མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་རིཊ་ཤེས་ཡོན་པས་མེ་རྒོལ་གྱི་གྲུབ་འབྲས་ལ་ལྟ་སྟངས།

བོད་ཀྱི་དུས་བབ།
༢༠༡༢/༠༥/༢༠
Share on FacebookShare on TwitterShare on EmailShare on Whatsapp

ཙ་ཡུས་ཕུན་ཚོགས།

རྒྱ་གཞུང་གིས་རྒྱལ་སྤྱིའི་གསར་འགོད་པར་རང་དབང་སྤྲད་མིན་ལ་མ་ལྟོས་པར་བོད་ཀྱི་མེར་བསྲེགs་ལས་འགུལ་གྱི་མེ་ལྕེ་འདི་ཉིད་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་བ་ཡོངས་དང་། སྒོས་སུ་ཆབ་སྲིད་ཆེད་མཁས་པ་རྣམས་ཀྱི་མིག་ལམ་ནས་དྲག་ཏུ་འབར་ཤིང་ཤུགས་ཀྱིས་མཆེད་ཀྱིན་པའི་མེ་ལྕེ་ཚ་བོ་ཞིག་ཏུ་གྱུར་བས། ཆབ་སྲིད་ཆེད་མཁས་པ་མང་པོ་ཞིག་གིས་རང་དབང་མེད་པར་བོད་ཀྱི་རང་ལུས་མེར་བསྲེགས་ལས་འགུལ་གྱི་རྒྱབ་ལྗོངས་དང་གྲུབ་འབྲས་བཅས་ཀྱི་སྐོར་ལ་སྐད་ཆ་འདྲ་མིན་བརྗོད་དགོས་ཐུག་ཡོད། 

དེ་ཡང་ཕྱི་ལོ་ ༢༠༡༡ ལོའི་ཟླ་ ༡༢ ཚེས་ ༧ ཉིན་དབྱིན་ཇིའི་ཆབ་སྲིད་སློབ་སྟོན་པ་སྐུ་ཞབས་ (Jorman Wonthy) ལགས་ཀྱིས་བོད་ཀྱིས་མེར་བསྲེགས་ལས་འགུལ་འདི་ནི་བོད་དོན་འཐབ་རྩོད་ལས་འགུལ་གྱི་ཆེས་མཐའ་མ་ཡིན་སྲིད། ཅེས་སྡོམ་ཚིག་བཀོད་པའི་གནས་ཚུལ་ཏ་ཅེ་ཡོན་རྒྱ་ཡིག་དྲ་བར་བཀོད་འདུག་པ་དང་ལྷན།  པོའོ་ཞོན་རྒྱ་ཡིག་དྲ་བར་རྒྱ་ནག་གི་རྩོམ་པ་པོ་ཚོ་ཁྲང་ཆིན་གྱིས་(曹长青)ཕྱི་ལོ་ ༢༠༡༡ ལོར་བོད་ཀྱི་མེར་བསྲེགས་ལས་འགུལ་ལ་རྒྱལ་སྤྱིའི་དོ་སྣང་ཤུགས་ཆེན་མ་བྱུང་བའི་རྒྱུ་རྐྱེན་ནི། བོད་ཀྱི་མེ་རྒོལ་ལས་འགུལ་སྤེལ་སྟངས་དང་། བོད་ཀྱི་མེར་བསྲེགས་ལས་འགུལ་སྤེལ་མཁན་རྣམས་ཀྱི་ཆབ་སྲིད་དམིགས་དོན་གཉིས་ཀྱི་རྐྱེན་ཡིན། ཞེས་བཀོད་ཡོད། ཡང་རྒྱ་རིགས་རྩོམ་པ་བོ་ཝང་ལི་ཞོང་གིས་ཀྱང་བོད་ཀྱི་མེར་བསྲེགས་ལས་འགུལ་འདི་ནི་རྣམ་པ་རླབས་ཆེ་བ་ཞིག་ཡིན་ཡང་དེར་མཐུན་གྱི་གྲུབ་འབྲས་ཐོན་རྒྱུ་ཤིན་ཏུ་དཀའ་ཚུལ་བརྗོད་ཡོད། 

ཡང་ཤིན་ཐང་རིན་བརྙན་འཕྲིན་ཁང་དུ་(新唐人电视台)ཐེ་པེའི་སློབ་ཆེན་གྱི་ཆབ་སྲིད་འཆད་ཁྲིད་དགེ་རྒན་ལང་ཅན་ཧ(梁建华)ལགས་ཀྱིས་གཏམ་བཤད་བགྲོ་གླེང་ཞིག་གནང་བའི་ནང་། “བོད་ཀྱི་མེ་རྒོལ་ལས་འགུལ་འདི་ནི་རང་དབང་འཐབ་རྩོད་ལས་འགུལ་གྱི་རྩེ་མོར་སོན་པ་ཞིག་དང་། ཁྱད་པར་བོད་ཀྱི་གནད་དོན་ཐོག་རྒྱལ་སྤྱིའོ་དོ་སྣང་འདྲེན་པ་དང་། རྒྱ་གཞུང་གི་དཔོན་རིགས་ཁག་གིས་བསམ་གཞིག་གསར་བ་བྱ་ཡུལ་རྣོ་ངར་ལྡན་པ་ཞིག་ཏུ་གྱུར་ཡོད། འདི་ནི་ང་ཚོས་རྒྱལ་སྤྱིའི་མི་རིགས་ཁག་གི་ཆབ་སྲིད་ལས་འགུལ་ཁྲོད་མཐོང་དཀོན་པའི་ལས་འགུལ་ཞིག་ཡིན། འོན་ཀྱང་ང་ཚོས་གསལ་བོ་བཟོ་དགོས་པ་ཞིག་ནི། བོད་ཀྱི་མེ་རྒོལ་བ་ཚང་མ་གྲྭ་བ་དང་བཙུན་མ། བླ་མ། གྲྭ་ཟུར་རྐྱང་རྐྱང་ཡིན་དགོས་པ་འདི་རེད། འདི་ནི་ཆབ་སྲིད་ཉམས་ཞིབ་པ་དང་ཆབ་སྲིད་པ་རྣམས་ཀྱིས་འགྲེལ་བརྗོད་བྱ་མི་ཐུབ་པའི་གནས་སྟངས་ཤིག་ཏུ་གྱུར་ཡོད། སྤྱིར་ཆབ་སྲིད་ཀྱི་ལས་འགུལ་གང་ཡིན་ཡང་ཆབ་སྲིད་གྱི་སྣེ་ཁྲིད་མཁན་དང་ཆབ་སྲིད་ཀྱི་ལས་འགུལ་སྤེལ་མཁན་མང་ཆེ་ཤོས་སྤྱི་ཚོགས་ཀྱི་མི་སེར་དཀྱུས་མ་དེ་འདྲ་དང་། སྤྱི་ཚོགས་ཀྱི་གནད་ཡོད་མི་སྣ་སོགས་ཡིན་པ་རེད། འོན་ཀྱང་བོད་ཀྱི་མེ་རྒོལ་བ་འདི་རྣམས་ནི་དགོན་སྡེ་ཁག་གི་ཆོས་ལུགས་ཉམས་ལེན་བྱེད་མཁན་དང་། ཆོས་ལ་སློབ་སྦྱོང་བྱེད་མཁན་རྐྱང་ཡིན་པ་རེད། དེ་བས་ཁོ་ཚོའི་ལས་འགུལ་གྱི་དམིགས་ཡུལ་ཀྱང་དགོན་སྡེ་དང་ཆོས་དད་རང་དབང་སོགས་ལས་མཚོན་མི་ཐུབ་ཅིང་། གལ་སྲིད་མཚོན་པའི་དབང་དུ་བཏང་ནའང་སྤྱི་ཚོགས་ཀྱི་མངོན་འདོད་འཁྲུལ་བ་མེད་པ་ཞིག་ཏུ་བརྩི་དཀའ་བ་འདི་རེད། ཅེས་བརྗོད་འདུག

ཡང་ཕྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༡༠ ཉིན་ཤིན་ཐང་རུན་བརྙན་འཕྲིན་ཁང་དུ། བོད་ཀྱི་སུམ་བཅུའི་དུས་དྲན་ཐེངས་ལྔ་གསུམ་དང་བོད་ཀྱི་མདུན་ལམ་གང་དུ་ཡོད།(西藏抗 暴五十三载,西藏路在何方)ཅེས་པའི་རྗོད་གཞིའི་འོག་བགྲོ་གླེང་གལ་ཆེན་ཞིག་བསྡུས་པ་དང་། བགྲོ་གླེང་དེར་གདན་ཞུའི་བགྲོ་གླེང་བ་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ཁང་གི་ཟུང་དྲུང་རྒྱ་རིགས་འབྲེལ་མཐུད་པ་ཀུན་དགའ་བཀྲ་ཤིས་ལགས་དང་། ཕྱི་སྡོད་རྒྱ་རིགས་དམངས་གཙོ་ཚོགས་པའི་ཚོགས་གཞོན་ལྕམ་ཧྲིན་ཞེ་(盛雪)ལགས། ཤིན་ཐང་རིན་བརྙན་འཕྲིན་ཁང་གི་དཔྱད་གཞི་འཚོལ་སྒྲུབ་པ་ཧུན་ཧི(横河)ལགས་བཅས་མཉམ་ཞུགས་ཀྱིས་བོད་དོན་སྐོར་སྤྱི་དང་སྒོས་སུ་མེ་རྒོལ་གྱི་སྔ་ཕྱི་ལ་དཔྱད་ཞིབ་རགས་ཙམ་བྱས་པའི་ནང་། རྒྱ་རིགས་དམངས་གཙོ་ཚོགས་པའི་ཚོགས་གཞོན་ལྕམ་ཧྲིན་ཞེ་ལགས་ཀྱིས་གསུངས་དོན། མེ་རྒོལ་གྱི་གཙོས་པའི་བོད་ནང་གི་འཐབ་རྩོད་ཀྱི་དཀའ་སྡུག་ཁག་ནི་གུང་ཁྲན་ཏང་གི་དབང་ཆ་གཅིག་སྡུད་རིང་ལུགས་སྲིད་བྱུས་ཀྱི་གྲུབ་འབྲས་ལ་ངོས་འཛིན་རྒྱུ་ལས་གཞན་ཁག་འགེལ་ས་ཅི་ཡང་མེད། འོན་ཀྱང་བསམ་ཡུལ་ལས་འདས་པའི་ལས་འགུལ་སྤེལ་ཕྱོགས་དེར་གྲུབ་འབྲས་རྩེ་མོར་སོན་པ་ཞིག་མི་འབྱུང་བའི་རྒྱུ་རྐྱེན་ནི། ཉེ་ལམ་ཨ་རི་དང་ཡུ་རོབ་ཁག་གཙོས་པའི་ནུབ་ཕྱོགས་རྒྱལ་ཁབ་ཁག་ལ་དཔལ་འབྱོར་ཉམས་རྒུད་ཀྱི་དཀའ་ངལ་ཆེ་རུ་འགྲོ་བཞིན་པའི་རྐྱེན་དང་། ཨ་རབ་དྲག་སྤྱོད་ལས་འགུལ་ཤུགས་ཆེར་ཐོན་པ་བཅས་ཀྱི་རྐྱེན་གཉིས་ལས་གནས་སྐབས་བོད་ཀྱི་མེ་རྒོལ་ལས་འགུལ་ལ་གསར་ལམ་ཁག་གིས་དོ་སྣང་འདྲེན་མ་ཐུབ་པར་ལུས་པ་རེད་། ཅེས་དང་། མེ་རྒོལ་འདིས་གུང་ཁྲན་ཏང་སེམས་འགུལ་ཐེབས་པར་རེ་བ་རྒྱག་མཁན་ཡོད་ན་རྩད་ནས་ནོར་བ་ཡིན་ལ། གུང་ཁྲན་ཏང་གིས་ནམ་ཡང་མི་མང་གི་དཀའ་སྡུག་ཆེད་མིག་ཆུ་གཏོང་མི་སྲིད། ད་ལྟ་གུང་ཁྲན་ཏང་གི་གདུག་རྩུབ་མྱོང་མཁན་བོད་ཙམ་མ་ཟད་རྒྱ་རིགས་མི་གྲངས་ས་ཡ་ཉིས་བརྒྱ་ལྷག་ཡོད། དེ་བས་བོད་ཀྱི་ཆབ་སྲིད་འཐབ་རྩོད་ཀྱི་ལམ་ཀ་གང་དུ་ཕྱོགས་ཀྱང་དང་པོ་གུང་ཁྲན་ཏང་རྩ་མེད་མ་བཏང་བར་རེ་བ་གང་ཡང་མེད། ཅེས་ཟེར།

ཤིན་ཐང་རིན་བརྙན་འཕྲིན་ཁང་གི་དཔྱད་གཞི་འཚོལ་སྒྲུབ་པ་ཧུན་ཧི་ལགས་ཀྱིས་གསུངས་དོན་ལྟར་ན། ད་ལྟ་བོད་ཀྱི་མེ་རྒོལ་གྱི་གྲུབ་འབྲས་ལ་སྡོམ་ཚིག་རྒྱག་རྒྱུ་ནི་དུས་ཚོད་སྔ་དྲགས་ཡོད་པ་ཞིག་རེད། བོད་ཀྱི་མེ་རྒོལ་འདི་ལ་སྔ་ཕྱི་མ་གཏོགས་གྲུབ་འབྲས་རླབས་ཆེ་བ་ཞིག་ཐོན་རྒྱུ་ཡིན་པ་ནི་གནས་ལུགས་ཀྱིས་ཐག་གིས་བཅད་ཚར་ཡོད། འོན་ཀྱང་གྲུབ་འབྲས་དེར་རྔམ་དྲག་ལངས་པའི་བྱ་སྤྱོད་དང་། མེ་རྒོལ་གྱིས་རྐྱེན་པས་ཚོར་བ་མནོན་མ་ཐུབ་པར་ཧོལ་རྒྱུག་བྱེད་པ་ལྟ་བུའི་བྱ་སྤྱོད་སྤེལ་མི་ཉན། འདི་ནི་ཉེན་ཁ་ཞིག་རེད། མེ་རྒོལ་གྱི་ལོ་རྒྱུས་འདི་མི་སུ་གཅིག་གིས་ཀྱང་ནག་བསུབ་གཏོང་ཐུབ་པ་ཞིག་མིན། གུང་ཁྲན་ཏང་གིས་ཀྱང་ནག་བསུབ་གཏོང་མི་ཐུབ། དེ་བས་བོད་པ་རྣམས་ཀྱིས་མེ་རྒོལ་འདིའི་མེ་ལྕེ་གང་དུ་འཇོག་མིན་དེ་ཤིན་ཏུ་གལ་ཆེན་རེད། བོད་པ་ཙམ་མ་ཟད་རྒྱ་རིགས་ས་ཡ་མང་པོས་མེ་རྒོལ་འདི་ལ་གདུང་སེམས་མཉམ་སྐྱེད་བྱེད་ཀྱིན་ཡོད། དམིགས་བསལ་རྒྱ་ནག་སྐམ་ས་ཆེན་མོ་ན་ཡོད་པའི་རྒྱ་རིགས་ཚོས་རྒྱ་གཞུང་གི་དྲིལ་ བསྒྲགས་ག་འདྲ་བྱེད་མིན་ལ་མ་ལྟོས་པར་དོ་སྣང་འདྲེན་གྱི་ཡོད། རྒྱ་རིགས་ཚོས་བོད་ཀྱི་བློས་བཏང་ཆེན་པོའི་ལས་འགུལ་འདི་ལ་མིག་དཔེ་འཛིན་དགོས་ཀྱི་འདུག་ཟེར་ནས་རྗོད་མཁན་མང་དུ་འགྲོ་བཞིན་ཡོད། གང་ལྟར་གུང་ཁྲན་ཏང་གི་དབང་སྤྱོད་མཇུག་རྫོགས་པའི་ཉིན་ནི་བོད་ཀྱི་མེ་རྒོལ་ལ་ གྲུབ་འབྲས་རླབས་ཆེན་ཐོན་པའི་ཉིན་མོ་ཡིན། ཞེས་ཟེར། 

ཨ་པོའོ་ལོའོ་རྒྱ་ཡིག་དྲ་བར་སྤྱི་ཚོགས་དཔྱད་བརྗོད་པ་ལུའུ་ཁུན་ལགས་ཀྱིས་རྩོམ་ཡིག་ཅིག་བྲིས་པའི་ནང་། བོད་ཀྱི་མེ་རྒོལ་འདིའི་མཇུག་འབྲས་ནི་རྒྱ་རིགས་མི་མང་གི་ལག་ཏུ་ཡོད། རྒྱ་རིགས་མི་མང་ས་ཡ་བདུན་བརྒྱ་ལྷག་གི་རྒྱབ་སྐྱོར་ཐོབ་པ་ཡིན་ན་བོད་ཀྱི་མེ་རྒོལ་ཀྱི་མེ་ལྕེ་འདིས་གུང་ཁྲན་ཏང་གི་སྒོ་ཁྱིམ་ཡོངས་སུ་བསྲེག་ངེས། བོད་ཀྱི་མེ་རྒོལ་འདི་བོད་ཙམ་མ་ཟད་རྒྱ་རིགས་མི་མང་ས་ཡ་གཅིག་སྟོང་སུམ་བརྒྱ་ལྷག་གི་ཆེད་དུ་འབར་གྱིན་པ་ཤེས་མཁན་དུ་ཡོད། རྒྱ་རིགས་མིང་རྣམས་གཉིད་ཚར་འདུག ཅེས་དང་། བོད་ཀྱི་བློས་བཏང་ཆེན་པོས་ལས་འགུལ་འདིའི་སྙིང་སྟོབས་ལ་སྔ་ཕྱི་མ་གཏོགས་གྲུབ་འབྲས་འབྱུང་ངེས། སྤྱི་ཚོགས་ཀྱི་གྲུབ་ཆ་གང་ནས་བལྟས་ཀྱང་སྙིང་སྟོབས་འདི་ལྟ་བུ་ནི་ཨུ་ཐུག་པའི་སྐབས་མ་གཏོགས་ཡོང་ཐབས་མེད། ཨུ་ཐུག་པའི་སྤྱི་ཚོགས་ཀྱི་རྒྱབ་ལྗོངས་བཙན་པོ་ཡོད་ས་ཞིག་ལ་གྲུབ་འབྲས་མི་ཐོན་པ་ཡོང་མི་སྲིད། འདི་ནི་སྤྱི་ཚོགས་ལོ་རྒྱུས་འཕེལ་རིམ་གང་ནས་བལྟས་ཀྱང་གཏན་ཚིགས་ཀྱིས་སྒྲུབ་ཐུབ་པ་ཞིག་ཡིན། ཞེས་ཟེར།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

ཆུ་ཚོད་ ༢ སྔོན་ལ།
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

ཆུ་ཚོད་ ༣ སྔོན་ལ།
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

ཆུ་ཚོད་ ༧ སྔོན་ལ།
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

ཆུ་ཚོད་ ༢༢ སྔོན་ལ།
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

མཆན། 2

  1. ཕུན་ཚོགས ། says:
    ལོ་ 14 སྔོན།

    ཀ་ཉག་ཚེ་རིང་ལགས་ཀྱིས་གསུངས་དོན་ལྟར་གཏམ་བཤད་རེ་རེའུ་ཁུངས་རེ་རེ་བཞིན་འདིར་བཀོད་ཡོད།
    ཤིན་ཐང་རིན་ཟེར་བ་ལ་བལྟ་ན། http://www.dongtaiwang.com/do/http/competitions.ntdtv.com/index.php དང་། ཡང་ན་གཤམ་གསལ http://www.dongtaiwang.com/do/za_k/tttLYaMacLx0X/ua2/yw/index.html
    ད་དུང་སུམ་བཅུའི་དུས་དྲན་ཉིན་བརྙན་འཕྲིན་དེར་་བགྲོ་གླེང་གནང་བའི་ཡིག་ཚག་ཚང་མ་འདིར་གསལ། http://www.dongtaiwang.com/do/z__Z/ootLY_f_cLx0X/ua2/yw/s-rs/-U/rU/atext672100.html.-%E7%83%AD%E7%82%B9%E4%BA%92%E5%8A%A8%E7%9B%B4%E6%92%AD%EF%BC%9A%E8%97%8F%E4%BA%BA%E6%8A%97%E6%9A%B453%E8%BD%BD+%E8%A5%BF%E8%97%8F%E8%B7%AF%E5%9C%A8%E4%BD%95%E6%96%B9%EF%BC%9F.html
    ད་དུང་གཤམ་གྱི་དྲ་རྒྱ་འདི་བརྒྱུད་རྒྱ་ཡིག་དྲ་རྒྱ་ཆེ་ཁག་ཚང་མར་བལྟ་ཐུབ། http://www.dongtaiwang.com/

    Reply
  2. ཀ་ཉག་ཚེ་རིང་། says:
    ལོ་ 14 སྔོན།

    རྩོམ་པ་པོ་སྐུ་ཉིད་ལ་ཁམས་བདེ་འཚམ་འདྲི་ཞུ་བ་ལྷན། སྐུ་ཉིད་ཀྱིས་གནད་འགག་ཆེན་པོ་ཞིག་ལ་དོན་སྣང་གནང་འདུག་པས་བཀའ་དྲིན་ཞུ་འོས་པར་འདོད། འོན་ཀྱང་རྩོམ་ཡིག་གམ་གཏམ་བཤད་རེ་རེའི་ཁུངས་གང་དུ་ཡོད་མེད་ཀྱི་དྲ་ཐག་རེ་ངོ་སྤྲོད་གནང་ཐུབ་ན་ཁ་ཚ་དགོས་གཏུགས་ཀྱིས་ཕན་ཐོགས་འབྱུང་གི་འདུག་ཞུ་རྒྱུ་དང་། ད་དུང་འདི་ལས་མང་ཙམ་དང་རྒྱས་ཙམ་ཞིག་ལ་ཐུགས་སྣང་གནང་རྒྱུའི་རེ་བ་ཡོད། ཕྱོགས་འདིར་ལྟ་བྱེད་ཀྱི་མིག་མེད་པའི་ང་འདྲ་བ་དག་གིས་ནམ་རྒྱུན་ཁྱེད་ཅག་གིས་ཅི་ཞིག་ཁུར་ཡོང་རྒྱུར་རེ་སྒུག་བྱས་བསྡད་ཡོད་པ་ཡང་ཁྱེད་དང་ཁྱེད་འདྲ་བ་དག་གིས་བྱ་བ་གང་ཞིག་རང་ཉིད་ཀྱི་འགན་འཁྲི་ཡིན་སྙམ་པ་དེའི་ཟུར་དུ་དུས་རྒྱུན་ཐུགས་ལ་འཛིན་རོགས་གྱིས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese