མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྐུ་ཕྱྭའི་སྐོར་གྱི་གནས་ཚུལ་ཁྱད་མཚར།

བོད་ཀྱི་དུས་བབ།
༢༠༡༢/༠༥/༡༧
Share on FacebookShare on TwitterShare on EmailShare on Whatsapp

ཐ་ཧྭར་སྐལ་བཟང་།

ཉེ་ཆར་༸གོང་ས་མཆོག་གིས་དབྱིན་ཇིའི་གསར་འགོད་པ་ཞིག་ལ་རྒྱ་ནག་གིས་ཁོང་ཉིད་སྐུ་ཀྲོངས་པའི་ངན་ཇུས་སྣ་ཚོགས་འཐེན་པ་གསན་མྱོང་བ་དང་།དཔེར་མཚོན་ལ་རྒྱ་ནག་གིས་སྐྱེས་དམན་ཞིག་གི་སྐྲའི་ནང་ལ་དུག་རྫས་བྱུགས་དེ་ཁོང་ལ་མཇལ་ཁ་ཞུ་རུ་ཡོང་བ་དང་མཇལ་ཁའི་སྐབས་སུ་ཁོང་ལ་དུག་ཕོག་གི་འཇུག་རྒྱུའི་འཆར་གཞི་ཡོད་ཚུལ་༸གོང་ས་མཆོག་གིས་གསུངས་འདུག སྤྱིར་བཏང་རྒྱ་ནག་གཞུང་༸གོང་ས་མཆོག་གི་སྒང་ལ་ག་ཚོད་ཞིག་སྡང་མིན་ཚོད་དཔག་བྱེད་མི་དགོས་པ་དང་༸སྐུ་མདུན་གྱི་སྐུ་ལ་སྐྱེས་ངན་ཞིག་བྱུང་བར་རྒྱ་ནག་གི་མིག་ཟུང་ལྷུང་རེག་བར་དུ་བལྟས་ཡོད་པ་ཡང་གསལ་བོ་རེད། ཡིན་ན་ཡང་ད་རེས་ཀྱི་གནས་ཚུལ་འདི་༸གོང་ས་མཆོག་གིས་རྒྱབ་ལྗོངས་བདེན་པ་ཞིག་དཔེར་མཚོན་རྩེད་མོའི་ལམ་ནས་གསུངས་པ་རེད་བསམ་སོང་།༸སྐུན་མདུན་གྱིས་ཁོང་གིས་གནས་ཚུལ་འདི་མི་བརྒྱུད་ནས་གསན་མྱོང་ཡོད་ཚུལ་གསུངས་འདུག་མོད།ཡིན་ན་ཡང་ང་རང་སྒེར་ངོས་ནས་ད་དུང་༸གོང་ས་མཆོག་གིས་རྩེད་མཚར་གྱིས་གསུངས་པ་ཞིག་རེད་འདོད་ཡོད།

གང་ལྟར་གནས་ཚུལ་འདི་འཛམ་གླིང་གི་གསར་འགྱུར་བརྒྱུད་ལམ་ཆེ་ཤོས་ཚོའི་ནང་ལ་སླེབས་པ་དང་གནས་ཚུལ་འདིའི་ཐོག་ལ་བལྟ་ཚུལ་ཡང་འདྲ་མིན་མང་པོ་སླེབས་འདུག ཡིན་ན་ཡང་གསར་ལམ་ཁག་གིས་གནས་ཚུལ་འདི་༸སྐུ་མདུན་གྱིས་རྩེད་མཚར་ཞུས་པ་ཞིག་ཡིན་པ་མ་ཤེས་པའི་མ་ཚད།གནས་ཚུལ་འདི་ཛ་དྲག་དང་༸གོང་ས་མཆོག་གི་དབྱིན་ཇི་གྲལ་དག་མིན་པའི་ཐོག་ནས་གསུངས་འདུག་ཞེས་ཟུར་ཟའི་ལམ་ནས་བྲིས་འདུག དུ་དུང་གསར་ལམ་ཁ་ཤས་ཀྱི་ནང་ལ་གནས་ཚུལ་འདིའི་སྒང་ནས་༸གོང་ས་མཆོག་དགུང་ལོ་མཐོ་བོ་བཞེས་ཡོད་པ་དང་ཏོག་ཙམ་སེམས་ངོ་ཟིན་གྱི་མེད་པའི་སེམས་འཚབ་བམ་བསམ་ཚུལ་ཡང་ཐོན་འདུག ཡ་མཚན་བྱེད་མི་དགོས་པ་ཞིག་ལ་རྒྱ་ནག་གིས་ཡང་དུས་ཚོད་དམ་འཛིན་བྱས་དེ་༸གོང་ས་མཆོག་དགུངས་ལོ་མཐོ་བས་སེམས་ངོ་ཟིན་གྱི་མེད་པའམ་དྲན་པ་ཉམས་ཀྱིན་པའི་གསལ་བསྒྲགས་ཡང་སྤེལ་འདུག ད་རེས་ཀྱི་གནས་ཚུལ་འདི་གསར་འགོད་པ་དང་༸གོང་ས་མཆོག་གི་བར་ལ་ཏོག་ཙམ་གོ་ནོར་ཐེབས་པ་མིན་འགྲོ་བསམ་བྱུང་།དེ་མིན་ན་གནས་ཚུལ་འདིའི་རྒྱབ་ལྗོངས་ལ་ཏོག་ཙམ་ཁྱད་མཚར་འདྲ་བོ་ཞིག་མཐོང་སོང་།

གལ་སྲིད་སྐུ་སྒེར་ཡིག་ཚང་དང་བདེ་སྲུང་ལས་ཁུངས་ལ་གནས་ཚུལ་འདིའི་ཐོག་ལ་གསལ་བཤད་ཞིག་བྱེད་རྒྱུ་ཡོད་ན་དུས་ཚོད་ཏག་ཏག་རེད་འདུག དེ་རིང་དུས་བབས་དྲ་ཚིགས་ཀྱི་མདུན་ངོས་ན་༸སྐུ་མདུན་གྱི་སྐུ་ཕྱྭའི་སྐོར་ལ་གསར་འགྱུར་ཞིག་འདུག་མང་ཆེ་ཤོས་སྐུ་རིམ་སྒྲུབ་རྒྱུ་དང་བརྟན་བཞུགས་འབུལ་རྒྱུའི་སྐོར་བསྒྲགས་འདུག དངོས་གནས་སྐུ་ཕྱྭའི་སྐོར་ལ་དོ་སྣང་ཞིག་བྱེད་རྒྱུ་ཡིན་ན་༸གོང་ས་མཆོག་ལ་སྐུ་ངལ་གསོལ་རྒྱུའི་དུས་ཚོད་ཞིག་གཏམ་འབེབས་བྱེད་དགོས་ཀྱི་འདུག

 

རྩོམ་སྒྲིག་པའི་མཆན།                ༼ གོང་གསལ་རྩོམ་ཐུང་འདི་རྩོམ་པ་པོའི་ཟིན་བྲིས་ལས་འདིར་བདམས་བཀོད་བྱས་པ་ཡིན། ༽

འབྲེལ་ཡོད་གསར་འགྱུར།

A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

ཆུ་ཚོད་ ༣ སྔོན་ལ།
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

ཆུ་ཚོད་ ༣ སྔོན་ལ།
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡
དྷ་ས་ནས་ལྡི་ལི་བར་གྱི་ཞྭ་མོ་ནག་པོའི་གོམ་བགྲོད་ཀྱི་ལས་འགུལ་བ། ༢༠༢༦།༠༣།༣༡ དུས་བབ་ཀྱི་པར།
Mobile App

དྷ་རམ་ས་ལ་ནས་ལྡི་ལི་བར་ཞྭ་མོ་ནག་པོའི་གོམ་བགྲོད་མགོ་འཛུགས་གནང་།

༢༠༢༦/༠༣/༣༡
The new government led by Prime Minister Balendra Shah unveiled an ambitious 100-point work plan on Saturday, a signal of a break from the slow, plodding pace of past administrations. PHOTO: THE KATHMANDU POST
Mobile App

བལ་ཡུལ་གྱི་སྲིད་གཞུང་གསར་པའི་བསྒྱུར་བཅོས་དོན་ཚན་ ༡༠༠ ལག་བསྟར་བྱེད་ཀྱི་ཡོད་འདུག

༢༠༢༦/༠༣/༣༡

མཆན། 10

  1. ལུང་རྟོགས། says:
    ལོ་ 14 སྔོན།

    ཐ་ཧྭར་བསྐལ་བཟང་ལགས་ཀྱིས་གསར་འགྱུར་རྒྱད་ལམ་གང་ནས་གོང་ས་མཆོག་གིས་སེམས་ངོ་ཟིན་གྱི་མེད་པ་དང་། དབྱིན་འཇི་སྒྲ་མ་དག་པ་སོགས་བཤད་ཡོད་པ་གསལ་པོ་གསུང་ན་ཡག་པོ་འདུག དེ་མིན་གཅིག་ནས་བཤད་འདུག་ཞེས་པ་ཙམ་ནི་ལོང་བའི་སྦར་ཉུལ་རང་རེད་ལ། ཁྱེད་རང་ལ་ཡང་དོག་པ་ཟ་མ་སྲིད་པ་མ་རེད།

    Reply
  2. བཛྲ་སུ་མ་ཏི། says:
    ལོ་ 14 སྔོན།

    ༧གོང་ས་མཆོག་གི་བཀའ་སློབ་འདི་རྒྱ་གར་གྱི་དུས་བབ་ལའང་ཐོན་ཡོད་མོད། གནས་ཚུལ་ཛ་དྲག་བཀོད་ཡོད་པ་ལས་ཟུར་ཟ་ཚིག་ཟུར་ཙམ་མེད་ན་། ཧ་ཐར་གྱི་
    རྒྱ་མས་བཤད་ཡན་རང་ལ་བདེན་པ་ཡིན་རབས་བཤད་པ་ནི་ཡ་མཚན་རང་རེད། མ་གཞི་ཆོབ་མེད་པ་བླ་འཁྱམས་པའི་སྐད་ཆ་འདི་འདྲ་དུས་བབ་ཚང་གི་བསམ་བཞིན་འདི་རུ་བཀོད་པ་ནི་དེ་ལས་ཀྱང་ཡ་མཙན་རེད།

    Reply
  3. རྫ་ཚེ་རིང་བཀྲ་ཤིས། says:
    ལོ་ 14 སྔོན།

    ཐའེ་ཝན་གྱི་བརྒྱུད་ལམ་ཆེ་ཁག་གིས་ཀྱང་ཚད་མཐོའི་དོ་སྣང་བྱས་སོང་ལ་ཡང་དང་བསྐྱར་དུ་བཤད་སོང་སྟེ། རྒྱལ་བ་རིན་པོ་ཆེ་གཅོས་ཐོ་ཆགས་པ་ཡིན་རབས་དང་། རིན་པོ་ཆེའི་དབྱིན་སྐད་མ་དག་པ་སོགས་ཚིག་གཅིག་བཤད་ཀྱིན་མི་འདུག
    ད་དུང་ཁོང་ནི་རང་གི་བསམ་བློའི་ནུས་པས་འཛམ་བུ་གླིང་ལ་ལེགས་སྐྱེས་ཕུལ་བ་ཞིག་ཡིན་པའི་མགོ་བརྗོད་འོག་བཤད་སོང་། མ་ཟད་རྒྱལ་བ་རིན་པོ་ཆེས་ཀྱང་། ཆ་འཕྲིན་དེ་འདྲ་ཞིག་འབྱོར་ཡོད་པ་ལས་དེ་བརྒྱ་ཆ་བརྒྱ་བདེན་པ་ཡིན་ངེས་ཀྱི་ཁོངས་སྐྱེལ་ཡོད་པ་མ་རེད་ཅེས་གསུངས་པ་རེད། ཅེས་དང་། ངས་འབྱུང་འགྱུར་གྱི་རང་དབང་ལྡན་པའི་རྒྱ་ནག་གི་འགྱུར་འགྲོས་དེ་ཉི་མ་གཅིག་ལ་གཟིགས་ཐུབ་པའི་ཡིད་ཆེས་ཡོད་གསུངས་པ་རེད་ཟེར་གྱིན་འདུག དེ་མ་གཏོགས་ཟུར་ཟའི་དྲི་ཙམ་ཡང་མི་འདུག

    Reply
  4. thapkegyatso says:
    ལོ་ 14 སྔོན།

    ཡར་རྒྱས་ཕྱིན་འའདུག མཁྱེན་རྒྱ་ཡངས་འདུག ལྷག་བསམ་ཡོད་མདོག་ལ།ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧཧ་ཧ་ཧཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ།

    Reply
  5. ནད་པ says:
    ལོ་ 14 སྔོན།

    ཧ་ཐར་སྐལ་བཟང་ལགས། བོད་མིའི་བླ་ན་མེད་པའི་ཚེ་རབས་འདི་གཏན་གྱི་སྐྱབས་གནས་དམ་༸ གོང་ས་ལྷ་མིའི་རྣམ་འདྲེན་རྒྱལ་བ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་གི་སྐུ་ལ་སྙུན་མི་མངའ་ཞིང་། སྐུ་ཁམས་གསལ་དངྭས། ཐུགས་རིག་གསལ་ཡིན་པ་ལས་མི་ཕལ་པ་ལོ་རྒས་ནས་རྫི་དིབ་པའི་སྐབས་ཀྱི་སྐད་ཆ་ལྟ་བུ་རྒྱ་མིས་ཅི་བཤད་ལ་ཆ་འཇོག་བྱེད་དགོས་དོན་མེད།

    སྤྱི་ལོ་ ༡༩༥༩ ལོའི་རྗེས་ནས་རྒྱ་མིས་ཏྰ་ལའི་བླ་མ་ནི་གྲལ་རིམ་བཤུ་ཞོག་གཏོང་མཁན་དང་། ཆོས་གོས་གྱོན་པའི་སྤྱང་ཀི ནུབ་ཕྱོགས་པའི་རྒྱུགས་ཁྱི། ཁ་བྲལ་རིང་ལུགས། དྲག་སྤྱོད་རིང་པ་སོགས་རེད་ཅེས་གང་བྱུང་མང་བྱུང་བསམ་ཡུལ་ལས་འདས་པའི་སྐྱོན་བརྗོད་དང་བསྐུར་འདེབས་སྣ་ཚོགས་བྱས་དང་བྱེད་བཞིན་ཡོད།

    དེ་ཚོ་ཚང་མ་གཅིག་ཀྱང་བདེན་པ་མ་ཡིན་པར་བརྟེན་རྒྱ་ནག་གི་ངོ་གདོང་དེ་འཛམ་གླིང་རྒྱལ་ཁབ་དང་མི་དམངས་ཀྱིས་ཤེས་རྟོགས་ཐུབ་པར་བརྟེན་ད་ཆ་༸ གོང་ས་མཆོག་ནི་འཛམ་གླིང་ཞི་བདེ་དང་། ཆོས་ལུགས་རིས་མེད། མིའི་ཚེའི་རིན་ཐང་། འགྲོ་བ་མིའི་ཀུན་སྤྱོད་སོགས་གང་སར་སུས་ཀྱང་འགྲན་ཟླ་མེད་པའི་ཆེས་སྙན་གྲགས་ཅན་གྱི་འཛམ་གླིང་གི་རླབས་ཆེན་མི་སྣ་བཟང་ཤོས་ཤིག་ཏུ་གྱུར་པ་ད་རེད།

    ད་དཡང་ཤེས་དགོས་པ་ཞིག་ལ་ཁྱེད་ཀྱི་གནས་ཚུལ་དེ་ནི་༸ གོང་ས་མཆོག་གིས་གསར་འགོད་པར་ཚོར་རྩེད་མོ་རྩེད་ནས་གསུང་བ་རེད་དྲན་གྱི་འདུག་ཅེས་རང་གི་བསམ་ཚུལ་སྐྱོ་བོ་དེ་གསལ་བཤད་བྱེད་ཁུལ་བྱས་པ་དེ་ནི་ཡོངས་སུ་མ་རྟོགས་པའི་ངང་ཚུལ་ཞིག་མ་འདས།

    ག་དུས་ཡིན་ཀྱང་༸ གོང་ས་མཆོག་གིས་རྒྱུན་དུ་ས་གནས་གང་དུ་བཀའ་དྲིན་ཞབས་སོར་འཁོད་ནའང་རེད། བཀའ་སློབ་གང་ཞིག་གནང་ནའང་རྒྱུ་མཚན་དང་། ཁུངས་ལུང་། ཡིད་གཏན་འཕེར་བའི་ཚད་མའི་བཀའ་སློབ་ཤ་སྟག་ལས་ཁྱེད་རང་ལྟ་བུའི་སོ་སྐྱེའི་ཕལ་པའི་མི་ལྟར་ཡིད་ལ་གང་དྲན་ཁ་ནས་བཤད་པ་ལྟ་བུ་ནམ་ཡང་དུས་གཏན་དུ་གནང་མི་སྲིད་པ་དེའི་གནད་ལུགས་ཤེས་པར་བྱོས།

    སྐུ་ཕྱྭར་གནོད་འཚེའི་བསམ་ངན་སྦྱོར་རྩུབ་བྱས་དང་བྱེད་བཞིན་ཡོད་པ་དེ་ཀུན་གྱིས་ཤེས་གསལ་རེད། ལས་རྒྱུ་འབྲས་དང་། འཁྲེལ་ངོ་ཚ། བག་ཡོད་ཚུལ་ལྡན་སོགས་ཅི་ཡང་མི་ཤེས་པའི་རྒྱ་ནག་ཏང་ཤོག་འདིའི་བྱེད་སྟངས་ལ་སྦས་བསྐུང་བྱེད་དོན་དང་གསལ་བཤད་བྱེད་དོན་གང་ཡང་ལྷག་མེད།

    ཡིན་ནའང་སྟབས་ལེགས་པ་ཞིག་ལ་སྤྱི་ལོ་ ༡༩༥༩ ། ༠༣། ༡༧ ཉིན་ལྷ་སའི་མཚན་མོའི་ཆུ་ཚོད་ ༡༧ ཐོག་༸ གོང་ས་མཆོག་རནོར་གླིང་ཕོ་བྲང་ནས་མི་དམངས་ཀྱིས་མཐའ་བསྐོར་བའི་དབུས་ནས་གསང་སྟབས་ཀྱིས་བཀའ་དྲིན་ཆིབས་བསྒྱུར་བསྐྱང་གནང་མཛད་ཐུབ་ཙམ་མ་ཟད་ད་བར་རྒྱ་གར་དབུས་ས་གཉིས་ཀྱི་སྐུ་སྲུང་དང་། བོད་ལྗོངས་ལྷ་མིའི་ཡོངས་ཀྱིས་མ་གྲོས་བསམ་པ་གཅིག་མཐུན་གྱིས་སྒོས་ནས་ད་བར་སྐུ་ཕྱྭ་གནོད་འཚེ་གེགས་བར་གྱི་མཚན་མ་ཐ་དག་རང་སར་ཞི་ཐུབ་པ་བྱུང་ཡོད།

    ད་དུང་ང་ཚོའི་བོད་རིགས་མི་དམངས་རྣམས་རྩ་རྫོགས་མ་ཕྱིན་བར་དུ་བོད་ཀྱི་བླ་ན་མེད་པའི་ཆོས་སྲིད་གཉིས་ཀྱི་དབུ་འཁྲིད་དམ་པ་༸ སྤྱི་ནོར་གོང་ས་སྐྱབས་མགོན་ཡིད་བཞིན་ནོར་བུའི་སྐུ་གསུང་ཐུགས་ཀྱི་མཛད་འཕྲིན་མཐའ་དག་གེགས་མེད་ལྷུན་འགྲུབ་ངང་ཡོང་རྒྱུར་ང་ཚོ་མི་རེ་ངོ་རེས་མ་བསྐུལ་དང་བླངས་ཀྱིས་ཐོག་ནས་གཏན་དུ་མ་ཤི་བར་སྲུང་སྐྱོབ་ཞུ་ངེས་ཡིན།

    ༸ གོང་ས་མཆོག་གིས་བཀའ་སློབ་གསལ་པོ་དེ་འདྲ་གནང་བ་ལས་ལྷག་གཅིག་སྐུ་སྒེར་ཡིག་སོགས་སུ་ཞིག་ལ་བརྗོད་རྒྱུ་གང་ཡང་མེད། ང་ཚོ་ཕྱི་ནང་བོད་རིགས་ཡོངས་ཀྱི་༸ གོང་ས་ཡིད་བཞིན་ནོར་བུས་བཀའ་སློབ་གནང་བ་དེར་ཡིད་ཆེས་ཚད་ལྡན་བྱེད་བཞིན་ཡོད་ལ་ཁོང་གིས་ང་ཚོ་མི་དམངས་དང་། འཛམ་གླིང་ནང་གསར་འགོད་པར་ཚོར་ནམ་ཡང་མགོ་སྐོར་གཏོང་མྱོང་མེད།

    ཧ་ཐར་ཁྱེད་ཀྱིས་ང་ཚོར་ཆོ་མེད་སྐད་ཆ་དེ་གསལ་བཤད་བྱེད་དོན་གང་ལྷག་མེད།

    Reply
  6. གཅེར་བུ་པ། says:
    ལོ་ 14 སྔོན།

    རྣག་ཐོག་ཁབ་གཙགས་རང་བྲིས་ཤག།དཔེ་ཡག་པོ།

    Reply
  7. རོང་ཕྲུག says:
    ལོ་ 14 སྔོན།

    ཁྱེད་ཀྱིས་གནས་ཚུལ་སྤེལ་བ་དང་གསལ་འདེབས་གནང་བར་དགའ་བསུ་ཞུ། གཟུ་གནས་བློ་ལྡན་ལ་ཞུ་རྒྱུ་གོ་བ་མི་ལོན་ན་གཡུག་ཤོག་དཀའ་ལས་རྒྱག་དགོས་ནི་མ་རེད་ཀོ

    Reply
  8. ཆུ་ཐིགས་སྔོན་མོ། says:
    ལོ་ 14 སྔོན།

    གཟུ་གནས་བློ་ལྡན་གྱིས་གཟུ་བོར་མ་གནས་པའི་སྐད་ཆ་གང་བྱུང་དུ་བཤད་འདུག་པས་མིང་དོན་མི་མཚུངས་པའི་སྐད་ཆ་ལ་ཡིད་རྟོན་སུས་བྱེད་་་་་དེ་ལས་གནས་ཚུལ་འདིའི་ཐད་གཞུང་སྒེར་ཚང་མས་ཐུགས་མཉམ་བཞག་ན་ཡག་པོ་ཡོད་པ་རེད་་་་སྣང་མེད་བཞག་ན་ནམ་ཞིག་ཁ་རྨས་འདྲ་མིན་ཡོང་མི་སྲིད་པའི་ངེས་པ་མེད་་་་་རྒྱ་འདྲེ་ཚང་གིས་གོ་སྐབས་ཆུང་ངུ་ཞིག་ལས་མེད་ཀྱང་དམ་འཛིན་བྱེད་སྟངས་ལ་ལྟོས་དང་་་་་ང་ཚོས་ངེས་པར་དུ་དོགས་ཟོན་བྱེད་དགོས་པ་རེད་་་་་གཙོ་བོ་སྐུ་སྒེར་ཡིག་ཚང་དང་་་བདེ་སྲུང་གིས་འདིའི་ཐད་ལ་ལྷག་པར་ཐུགས་མཉམ་འཇོག་དགོས་

    Reply
  9. norlhatso says:
    ལོ་ 14 སྔོན།

    ཁྱེད་ཀྱིས་གནས་ཚུལ་སྤེལ་བ་དང་གསལ་འདེབས་གནང་བར་དགའ་བསུ་ཞུ། གཟུ་གནས་བློ་ལྡན་ལ་ཞུ་རྒྱུ་གོ་མི་ལོན་ན་གཡུག་ཤོག་དཀའ་ལས་རྒྱག་དགོས་ནི་མ་རེད་ཀོ

    Reply
  10. གཟུ་གནས་བློ་ལྡན། says:
    ལོ་ 14 སྔོན།

    ཐ་ཧྭར་སྐལ་བཟང་ཅན་ཁྱེད་ཀྱིས་རྒྱལ་སྤྱིའི་གསར་ལམ་ཆེ་ཁག་ཀུན་ཏུ་གནས་ཚུལ་དེ་ཡོད་པ་སྤམ་འཇོག་དང་། གསར་ལམ་གོ་མྱོང་མེད་ཅིང་རྒྱ་གཞུང་དང་འབྲེལ་བའི་ཆེས་ཆུང་ངུ་གཅིག་ཏུ་༸གོང་ས་མཆོག་ལ་མཚན་སྨོས་ཞུས་པ་འདིར་བཀོད་དགོས་པ་ཅི་ལ་ཐུག་གམ། ༸གོང་ས་མཆོག་གི་མཚན་སྙན་འཛམ་གླིང་ཆེ་རྒུ་ཀུན་དང་ལྷག་པར་ཤེས་ཡོན་དག་གི་རྣ་ལམ་འབྲུག་སྒྲ་སྟོང་དུས་གཅིག་ཏུ་ལྡེར་བ་ལྟར་ཡིན་པ་སུས་བལྟས་ཀྱང་མངོན་སུམ་མོ། །

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese