མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གསར་འགྱུར་ལ་ཡི་ག་ལོག

བོད་ཀྱི་དུས་བབ།
༢༠༡༢/༠༥/༢༡
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་དུས་བབ་གསར་ཤོག་སྤྱིའི་འདོན་ཐེངས་ ༥༥༥ སྟེང་གི་རྩོམ་སྒྲིག་པའི་གཏམ།

མི་ཚང་མ་གསར་འགྱུར་དང་གསར་བྱུང་། གསར་བརྗེ་སོགས་ལ་དགའ་བ་ནི་ཆོས་ཉིད་ཅིག་གམ་འགྲོ་བ་མིའི་རིགས་ཐུན་མོང་གི་གཤིས་ཀ་ཞིག་ཏུ་གྲུབ་ཡོད། འོན་ཀྱང་བོད་ནང་གི་བོད་མི་མང་ཆེ་བ་༼ གསར་འགྱུར ༽ཟེར་བའི་ཐ་སྙད་འདི་ལ་དོ་སྣང་ཁྱོན་ནས་མེད་ལ། གསར་འགྱུར་གྱི་ནང་དོན་གོ་མཁན་ཡང་ཧ་ཅང་ཉུང་ཉུང་ཡིན། ལྷག་པར་དུ་གསར་འགྱུར་གྱི་བྱེད་ནུས་དང་གསར་འགོད་པའི་འགན་འཁྲི་ལ་ཡིད་ཆེས་བྱེད་མཁན་དེ་ལས་ཀྱང་ཉུང་། དེ་ནི་བོད་མི་ཚོར་འགྲོ་བ་མི་སྤྱི་མཚུངས་ཀྱི་གཤིས་ཀ་དེ་མ་ལྡན་པ་མིན་ལ། གསར་འགྱུར་རིག་པའི་གཞུང་ལུགས་ཀྱི་གོ་རྟོགས་ཞན་པ་དེ་བས་ཀྱང་མིན།

    རྒྱ་གཞུང་གིས་ལོ་ལྟར་མ་དངུལ་འབོར་ཆེན་བཏང་སྟེ་གསར་འགྱུར་ལས་རིགས་ཐོག་ཤུགས་རྒྱག་གི་ཡོད་ལ། བོད་ཁུལ་ལ་མཚོན་ན་དེ་སྔོན་རིག་གནས་གསར་བརྗེའི་སྐབས་སུ་དུད་ཁྱིམ་རེར་རྒྱང་བསྒྲགས་རེ་བཙུགས་ཏེ། ཉིན་ལྟར་ “སྤྱི་ཚོགས་རིང་ལུགས་ཀྱི་ལམ་ཕྱོགས་དང་ཏང་གི་ཡང་དག་པའི་སྲིད་ཇུས” ཟེར་བར་སློབ་སྦྱོང་གི་སྐུལ་མ་གཏོང་བཞིན་ཡོད་རབས་ཐོས། དེང་སྐབས་ཀྱང་བོད་ཁུལ་དུ་རླུང་འཕྲིན་དང་བརྙན་འཕྲིན། ཚགས་པར་སོགས་ཀྱི་མཐུན་རྐྱེན་སྐྱོ་བོ་མིན་མོད། བརྒྱུད་ལམ་དེ་དག་ནང་བཀྲ་ཤིས་བདེ་ལེགས་ཀྱི་གནས་ཚུལ་རྐྱང་རྐྱང་གིས་བརྒྱངས་ཡོད་སྟབས། བོད་མི་ཚོ་གསར་འགྱུར་ལ་ཡི་ག་གཏིང་ནས་འགག་ཡོད།  

    བོད་མི་ཚོའི་སེམས་ངོར་རླུང་འཕྲིན་ནི་གླུ་གཞས་དང་གེ་སར་སྒྲུང་གླུ་ལ་ཉན་ས་ཞིག་དང་། བརྙན་འཕྲིན་ནི་མུ་འབྲེལ་ཟློས་གར་འཁྲབ་གཞུང་དང་རིག་རྩལ་དགོང་ཚོགས་ལ་ལྟ་ས་ཙམ་ཡིན་ལ། བོད་ཡིག་གི་ཚགས་པར་རེ་ཟུང་ལས་མེད་ལ་དེ་དག་སྒེར་ངོས་ནས་ཉོ་མཁན་ཧ་ཅང་དཀོན་ཡང་། ལས་ཁུངས་ཁག་ཏུ་གཞུང་འབྲེལ་གྱིས་མངཊ་ཉོ་བྱེད་དུ་བཅུག་ཡོད། བོད་ཁུལ་དུ་དྲ་བའི་རིག་གནས་དར་ཏེ་ལོ་ཤས་ལས་ཕྱིན་མེད་ལ། དེ་དག་ཀྱང་ཐོག་མར་ན་གཞོན་ཚོའི་སྙན་ངག་འབྲི་ས་དང་པར་རིས་འགོད་ས་ཙམ་ལས་གནས་ཚུལ་གསར་པར་ལྟ་ཀློག་གི་འདུ་ཤེས་ཧ་ཅང་ཆུང་། 

    ལོ་ཤས་གོང་ནས་རྒྱ་ནག་གི་གསར་འགོད་པ་ཚོར་ལས་འགན་འཐོལ་པ་ཞིག་བཞག་ཡོད་པ་ནི། ས་ཁུལ་གང་ཞིག་ཏུ་ཛ་དྲག་གི་གནས་ཚུལ་ཞིག་བྱུང་སྐབས། གསར་འགོད་པ་ཚོས་དེ་མ་ཐག་ཐབས་བརྒྱ་ཇུས་སྟོང་གིས་ས་གནས་དེའི་བཀྲ་ཤིས་བདེ་ལེགས་ཀྱི་གནས་ཚུལ་ཞིག་འཚོལ་དགོས་པ་དེ་རེད། སྔ་ལོར་ནང་སོག་རྩྭ་ཐང་དུ་རྙོག་དྲ་བྱུང་སྐབས་ས་དེའི་རྡོ་སོལ་ཐོན་ཁུངས་ཀྱི་ཁེ་བཟང་ཁྱབ་བསྒྲགས་བྱས་ཡོད་ལ། འདི་ལོར་ཁམས་བྲག་མགོའི་བོད་མི་ཚོས་ངོ་རྒོལ་བྱས་སྐབས་ས་དེའི་བོད་ཇའི་བཟོ་གྲྭ་ཞིག་ལ་བསྟོད་ར་བཏང་ཡོད། དེ་བཞིན། མགོ་ལོག་གི་སྤྲུལ་སྐུ་བསོད་བྷ་མཆོག་གིས་རང་ལུས་མེར་བསྲེགས་བཏང་སྐབས་ཀྱང་འབྲོག་དམངས་གཏན་སྡོད་ཀྱི་ཁང་པའི་བཟོ་བཀོད་བསྟན་ཡོད། 

            དུས་རབས་ཉི་ཤུའི་ལོ་རབས་དགུ་བཅུ་ཡས་མས་ནས་བོད་མི་ཚོས་ཕྱི་ཕྱོགས་ཀྱི་བོད་སྐད་རླུང་འཕྲིན་རེ་ཟུང་ལ་ཉན་རྒྱུའི་གོ་སྐབས་བྱུང་སྟེ་གསར་འགྱུར་གྱི་ཡི་ག་ཕྲན་བུ་ཕྱེ་ཡོད་ཅིང་། ཉིས་སྟོང་བརྒྱད་ནས་བཟུང་ཚ་སོབ་སོབ་ཀྱི་གསར་འགྱུར་རིམ་བསྟུད་དུ་ཐོས་ཡོང་སྐབས། བོད་ནང་གི་བོད་མི་ཚོས་མིག་དང་ཨམ་ཅོག་ཕྱི་ལོགས་སུ་གཏད་ཅིང་། མི་ཚང་གཅིག་གིས་བརྙན་འཕྲིན་གཉིས་རེ་ཉར་ཏེ། གཅིག་ལ་མུ་འབྲེལ་འཁྲབ་གཞུང་ཟློས་གར་ལྟ་བྱེད་ཀྱི་གཞུང་འབྲེལ་སྐུད་ལམ་དང་། ཆིག་ཤོས་དེར་རྒྱལ་སྤྱིའི་གསར་འགྱུར་ལྟ་བྱེད་ཀྱི་སྡུད་ལེན་འཕྲུལ་ཆས་སྒེར་ངོས་ནས་ཉོ་བཞིན་ཡོད། དེང་སྐབས་རྩྭ་ཐང་གི་ཕྱུགས་རྫི་ནས་གྲོང་ཁྱེར་གྱི་སློབ་ཕྲུག སྲིད་གཞུང་གི་ལས་བྱེད་ནས་དབེན་དགོན་གྱི་བླ་གྲྭ་ཚུན་ནས་ཕྱི་ཕྱོགས་ཀྱི་གསར་འགྱུར་ལ་ལྟ་ཉན་བྱེད་ཀྱི་ཡོད་སྟབས། རྒྱ་ནག་གི་རླུང་འཕྲིན་ནང་གི་གླུ་གཞས་དང་བརྙན་འཕྲིན་ནང་གི་མུ་འབྲེལ་ཟློས་གར་འཁྲབ་གཞུང་ལ་སྤྲོ་བ་རླག་བཞིན་ཡོད་འདུག་ལ། དྲ་རྒྱ་དང་ཚགས་པར་ཁག་གི་སྙན་ངག་གི་ཁ་ཕྱོགས་ཡང་གཞན་ཞིག་ཏུ་འགྱུར་བཞིན་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

TT
Mobile App

རྒྱ་ནག་གཞུང་གིས་བདེ་ཆེན་རྫོང་དེ་ས་གནས་གཞན་ལ་གནས་སྤོ་བཞིན་འདུག

ཆུ་ཚོད་ ༢༠ སྔོན་ལ།
ཙན་བྱོལ་བོད་མིའི་འཕྲོད་བསྟེན་བསྐྱར་ཞིབ་ཀྱི་ཚོགས་འདུ་ཐེངས་ ༨ པ། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༨
Mobile App

བཙན་བྱོལ་བོད་མིའི་འཕྲོད་བསྟེན་སློབ་སྟོན་ཚོགས་ཆུང་གསར་འཛུགས་གནང་།

ཆུ་ཚོད་ ༢༠ སྔོན་ལ།
Mobile App

མཉམ་འབྲེལ་གྱི་གཞི་རྩའི་ནང་བསམ་བློ་མཉམ་འབྲེལ་གྱིས་མཐུན་སྒྲིལ་རྡོག་རྩ་ཆིག་སྒྲིལ་དང་གཅིག་ཕན་གཅིག་རོགས་བྱེད་གལ་ཆེ་སྐོར་གསུངས།

༢༠༢༦/༠༨/༢༧
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག དགའ་ལྡན་ཕོ་བྲང་གི་སྐུ་པར།
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཐུགས་གསོའི་གསུང་འཕྲིན་བསྩལ།

༢༠༢༦/༠༨/༢༧
Image from CCTV footage shows the border in Gyirong, Tibet, China, August 26, 2026
Mobile App

ར་སུ་ཝ་དགེ་རྒྱས་གླིང་བོད་མིའི་གཞིས་ཆགས་ཀྱི་མི་རྒྱུ་གཉིས་ལ་ཆུ་ལོག་གི་གནོད་འཚེ་ཤུགས་ཆེན་ཐེབས། 

༢༠༢༦/༠༨/༢༧
 (Image: Cheng Xin/Getty Images)
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་འགྲོ་འོང་གི་ཁྲིམས་ཡིག་གསར་པ་ཞིག་ལག་བསྟར་བྱ་རྒྱུ་ཡིན་འདུག

༢༠༢༦/༠༨/༢༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese