མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཚེ་བརྟན་རྡོ་རྗེ་བལ་དམག་གིས་འཇུས་འདུག

བོད་ཀྱི་དུས་བབ།
༢༠༡༢/༠༥/༢༡
Share on FacebookShare on TwitterShare on EmailShare on Whatsapp

བོད་སྐྱོད་གོམ་བགྲོད་པ་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་དེ་རིང་ཞོགས་པར་བལ་ཡུལ་ཐང་ཀོ་ཊི་ཞིབ་བཤེར་ས་ཚིགས་ནས་ཉེན་རྟོག་པས་འཇུ་བཟུང་བྱས་འདུག

ཟླ་འདིའི་ཕྱི་ཚེས་ ༡༤ ཉིན་གྱི་མཚན་ཆུ་ཚོད་ ༡།༣༠ ཡས་མས་སུ་བོད་སྐྱོད་གོམ་བགྲོད་པ་ཚེ་བརྟན་རྡོ་རྗེ་ལགས་ཀྱིས་ཁོང་གི་ཨ་མ་ལྡོམ་པོ་སྐྱིད་དང་སྲིང་མོ་ལྷ་མོ་སྐྱིད་གཉིས་རྒྱ་གར་གྱི་གྷོ་ར་པུར་ས་གནས་སུ་བཞག་པ་དང་། ཁོང་གཅིག་པུ་གསང་སྟབས་ཀྱི་བལ་ཡུལ་ནང་འཛུལ་ཏེ། དེ་རིང་བར་ཉིན་གྲངས་ ༨ ལྷག་གི་རིང་མུ་མཐུད་གོམ་བགྲོད་བྱས་ཡོད་ཀྱང་། དེ་རིང་ཕྱི་ཚེས་ ༢༡ ཉིན་གྱི་ཞོགས་པའི་ཆུ་ཚོད་ ༦།༣༠ ཡས་མས་སུ་བལ་ཡུལ་རྒྱལ་ས་ཀ་ཐ་མན་གྲུ་དང་སྤྱི་ལེ་ ༡༥ མཚམས་སྟེ། ཐེང་ཀོ་ཊི་ཞིབ་བཤེར་ས་ཚིགས་སུ་བསླེབས་སྐབས་བལ་ཡུལ་ཉེན་རྟོག་མི་སྣས་ཁོང་འཇུས་རྗེས། རྒྱལ་ས་ཀ་ཐུ་མན་གྲུའི་ཧ་ནོ་མན་ཀྲོ་ཀཱ་ཉེན་རྟོག་ཁང་དུ་འཁྲིད་དེ་བཀག་ཉར་བྱས་ཡོད་འདུག 

འདིའི་ཐད་གསར་འགོས་པས་ཁ་པར་བརྒྱུད་བལ་ཡུལ་དུ་གནས་སྡོད་མདོ་སྨད་དབུས་རྒྱུན་བཀྲ་ཤིས་དོན་འགྲུབ་ལགས་སུ་བཅར་འདྲི་བྱས་པར་ཁོང་གིས།  “ ཉེ་ཆར་ཚེ་བརྟན་རྡོ་རྗེ་ལགས་ཀྱིས་ཁོང་གི་ཨ་མ་དང་སྲིང་མོ་གཉིས་བཞག་སྟེ་གསང་སྟབས་ཀྱིས་བལ་ཡུལ་ནང་འཛུལ་རྗེས། བལ་ཡུལ་མདོ་སྨད་རྒྱུན་ལས་ཀྱིས་རྒྱལ་ས་ཀ་ཐ་མན་གྲུ་དང་ཀེ་ལི་མུ་ཊེར་ ༡༤༠ ཡས་མས་ཡོད་པའི་ས་གནས་ནཱ་རན་གྷ་ཊི་ནས་རྟོགས་ཞིབ་དང་རོགས་རམ་གནང་སྟེ་ཡོང་བ་རེད།  ཉིན་དེ་དག་རིང་ཁོང་ལ་རོགས་རམ་ཆེད་ས་གནས་ནས་ཐོག་མར་མི་གཅིག་དང་རྗེས་སུ་མི་གཉིས་ཚེ་བརྟན་རྡོ་རྗེ་དང་མཉམ་དུ་བཏང་བ་ཡིན་མོད། དེ་རིང་ཞོགས་པའི་ཆུ་ཚོད་ ༦།༣༠ སྟེང་བལ་ཡུལ་གྱི་རྒྱལ་ས་ཀ་ཐ་མན་གྲུ་དང་ཀེ་ལོ་མུ་ཊར་ ༡༥ ཡོད་པའི་ཐེང་ཀོ་ཊི་ (Thang kot) ཞིབ་བཤེར་ས་ཚིགས་སུ་བསླེབས་སྐབས་ཉེན་རྟོག་པས་ཁོང་འཇུ་བཟུང་བྱས་འདུག སྐབས་དེར་ཉེན་རྟོག་པས་ཉིན་གཉིས་ལྷག་གི་སྔོན་དུ་ ༼ཕ་ཡུལ་དྲ་རྒྱ༽ ནང་ཁོང་གི་པར་དང་གནས་ཚུལ་བཀོད་ཡོད་པའི་སྐོར་བསྟན་ཏེ། ཀཱ་ལེ་མཱ་ཊེ་ས་གནས་སུ་འཁྲིད་རྒྱུ་ཡིན་ཚུལ་བརྗོད་འདུག་ཀྱང་། རྗེས་སུ་དབུས་ཉེན་རྟོག་ལས་ཁུངས་ཀྱི་མཐོ་རིམ་དཔོན་རིགས་ (SP) ཤིག་གིས་བཀའ་ཕབ་པ་ལྟར། རྒྱལ་ས་ཀ་ཐ་མན་གྲུའུ་ཧཱ་ལི་མན་ཀྲོ་ཀཱ་ཞེས་པའི་ཉེན་རྟོག་ལས་ཁུངས་དུ་འཁྲིད་དེ་ད་ལྟའི་ཆར་དེར་བཀག་ཉར་བྱས་ཡོད་པ་རེད། ” ཅེས་བརྗོད་བྱུང་། 

མདོ་སྨད་དབུས་རྒྱུན་བཀྲ་ཤིས་དོན་འགྲུབ་ལགས་ཀྱིས་བརྗོད་དོན་ལྟར་ན།  ཉེ་ཆར་ཚེ་བརྟན་རྡོ་རྗེ་ལགས་ཀྱིས་ཁོང་གིས་འཐབ་རྩོད་དེ་བལ་ཡུལ་དང་རྒྱ་གར་སུ་གང་ལ་ཕོག་ཐུག་འགྲོ་བའི་ལས་འགུལ་ཞིག་མིན་སྟབས།  གལ་སྲིད། ཉེན་རྟོག་པས་ཁོང་འཇུ་བཟུང་བྱས་པ་ཡིན་ན་ཁོང་གི་ཆེད་དུ་མི་མངགས་གཏོང་བྱེད་པ་དང་དངུལ་གྱི་འགྲོ་སོང་སོགས་བཏང་བ་ཡིན་ན་ཕན་ཐོགས་མེད་པ་བརྗོད་ཡོད་འདུག

 

གནས་ཚུལ་འདིའི་ཐད་བལ་ཡུལ་མདོ་སྨད་རྒྱུན་ལས་ཀྱི་ངོས་ནས་གྲོས་བསྡུར་བྱས་ཏེ་མུ་མཐུད་འབད་བརྩོན་བྱ་འཆར་ཡོད་འདུག

 

 

གསར་འགོད་པ། དོན་གོ  

འབྲེལ་ཡོད་གསར་འགྱུར།

རྒྱ་ནག་གཞུང་གི་ལས་བྱེད་ཡིན་པའི་བོད་མི་ཚོའི་ཁྱིམ་མི་འདས་གྲོས་སུ་གྱུར་བ་ཡིན་ནའང་ཆོས་ཕྱོགས་ཀྱི་བྱེད་སྒོར་ཞུགས་ཆོག་གི་མི་འདུག བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

བོད་རིགས་ལས་བྱེད་ཀྱིས་གཙུག་ལག་ཁང་དུ་ལྟད་མོ་ལྟ་ཆོག་ཀྱང་ཕྱག་འཚལ་མི་ཆོག

༢༠༢༦/༠༢/༢༧
Tibettimes
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་ནས་བསྒྲུབ་བྱ་ཕོ་མོ་གྲངས་དྲུག་ཅུ་རེ་གསུམ་ལ་བར་མ་རབ་བྱུང་དང་དགེ་ཚུལ་གྱི་བསླབ་སྡོམ་སྩལ། 

༢༠༢༦/༠༢/༢༧
Beijing is preparing to host the annual session of the National People’s Congress. Photo: Reuters
Mobile App

རྒྱ་ནག་གཞུང་གིས་དཔོན་རིགས་བཅུ་དགུ་དམར་ཤོག་ཚོགས་པའི་འཐུས་མིའི་ཚོགས་ཆེན་གྱི་ཁོངས་ནས་ཕུད།

༢༠༢༦/༠༢/༢༧
ཧྥ་རན་སིའི་གྲོས་འོག་མའི་ཚོགས་གཞོན་སྐུ་ཞབས་ (Charles De Courson) མཆོག་དང་ཡུལ་དེའི་ཕྱི་སྲིད་བློན་ཆེན་Jean-Noël Barrot མཆོག  པར་དུས་བབ་ཀྱིས་བསྒྲིགས།
Mobile App

ཧྥ་རན་སིའི་ཕྱི་སྲིད་བློན་ཆེན་མཆོག་གིས་བོད་རྒྱ་འབྲེལ་མོལ་བསྐྱར་གསོ་དགོས་པའི་སྐུལ་འདེད་གནང་།

༢༠༢༦/༠༢/༢༧
མགྱོགས་འཕྲིན་ནང་བོད་ཡིག་བོད་སྐད་དང་བོད་ལྭ་གྱོན་པ་འགྲེམས་སྤེལ་བྱས་ཚེ་བཀག་འགོག་བྱེད་ཀྱི་འདུག འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་།
Mobile App

མགྱོགས་འཕྲིན་ནང་བོད་ཡིག་བོད་སྐད་དང་བོད་ལྭ་གྱོན་པ་འགྲེམས་སྤེལ་བྱས་ཚེ་བཀག་འགོག་བྱེད་ཀྱི་འདུག

༢༠༢༦/༠༢/༢༦
tibettimes
Mobile App

བོད་པའི་བྱིས་པ་རྣམས་དགོན་པར་འགྲོ་བར་དམ་དྲག་སྔར་ལྷག་བྱེད་བཞིན་འདུག

༢༠༢༦/༠༢/༢༦

མཆན། 8

  1. ཁྲི་སྲོང་བཙན། says:
    ལོ་ 14 སྔོན།

    ངས་སྔོན་ནས་བཤད་པ་ཡིན། འགྲོ་ས་འདི་ལས་མེད་པ་ངས་སྔོན་ནས་བཤད་པ་ཡིན། ད་འདི་ནས་མཇུག་བསྡུས་པ་རེད། ཡིནའང་ཁོང་གི་སྙིང་སྟོབས་ལ་ངས་ནམ་ཡང་ཡིད་རམས་བྱེད།།

    Reply
  2. thapkegyatso says:
    ལོ་ 14 སྔོན།

    གླིང་ཚ་ཚེ་བརྟན་རྡོ་རྗེ་ཡིས་གང་བཤད་ཐམས་ཅད་ཁ་ཙམ་མི་པར་ར་སྤྲོད་བྱེད་ཀྱིན་འདུག ཨ་མའི་བུ་མི་རྐྱང་རི་ལ་ཆས་པ་དང་མི་འདྲའོ་སྙམ།

    Reply
  3. བུ་ཡུག says:
    ལོ་ 14 སྔོན།

    ཚེ་རྡོར་ལགས་སྐུ་ཉིད་གནས་སྟངས་ཞིག་གོ་ན་བསམ་པའི་མིག་ཅེར་ནས་སྒུག་བཞིན་ཡོད། དེ་རིང་ཞོགས་པ་དུས་བབས་ཁ་ཕྱེ་ནས་ཅིག་ལྟ་དུས་ཐོགས་མར་ངས་མིག་ལམ་དུ་ཤར་བའི་ཡིག་འབྲུ་དག་ནི་བལ་དམགས་གི་འཇུ་བཟུང་བྱེད་པའི་གནས་ཚུལ་དག་རེད། གང་ལྟར་དཔའ་བོ་ཁྱེད་ཀྱི་རྒྱལ་ཞེན་དང་སྤོབས་པ་ལ་གུས་འདུལ་ཞུ། མྱུར་དུ་གློད་གྲོལ་ཐོབ་པ་དང་རྒྱལ་གཅེས་བ་རྒྱལ་གྱུར་ཅིག། བོད་རྒྱལ་ལོ་་་་བསམ་དོན་འགྲུབ་པར་ཤོག།

    Reply
  4. ཡར་ཀླུང་ལྷ་རྗེ། says:
    ལོ་ 14 སྔོན།

    ཁྱེད་ཀྱིས་སྙིང་སྟོབས་ལ་གུས་རྩི་དང་། དགེ་དབང་བར་ཆད་མི་ཡོང་བའི་སྨོན་ལམ། བདེན་པ་ཉིད་རྒྱལ་འགྱུར་ཅིག

    Reply
  5. ལྕོག་རྡོ says:
    ལོ་ 14 སྔོན།

    ཁོའི་བྱ་བ་མཐའ་དག་འབད་མེད་མྱུར་དུ་ལམ་འགྲོ་ཡོང་བ་དང་།མྱུར་དུ་གློད་དཀྲོལ་ཡོང་བའི་སྨོན་ལམ་དང་བཅས་བཀྲ་ཤིས་བདེ་ལེགདས་ཞུ

    Reply
  6. ཤེལ་དཀར་བློ་བཟང་། says:
    ལོ་ 14 སྔོན།

    དུས་བབ་ཀྱིས་དུས་བབ་དང་བསྟུན་ནས་གསར་འགྱུར་མཁོ་འདོན་བྱེད་ཐུབ་ཀྱི་མི་འདུག གནས་ཚུལ་འདིའི་རིགས་ཤིན་ཏུ་གལ་ཆེན་པོ་ཞིག་ཡིན་སྟབས་དུས་ཐོག་ཏུ་མཁོ་སྤྲོད་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད།།
    གླིང་ཚ་ཚེ་བརྟན་རྡོ་རྗེ་མཆོག་གི་སྐུ་གེགས་མཐའ་དག་ཞི་ནས་བསམ་དོན་ལྷུན་གྱིས་འགྲུབ་པའི་སྨོན་འདུན་བཅས།།

    Reply
  7. བསོད་ནམས་རྒྱ་མཚོ། says:
    ལོ་ 14 སྔོན།

    གང་མགྱོགས་གློད་དཀྲོལ་ཡོང་བའི་སྨོན་ལམ་འདེབས་བཞིན་ཡོད། དར་དམར་འཕྱར་བའི་དྲིན་སྡུག་པོ་རང་གཏོང་མི་ཡོང་། ཏོག་ཙམ་གུ་ཡངས་ཡོད་དགོས་ངེས་རེད། 

    Reply
  8. སྐར་མདའ། says:
    ལོ་ 14 སྔོན།

    བོད་ཀྱི་ཞི་བའི་འཐབ་རྩོད་པ་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་བལ་དམག་སྤྱང་ལྟོགས་ཚོའི་ཁ་ནས་མྱུར་དུ་ཐར་བར་ཤོག ཁོང་ལ་རྒྱབ་སྐྱོར་དང་གདུང་སེམས་མཉམ་བསྐྱེད་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese