མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཡུལ་ཁྲིམས་དང་འགལ་བའི་བཅས་པ་སྣ་གཅིག་ཀྱང་མཛད་མེད།

བོད་ཀྱི་དུས་བབ།
༢༠༡༢/༠༥/༡༩
Share on FacebookShare on TwitterShare on EmailShare on Whatsapp

གངས་ཟླ། 

བཅོམ་ལྡན་འདས་ཀྱི་འདུལ་བའི་བཅས་ཁྲིམས་དག་ནི་སྐབས་དེའི་ཡུལ་ཁྲིམས་དང་བསྟུན་ནས་བཟོས་པ་རྐྱང་རེད། ཡུལ་ཁྲིམས་དང་འགལ་བའི་བཅས་པ་སྣ་གཅིག་ཀྱང་མཛད་མེད། དེ་ནི་བཅོམ་ལྡན་འདས་ཀྱིས་ལུང་དང་རྟོགས་པའི་བདག་ཉིད་ཅན་གྱི་དམ་པའི་ཆོས་རྣམ་པ་དེ་གཉིས་ཡུལ་ཁྲིམས་ཙམ་གྱི་དགོས་པ་དང་གཅིག་མཚུངས་སུ་བཞེད་པ་མིན་པར། དེ་གཉིས་ཡུན་དུ་གནས་པ་ལ། ཡུལ་དུས་ཀྱི་གནས་བབས་སོགས་ཆ་རྐྱེན་ངེས་ཅན་ཞིག་གི་འོག་འཛིན་སྐྱོང་སྤེལ་གསུམ་གྱི་ལས་ལ་འབད་དགོས་པས་ཡིན། སྐུ་འདའ་ཁའི་ཞལ་ཆེམས་སུ་དམ་པའི་ཆོས་འདུལ་བ་རུང་མཐུན་མཛད་དགོས་པ་ཡང་རྒྱུ་མཚན་དེ་ལ་ཐུག་པར་སྣང་།

སྤྱིར་ཆོས་ལུགས་གང་འདྲ་ཞིག་ཡིན་ཡང་། རྒྱལ་ཁབ་དང་ཡུལ་ལུང་ག་གེ་མོའི་མངའ་འབངས་སུ་གཏོགས་པའི་མི་ཞིག་གིས་ཐོག་མར་གསར་བཏོད་བྱས་པ་ཞིག་ཡིན། དེའི་ཕྱིར་ན། ཡུལ་ཁྲིམས་དང་བསྟུན་ནས་བཅས་པ་མཛད་པ་ནི་དེང་གི་ལོ་རྒྱུས་དངོས་གཙོ་སྨྲ་བའི་ལྟ་ཚུལ་དང་ཡོངས་སུ་མཐུན་པ་ཞིག་ཡིན་པས། འདི་ལ་ལོ་རྒྱུས་ཀྱི་བསླབ་བྱ་སྲོག་ཏུ་བྱས་པའི་དོན་སྙིང་ངེས་ཅན་ཞིག་ཡོད་པ་ཡིན། ཡུལ་ཁྲིམས་སྣང་མེད་དུ་འཇོག་པའི་ཆོས་ལུགས་ཤིག་ལ་མཚོན་ན། ཁོང་ཅག་ལ་དོན་དངོས་ཀྱི་བདེན་པ་ག་ཚོད་ཅིག་བཤད་རྒྱུ་ཡོད་ཀྱང་། དེ་ནི་མི་འགྱང་བར་འཆི་ངེས་ཡིན། རྒྱུ་མཚན་ནི། འཛམ་གླིང་གི་རིག་གནས་ཆེ་འབྲིང་ཆུང་གསུམ་གང་འདྲ་ཞིག་ཡིན་ཡང་། ཕན་ཚུན་ཡུལ་དུས་ཀྱི་གནས་བབས་སོགས་ལ་བསྟུན་ཏེ་ཡར་རྒྱས་གོང་འཕེལ་དུ་གཏོང་དགོས་པ་ལས་ཕན་ཚུན་འབྲེལ་མེད་ངང་རིག་གནས་གང་འདྲ་ཞིག་ཡིན་ཡང་ཡར་རྒྱས་གཏོང་ཐབས་མེད་ལ། བཏང་མྱོང་བའི་ལོ་རྒྱུས་ཤིག་གང་དུ་ཡང་མེད།

ཆོས་ལུགས་རིག་གནས་དང་། སྤྱི་ཚོགས་རིག་གནས་སོགས་རིག་གནས་གང་འདྲ་ཞིག་ཡིན་ཡང་ཆོག ཁྱོད་ལ་དོན་དངོས་ཀྱི་བདེན་པ་ཞིག་ཡོད་ན། དེ་ནི་ཡུལ་ལུང་གཞན་གྱི་རིག་གནས་སོགས་དང་ཕན་ཚུན་བདེན་པ་བརྡར་ནས་དོན་དངོས་ཀྱི་བདེན་པ་དེ་ཉིད་ལྷང་ལ་འཕུད་དགོས་པ་ལས་རང་དང་མཐུན་པའི་འཁོར་ནང་དུ་ཅི་ཞིག་བཤད་ཀྱང་ཁྱོད་ཀྱིས་ལེགས་སོ་ཞེས་པའི་ལན་ཞིག་ལས་ཅི་ཡང་རྙེད་མི་སྲིད། དེང་སང་དགོན་སྡེ་ཁག་མང་པོ་ཞིག་ཏུ་དམ་པའི་ཆོས་འདུལ་བ་ཟེར་ནས་ཁ་ལ་འཁྱེར་བཞིན་འདུལ་བ་དང་ཡུལ་དུས་ཀྱི་བབ་སོགས་གང་ལ་ཡང་མི་འཚམ་པ་མང་པོ་ཞིག་གནས་ལུགས་དང་རྒྱུ་མཚན་ཏིལ་འབྲུ་ཙམ་ཡང་ཤོད་རྒྱུ་མེད་པར་མཁྲེགས་འཛིན་བྱས་བསྡད་ཡོད་པ་རེད།

སྤྱིར་ཆོས་ལུགས་ཤིག་ལ་མཚོན་ན། ཁྱོད་བསམ་པའི་ལོངས་སྤྱོད་དུ་འཛིན་མཁན་གྱི་སྤྱི་ཚོགས་ཤིག་མེད་ན་ཆོས་ལུགས་ཏེ་གནས་པའི་ཐབས་མེད་ལ། སངས་རྒྱས་ཆོས་ལུགས་ལྟ་བུར་མཚོན་ན། སྤྱི་ཚོགས་ཤིག་གི་ཁྲོད་གནས་ཐུབ་སོང་ན་དགེ་མཚན་ཧ་ཅང་ཆེན་པོ་ཞིག་ཡོད་པ་ཡིན། མཁས་དབང་དུང་དཀར་ཚང་གིས། ཆོས་ལུགས་ཀྱིས། ཚད་ཡོད་པའི་སྒེར་གྱི་ཁེ་ཕན་ལ་བལྟ་རྟོག་དང་སྲུང་སྐྱོབ། ཚད་མེད་པའི་སྒེར་གྱི་ཁེ་ཕན་ལ་བཀག་འགོག་བྱས་ཏེ་རིམ་བཞིན་མི་རྣམས་སྒེར་སེམས་ཆུང་ངུར་སོང་ནས་མཐར་སྒེར་སེམས་མེད་པའི་མི་ཞིག་ཏུ་འགྱུར་ཐུབ། ཅེས་གསུངས་ཡོད་པ་རེད། དེ་ནི་ཆོས་ཀྱི་རྩ་དོན་དང་ཡོངས་སུ་མཐུན་པ་དང་། དེ་མིན་ནུབ་ཕྱོགས་མཚན་ཉིད་རིག་པའི་ཁྱབ་ཁོངས་ཀྱི་དངོས་གཙོ་སྨྲ་བའི་ལྟ་ཚུལ་དང་ཡང་མཐུན་པས་ན་དངོས་ཡོད་དང་མཐུན་པའི་ལེགས་བཤད་རྨ་མེད་པ་ཞིག་རེད།

ང་ཚོ་བོད་ཀྱི་ལོ་རྒྱུས་ཐོག་རིམ་བཞིན་དར་ཡོད་པའི་ནང་པའི་གྲུབ་མཐའ་ཁག་ནི་རང་རང་གི་ཆུ་མགོ་གངས་ལ་ཐུག་པའི་དཔེ་བཞིན། ལུང་དང་རྟོགས་པའི་བདག་ཉིད་ཅན་གྱི་ཐུབ་པའི་བསྟན་པ་རིན་པོ་ཆེ་ལས་ལོགས་སུ་མེད་པའི་དོན་དངོས་དག་གྲུབ་མཐའ་དེ་དང་དེའི་སྲོལ་འབྱེད་སློབ་དཔོན་དག་གིས་གསལ་བོར་གསུངས་མོད། རྗེས་སུ་གྲུབ་མཐའ་དེ་དག་རྒྱུད་འཛིན་བྱེད་མཁན་དག་གིས་ནི་ཆོས་ལུགས་ཤིག་གི་ངོས་ནས་རྩ་དོན་གང་ཞིག་གཙོ་བོར་འཛིན་དགོས་མིན་སོགས་ཀྱི་ཐད་ལ་མི་བསམ་པར། ནང་ཁུལ་གྱི་སློབ་གཉེར་ཙམ་པོ་བ་དེའི་ཕན་ནས་གྲུབ་མཐའ་ཕན་ཚུན་བར་དམག་འཁྲུག་དང་། དུས་ངེས་མེད་དུ་མཆོད་གནས་བྱེད་མཁན་གྱི་གཞིས་ཀ་རྩོད་པ་དང་། དཔལ་འབྱོར་གྱི་ཐོན་ཁུངས་རྩོད་པ། དེང་གི་གདན་ས་ཁག་ལ་མཚོན་ནའང་། གྲྭ་སའི་ཐོབ་ཁོངས་ཟེར་༼ ཉེ་ བའི་ཆར་སེར་བྱེས་གྲྭ་ཚང་དུ་ཕ་ཡུལ་དཔའ་ལུང་ཕྱོགས་ནས་ཡིན་པའི་གསར་འབྱོར་བ་ཞིག་རང་མོས་ངང་སེར་བྱེས་བྱ་བྲལ་ཁང་ཚན་དུ་ཆོས་ཞུགས་ངང་སློབ་གཉེར་བྱེད་མུས་ཡིན་མོད། དེ་རྗེས་བསམ་བློ་ཁང་ཚན་གྱི་དགེ་བསྐོས་བྱ་བྲལ་ཁང་ཚན་དུ་ཡོང་ནས་གསར་འབྱོར་ གྲྭ་བ་དེའི་ཐོབ་ཁོངས་བསམ་བློ་ཁང་ཚན་ཡིན་པས། ཚུར་གཏོང་དགོས་སྐོར། གལ་སྲིད་མ་བཏང་ན་བྱ་བྲལ་ཁང་ཚན་དུ་སྡོད་མི་ཐུབ་པ་ཞིག་བྱ་རྒྱུ་ཡིན་ཞེས་འཇིགས་སྐུལ་བྱས་ཡོད་པ་དང་། བྱ་བྲལ་ཁང་ཚན་གྱིས་ངོས་ལེན་མ་བྱས་པར་བརྟེན་གྲྭ་ཚང་ལ་ཡར་གཏུགས་ཡོད་པ་དང་། གྲྭ་ཚང་དགེ་བསྐོས་ཏྲེ་ཧོར་ཡ་མ་བསོད་ནམས་ཀྱིས་གསར་འབྱོར་བ་དེའི་ཐོབ་ཁོངས་བསམ་བློ་ཁང་ཚན་ཡིན་པས། བསམ་བློ་ཁང་ཚན་དུ་འགྲོ་དགོས་པ་དང་། གལ་སྲིད་མ་སོང་ན་གནས་དབྱུང་གཏོང་རྒྱུ་ལས་མེད་སྐོར་བཤད་ནས་གསར་འབྱོར་བ་དེ་བཙན་ཤེད་གྱིས་ཕར་བསམ་བློ་ཁང་ཚན་དུ་ཁྲིད་ཡོད་འདུག༽ནས་དུས་ད་ལྟ་ད་དུང་རྩོད་ཀྱིན་ཡོད་པ་སོགས་ཚུལ་མིན་གྱི་ལས་ཀ་སྣ་ཚོགས་ཤིག་བྱས་དང་བྱེད་མུས་རེད། འདི་དག་ནི་ཆོས་ལུགས་སློབ་གསོའི་ངོས་ཐད་ནས་ཐག་གཅོད་བྱེད་དགོས་པ་ཞིག་ལས། སྤྱིར་བཏང་གི་སྤྱི་ཚོགས་ཁྲོད་ཀྱི་མིའི་ཡ་རབས་བཟང་སྤྱོད་ཀྱི་སྲོལ་ཙམ་ལ་ཡང་བསམ་ཤེས་མི་བྱེད་པར་ང་ཧྲང་ཧྲང་ངེ་ཞིག་གི་དབང་དུ་སོང་ནས་ཐག་གཅོད་བྱེད་རྒྱུ་ཞིག་ག་ལ་ཡིན།

དོན་རྐྱེན་དེ་རིགས་ནི་ཆོས་ལུགས་ཀྱི་རྩ་དོན་ལ་འགལ་གྱི་ཡོད་པ་མ་ཟད། འགྲོ་བ་མི་ཞིག་ཡིན་པའི་ཁེ་དབང་ལའང་ཡོངས་སུ་རྡོག་རོལ་བཏང་ཡོད། ད་སྔ་བོད་པའི་སྤྱི་ཚོགས་ནང་གནས་ཚུལ་འདི་རིགས་རྒྱ་ཡན་དུ་གཏོང་རྒྱུ་མང་དྲགས་པའི་དབང་གིས་ཕར་གནས་ལུགས་བཤད་ན་གཡག་སྣ་ཁུ་ཚུར་གྱི་དཔེ་རུ་འགྲོ་ངེས་མོད། རྗེས་རབས་པ་དག་གི་ཁྲོད་དུ་དེ་འདྲའི་རིགས་མི་འབྱུང་ཆེད་གནས་ལུགས་དང་རྒྱུ་མཚན་ཡང་དག་པའི་ལམ་ནས་མི་བྱ་སྤྱོད་ཐབས་སྐྱོ་བོ་དེ་དག་སྒྱུ་མ་ཕུ་འདེད་བྱ་རྒྱུ་ནི་ཁ་ཚ་དགོས་གཏུགས་ཀྱི་གནད་དོན་ཞིག་ཡིན།   



འབྲེལ་ཡོད་གསར་འགྱུར།

འཕྲུལ་རིག་སྐད་བརྡའི་འཇུག་སྒོ། ཕེ་ཊོན་ (Python) ཞེས་པའི་དཔེ་དེབ། ༢༠༢༥།༦།༣༠
Mobile App

འཕྲུལ་རིག་སྐད་བརྡའི་འཇུག་སྒོ་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་གནང་།

ཆུ་ཚོད་ ༣ སྔོན་ལ།
ལོ་རྗེས་མར་སྦེལ་ཀོབ་བདེ་སྐྱིད་སླར་གསོ་གཞིས་ཆགས་སུ་ཨ་ཕའི་རྐང་སྤོལ་རྩེད་འགྲན་འཚོག་རྒྱུ་ཡིན་འདུག ༢༠༢༥།༦། ༣༠ ཨ་ཕ་རྐང་སྤོལ་ཚོགས་པའི་པར།
Mobile App

རྡོ་རྗེ་གླིང་གཡག་རུ་ཁག་ལ་འདི་ལོའི་ཨ་ཕ་གསེར་གྱི་བུམ་པའི་རྟགས་མ་ཐོབ་སོང་།

ཆུ་ཚོད་ ༤ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

བོད་ལྗོངས་མདོ་སྨད་ཆོལ་ཁས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

༢༠༢༥/༠༦/༣༠
 འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༦།༢༧
Mobile App

འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། 

༢༠༢༥/༠༦/༢༧
Mobile App

དབུས་གཙང་གཞོན་སྐྱེས་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག

༢༠༢༥/༠༦/༢༧
In this handout image released by the Chinese Embassy on June 26, 2025, the first batch of Indian pilgrims at the Manasarovar Lake, in Tibet.
Mobile App

རྒྱ་གར་གྱི་གནས་མཇལ་བ་ཚོ་དངོས་སུ་བོད་ནང་གནས་མཇལ་དུ་ཕྱིན།

༢༠༢༥/༠༦/༢༧

མཆན། 15

  1. གངས་ཟླ། says:
    ལོ་ 13 སྔོན།

    ངས་སྣང་བ་མཐོན་པོའི་སྐད་ཆ་མིན་ད། ང་ཚོར་སྒྲིག་ལམ་སྒྲིག་ལམ་ཟེར་མཁན་ལས། བསྒྱུར་བཅོས་བསྒྱུར་བཅོས་ཟེར་མཁན་ཧ་ཅང་ཉུང་གི། ང་ཚོས་དྲང་མོ་དྲང་བཞག་གི་སྐད་ཆ་ཞིག་བཤད་ན། དང་པོ་གནས་ལུགས་དང་རྒྱུ་མཚན་ཟེར་བ་དེ་ལ་གོ་ཐོབ་གང་འདྲ་ཞིག་དགོས་ཀྱི་འདུག དེ་འཇོག་སྟངས་ཀྱི་ཆ་ནས་དོན་དངོས་གང་འདྲ་ཞིག་ཚང་དགོས་ཀྱི་འདུག གཏན་ཚིགས་ཀྱི་ལམ་ནས་སྲང་ལ་འཇལ་སྟངས་གང་འདྲ་ཞིག་ཡིན་སོགས་ལ་བསམ་བློ་ནན་མོ་ཞིག་གཏོང་དགོས་ཀྱི་འདུག གནས་ལུགས་དང་རྒྱུ་མཚན་ཟེར་བ་དེ་དོན་དངོས་གང་འདྲ་ཞིག་ཆེད་དུ་ཆ་རྐྱེན་ཅི་འདྲ་ཞིག་གི་འོག་ནས་ཡང་དག་ཏུ་འགྲོ་དགོས་ཀི། དངོས་གནས་ཞིབ་མོ་ཞིག་གླེང་ན་འདི་ནས་དབུ་འཛུགས་རྒྱུ་བྱེད།

    Reply
  2. ཡུལ་གྱར་བ། says:
    ལོ་ 13 སྔོན།

    དམངས་གཙོ་ཡིན་པའི་གཞུགས་ལ་བཤད་ཆོག་དང་ཆོག ངས་ཁར་སྔོན་ཐེངས་མང་བཤད་ཟིན་པ་ལྟར་སྒྲིག་གཞི་འགྱུར་བ་གཏོང་དགོས་ཚུལ་བཤད་བཞིན་ཡོད་ན་ཡིན་དང་ཡིན། སྒྲིག་གཞི་འགྱུར་བ་མ་ཐེབས་བར་དུ་དགེ་བསྐོས་ཀྱིས་དེ་ལག་ལེན་འཁེལ་རྒྱུ་ལས་གཞན་ཐབས་ཤེས་གང་ཡང་ཡོད་མ་རེད། དམངས་གཙོའི་ལུང་པ་ཁག་གི་གྲོས་ཚོགས་ཀྱིས་གཏན་ལ་ཕབས་པའི་ཁྲིམས་དེ་དག་འགྱུར་བ་མ་ཐེབས་བར་དུ་ལག་སྟར་བྱ་རྒྱུ་རེད། ཐད་ཀའི་དམངས་གཙོའི་ལུང་པའི་ནང་ཁྲིམས་འགྱུར་བ་གཏོང་རྒྱུ་རྒྱུན་རིང་སྒུག་མི་དགོས་ཀྱང་ཐད་ཀ་མ་ཡིན་པའི་དམངས་གཙོའི་ལུང་པའི་ནང་ཁྲིམས་འགྱུར་བ་འགྲོ་རྒྱུ་ལོ་ལྔ་ནས་བཅུ་བར་འགོར་སྲིད་ལ་འགྱུར་བ་གཏོང་ཐུབ་མིན་བརྒྱ་ཆ་བརྒྱ་མི་དམངས་ལ་དབང་ཆ་མེད། གདན་ས་ཁག་ཏུ་ངས་ཞུ་མི་ཤེས། གལ་སྲིད་དགེ་བསྐོས་ཀྱིས་ཁྲིམས་འགྱུར་བ་གཏོང་དགོས་པའི་རེ་འདུན་ལ་བཟློག་པ་རྒྱག་ཡོང་གི་ཡོད་ན་ཁྱེད་ཀྱིས་དེར་དགག་འོས་པ་ལས་ཁྲིམས་ལྟར་ལག་ཏུ་ལེན་པར་བསྟོད་འོས་པ་ལས་ཇི་ལྟར་དགག གལ་སྲིད་ཁྱེད་ལྟ་བུ་རེ་ཟུང་ཐུགས་གཉེས་སྲིད་ཀྱང་གཞན་ཕལ་མོ་ཆེས་ཁ་རྡུང་རག་རྒྱུ་ཉག་གཅིག་རེད། ཡིན་དང་ཡིན་ལག་ལེན་བསྟར་མཁན་གྱིས་ལག་ལེན་མ་བསྟར་བ་རེད། གྲོགས་པོ་ལགས་ལ་ཞུ་རྒྱུ། ང་སེར་བྱེས་དགེ་བསྐོས་ཀྱི་ཚབ་མིན་ལ་བསམ་བློ་ཁང་ཚན་གྱི་ཚབ་ཀྱང་མིན། འོན་ཀྱང་དུས་ཚོད་ཁོམས་ན་མུ་མཐུད་བསམ་ཚུལ་བརྗེ་ལེན་བྱེད་ཆོག

    Reply
  3. གངས་ཟླ། says:
    ལོ་ 13 སྔོན།

    ངས་ཀྱང་ནན་གྱིས་ཞུ་འདོད་པ་ཞིག་ལ། ཁྲིམས་ལུགས་གང་ཞིག་གི་ཁོངས་སུ་ཞུགས་ཚར་ཡང་རུང་གང་ལྟར། དེ་ལ་དུས་ནམ་ཡང་ལེགས་ཉེས་ཀྱི་རྣམ་དབྱེ་ཤེས་དགོས་པ་ནི་གནད་ཀྱི་དོན་པོ་ཡིན། ཞུགས་ཚར་བའི་དུས་དེ་ལ་ཅི་ཡང་བཤད་མི་ཆོག་པའི་ཁྲིམས་ལུགས་ཤིག་དམངས་གཙོ་ཡིན་པའི་ལུང་པ་ཁག་ལ་ནི་ཡོད་ནི་མ་རེད་ལ། དེ་ལྟར་མ་བྱས་ན་ཁྲིམས་ལུགས་ཤིག་བསྒྱུར་དགོས་པའི་དུས་ཚོད་ཅིག་ཡོང་ཐུབ་རྒྱུ་མ་རེད། གནད་དོན་འདིའི་སྐོར་ན་མི་མང་པོ་ཞིག་ལ་བསམ་ཚུལ་མེད་པ་མ་རེད། ངས་ཤེས་ཀྱི་ཡོད། འོན་ཀྱང་། དགེ་བསྐོས་ཀྱིས་སྐད་ཆ་དེ་འདྲ་བཤད་ན་ཟློག་པ་རྒྱག་གི་ཡིན་ཞེས་བཤད་རབས་གོ་རྒྱུ་འདུག དེས་ཡིན་རྒྱུ་རེད། དེ་མིན་གྲྭ་མང་སྤྱིའི་བསམ་ཚུལ་དང་མཐུན་གྱི་མེད་པ་མངོན་གསལ་ཡིན།

    Reply
  4. ཡུལ་གྱར་བ། says:
    ལོ་ 13 སྔོན།

    ངས་བསྐྱར་ནན་གྱིས་བཤད་ཟིན་པ་ལྟར་ཁྲིམས་འདི་བཟང་ངན་ཅི་ཡིན་དང་དགོས་པ་ཡོད་མེད་བཤད་ཀྱི་མེད། བཟང་རུང་ངན་རུང་འགྱུར་བ་མ་ཐེབས་བར་དུ་སྒྲིག་འཛུགས་འདིར་ཞུགས་ཕྱིན་ཆད་བརྩི་སྲུང་ཞུ་དགོས་ངེས་རེད་ཅེས་བརྗོད་བཞིན་ཡོད། གལ་སྲིད་ཁྲིམས་འདི་དོན་སྙིང་ཡོད་པ་ཞིག་མིན་ན་ཁྱེད་ཚོས་འགྱུར་བ་གཏོང་ཐབས་གནང་དགོས་ངེས་རེད། གསར་ཞུགས་པ་དམིགས་ཡུལ་ངེས་ཅན་ཞིག་གི་ཐོག་ནས་གྲ་སར་ཕེབས་པ་ཡིན་པའི་ཡིད་ཆེས་ཡོད། ངས་མཐའ་གཅིག་ཏུ་བྱ་བྲལ་ཁང་ཚན་གྱིས་བསླུ་ཁྲིད་བྱས་རེད་ཅེས་བརྗོད་བཞིན་མེད་ཀྱང་དོགས་པ་ཞིག་ཟ་བ་ཙམ་ལས་ངར་ཁུང་རྐྱེལ་ར་སྤྲོད་གང་ཡང་མེད། བལ་ཡུལ་སྣེ་ལེན་ཁང་ལྟ་བུར་ཁ་མཁས་མང་པོས་ས་གནས་དང་ཁང་ཚན་ག་གེ་མོར་སོང་ན་མཐུན་རྐྱེན་བཟང་རབས་སོགས་ཉ་ཉོག་ལུང་པ་གང་བཤད་དེ་བསླུ་ཁྲིད་བྱེད་པ་མང་པོ་ཡོང་བཞིན་ཡོད་པ་གསལ་པོ་རེད་ལ་ཆ་མེད་ཡུལ་ལ་རྒྱུས་མེད་ཡིན་ཙང་ཁ་མཁས་ཀྱི་བསླུ་ཁྲིད་འོག་ལ་མི་འགྲོ་བའི་ངེས་པ་མེད་པས་དོགས་སློང་ཙམ་ཡིན། སྒེར་གྱི་ཁེ་དབང་སོགས་ལ་བསམ་ཚུལ་མང་ཙམ་ཡོད་ཀྱང་སང་ཉིན་སྔ་བོར་ལས་ཀར་འགྲོ་དགོས་པས་དེ་ཙམ་ཡིན། བཀྲིས་བདེ་ལེགས།

    Reply
  5. གངས་ཟླ། says:
    ལོ་ 13 སྔོན།

    སྤྱིར་ཁྲིམས་ལུགས་ཡིན་པ་ཙམ་རྒྱུ་མཚན་དུ་བྱས་ནས་དེའི་སྟེང་དུ་གནས་ལུགས་དང་རྒྱུ་མཚན་བཤད་ཅི་ཐུབ་བྱས་ན། གལ་སྲིད་ཁྲིམས་ལུགས་དེ་དོན་དངོས་དང་མི་མཐུན་པ་ཞིག་ཡིན་ན། རྫུན་གྱི་རྩ་བ་བརྟན་དུ་བཏང་བ་ཞིག་ལས་གནས་ལུགས་དང་རྒྱུ་མཚན་ཡང་དག་པ་ཞིག་ཏུ་གཏན་ནས་འགྲོ་མི་སྲིད་པ་ཞིག་རེད། དེ་འདྲ་ལ་ནི་སྙིང་བོ་ཅི་ཡང་མི་འདུག

    Reply
  6. གངས་ཟླ། says:
    ལོ་ 13 སྔོན།

    ཡུལ་གྱར་བ་ལགས། གོ་བ་ལོག་ཕྱོགས་ནས་མ་ལེན་རོགས། གསར་ཞུགས་བ་དེ་ཡང་དམིགས་ཡུལ་ཞིག་དང་འཆར་གཞི་ཞིག་གི་ངང་བྱ་བྲལ་ཁང་ཚན་དུ་ཞུགས་ནི་ཡིན་རྒྱུ་རེད་འདོད་ཀི། རྡོ་གནམ་ནས་ལྷུང་བ་ལྟར། ཅི་དྲན་འདི་དྲན་མེད་པར་བྱ་བྲལ་ཁང་ཚན་དུ་ཐོན་ཡོང་ཡིན་རྒྱུ་མ་རེད། སློབ་གཉེར་བ་ཞིག་ཡིན་པ་ཐག་ཆོད་ཕྱིན། ཁོང་དེར་ཡོང་དོན་ཡང་རང་ཉིད་ལ་བསམ་ཚུལ་ཞིག་ངེས་པར་ཡོད་རྒྱུ་རེད། དེ་ནས་སྡོད་མ་བཅུག་ན་ཁོང་ལ་རང་ལ་དབང་ཁེ་དབང་དེ་ནི་མེད་སོང་བ་རེད། ཕ་མགར་བ་ཡིན་ན། བུ་མགར་བ་ཡིན་དགོས་པ་དང་། དེ་འབྲེལ་གྱི་སློབ་གསོའི་ལམ་ལུགས་དང་ཕྱོགས་མཚུངས་པ་རེད། ངའི་ཕ་མེས་ཡང་མེས་ནང་པ་རེད་ང་ཡང་ནང་པ་ཡིན་ཟེར་བ་ཙམ་ལ་རྒྱུ་མཚན་ཆེན་པོ་ཡོད་པ་མ་རེད། གོང་ས་མཆོག་གིས་ཀྱང་ནང་པ་ཡིན་པའི་རྒྱུ་མཚན་དེ་ཙམ་བཤད་ན་དོན་སྙིང་ཆེན་པོ་མེད་སྐོར་ཐེངས་མང་གསུངས་ཡོད་པ་རེད། ཁོངས་ཟེར་བ་འདི་གཙོ་བོ་ཡིན་ནི་མ་རེད། དྲང་མོར་བཤད་ན། ང་ལ་ནི་འདི་འདྲ་ཞིག་བཤད་ན་ཁེ་བཟང་ཅི་ཡང་ཡོད་ནི་མ་རེད། གནས་ལུགས་དང་རྒྱུ་མཚན་གཙོ་བོར་བཞག་ན་གནད་དོན་འདི་རིགས་འགྲིག་གི་མེད་པས། ཁ་ཐུག་དེ་མུར་བསམ་ཚུལ་ཞིག་བཤད་པ་ཙམ་ཡིན།

    Reply
  7. ཡུལ་གྱར་བ། says:
    ལོ་ 13 སྔོན།

    ད་ལྟའི་རྩོད་གཞི་འདི་ཐོབ་ཁོངས་ཟེར་བ་དེ་ནས་ཡོང་བཞིན་ཡོད་པ་གསལ་པོ་རེད། གལ་སྲིད་བསམ་བློ་སོགས་སུ་རང་ཁོངས་མིན་པའི་གྲ་རྒྱུན་ཡོད་ན་ཐོབ་ཁོངས་ཀྱི་ཁང་ཚན་གྱིས་རྩད་གཅོད་མ་གནང་བ་ཡིན་རྒྱུ། ཕྲན་སེ་རར་ཐེངས་གཉིས་མཆོད་མཇལ་ལ་འགྲོ་མྱོང་བ་ལས་ཆ་རྒྱུས་ཆེན་པོ་མེད། ཁྱེད་ཀྱི་གོང་དུ་སྒེར་གྱི་ཁེ་དབང་སྲུང་རྒྱུ་ལས་རྡོག་རོལ་གཏོང་ན་མི་འགྲིགས་ཚུལ་དང་དེ་ཡང་སྐབས་འདིའི་ཁེ་དབང་ཟེར་བ་རིག་གནས་སློབ་སྦྱོང་དང་དེ་འབྲེལ་གྱི་ཁེ་དབང་གོ་སྐོར་ཡིན་གསུངས་འདུག གསར་ཞུགས་གྲ་པ་འདི་བྱ་བྲལ་དུ་ཞུགས་མི་ཆོག་པར་བསམ་བློར་ཞུགས་པའི་ཁྲིམས་བཅད་རིག་གནས་སློབ་སྦྱོང་དང་དེ་འབྲེལ་གྱི་ཁེ་དབང་ལ་རྡོ་རོལ་ཇི་ལྟར་འགྲོ། བསླབ་བྱའི་ཡིག་ཆ་གཅིག་ལ་འགྲོ་སའི་ཆོས་ར་གཅིག དཔེ་ཁྲིད་དགེ་རྒན་ནི་སོ་སོས་འདེམས་ཆོག་པ་ལས་བསམ་བློས་བཀའ་གཏོང་འདོག་ཁ་པོ་་མ་རེད། དངོས་གཙོ་སྨྲ་བ་སོགས་དང་ཕ་མགར་བ་ཡིན་བུས་མགར་བྱེད་དགོས་པའི་ཁྲིམས་ཤིག་ཡོད་པའི་དབང་དུ་བཏང་ན་ཁྲིམས་འགྱུར་བ་མ་ཐེབས་བར་དུ་བྱེད་དུ་ལས་ཅི་ཡོད། སྤྱིར་ན་དཔེ་འདི་ཅུང་ཟད་ཞ་དཔེ་ལྷམ་ལ་སོང་འདུག་པས་དེ་ཙམ་གསལ་བཤད་དགོས་བཟོ་མི་འདུག རང་གི་བསམ་ཚུལ་ལས་ཁང་ཚན་འདི་དག་གི་་མཚན་ཐོས་ཙམ་པའི་མི་ཞིག་ཡིན་གཅིག་ལ་ཕྱོགས་དང་གཅིག་ལ་སྡང་དགོས་པའི་རྒྱུ་མཚན་གང་ཡང་མེད་པས་རྩོམ་པ་པོའི་ཐུགས་མི་འཁྲུག་པའི་རེ་བ་ཞུ།

    Reply
  8. གངས་ཟླ། says:
    ལོ་ 13 སྔོན།

    གལ་སྲིད་དངོས་གནས་ཐོབ་ཁོངས་ཟེར་བ་དེ་འདེད་པ་དགོས་པ་ཞིག་ཡིན་ན། དེ་ནི་བྱ་བྲལ་ཁང་ཚན་གཅིག་གིས་སྲུང་དགོས་དགོས་རྒྱུ་ཞིག་་ཕལ་ཆེར་ཡིན་རྒྱུ་མ་རེད་འདོད་ཀི། བསམ་བློ་ཁང་ཚན་ལྟ་བུ་ལ་མཚོན་ན་ཡང་ཐོབ་ཁོངས་རང་མ་ཡིན་པའི་གྲྭ་བ་ཡོད་རེད། ཧར་གདོང་ཁང་ཚན། ལྡན་མ་ཁང་ཚན་སོགས་ལ་མང་པོ་ཡོད་པ་རེད། ཚང་མས་ཤེས་ཡོད་པ་རེད། ད་དེ་རིང་དེ་ཙམ་ཡིན།

    Reply
  9. ཡུལ་གྱར་བ། says:
    ལོ་ 13 སྔོན།

    སློབ་གཉེར་བ་འདི་བྱ་བྲལ་ཁང་ཚན་དུ་རང་མོས་ཀྱིས་ཞུགས་པ་ཡིན་ནམ་བསླུ་ཁྲིད་ཀྱིས་ཡིན་དེ་ཡང་དཔྱད་པའི་གནས་རེད། གདན་ས་ཁག་ཏུ་གྲ་རྒྱུན་དཀོན་དུ་འགྲོ་བཞིན་ཡོད་སྟབས་ཁང་ཚན་དང་གྲ་ཚང་ཁག་གིས་གང་ཟག་གི་བཤིས་རྒྱུད་བཟང་ངན་ལ་ལྟོས་མེད་ཀྱིས་བལ་པོའི་སྤྲང་པོ་མང་པོ་བསྒྲུག་བཞིན་ཡོད་པ་གོ་ཐོས་བྱུང་། གཉིས་ནས་གྲ་ཚང་གི་སྒྲིག་གཞི་དང་བསྟུན་ན་སེར་བྱེས་དགེ་བསྐོས་དང་བསམ་བློ་ཁང་ཚན་གཉིས་ལ་ནོར་འཁྲུལ་གང་ཡང་མེད། ནོར་འཁྲུལ་ཆེ་ཤོས་བྱ་བྲལ་ཁང་ཚན་རེད། བྱ་བྲལ་ཁང་ཚན་གྱིས་གྲ་སའི་སྒྲིག་གཞི་ལྟར་བསམ་བློར་འགྲོ་འོས་ཚུལ་བསླབ་བྱ་མི་རྒྱག་པ་ཅི་ཡིན་ནམ། ངས་གྲ་སའི་སྒྲིག་གཞི་ཁག་ནོར་མཁྲུལ་མེད་ཅེས་བརྗོད་བཞིན་མེད་ཀྱང་འགྱུར་་བ་མ་ཐེབས་བར་དུ་སྒྲིག་ཁུང་འདིར་ཡོད་པའི་མིས་སྒྲིག་འདི་སྲུང་དགོས་ལ་དགེ་བསྐོས་ཀྱིས་ཀྱང་སྒྲིག་གཞི་ལག་སྟར་གནང་བ་དེ་བསྟོད་འོས་པ་ལས་སྨད་པར་ག་ལ་འོས། རྩོམ་པ་པོས་སྒྲིག་གཞི་འགྱུར་བ་གཏོང་དགོས་པའི་བསམ་ཚུལ་གསུང་བཞིན་ཡོད་ན་དེར་བཤད་རྒྱུ་གང་ཡང་མེད། གོང་དུ་ཉེས་ཅན་གྱི་ཞ་ཉེས་མེད་ཀྱི་མགོར་གཡོགས་འདུག་དེར་བཤད་བཞིན་ཡོད། ་བཀྲིས་བདེ་ལེགས

    Reply
  10. བསོད་ནམས་རྒྱ་མཚོ། says:
    ལོ་ 13 སྔོན།

    བསམ་ཚུལ་ཙམ་ཞིག་འདོན་པ་ལ། གྲྭ་སའི་སྒྲིག་ལམ་སྐོར་ལ་རྒྱུས་མངའ་ཆེན་པོ་མེད། གལ་སྲིད་ངས་བྲིས་པའི་གཤམ་གྱི་མཆན་ནང་དུ་མ་འགྲིག་པ་རེ་འདུག་ན་དགོངས་འགལ་མེད་པ་ཞུ། 
    སྤྱིར་བཏང་བསམ་ཚུལ་མ་མཐུན་ནའང་བགྲོ་གླེང་གནང་ན་ཕན་ཚུན་གཉིས་ཀར་བློ་སྐྱེད་འདྲ་ཐོབ་སྲིད། ངེད་ཅག་མི་དམངས་ལ་དམངས་གཙོའི་ཁྲིམས་ལུགས་དང་དམངས་གཙོ་ཐོབ་ཐང་། འགན་འཁྲི། རྒྱལ་སྤྱིའི་ཤེས་བྱའི་ཤེསཚད་ངེས་ཅན་ཞིག་ལྡན་ཡོད་ན་དམངས་གཙོའི་ཁེ་དབང་ཆ་ཚང་ལོངས་སུ་སྤྱོད་འོས་པ་མ་ཟད་གོང་དུ་གངས་ཟླས་གསུངས་པ་བཞིན་བཅོམ་ལྡན་འདས་ཀྱིས་མདུལ་བ་རུང་མཐུན་གཞིར་འཛིན་སྟེ་འདུལ་བའི་བཅས་ཁྲིམས་སྒྱུར་བཅོས་གཏོང་དགོས་ངེས་རེད། དུས་དང་གང་ཟག་གི་རན་འཚམས་ལ་ལྟོས་ཀྱིན་འགྱུར་བ་གཏོང་ན་མ་གཏོགས། འཕྲལ་དུ་འགྱུར་བ་ཤུགས་ཆེར་གཏོང་ན་བྱིས་པའི་ལག་ཏུ་རིན་ཐང་བྲལ་བའི་གཡང་ཊི་འཇོག་པ་དང་ཅིས་མི་མཚུངས། གནས་ཚུལ་དེ་འདྲ་འུ་ཚང་གཅིག་པུ་མ་ཡིན་པར་འཛམ་གླིང་རྒྱལ་ཁབ་དང་། ས་ཁུལ་ཁ་ཤས་སུ་བྱུང་དང་འབྱུང་མུས་རེད། དཔེར་ན་དམངས་གཙོ་ནས་དམར་ཤོག་ལ་སྒྱུར་འདོད་ཀྱི་མང་མོས་ཐོབ་པ་དེ་འདྲའང་འབྱུང་བཞིན་ཡོད། གྲྭ་ས་ཁག་ཏུ་ཆོས་ལུགས་གང་འདྲ་དང་། སུ་འདྲ་ཞིག་སློབ་གཉེར་དུ་ཡོང་ན་དགའ་བསུ་ཞུ་བཞིན་ཡོད། ལྷག་དོན་བོད་ཀྱི་ཆོས་བརྒྱུད་ལྔ་པོའི་གང་ནས་ཡིན་ན་ཐོབ་ཐང་འདྲ་མཉམ་ཡིན་པ་ལས་ཁྱད་པར་ཅུང་ཟད་ཙམ་ཡང་ཕྱེས་ཀྱིན་མེད། གྲྭ་རྒྱུན་སུ་ཞིག་ཡིན་རུང་གྲྭ་ས་གང་དུ་ཞུགས་པའི་དབང་ཚད་ཡོད། འོན་ཀྱང་། གྲྭ་ཚང་ནང་དུ་ཁམ་ཚན་གྱི་ཐོབ་ཁོངས་གཞིར་འཛིན་དགོས། གང་འདོད་དུ་ཞུགས་མི་ཆོག དམིགས་བསལ་གྱི་གནས་ཚུལ་འདྲ་ཡོད་ན་གྲྭ་ཚང་ལ་ཡར་ཞུ་བྱས་ན་དེ་ལུགས་ཀྱི་དགོངས་བཞེས་གནང་གི་ཡོད།  ལམ་སྲོལ་དེ་སྔ་མོ་ནས་ཡོད་པ་ལས་ཁར་སང་སེར་བྱེས་དགེ་བསྐོས་གཅིག་པུར་མ་རེད། དེ་གལ་སྲིད་འགྱུར་བ་གཏོང་དགོས་ན་གྲྭ་ཚང་གཞུང་གིས་འགྲིག་གཞི་གསར་དུ་གཏན་འབེབས་གནང་དགོས། འགྲིག་གཞི་གཏན་འབེབས་མ་གནང་བར་སྔར་བཞིན་ལམ་དེར་ཚང་མ་འགྲོ་ངེས་རེད་ལ། སུས་ཀྱང་འགོག་ཏུ་མེད། དེ་མིན་གནས་ཚུལ་རེ་བྱུང་དུས་གང་ཟག་བྱེ་དྲག་པར་ཁ་རྡུང་དང་དམོད་མོ་ཇི་ལྟར་གཏོང་ན་ཁོང་ཁྲོ་འཕེལ་བའི་རྒྱུ་ལས་མ་འདས་སོ།།
    ཐོབ་ཁོངས་ཤིག་དགོས་ཟེར་བ་དེ་ཕ་མགར་བ་ཡིན་པའི་རྒྱུ་མཚན་གྱིས་བུ་ཡང་མགར་བ་ཡིན་དགོས་བརྗོད་ཀྱི་མེད། འགྱུར་བ་གཏོང་དགོས་ངེས་ཤིག་ཡིན་ན་ངེས་པར་གཏོང་དགོས་ཀྱང་། གོང་དུ་ཞུས་ཟིན་ལྟར་དུས་རབས་ཀྱི་འགྲོས་དང་མིའི་སེམས་ཁམས་དང་འཚམས་པའི་ཁྲིམས་ལུགས་དང་འགྲིག་གཞི་གོམ་པ་རིམ་སྤོ་བྱེད་གལ་ཆེ། འགྲིག་གཞི་དང་ཁྲིམས་ལུགས་མ་སྒྱུར་གོང་སློབ་གསོ་དང་གོ་རྟོགས་སྤེལ་རྒྱུ་གལ་ཆེ། མི་དམངས་རྨོངས་ཉིད་ལས་ནམ་ཞིག་གྲོལ་ན་སྤྱི་ཚོགས་ཀྱི་རྙིང་ཞེན་རང་བཞིན་གྱི་འགྱུར། ངས་དགོན་སྡེ་ཁག་གི་མ་འདང་ས་དེ། སྤྱི་ཚོགས་ཀྱི་ཟབ་སྦྱོང་དང་ཁྲིམས་ལུགས་ཀྱི་སློབ་གསོ་དམངས་གཙོའི་གོ་རྟོགས་སྤེལ་དགོས་པ་དེ་འགྲིག་གཞི་དང་ཁྲིམས་ལུགས་བཅོས་སྒྱུར་ལས་གལ་ཆེར་མཐོང་ངོ་།།

    Reply
  11. གངས་ཟླ། says:
    ལོ་ 13 སྔོན།

    ཁྲིམས་ལུགས་ལ་མིའི་ཁེ་དབང་སྲུང་སྐྱོབ་བྱེད་རྒྱུའི་ཐོབ་ཐང་ཡོད་པ་ལས། མིའི་ཁེ་དབང་ལ་ཐེ་གཏོག་བྱེད་རྒྱུའི་ཐོབ་ཐང་མེད། འོ་ན་མིའི་ཁེ་དབང་སྲུང་སྐྱོབ་བྱས་པ་དེ་ཁེ་དབང་ལ་ཐེ་གཏོག་བྱས་པ་མིན་ནམ་ཟེར་ན། དེ་ནི་མིན། ཁེ་དབང་ནི་མིའི་འཚོ་གནས་ལ་ལྟ་སྟངས་མི་འདྲ་བ་ཡོད་པའི་རྒྱུ་མཚན་གྱིས། ལྟ་སྟངས་དེ་དང་མཐུན་པར་རང་ཉིད་ཀྱི་ལམ་ག་འདེབས་རྒྱུའི་དབང་ཚད་རང་ཉིད་ལ་ཡོད་པ་ལ་ཟེར།
    སྤྱིར་ཁེ་དབང་ལ་སྣ་ཚོགས་པ་ཡོད་ཀྱང་། འདིར་བདག་གིས་བཤད་འདོད་པ་ནི། རིག་གནས་སློབ་སྦྱོང་དང་དེ་འབྲེལ་གྱི་ཁེ་དབང་གོ་སྐོར་ཡིན། འུ་ཅག་བོད་ལ་མཚོན་ན། བོད་བརྒྱུད་ནང་བསྟན་རིག་གནས་ཀྱི་གོ་ས་ཧ་ཅང་མཐོན་པོ་ཡོད་པ་ཡིན། བྱེ་བྲག་ཏུ་གྲུབ་མཐའ་ཆེན་མོ་བཞིས་མཚོན་པའི་རིག་གནས་ཀྱི་ཚན་ཁག་མང་པོ་ཡོད། གྲུབ་མཐའ་དེ་དག་དར་བའི་ལོ་རྒྱུས་ཁྲོད་དུ་ཕན་ཚུན་ཡ་ང་བའི་དམག་འཁྲུག་བྱུང་མྱོང་ཡོད་པ་དང་། མི་རིགས་དང་རྒྱལ་ཁབ་གཅིག་ཡིན་པའི་འདུ་ཤེས་ཙམ་ཡང་མེད་པར། གྲུབ་མཐའ་སོ་སོའི་བར་ཀྱི་ལ་རྒྱ་ཙམ་པོ་བ་དེའི་ཆེད་དུ། ཁྱིམ་མཚེས་རྒྱལ་ཁབ་གཞན་དག་ལ་མགོ་བཏགས་ལུས་འབུལ་བྱས་ཏེ་ནང་ཁུལ་གྱི་འཐབ་རྩོད་ཀྱི་མངའ་ཁོངས་སྲ་བརྟན་ཡོང་ཆེད་སོགས། ༼འབྲི་གུང་པའི་ཧོར་ཡུལ་ནས་དམག་ཁྲི་དགུ་ལྷག་ཁྲིད་དེ་བོད་དུ་ས་སྐྱ་པར་དྲངས་པ་ལྟ་བུས་མཚོན།༽དགྲ་དགའ་གཉེན་སྡུག་གི་ལས་བྱས་པ་ནི་བགྲངས་ཀྱིས་མི་ལོང་པ་ཞིག་ཡོད། དེ་དག་ཀྱང་ཕར་དེད་ན། གྲུབ་མཐའ་རང་རང་གི་རྩ་དོན་དང་འགལ་བ་ལས་བྱུང་བ་རྐྱང་ལས། རྩ་དོན་དང་མཐུན་པ་ལས་བྱུང་བ་ཞིག་ཏུ་གཏན་ནས་མི་སྣང་བས། དེ་དག་གི་སྟེང་ནས་ང་ཚོས་ལོ་རྒྱུས་ཀྱི་བསླབ་བྱ་ལེན་རྒྱུ་ནི་གནད་ཀྱི་དོན་པོ་ཞིག་ཡིན། དེང་གི་ཆ་ལ་མཚོན། དགོན་སྡེ་གྲྭ་ས་ཆེ་གྲས་ཁག་གིས་ཆོས་བྱེད་སློབ་གཉེར་བ་དག་གི་ཐོབ་ཁོངས་ཀྱི་གྲུབ་མཐའ་དང་། གྲྭ་ཚང་། ཁང་ཚན་སོགས་གང་ཡིན་དེར་བཙན་དང་ཨུ་ཚུགས་ཀྱིས་མི་འདེད་པར། དོ་བདག་སློབ་གཉེར་བ་རང་རང་གི་ཁེ་དབང་ལོངས་སུ་སྤྱོད་འཇུག་རྒྱུ་ནི་དོན་དངོས་གལ་ཆེན་ཞིག་ཡིན་ལ། སྤྱིར་སེམས་ཅན་མོས་པ་སྣ་ཚོགས་ཏུ་གསུངས་པ་ལྟར་ན། ཐོབ་ཁོངས་ཟེར་ནས་ངེས་པར་དུ་བརྩི་དགོས་པ་ཞིག་བཤད་ན། དེ་ནི་ཁྱོད་ཀྱི་ཕ་མགར་བ་རེད། ཁྱོད་ཀྱང་མགར་བ་བྱེད་དགོས་ཟེར་ནས་ཁེ་བཟང་ཡོད་མེད་ལ་མ་ལྟོས་པར་མི་ཚེ་དེ་ག་རང་མགར་བྱེད་བཅུག་པའི་ཁ་ཆེ་བའི་ལུགས་སྲོལ་དེ་དང་གཅིག་མཚུངས་སུ་སོང་འདུག། བསམ་བློ་དེ་འདྲ་ལ་རིལ་སོང་གི་བསམ་བློ་ཟེར་བ་རེད། ཕ་མགར་བ་ཡིན་ན་བུས་མགར་བྱེད་དགོས་པའི་རྒྱུ་མཚན་ཅི་ཡིན། བུ་ལ་དེ་ལས་ལྷག་པའི་རིག་སྟོབས་ཤིག་ཡོད་ན། མགར་ཙམ་ལ་སྙིང་པོ་ཅི་ཞིག་ཡོད། དེ་བཞིན་དུ་གྲུབ་མཐའ་ཁག་གི་རང་ཉིད་གང་གི་ཁོངས་སུ་གཏོགས་མིན་དེ་གཙོ་བོ་མིན། གྲུབ་མཐའ་རང་རང་ལ་བཤད་པ་རྨ་མེད་པ་རེ་ཡོད་ཀྱང་། ཕ་རོལ་བོའོ་བློ་ངོར་འབྱོར་བདེ་མིན་ཅི་རིགས་ཡོད། གནས་བཅའ་སའི་ཁོར་ཡུག་དག་ཀྱང་དེ་བཞིན་ཡིན། འདི་དག་གི་ཐད་ནས་ངེས་པར་དུ་མི་བུ་སྒེར་ལ་ཁེ་དབང་ཡོད་དགོས། ཁྲིམས་ལུགས་ལ་མིའི་ཁེ་དབང་བསྒྱུར་རྒྱུའི་ཐོབ་ཐང་ནམ་ཡང་ཡོད་མི་སྲིད།

    Reply
  12. གངས་ཟླ། says:
    ལོ་ 13 སྔོན།

    ཆོས་དང་རིག་གཞུང་ལ་སྙིང་ནས་ཤ་ཞེན་ཡོད་པའི་སྒོ་ནས་བསམ་ཚུལ་རེ་འདོན་རོགས། བཅོམ་ལྡན་འདས་ཀྱིས་མ་གུས་པ་ལ་ཆོས་མ་བཤད་ཅེས་བཀའ་གནང་ཡོད་པ་རེད། མ་གུས་པ་ལ་ཆོས་བཤད་ན་ཆོས་ཀྱི་རྩ་དོན་དང་འགལ་བས་རེད། དགོན་སྡེ་ཁག་ལ་སྒྲིག་ལམ་ལོས་དགོས་། དེ་མི་དགོས་ཟེར་མཁན་ཞིག་ཡིན་ན་རྩ་དོན་མང་པོ་ཞིག་རྡོལ་རོལ་དུ་བཏང་བ་ཞིག་རེད། སྒྲིག་ལམ་གྱི་སྐོར་ནས་བསྟན་པའི་བདག་པོ་སྟོན་པ་བཅོམ་ལྡན་འདས་རང་ཉིད་ཀྱིས་ཆོས་འདུལ་བའི་བཅས་ཁྲིམས་གཙང་མ་མཛད་ཡོད་ལ། ལྷག་དོན་དུ་ཡུལ་དུས་ཀྱི་གནས་བབ་སོགས་ལ་གཞིག་ཏེ་ཆོས་འདུལ་བ་རུང་མཐུན་ཞེས་པ་ཞིག་ཀྱང་མཛད་ཡོད། དཔལ་རི་བོ་དགའ་ལྡན་པ་ལ་མཚོན་ན་བསྟན་པ་འདི་ལ་སྟོན་པ་གཉིས་པ་ལྟ་བུ་རྗེ་ཙོང་ཁ་བ་མཆོག་གི་བྱང་ཆུབ་ལམ་རིམ་ཆེན་མོ་སོགས་ལེགས་བཤད་རྨ་མེད་པ་དག་ལ་ཁ་ལྟ་ས་ཡོད། སྤྱིར་རྩོད་རྙོག་འདི་རིགས་ནི་དོ་བདག་སོ་སོ་གང་དུ་གནས་འཆའ་བསམ་ཀྱང་དེར་བཞག་ན་ཆོག་པ་རེད། དེ་ཐེ་གཏོགས་དང་། བཙན་ཤེད་ཀྱིས་སྒྲིག་ལམ་ཞིག་ཏུ་བཙན་འདེད་བྱེད་པ་ནི་ཆོས་ཀྱི་རྩ་དོན་དང་གཏན་འགལ་ཡིན་པ་མ་ཟད། སྤྱིར་བཏང་གི་མིའི་བཟང་སྤྱོད་ཀྱི་ལུགས་ཙམ་ཡང་མ་བརྩིས་པ་ཡིན་པས། མི་ཞིག་ཡིན་པའི་ཁེ་དབང་ལ་རྡོལ་བྱས་པ་ཅི་ལ་མིན།

    Reply
  13. བསོད་ནམས་རྒྱ་མཚོ། says:
    ལོ་ 13 སྔོན།

    སྔར་ལུགས་རྒྱུན་གནས་ལྟར་དགོན་སྡེ་དང་ཁམ་ཚན་གྲྭ་ཚང་མི་ཚན་ཁག་སོ་སོའི་ཐོབ་ཁུངས་རེ་ཡོད། བདག་གིས་རྒྱུན་སྲོལ་དེའི་རྗེས་སུ་འབྲང་རུང་དང་མི་རུང་གི་ཁ་ཚོན་གཅོད་མི་ཐུབ་མོད། དང་པོ་གྲྭ་ཚང་དུ་ཞུགས་སྐབས་སུ་དོ་བདག་རང་ཉིད་ཀྱིས་ཁམ་ཚན་གང་འདེམ་ན་ཁམ་ཚན་དེས་ཀྱང་ངོས་ལེན་ཡོད་པ་ཞིག་ལ་གྲྭ་ཚང་ནས་གནས་དབྱུང་གཏང་གི་ཡིན་བརྗོད་ན་ཏོག་ཙམ་ཐལ་དྲགས་རེད་བསམ། གལ་སྲིད་གྲྭ་ཚང་གི་སྒྲིག་གཞིར་དེ་ལྟར་གནས་དབྱུང་གཏོང་དགོས་ཞེས་འཁོད་ཡོད་ན་དགོས་པ་འདྲ་ཡོད་སྲིད། དེ་མིན་དབང་ཤེད་དང་དྲག་ཤུལ་ངོམ་པ་ཡིན་ན་མཐོ་དམན་སུ་ཡིན་རུང་གུ་ཡངས་ནམ་ཡང་གཏོང་མི་རུང་། གལ་སྲིད་ཁམ་ཚན་གང་འདོད་དུ་ཞུགས་ཆོག་པ་ཞིག་འགྱུར་ན་དཀའ་རྙོག་ད་ལྟ་ལས་མང་བ་ཞིག་འཕྲད་པ་ནི་གདོན་མི་ཟ། གྲྭ་རྒྱུན་ཇེ་དཀོན་ལ་འགྲོ་བཞིན་པའི་སྐབས་འདིར། གྲྭ་ཚང་དང་དགོན་པ་ཁམ་ཚན་སོགས་ཀྱིས་ཕྱོགས་བཞི་མཚམས་བརྒྱད་དུ་གྲྭ་རྒྱུན་འཚོལ་བཞིན་པའི་སྐབས་འདིར་ཐོབ་ཁུངས་ཀྱི་སྒྲིག་གཞི་གསལ་པོ་ཞིག་མེད་ན་དཀའ་རྙོག་དེ་ཇེ་སྡུག་ཏུ་འགྲོ་ངེས། སྤྱིའི་ཆ་ནས་འུ་ཚོའི་སྤྱི་ཚོགས་སུ་དུས་རབས་ཀྱི་རྗེས་མ་ཆོད་མཁན་དེ་དགོན་པ་གྲྭ་ཚང་གཅིག་པུ་མ་ཡིན་པ་སློབ་གྲྭ་དང་གྲོང་སྡེ་གང་སར་གཅིག་ཡིན་པ་མ་ཟད་སྐབས་རེ་བློ་ཡུལ་དུ་ཤོང་དཀའ་བའི་སློབ་གྲྭ་དང་གྲོང་སྡེ་ཁག་ནས་གནས་ཚུལ་འགའ་ཐོས་རྒྱུ་འདུག གནས་ཚུལ་ཁྱད་མཚར་དེ་ཚོ་ཚང་མའི་སེམས་ལ་ཁྲམ་ལམ་མེར་ཡིན་ཚོད་རེད། གླེང་བྱ་འདི་ལ་སྐབས་སུ་མ་བབ་པས་འཇོག་གོ། 
    ཁ་རྒྱུན་ལ་ངང་པ་མཚོ་ཡིས་འཚོ། གྲྭ་བ་སྒྲིག་གིས་འཚོ་ཟེར་སྲོལ་ལྟར། སྒྲིག་ཁྲིམས་ཚགས་ཚུད་དགོས་རྒྱུ་གལ་ཆེ་ཤོས་ཤིག་ཡིན་པར་བརྗོད་ཅི་དགོས། རེ་ཉིས་ལ་སྙིང་རྗེ་དགོངས་ན་སྒྲིག་གཞི་གཏོར་བརླག་གི་རྐྱེན་རྩར་འགྲོ་ངེས། སེར་བྱེས་གྲྭ་ཚང་ནང་དུ་བྱུང་བའི་གནས་ཚུལ་དེ་ཆོས་ལུགས་ཀྱི་རྩ་དོན་དང་འགལ་ཞིང་འགྲོ་བ་མིའི་ཁེ་དབང་ལ་རྡོག་རོལ་བཏང་བ་རེད་ཅེས་སྨྲ་བར་དེ་བས་ཀྱང་མི་སྤོབས། ཐོབ་ཁོངས་ཀྱི་འོས་འཚམ་སྒྲིག་གཞི་ཞིག་དང་འགྲོ་སྟངས་ཤིག་ངེས་པར་དུ་དགོས་པར་སེམས། འོན་ཀྱང་ཐོབ་ཁོངས་ཡིན་ན་རེད་གྲྭ་ཚང་གི་སྒྲིག་གཞི་ལ་ཡུལ་དུས་ལ་ལྟོས་པའི་སྐྱར་ཞིབ་དགོས་པའི་དགོངས་ཚུལ་དེ་ལ་རང་ཉིད་ནས་མོས་མཐུན་ཡོད།
    རྒྱུ་མཚན་དང་གནས་ལུགས་དང་མ་འགལ་ན་དངོས་གཙོ་དང་སེམས་གཙོ་གང་གི་རྗེས་ལ་སྙེག་ན་ཆོག མཁྲེགས་འཛིན་དང་ཨུ་ཚུག་གྱི་ལྟ་བ་དུས་གཏན་དུ་བསྟེན་མི་རུང་། འཇིག་རྟེན་འདིའི་ཐོག་ཏུ་མི་བུ་རང་ཚུགས་ཅན་ཞིག་བྱ་འདོད་ན་མཁྲེགས་འཛིན་གྱི་རང་གཤིས་མེད་ཅིང་བླུན་རྒན་གཡམ་རྒྱུག་མ་ཡིན་པར་རྒྱུ་མཚན་གྱི་གནོད་པ་མཐོང་ན་ལྟ་བ་ཡིན་ན་འདྲ་ལམ་ཕྱོགས་ཡིན་ན་འདྲ་གནས་ལུགས་ཀྱི་ལམ་བུར་ཤར་སྐྱོད་བྱེད་ན་ལས་འབྲས་ལའང་མཐུན་ལ་ཁྲིམས་ལུགས་ལའང་གནས་ལུགས་གལ་ཆེའོ།།

    Reply
  14. lobsang says:
    ལོ་ 13 སྔོན།

    གདན་ས་ཁག་ནས་ནམ་རྒྱུན་ཐོབ་ཁོངས་དང་གྲྭ་རྒྱུན་རྩོད་ཀྱི་འདུག་དེ་ནི་ངོ་མ་ཐབས་སྐྱོ་བོ་ཞིག་རེད། ཁ་དོན་མི་མཚུངས་པ་ཁ་ནས་ཆོས་བཤད་ལག་ནས་སྡིག་པ་བྱས་པ་མིན་ནམ། ཁ་ནས་ནམ་རྒྱུན་ཉེ་རིང་ཆགས་སྡང་བྱས་ན་ཡག་པོ་མེད་རབས་རྐྱང་རྐྱང་བཤད་ནས་རང་སྟེང་ལ་སླེབས་དུས་དེ་འདྲ་ཞིག་རེད། གཅིག་ནས་གདན་ས་གང་ལ་བཞུགས་ན་བདག་ཅག་གི་སྟོན་པའི་གསུང་གི་དགོངས་དོན་ལ་སློབ་གཉེར་བྱེད་བཞིན་ཡོད་པ་གཅིག་མཚུངས་ཡིན་པ་དང། གཉིས་ནས་ཆོས་ལུགས་དད་པ་རང་མོས་མིན་ནམ། ཁ་ཕར་འཁོར་ནས་བཤད་བྱས་པ་གཅིག་པོས་འགྲིག་གི་མི་འདུག་རང་སྟེང་ལ་སླེབས་དུས་ག་འདྲ་འདུག རྩོད་ཐུབ་ན་རྩོད་རྒྱུ་ལག་ལ་བཞག་ཡོད་པ་རེད་ཕེབས་དང། ང་ཚོའི་བོད་མི་རིགས་ཀྱི་རང་དབང་རྩོད་དུ་སོང་དང་དེ་ནས་ཨ་མའི་བུ་ཡིན། དེ་ནི་མི་དགོས་པ་ཞིག་རེད། ཁྱེད་ཚོས་གདན་ས་ནས་ཉོན་མོངས་དུག་གསུམ་གྱི་གཉེན་པོ་བསྟེན་ཚུལ་ལ་སློབ་སྦྱོང་བྱེད་ཀྱི་ཡོད་དམ། ཉོན་མོངས་དུག་གསུམ་འཕེལ་བྱེད་ལ་སློབ་སྦྱོང་བྱེད་ཀྱི་ཡོད།

    Reply
  15. ལོག་འཇོམས་རལ་གྲི། says:
    ལོ་ 13 སྔོན།

    “ དེ་མིན་ནུབ་ཕྱོགས་མཚན་ཉིད་རིག་པའི་ཁྱབ་ཁོངས་ཀྱི་དངོས་གཙོ་སྨྲ་བའི་ལྟ་ཚུལ་དང་ཡང་མཐུན་པས་ན་དངོས་ཡོད་དང་མཐུན་པའི་ལེགས་བཤད་རྨ་མེད་པ་ཞིག་རེད། ”

    ལེགས་བཤད་ཡིན་མིན་དེ་དངོས་གཙོ་སྨྲ་བའི་ལྟ་ཚུལ་དང་མཐུན་མིན་ལ་ཐུག་ཡོད་ཨེ་རེད། ཨ་རོགས་སོམས་དང་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese