ཆཱེ་ཁཱ་གྷོ་རུ་ཚོགས་པའི་ཎ་ཊོ་ཚོགས་ཆེན་ཐོག་པཱ་ཀི་སི་ཐན་གྱིས་ཨ་རིས་བཏོན་པའི་གྲོས་གཞི་ཁས་ལེན་མ་བྱས་སྟབས། ཕྱོགས་གཉིས་བར་འགལ་ཟླ་ཤུགས་ཆེ་རུ་གྱུར་འདུག
ཟླ་འདིའི་ཕྱི་ཚེས་ ༢༠ དང་ ༢༡ ཉིན་གཉིས་རིང་ཆཱེ་ཁཱ་གྷོ་ (Chicago) རུ་རྒྱལ་ཁབ་ ༢༨ ལས་གྲུབ་པའི་ཎ་ཊོའམ་ནུབ་རྒྱ་མཚོའི་གནའ་མཐུན་ལྷན་ཚོགས་ཀྱི་ཚོགས་ཆེན་ཚོགས་ཡོད་ཅིང་། ཚོགས་ཆེན་སྟེང་ཨབ་གྷན་ནང་གི་ཎ་ཊོའི་དམག་དཔུང་ཕྱིར་འཐེན་བྱ་ཕྱོགས་ཐད་གྲོས་བསྡུར་ཤུགས་ཆེར་བྱུང་ཡོད་པ་དང་། ཨོ་བྷ་མས་ཨབ་གྷན་ལ་རོགས་སྐྱོར་ཅ་དངོས་རིགས་པཱ་ཀི་སི་ཐན་བརྒྱུད་དབོར་འདྲེན་བྱ་དགོས་པའི་གྲོས་གཞི་བཏོན་པ་དེར། པཱ་ཀི་སི་ཐན་གྱི་སྲིད་འཛིན་ཛར་ཌ་རེ་ཡིས་ཁས་ལེན་བྱས་མེད་པ་མ་ཟད། འདས་པའི་ལོ་འགའི་རིང་ཨ་རིས་ཨབ་གྷན་གྱི་དམག་འཁྲུག་ལ་ཁ་གཡར་ཏེ། པཱ་ཀི་སི་ཐན་གྱི་ས་ཁོངས་བེད་སྤྱོད་ལོག་པར་བཏང་པ་མ་ཟད། བྷེན་ལཱ་ཌན་དམར་གསོད་དང་པཱ་ཀི་སི་ཐན་མཐའ་སྲུང་དམག་ལ་གཏོར་རྒོལ་བཏང་པ་སོགས། པཱ་ཀི་སི་ཐན་གྱི་བདག་དབང་སྲུང་སྐྱོབ་ལ་གནོན་པའི་བྱ་སྤྱོད་རིགས་ཐེངས་མང་སྤེལ་ཡོད་པའི་སྐྱོན་བརྗོད་བྱས་ཡོད་འདུག
ཨ་རི་དང་པཱ་ཀི་སི་ཐན་ཕྱོགས་གཉིས་ཀྱིས་ཐེངས་འདིའི་ཚོགས་ཆེན་གྱི་གོ་སྐབས་དང་བསྟུན་ནས། ཨོ་བྷ་མ་དང་ཛར་ཌ་རེ་གཉིས་ཐུག་འཕྲད་ཐོག་ཕྱོགས་གཉིས་ཀྱི་ཕྱི་འབྲེལ་གོང་འཕེལ་གཏོང་རྒྱུར་གྲོས་བསྡུར་བྱ་རྒྱུའི་རེ་བ་བྱས་ཡོད་ཀྱང་། ཚོགས་ཆེན་སྟེང་དོན་རྐྱེན་དེ་བྱུང་རྗེས་ཨོ་བྷ་མས་པཱ་ཀི་སི་ཐན་གྱི་སྲིད་འཛིན་ཛར་ཌ་རེ་དང་ཐུག་འཕྲད་མ་བྱས་པར་བརྟེན། ཛར་ཌ་རེ་ལག་སྟོང་ངང་ཕྱིར་ལོག་དགོས་བྱུང་ཡོད་འདུག
གསར་འགོད་པ། བནྡེ་སྐྱབས།
ད་འདི་ཚོས་ཅི་ཞིག་འཁྲབ་ཀྱིན་ཡོད་པ་སུས་ཚོད་དཔག་ཐུབ།
ངས་བསམ་ན་པ་ཀི་སི་ཐན་ལ་ངོ་མ་ཁག་ཡོད་པ་མ་རེད། སྟོབས་ཆེན་རྒྱལ་ཁབ་དེ་ཚོས་ཚོད་ཟིན་དགོས་པ་རེད་སྙམ།
པ་ཀི་སི་ཐན་ལ་རྒྱ་ཡིས་ངན་སྐུལ་བྱས་ཡོད་པ་དང་། དེས་ཕན་ཐོགས་ཡོང་རྒྱུ་ཁག་པོ་རེད། དཔེར་ན་བལ་ཡུལ་དང་མཚུངས་པ་ཞིག་རེད། རྒྱ་ཡིས་ནང་དཀྲུག་གིས་ཁེ་ཕན་རག་ཐབས་ལས། དོན་དངོས་དམར་ཤོག་དང་ མང་གཙོ་བས་བལྟ་བ་མཉམ་གནས་ཐུབ་རྒྱུ་ཧ་ཅང་ཁག་པོ་རེད། དེང་སྐབས་རྒྱ་ཡི་གྲོཊ་ཉམས་པའི་དུས་འདིར་པ་ཀི་སི་ཐན་ལྐུག་སྐད་འདོན་པ་འདི་སླར་ཡང་ཉམས་ཉེས་སུ་ཁ་ཕྱོཊ་པ་དང་། རང་འགོ་རང་འདོན་གྱིས་བསམ་བློ་གཞན་སྐྱོན་ཆེན་པོ་རེད།