི་སེམས་ལ་གནོད་པ་བཟོས་པ་མ་ཟད། ད་དུང་བོད་རང་བཙན་པར་ནོར་འཁྲུལ་གྱི་རྟགས་མཚན་བསྟན་པས་དོན་དེ་རྩ་བ་ནས་ཀྲུང་གོའི་བློར་འབབ་ཀྱི་མེད་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱེད་རྒྱུ་ཡིན” ཞེས་བརྗོད་འདུག

ཁོས་མུ་མཐུད་དུ་བརྗོད་དོན། “བོད་དོན་ནི་ཀྲུང་གོའི་ནང་སྲིད་ཁོ་ནར་གཏོགས་ཤིང་། ཏཱ་ལའི་ནི་དུས་རྒྱུན་ཆོས་ཀྱི་དར་ཆ་ཕྱར་ནས་ཀྲུང་གོ་ཁ་བྲལ་གཏོང་བའི་ཆབ་སྲིད་བྱ་འགུལ་སྤེལ་མཁན་གྱི་ཡུལ་གྱར་བ་ཞིག་ཡིན་པས། རྒྱལ་ཁབ་གང་རུང་གི་མགོ་ཁྲིད་པས་རྣམ་པ་ཅི་ཞིག་ལ་བརྟེན་ནས་ཏཱ་ལའི་ལ་ཐུག་འཕྲད་བྱས་ཀྱང་། དེར་ཀྲུང་གོས་མཐའ་གཅིག་ཏུ་ངོ་རྒོལ་བྱ་རྒྱུ་ཡིན་ལ། དེ་མིན་གྱི་རྒྱལ་ཁབ་དང་མི་སྒེར་སུ་ཞིག་གིས་བོད་དོན་བེད་སྤྱད་ནས་ཀྲུང་གོའི་ནང་སྲིད་ལ་ཐེ་གཏོགས་བྱེད་པར་མཐའ་གཅིག་ཏུ་ངོ་རྒོལ་བྱ་རྒྱུ་ཡིན།  དབྱིན་ཇི་ཡིས་ཀྲུང་གོའི་ལངས་ཕྱོགས་ལ་བསམ་བློ་ཞིབ་མོ་བཏང་ནས། བོད་རང་བཙན་གྱི་ཀྲུང་གོར་རྒོལ་བའི་སྟོབས་ཤུགས་ལ་ངན་སྐུལ་དང་རྒྱབ་སྐྱོར་བྱེད་མཚམས་བཞག་སྟེ། མགྱོགས་མྱུར་ངང་བྱེད་ཐབས་ནུས་ལྡན་སྤྱད་དེ་ཤུགས་རྐྱེན་ངན་པ་སེལ་དགོས་པ་དང་། དོན་དངོས་ལ་བརྟེན་ནས་ཀྲུང་དབྱིན་འབྲེལ་བ་གོང་དུ་འཕེལ་བར་སྲུང་སྐྱོབ་བྱ་དགོས” ཞེས་བཀོད་འདུག

གསར་འགོད་པ། དོན་འགྲུབ་བཀྲ་ཤིས།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

མཆན། 8

  1. ཡུལ་གྱར་བ། says:
    ལོ་ 14 སྔོན།

    ནུབ་ཕྱོགས་ཀྱི་གཞུང་མང་པོས་ང་ཚོར་ཤ་ཚ་དང་རྒྱབ་སྐྱོར་ཡོད་པ་གསལ་པོ་རེད། འོན་ཀྱང་དཔལ་འབྱོར་གྱི་ཁེ་ཕན་ལ་ཆེས་ཆེར་བསྟུན་དགོས་སྟབས་གུང་ཁྲན་དང་ལྷན་དུ་སོ་མི་སྟོན་མཐུ་མེད་རེད། དེ་ནི་ང་ཚོས་བསམ་ཤེས་བྱེད་རྒྱུ་ལས་ཅི་ཡོད། Gordon Brown ༧གོང་ས་མཆོག་དང་མཇལ་འཕྲད་གནང་མྱོང་ཡང་ Tony Blaire གྱིས་མཇལ་འཕྲད་གནང་མེད། ཨ་ཞང་ཚང་གིས་གནོན་ཤུགས་ལ་མ་ལྟོས་པར་ད་ལེན་སྲིད་བློན་བགྲེས་གཞོན་གཉིས་ཀས་མཇལ་འཕྲད་གནང་བ་དེ་ཧ་ཅང་གི་་གཟི་བརྗིད་རེད།

    Reply
  2. ཚྭ་སྒང་ཕོ་ཉ། says:
    ལོ་ 14 སྔོན།

    རྒྱ་ནག་ཁོང་ཁྲོ་ལང་ན་ཡང་ཅི་ཕན་གནས་ལུགས་མི་ཤེས་ཟེར་བ་དེ་རང་ལས་མ་འདས་སོ། རང་སྐྱོན་དེ་ངོས་མ་ཟིན་པར་ད་དུང་གཞན་ལ་བཤད་བཤད་འདྲ་བྱེད་པ་ནི་དངོས་གནས་ཀླད་མེད་གཅིག་གིས་བྱེད་ལུགས་རང་རེད། རྒྱ་རྒན་འདི་ཚོ་ལ་དངོས་གནས་ངོ་ཚ་ཟེར་དེ་ནི་ད་མི་འདུག།

    Reply
  3. ཟླ་བ་བསོད་ནམས། says:
    ལོ་ 14 སྔོན།

    གསར་འགྱུར་འདིའི་ཁ་བྱང་འདེམས་སྟངས་གསར་འགོད་པ་ཡ་མེད་ཞིག་གི་བཟོ་འདུག མུ་མཐུད་ནས་རྣམ་དཔྱོད་བེད་སྤྱད་དེ་གསར་འགྱུར་བསྡུ་སྒྲིག་བྱེད་ཐུབ་པར་སྨོན། ཀྲུང་གོ་ཁོང་ཁྲོ་ལངས་ཡོད་ཟེར། འདིའི་ལན་ལ་བོད་ཀྱི་ཁ་དཔེ་ལྟར། མ་དགའ་དབུས་ལ་སོང་། མ་མཇལ་ཕྱིར་ལ་ཡོང་རུང་སྡུག་གྱོང་རེད་ཟེར་བ་འདི་ཏག་ཏག་རེད་ལ།

    Reply
  4. ཐུབ་བསྟན། says:
    ལོ་ 14 སྔོན།

    ངོ་རྒོལ་བྱས་ཏེ། ཐུག་མ་བཅུག་ན་མ་གཏོགས་བོད་རང་བཙན་གྱི་དོན་དངོས་ངོ་མ་དེ་དབྱིན་གཞུང་གི་སེམས་ལ་ཁྲ་ལམ་མེ་ཡོད་པ་རེད། དེས་ན་ངོ་རྒོལ་བྱོས། འོན་ཀྱང་བདེན་མཐའ་ཇེ་གསལ་ཇེ་གསལ་ལ་འགྲོ་བཞིན་འདུག་ འོན་ཀྱང་ངོ་རྒོལ་བྱོས།

    Reply
  5. ཡར་ཀླུང་ལྷ་རྗེ། says:
    ལོ་ 14 སྔོན།

    དཔོན་ངན་རྒྱ་ཁྱི་ཁྱོད་ཚོ་ཁ་མིག་རྣ་ཤེས་འཛམ་གླིང་ཕྱོགས་སུ་གཏོད་ནས་སྐད་ཆ་ཤོད།
    ནུབ་ཕྱོགས་ཆབ་སྲིད་སྣེ་འཁྲིད་པ་ཁྱོད་ཚོ་ཡང་ཆབ་སྲིད་དང་། མིང་གྲགས་ཆེད་༸གོང་ས་མཆོག་༸མཇལ་ཁ་མ་ཞུ་རོགས།

    Reply
  6. འགྱུར་མེད་བསྟན་འཛིན། says:
    ལོ་ 14 སྔོན།

    ཁ་སྐྱག་པས་གཅོད་རྒྱུ་དགྲ་བོ་རྒྱ་ནག་ཚང་སྐྱག་ཁ་བཙུམ།

    འོན་ཀྱང་ནུབ་ཕྱོགས་མགོ་སེར་ཚོས་ཀྱང་དེ་རིང་བར་དུ་བེད་སྤྱོད་ཁོ་ན་ལས་དོན་དམ་གྱི་རྒྱབ་སྐྱོར་བྱ་མྱོང་མེད།
    ཁོང་ཚོས་དམིགས་ཡུལ་ནི་ཨེ་ཤ་ཡི་ནང་དུ་མཐུན་འབྲེལ་མེད་བ་བཟོ་རྒྱུ་དེ་མགོ་སེར་ཚོས་དམིགས་ཡུལ་ཨང་དང་པོ་རེད།

    Reply
  7. རྒྱ་རྙི། says:
    ལོ་ 14 སྔོན།

    ཧ་ཧ། རྒྱ་དམར་ཚང་གི་སྐད་ཆ་བཤད་པར་ངར་ཤུགས་འདུག བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་གསར་འགོད་གསལ་བསྒྲགས་སྤེལ་སྟངས་ལ་འདྲ་ས་ཞིག་འདུག མཐའ་གཅིག་ཏུ་་་་་་་་ངོ་རྒོལ་ཡོད་་་་་་བཙན་པ་ལ་་

    Reply
  8. ཧོར་བུ་ཡེ་ཤེས says:
    ལོ་ 14 སྔོན།

    ཚིག་པ་ཟ་ན་ཚིག་འགོ་འདྲེད་ཟེར།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese