མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ང་གང་དུ་འགྲོ་སྲིད།

བོད་ཀྱི་དུས་བབ།
༢༠༡༢/༠༥/༢༣
Share on FacebookShare on TwitterShare on EmailShare on Whatsapp


ད་ལྟ་རིང་བོད་སྐྱོད་པ་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ཀྱིས་འདི་ག་དུས་བབ་དྲ་ཐོག་གི་ཁོ་རང་གི་ཟིན་བྲིས་ནང་༼ མི་རིང་བར་ང་གང་དུ་འགྲོ་སྲིད ༽ཅེས་པའི་འཕྲིན་ཐུང་ཞིག་སྤེལ་ཡོད་པའི་ནང་། ཉིན་འདི་གར་ཁོ་རང་གི་བཟའ་བཏུང་ཡོངས་རྫོགས་ཕྱི་གླིང་བ་ཞིག་ལ་བརྟེན་ཏེ་བསྡད་ཡོད་པ་དང་། བལ་ཡུལ་ཉེན་རྟོག་པས་མ་འོངས་པར་ཁོ་གང་ཞིག་ཏུ་འཁྲིད་རྒྱུ་ཡིན་མིན་ཆ་མ་འཚལ་བའི་སྐོར་བཀོད་འདུག

ཟིན་བྲིས་ནང་བཀོད་དོན། “ད་ལྟ་ངའི་བཟའ་བཏུང་ཨ་རི་བ་ཞིག་ལ་བརྟེན་ཡོད། བཟུང་ནས་ཉིན་གསུམ་པ་རེད། ཨ་རི་བ་འདིས་བཀའ་དྲིན་ལ་བརྟེན་ངས་ཡི་གེ་ཁ་ཤས་ཤིག་བྲིས་པ་ཡིན། འགྲོ་བ་མིའི་ཐོབ་ཐང་གི་ལས་མི་བོད་པ་ཞིག་ང་ལ་ཐུག་འཕྲད་དུ་སླེབས་སོང་། མི་རིང་བར་བལ་ཡུལ་གནས་བསྡོད་བོད་མི་འགའི་ང་ལ་ཟས་སོང་དང་གོན་པ་ཁུར་ནས་ཡོང་རབས་འདུག གཅིག་བྱས་ན་རྒྱ་ནག་སྲིད་གཞུང་ལ་སྤྲད་ཀྱང་སྲིད། དེ་ཉིན་ནས་ངས་ཞི་བའི་འཐབ་རྩོད་ཀྱི་འགོ་འབུས་པ་རེད།” ཅེས་བཀོད་འདུག

བོད་སྐྱོད་གོམ་བགྲོད་པ་གླིང་ཚ་ཚེ་རྟེན་རྡོ་རྗེ་ལགས་ཟླ་འདིའི་ཕྱི་ཚེས་ ༢༡ ཉིན་གྱི་ཞོགས་པའི་ཆུ་ཚོད་ ༦།༣༠ ཙམ་ལ་བལ་ཡུལ་རྒྱལ་ས་དང་བར་ཐག་སྤྱི་ལེ་ ༡༥ ཙམ་གྱི་སར་ཡོད་པའི་ཐེང་ཀོ་ཊི་ཞིབ་བཤེར་ས་ཚིག་སུ་འབྱོར་སྐབས། བལ་ཡུལ་ཉེན་རྟོག་པས་འཛིན་བཟུང་བྱས་ཏེ་རྒྱལ་ས་ཀ་ཐུ་མན་གྲུའི་ཧ་ནོ་མན་ཀྲོ་ཀཱ་ཉེན་རྟོག་ཁང་དུ་འཁྲིད་ཡོད་ཅིང་། ཁ་སང་དང་དེ་རིང་བཅས་སུ་འདི་གའི་གསར་འགོད་པས་ངྷ་ས་མདོ་སྨད་དབུས་རྒྱུན་སོགས་འབྲེལ་ཡོད་གཞན་དག་ལ་རྩད་གཅོད་བྱས་ཀྱང་། ཁོང་གི་སྐོར་ལ་གནས་ཚུལ་གཞན་ཤེས་རྟོགས་མ་ཐུབ།

འབྲེལ་ཡོད་གསར་འགྱུར།

Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

ཆུ་ཚོད་ ༢ སྔོན་ལ།
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

ཆུ་ཚོད་ ༣ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

ཆུ་ཚོད་ ༣ སྔོན་ལ།
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

ཆུ་ཚོད་ ༤ སྔོན་ལ།
བྷི་རུའུ་ཁིན་སི་བསམ་མཛོད་བསྟི་གནས་ཁང་དུ་བོད་དོན་བཞུགས་མོལ་ཚོགས་འདུ་འཚོགས། ༢༠༢༥།༠༥།༠༧ སྲིད་སྐྱོང་གི་ངོ་དེབ་ཀྱི་པར།
Mobile App

སྲིད་སྐྱོང་མཆོག་གིས་ཨ་རིའི་གྲོས་ཚོགས་མི་སྣ་ཁག་ཅིག་ལ་མཇལ་འཕྲད་གནང་།

ཆུ་ཚོད་ ༤ སྔོན་ལ།
The Jacques Marchais Museum of Tibetan Art is home to one of the largest collections of Himalayan artifacts in America.Photo:NYCMayorsOffice
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དབུས་འཛམ་གླིང་གི་སྐྱེས་ཆེན་ཁག་ཅིག་གི་སྐུ་ཚེའི་ལོ་རྒྱུས་དང་འབྲེལ་བའི་འགྲེམས་སྟོན་ཞིག་ཞུ་རྒྱུ་ཡིན་འདུག 

༢༠༢༥/༠༥/༠༨

མཆན། 17

  1. བཛྲ་སུ་མ་ཏི། says:
    ལོ་ 13 སྔོན།

    ཁོང་གི་བཟའ་བཏུང་ཕྱི་གླིང་བ་ཞིག་ལ་བརྟེན་ཡོད་ཅེས་བ་ཁོང་ལ་པད་ཤག་མེད་ལབ་ཀྱི་ཡོད་རེད་པས། ཉེ་ཆར་ཞིག་ལ་ཁོང་ཚོ་ལ་རོགས་སྐྱོར་པ་རྣམས་ཀྱིས་རོགས་དངུལ་ཕལ་ཆེར་འབུམ་གསུམ་བཞི་ཞིག་རེག་ཡོད་ས་ཡོད། དངུལ་དེ་དག་ག་རེ་བྱས་རེད། བལ་ཡུལ་ཉེན་རྟོག་པས་འཕྲོག་སོང་བ་ཡིན་ནམ། བཙོན་ཁང་ནང་དངུལ་བེད་སྤྱོད་མེད་པ་རེད། འཕྲིན་ཐུང་ནང་གནས་ཚུལ་གསལ་བོ་ག་རེ་བྱས་ནས་མ་བརྗོད་པ་རེད། ཁོང་གི་སྙིང་སྟོབས་ལ་བསྔགས་བརྗོད་ཡོད་མོད། བྱས་སྟངས་ཁ་ཤས་དྲང་བདེན་ཡིན་མིན་དོགས་པ་རང་ཤུགས་ཀྱིས་བྱུང་།

    Reply
  2. རྒྱ་རྙི། says:
    ལོ་ 13 སྔོན།

    ནད་པ་ལགས། འཇིག་རྟེན་གྱི་གཏམ་དཔེར་སྐད་ཆ་སོམས་ནས་ཤོད་ཟེར་སྲོལ་ཞིག་ཡོད་པ་ལྟར། ཁྱོད་ཀྱིས་རང་ཉིད་ཀྱི་དམིགས་ཡུལ་དང་། བོད་པ་རྨོངས་ཞེན་པ་ཁག་གི་བསམ་བློར་ཚད་བཞག་སྟེ་སྐད་ཆ་ཤོད་པ་དེ་ནོར་འདུག
    འཐབ་རྩོད་པ་ཚེ་རྡོར་ཕྱི་རྒྱལ་ལ་འགྲོ་རྒྱུར་གོ་སྐབས་མ་ཐོབ་པ་ཞིག་མ་རེད། ཁོང་གི་མཛའ་མོ་ཨེ་ཛི་རལ་གྱི་མི་དང་ཨ་རིའི་མི་སེར་རེད་འདུག རང་ལ་༢་ཅན་གྱི་བྱིས་པ་དང་ཟླ་བ་༨་ཅན་གྱི་བྱིས་པ་ཚང་མ་གཡུག་ཏེ་གཟའ་ཟླ་དང་ཁྲིམས་ཐོག་ནས་ཁ་ཁར་བྱས་ཏེ་ཡོང་དགོས་པ་འཐབ་རྩོད་ཁོ་ནས་ཆེད་མ་གཏོགས་ཆབ་སྲིད་པ་ཚོ་ལྟ་བུར་ཁེ་ཕན་གྱི་དམིགས་ཡུལ་ཅིག་མ་རེད།
    དེང་སང་བཙོན་ཁང་ནང་དཀའ་ངལ་ཆེ་བའི་དུས་སྐབས་ཤིག་ལ་ཁྱོད་ཀྱིས་གདུང་སེམས་མཉམ་བསྐྱེད་བྱེད་རྒྱུ་ཕར་ཞོག རྒྱག་གཏམ་གཡག་རོ་འདྲ་བཤད་ནས་འདུག་པ་འདིས་ཁྱོད་རང་ངོ་མ་མིང་དོན་མཚུངས་བའི་ནད་པ་ཞིག་དང་ད་དུང་སེམས་གཅོང་གི་ནད་པ་ཞིག་ཡིན་པར་ངོས་འཛིན་ཐུབ་ཀྱིན་འདུག
    དྲང་བཤད་བྱས་ན་ཁྱོད་རང་ཆབ་སྲིད་བཙོན་ཟུར་རེད། ཆབ་སྲིད་བཙོན་ཟུར་ཟེར་དུས་བོད་མི་རིགས་ཀྱི་འཐབ་རྩོད་ཆེད་བཙོན་ཁང་ལ་སོང་ཚུལ་བཤད་ཀྱིན་ཡོད་པ་རེད། དེང་སང་གི་བཙོན་ཟུར་ཚོར་ལྟོས་དང་། རང་ཉིད་ཕྱི་རྒྱལ་ལ་འགྲོ་འདོད་ཁོ་ནས་ཚོང་ལམ་ཙམ་ལས་བསམ་བློ་མེད་པ་འདི་ངོ་མ་སྐྱོ་བོ་མ་རེད་དམ། ཆབ་སྲིད་བཙོན་ཟུར་ཚོར་མང་ཙམ་བཤད་རྒྱུ་འདུག་མོད་དེ་ཙམ་གྱིས་ཆོག་རོགས་བྱོས།

    Reply
  3. བསོད་ནམས་རྒྱ་མཚོ། says:
    ལོ་ 13 སྔོན།

    རང་བཙན་དང་དབུ་ལམ་བར་དཀྲུག་མཁན་སུ་ཡིན་མིན་ཕྱི་གསལ་ནང་གསལ་རེད་དཀྲུག་རྒན་མཁན་པོ་སྲོང་བཙན་ལགས། གཞོན་ནུས་ལས་འགུལ་སྤེལ་སྐབས་སུ། ༧ གོང་ས་མཆོག་ལ་དད་མདོག་གི་རྣམ་འབྱོར་སྟོན་ཏེ་རང་བཙན་གྱི་ལྟ་གྲུབ་ལ་སྐྱོན་འཛུག་སྟེ་དཀྲུག་མཁན། སྐབས་རེ་དབུ་ལམ་ལ་བཀག་སྟེ་སྐྱོན་འདོགས་སྣ་ཚོགས་བྱེད་མཁན་དེ། གསར་འགྱུར་འདིའི་ནང་དུ་མཆན་བརྒྱབ་སྟེ་མཐོག་མར་རྙོག་དྲ་བསླངས་སྟངས་ནས་ཤེས། ད་དུང་ཁྱོད་ཀྱིས་ དེ་རིང་ཚེ་རྡོར་གུ་ཡངས་ཀྱི་སྐད་ཆ་བཤད་པར་ཧ་སོང་ཟེར། ངས་ཚེ་རྡོ་མ་བུ་གསུམ་གྱིས་དར་དམར་འཕྱར་བའི་ལས་འགུལ་ཕུད་ཁོང་ལ་གུ་ཡངས་མེད་པའི་སྐད་ཆ་གང་དུ་བཤད་སོང་ངམ། གསལ་འདོན་གནང་རོགས། དྲ་འབུ་སྲོང་བཙན་ལགས། ཁྱོད་ཀྱིས་ང་ལ་ཕུ་དཀྲུག་མདའ་དཀྲུག་མི་བྱེད་པའི་ཞུ་བ་འཕུལ་བ་དེ་ཆེད་མངགས་དམར་གཞུང་ངོ་སྲུང་ཕྱིར་གཡོ་ལས་བྱེད་འདོད་རེད་དམ།  ཡང་ན་རང་སྐྱོན་འགེབས་ཕྱིར་རེད།  ཁྱེད་ལ་དངོས་གནས་མི་རིགས་ཀྱི་ལ་རྒྱ་ཡོད་ན་གཞན་སྐྱོན་མ་བརྟག་གོང་རང་ཉིད་རྟོག་ན་བཟང་།

    Reply
  4. ནད་པ says:
    ལོ་ 13 སྔོན།

    ང་གང་དུ་འགྲོ་སྲིད་ཅེས་པའི་མིང་ཚིག་འདིའི་གོ་དོན་རྟོགས་སླ་པོ་ཡིན། གང་ཡིན་ཟེར་ན་བོད་མི་ཚང་མའི་མཐར་གཏུགས་ཀྱི་འགྲོ་སའི་དམིགས་ཡུལ་ངོ་མ་དེ་ནི་ནུབ་ཕྱོགས་ཨ་རི་ཟེར་བའི་ལུང་པ་དེ་རང་ཡིན།

    ཁྱེད་རང་ཡང་ཉིན་ཤས་སམ་ཟླ་ཤས་ཤིག་བལ་ཡུལ་དུ་ལུས་རྒྱུ་དང་དེ་ནས་ཁྱེད་ཀྱི་ཨ་མ་དང་གཅིག་མཚུངས་སུ་རྡ་སར་ཕྱིར་ལོག་བྱ་རྒྱུ་ལས་ལས་ལྷག་མེད།

    རྡ་སར་ཕེབས་ནས་གསར་འགོད་པར་ཚོར་བཅར་འདྲི་འགའ་ཤས་ཤིག་དང་ལེན་བྱས་ཏེ་གཟུགས་གཞི་བདེ་ཐང་མེད་པའི་གནས་ཚུལ་འོག་གང་མགྱོགས་ཨ་རིར་སྨན་བཅོས་ཀྱི་ཆེད་དུ་ཕེབས་ཐུབ་རྒྱུར་རེ་བ་དང་མདུན་ལམ་ལྡན་ཡོད།

    དེ་ནི་ཁྱེད་རང་གཅིག་པུའི་དམིགས་ག་ལ་ཡིན། ང་ཚོའི་བོད་རིགས་མི་དམངས་ཡོངས་ཀྱི་དམིགས་ཡུལ་ངོ་མ་ཡང་ཁ་གསལ་པོར་བྲཇོད་ན་དེ་ག་རང་ཡིན།

    ཡིན་ནའང་ཁྱེད་རང་ཨ་རིར་ཕེབས་པ་དང་བོད་མི་གཞན་དག་ཨ་རིར་ཕེབས་པའི་གནས་དེ་རྦད་དེ་ཐ་དད་པ་ཞིག་ཆགས་རྒྱུ་རེད། གང་ལྟར་ཡང་བོད་དོན་ཆེད་གོམ་བགྲོད་གནང་བར་ཡི་རང་ཡོད།

    Reply
  5. གསེར་འབྲུག་སྡེར་ལྔ་ says:
    ལོ་ 13 སྔོན།

    སྲོང་བཙན་མིང་ཅན་ལགས།
    ཁྱེད་ཀྱིས་འདི་ལྟར་་་(ཁྱོད་ལྟ་བུའི་བློས་གཏོང་གི་དཔའ་བོ་མང་པོ་ཞིག་ཡོད་ན་འུ་ཚང་ད་ལྟའི་རྒྱ་དམར་གྱི་(གདུག་)སྡུག་རྩུབ་ལས་རྣམ་པར་རྒྱལ་ཐུབ།) ཞེས་ད་ལྟ་བར་བློས་གཏོང་གི་དཔའ་བོ་མ་བྱུང་བ་འདྲ་ཞིག་གསུངས་བར། སྤྱིར་གླིང་ཚ་ལགས་ཀྱིས་བློས་བཏང་གི་མཛད་རྗེས་ལ་བསྟོད་པར་འོས་པ་རེད་ལ་དགའ་འོས་པ་ཡང་རེད། འོན་ཀྱང་གཞིས་ལུས་དཔའ་བོ་དང་དཔའ་མོ་རྣམས་ཀྱིས་བློས་གཏོང་དང་བཙན་བྱོལ་ནང་གི་དཔའ་བོ་ཐུབ་བསྟན་དངོས་སྒྲུབ་དང་དཔའ་བོ་འཇམ་དཔལ་ཡེ་ཤེས་ལྟ་བུའི་བློས་གཏོང་གི་མཛད་རྗེས་ལྷག་ཅིག་མེད་པ་རེད། བྱས་ཙང་བསྟོད་ན་བསྟོད་སྟངས་ཞིག་ཡོད་པ་རེད་ལ་སྨད་ན་སྨད་སྟངས་ཞིག་ཀྱང་ཡོད་པ་རེད། དེས་ན་དཔའ་བོ་གླིང་ཚ་ལགས་ལ་བསྟོད་པ་བཞིན་གཞིས་ལུས་ཀྱི་དཔའ་བོ་དང་དཔའ་མོ་རྣམས་དང་བཙན་བྱོལ་ན་དཔའ་བོ་ཐུབ་བསྟན་དངོས་སྒྲུབ་དང་དཔའ་བོ་འཇམ་དཔལ་ཡེ་ཤེས་ལ་སོགས་པ་ཡང་མ་བརྗེད་པ་གནང་ལ།

    Reply
  6. གསེར་འབྲུག་སྡེར་ལྔ་ says:
    ལོ་ 13 སྔོན།

    གླིང་ཚ་ཚེ་རྡོར་ལགས་ཀྱི་སྙིང་སྟོབས་ལ་ངས་ནམ་ཡང་གུས་བརྩི་དང་བསྔགས་བརྗོད་ཡོད་ལ། མཚོན་རྟགས་འཇིགས་སུ་རུང་བ་དང་སྡུག་རྩུབ་རང་བཞིན་ལྡན་པའི་ཏང་དར་དམར་པོ་ལྷབ་ལྷུབ་ཏུ་འཕྱར་བར་ངོ་རྒོལ་ལ་འགྱུར་བ་མེད།
    འོན་ཀྱང་སྐབས་བབས་ཀྱི་ཁོང་གི་གནས་སྟངས་ལ་བཟང་ངན་ཇི་ཡོང་མི་ཤེས་པས་ཚང་མས་ཁོང་བདེ་གྲོལ་ཡོང་བར་འབད་དགོས་ངེས་རེད།
    བལ་དམག་གིས་ཁོང་ནམ་ཡང་གུང་དམག་ལ་རྩིས་སྤྲོད་མི་སྲིད་པ་རེད། བལ་དམག་གིས་གུང་དམག་ལ་རྩིས་སྤྲོད་རྒྱུ་དེ་བོད་ནས་ཧི་མཱ་ལའི་རི་བོ་རྒལ་ནས་རེ་བའི་མིག་འབུར་༧གོང་ས་མཆོག་གིས་དབུས་བཙན་བྱོལ་གཞུང་ལ་གཏད་ནས་ཡོང་མཁན་ཚོ་རེད་ལ། དེ་ནི་བལ་དམག་གིས་གུང་དམག་ལ་འབུལ་མཚོན་གལ་ཆེན་ཞིག་རེད་ལ་གུང་དམག་གིས་ཀྱང་དགའ་དགའ་སྤྲོ་སྤྲོའི་ངང་ལེན་གྱི་ཡོད་པ་རེད། གླིང་ཚ་ནི་དེ་ལྟར་མ་ཡིན་ཏེ། རྒྱ་གཞུང་གིས་ཕྱི་རྒྱལ་ནས་རྒྱལ་ནང་དུ་རྙོག་དྲ་སློངས་མཁན་ཞིག་ནམ་ཡང་རྩིས་སྤྲོད་ཤོག་ལབ་མི་སྲིད་པ་རེད། ད་དུང་བལ་དམག་ལ་གུང་གཞུང་གིས་བཀོད་མངགས་ཟིན་ཡོད་རྒྱུ་རེད། བལ་གཞུང་ལ་གུང་གཞུང་གིས་བཀའ་ག་རེ་བཏང་བཏང་རེད་པ། བྱས་ཙང་གླིང་ཚ་ཁོང་ཕར་བོད་ལ་ཡང་མ་སླེབས། ཚུར་རྒྱ་གར་ལ་ཡང་ལོག་མི་ཐུབ་བྱེད་རྒྱུའི་ཉེན་ཁ་ཆེན་པོ་ཡོད་པ་རེད། ང་ནི་དེའི་ཐོག་སེམས་ཕྲལ་རང་བཞིན་གྱིས་ཡོང་གི་འདུག།

    Reply
  7. མི་རྒོད། says:
    ལོ་ 13 སྔོན།

    གླིང་གི་དཔའ་རྒོད་ཁྱེད་ཉམས་ཐག་རྒྱལ་ཁབ་གི་བཙོན་ནང་ཆུད་པ་ང་ཚོའི་བརྗོད་པ་ཅི་མ་དགོས། ང་ནི་བོད་དོན་འཐབ་རྩོད་པ་ཀུན་ལ་དོ་སྣང་དང་། རོགས་སྟེགས་ཞུ་ཁུལ་བྱེད་པ་ཞིག་ཡིན་པས་ད་རེ་ཁྱེད་ནས་མཆན་སྤེལ་བྱེད་ཐུབ་པ་ཧ་ཅང་དགའ། བོད་མིའི་རྩ་དོན་ཆེད་སྲིད་དོན་པ་བཙོན་ནང་ཚུད་པ་གྲངས་ལས་འདས། ཡིན་ཡང་མང་གཙོ་རྒྱལ་ཁབ་ནང་བོད་མི་ཆབ་སྲིད་འཐབ་རྩོད་པ་བཙོན་ནང་ལོ་མང་བཞུགས་མཁན་བྱུང་མྱོང་མེད་པས་དངོས་ནས་དཔའ་རྒོད་ཁྱེད་ཀྱི་བོད་དོན་འཐབ་རྩོད་ལམ་གསར་ཞིག་བསྐྲུན་འདུག། སྙིང་དབུས་ནས་བཀྲིན་ཆེ། ཁྱེད་ཀྱི་བསམ་འདུན་གསར་ལམ་དུ་འགོད་རྒྱུ་གལ་ཆེ་བས་གང་ཐུབ་གནང་དགོས་ བོད་ཀྱི་འཐབ་རྩོད་ཀུན་རྣམ་པར་རྒྱལ་གྱུར་ཅིག།།

    Reply
  8. སྲོང་བཙན། says:
    ལོ་ 13 སྔོན།

    བསོད་ནམས་རྒྱ་མཚོ་མིང་ཅན་ལ། གཏམ་དཔེ་ཅིག་ཡོད་པ་རེད། ཤ་མ་ཟ་ཟེར་མཁན་བླ་མ་རེད། ཤ་ཚོན་པོ་ཟ་མཁན་བླ་མ་རེད་ཟེར་བ་ལྟར་རང་བཙན་དང་དབུ་མའི་བར་ཏུ་ཕུ་དཀྲུགས་མདའ་དཀྲུགས་བྱེད་མཁན་ཁྱོད་དང་ཁྱོད་ལྟ་བུའི་དྲ་འབུ་ཚོ་རེད།
    ཁྱོད་ཚོས་རང་བཙན་གྱི་མིང་ཐོག་ནས་དབུ་མར་དམའ་འབེབས་དང་སྐྱོན་བརྗོད་བྱས། དབུ་མའི་མིང་ཐོག་ནས་རང་བཙན་ལ་སྐྱོན་བརྗོད་བྱས། ཕྱོགས་གཉིས་ལ་ངར་ཆུ་བླུགས་མཁན་དེ་ཁྱོད་ཚོ་དོགས་ཡོད་ཚོ་རེད་མ་གཏོགས་གཞན་གང་ཡང་མ་རེད།
    དེ་རིང་རང་གིས་ཚེ་རྡོར་ལ་གུ་ཡངས་ཀྱི་སྐད་ཆ་ཞིག་བཤད་པར་ངོ་མ་ཧང་སོང་། རྒྱུན་དུ་ཁྱོད་ལ་འདི་ལྟར་སེམས་པ་ཞིག་ཡོད་ན་ནང་དཀྲུགས་ཀྱི་འཁོར་ལོ་བསྐོར་དགོས་པ་མི་འདུག་པས། བུ་རྒོད་པོ། བོད་སྤྱི་དོན་བསམ་ན་དྲ་ངོས་ནས་དཀྲུགས་ཤིང་མ་བྱེད་རོགས། ཁྱོད་རང་ཉིད་ལ་དར་དམར་འཕྱར་བར་ངོ་རྒོལ་གྱི་ལངས་ཕྱོགས་ལ་འགྱུར་བ་མེད་པ་བཞིན་ཚོགས་སྡེ་དང་མི་སྒེར་སུར་ཡང་རང་ཉིད་ལ་ལངས་ཕྱོགས་དང་ལྟ་གྲུབ་ཡོད་ཆོག་གི་རེད། འདི་སེམས་ལ་ཉར་ཏེ་བསམ་ཤེས་གནང་རོགས།

    Reply
  9. བསོད་ནམས་རྒྱ་མཚོ། says:
    ལོ་ 13 སྔོན།

    ངས་ཚེ་རྡོར་ཁྱེད་ལ་དཔའ་བོ་ཞིག་ལ་ངོས་འཛིན་ཞུ་བཞིན་ཡོད། ཁྱེད་ཀྱི་སྙིང་སྟོབས་དང་ལྷག་བསམ་ལ་རྗེས་སུ་ཡི་རང་བྱེད་ཀྱིན་ཡོད། གལ་ཏེ་ཡིད་མ་ཆེས་ན་ངས་བཏབ་པའི་སྔོན་གྱི་མཆན་ལ་གཟིགས་དང་མཁྱེན་ངེས་རེད། ཁྱེད་ཐོག་མར་བརྡ་ས་ནས་འཐོན་དུས་ཁྱེད་མ་བུ་གསུམ་ལ་ཐེག་ཆེན་གང་ཟག་ཞིག་གི་ཚད་བཟུང་ཡིན། དེ་རྗེས་དར་དམར་འཕྱར་བར་མཐོང་དུས་སེམས་ཀྱི་གཏིང་ནས་མ་སྐྱེད་པ་ཆགས་སོང་ནའང་། མི་འདོད་པའི་རྣམ་འབྱོར་གང་ཡང་བསྟན་མེད། གཞོན་ནུ་ཚོགས་པས་རང་ཉིད་ཀྱི་ལངས་ཕྱོགས་གཞི་འཛིན་ཐོག་དར་དམར་ཕྱར་བར་ངོ་རྒོལ་ཡོད་པའི་བསྒྲགས་གཏམ་སྤེལ་རྗེས་དབུ་མའི་ལས་འགུལ་ཁང་ཟེར་བ་འདིས། གཞོན་ནུའི་ཁ་གཏད་དུ་ལངས་པ་བརྟེན། མི་དམངས་ནང་དུ་བསམ་ཚུལ་འདྲ་མིན་དུ་སླེབ་པར་མ་ཟད་མི་འབོར་མི་ཉུང་བ་ཞིག་གིས་དར་དམར་མ་འཁྱེར་བའི་བསམ་ཚུལ་བཏོན། སྐབས་རེ་རང་བཙན་གྱི་ལྟ་བ་དང་དབུ་ལམ་གཉིས་ཀྱི་དབར་ལ་སྐྱོན་བརྗོད་དང་འགལ་ཟླ་ཇེ་ཆེར་འགྲོ་བཞིན་པ་བརྟེན། ང་དང་ལངས་ཕྱོགས་གཅིག་པའི་མི་མི་ཉུང་བ་ཞིག་གིས་ཁྱེད་ལ་དར་དམར་མ་འཁྱེར་བའི་འབོད་སྐུལ་ཞུ་མཁན་འཛམ་གླིང་གང་སར་ནས་ཡང་ཡང་བྱུང་ནའང་ཁྱེད་ཀྱིས་དགོངས་བཞེས་གནང་མེད། ཡིན་ཡང་རྒྱ་དམར་གྱི་རྗེས་འབྲང་། དར་དམར་གཙུག་ཏུ་སྐུར་མཁན་སྲོང་བཙན་མིང་ཅན་སོགས་ཀྱིས་ང་ལ་སྙད་འདོགས་ག་རེ་བྱེད་ནའང་། བདག་གིས་ཁྱེད་ཀྱི་ལས་འགུལ་ལ་རྒྱབ་སྐྱོར་ཞུ་བཞིན་མཆིས་པ་མ་ཟད་ཁྱེད་ཀྱི་ཀུན་སློང་རྣམ་དག་ཡིན་པ་ངོས་འཛིན་ཞུ་སྟེ་སྐུ་ཉིད་ཀྱི་གནས་སྟངས་ལ་བློ་འཚབ་སྐྱེ་ནས་བསྡད་ཡོད། འོན་ཀྱང་རང་ཉིད་ཀྱིས་ཁྱེད་ཀྱིས་དར་དམར་འཕྱར་བར་ལྟ་ཚུལ་ལ་དུས་ནམ་ཡང་འགྱུར་བ་མེད་ལ་ངོ་རྒོལ་མཐའ་གཅིག་ཏུ་ཡོད། དར་དམར་འཕྱར་མཁན་ལ་ངོ་རྒོལ་བྱེད་དུས་སྒེར་གྱི་གནད་དོན་རྩིས་ན་བྱ་ཐབས་བྲལ་ལོ།། ཁྱེད་དཀའ་ངལ་ཕྲད་བཞིན་པའི་དུས་འདིར་དར་དམར་སྐོར་གླེང་འདོད་མེད་ནའང་དྲ་འབུ་སྲོང་བཙན་གྱིས་མ་གླེང་ཐབས་མེད་བཟོས་སོང་ངོ་།།

    Reply
  10. རེབ་ཐོག་མདའ says:
    ལོ་ 13 སྔོན།

    གླིང་ཚ་ལགས
    དེ་རིང་ངའི་ཁྱོད་གླེང་གིན་མིན། ཁ་སང་ཞིག་ནས་ངེད་ཚང་གི་སྡེ་འདི་ན་ཁྱོད་གླེང་མཁན་མང་གི། ཡིན་ཡང་ཁྱོད་དང་འདྲ་གཅིག་ཀྱང་མི་འདུག། སོ་སོ་ལས་གཞན་བསམ་མཁན་ཧ་ཅང་གི་ཉུང་མི་ཚང་མའི་ཁ་བརྡར་བ་ཙམ་ལས་དངོས་གནས་ང་ཚོ་སྤྱི་ཚོགས་ན་ཨ་རི་བ་དེ་དང་འདྲ་བའི་ལྷག་བསམ་ཡོད་མཁན་ཞིག་མི་འདུག།
    དེ་རིང་ངའི་ཁྱོད་གླེང་གི་མིན
    རྒྱུ་མཚན་ནི་ངའི་རྡ་ས་ནས་ཁ་ལག་གཉིས་བརྡར་བ་ལས་ཁྱོད་ཀྱི་ཨ་མ་དང་ནུ་མོ་ཁ་བཏགས་ཞིག་ཀྱང་ཕུལ་ཐུབ་མ་སོང་། ཁྱོད་དངོས་གནས་བུ་ཟེར་ནོ་རེད།

    Reply
  11. སྲོང་བཙན། says:
    ལོ་ 13 སྔོན།

    བོད་ཀྱི་དཔའ་བོ་ལགས། ནང་མི་བློས་གཏོང་གི་དཔའ་བོ་ཁྱོད་ཀྱི་བྱེད་སྟངས་འགའ་ཤས་ཀྱིས་རྒྱལ་སྲས་དྲི་མེད་ཀུན་ལྡན་དྲན་དུ་བཅུག་སོང་།
    ཁྱོད་ནི་ངོ་མ་གདོང་མཆོངས་ཀྱི་དཔའ་བོ་དང་། མི་རིགས་ཀྱི་ཚབ་མཚོན་ཡིན། ང་དང་ང་ལྟ་བུའི་སྡར་མ་ཚོས་ཤོག་ཐོག་ནས་འདོད་ལ་མི་འདོད་ལ་ཙམ་བཤད་པ་ལས་དོན་དངོས་ཀྱི་ནུས་པ་དང་རྒྱབ་སྐྱོར་གང་ཡང་བྱེད་ཐུབ་མེད།
    ཁྱོད་ཀྱིས་མི་ལོ་ལྔ་བཅུའི་རིང་གི་ཟིན་ཐོ་གསར་པ་ཞིག་དབུ་འབྱེད་བྱས་སོང་། ཁྱོད་ལྟ་བུའི་བློས་གཏོང་གི་དཔའ་བོ་མང་པོ་ཞིག་ཡོད་ན་འུ་ཚང་ད་ལྟའི་རྒྱ་དམར་གྱི་གདུག་རྩུབ་ལས་རྣམ་པར་རྒྱལ་ཐུབ།
    དོགས་ཡོད་ཀྱི་དྲ་འབུ་བསོད་ནམས་མིང་ཅན་སོགས་ཀྱིས་ཁྱོད་ལ་ཟུར་ཟ་ལྟ་བུ་བྱེད་ཀྱང་། དེ་ནི་ཁོ་རང་ཚོས་ལྟོ་གོས་འཚོལ་སྒྲུབ་ཙམ་གྱི་ཆེད་ཡིན་པས་སྣང་བར་སྤུ་རྩེ་ཙམ་ཡང་འཇོག་དགོས་པ་གང་ཡང་མེད།
    ཉིན་གཅིག་ང་ཁྱོད་ཀྱི་ཨ་མའི་རྩར་སོང་སྟེ་ཁྱོད་ལ་ཁ་བཏགས་ཤིག་བསྐུར་ངེས་ཡིན། དེ་ནི་ངའི་སེམས་པའི་མཚོན་དོན་ཡིན། ཁ་དྲོ། གང་ཐུབ་ཀྱིས་སྐུ་གཟུགས་ལ་འཕྲོད་བཞེས་གནང་རོགས།

    Reply
  12. བློ་བཟང་མདོ་སྔགས། says:
    ལོ་ 13 སྔོན།

    ཚེ་རྡོར་ལགས་ཀྱིས་འདི་བཞིན་དུས་ལྟར་ང་ཚོ་ལ་གནས་ཚུལ་མཁོ་སྤྲོད་གནང་བར་བཀའ་དྲིན་ཆེ།
    ང་རང་ལ་མཚོན་ན་ཉི་མ་རེ་རེར་ཁྱེད་ཀྱི་གནས་སྟངས་ལ་གསར་འགྱུར་ལམ་ཁག་ནས་ལྟས་བསྡད་ཡོད་ལ། དེ་བས་ཀྱང་གྲོགས་པོ་དག་དང་ལྷན་དུ་ཉིན་ལྟར་དེའི་སྐོར་ལ་གླེང་སློང་བྱེད་མུས་སུ་ཡིན། སྐད་ཆ་འདི་བཞིན་བཤད་ན་མི་རུང་བར་སྣང་ཡང་། ཚེ་རྡོར་གཅིག་པུ་མ་ཡིན་པར་ང་ཚོ་ཚང་ནས་རང་ནུས་ཅི་ལྕོག་གིས་རང་འགན་རེ་དང་ལེན་བྱེད་ཀྱིན་ཡོད་མོད། འོན་ཀྱང་། ཚེ་རྡོར་ལགས་ཀྱིས་ད་ཐེངས་ཐབས་ལམ་གསར་བ་ཞིག་གི་ཐོག་ནས་ལས་འགུལ་ཞིག་སྤེལ་བ་འདི་ལ་བསྔགས་བརྗོད་དང་རྗེས་སུ་ཡི་རངས་ཞུ། འོན་ཀྱང་། འདི་བཞིན་ལས་འགུལ་གསར་པ་སྤེལ་མཁན་སུ་ཞིག་ཡིན་རུང་། ཕྱི་གསལ་ནང་གསལ་ཞིག་གི་ཐོག་ནས་ལས་འགུལ་འདི་རིགས་སྤེལ་ཐུབ་པ་ཡིན་ན། ང་ཚོ་ལ་ཡང་རྒྱབ་སྐྱོར་བྱེད་པར་སྟབས་བདེ་བོ་འདུག དེ་མིན་འབོད་ཚིག་ལྔ་དང་ཆོད་སེམས་གཅིག་གིས་ལས་འགུལ་འདིའི་རྒྱབ་ལོག་ནས་བཤད་མི་ཤེས་པའི་གནས་ཚུལ་མང་བོ་ཞིག་ལྷགས་ཀྱིན་ཡོད་སྟབས། འདི་རིགས་ལ་དུས་ཐོག་ཏུ་དོ་བདག་རང་ངོས་ནས་གསལ་བཤད་རེ་བྱེད་ཐུབ་ན། གལ་ཏེ་སྐུ་ཉིད་མེད་པའི་ཉིན་མོ་ཞིག་བྱུང་ན་ཡང་། ང་ཚོ་ལ་འབྲི་ཆོག་ཆོག་གི་བྱས་རྗེས་ཤིག་ཁྱེད་ཀྱིས་བཞག་ཡོད། དཔེ་མཚོན་ཙམ་ཞིག་བཤད་ན། དེ་སྔོན་རྡ་ས་ནས་ལམ་ལ་ཆས་པའི་སྔ་གཞུག་ཏུ། བཀུར་འོས་རྩོམ་པ་ལྷ་ཆབ་སྦྱིན་པ་ལགས་ཀྱིས་ཁྱེད་ལ་རྒན་རྡི་ཆུང་བ་ཞེས་ཀྱང་མིང་གསོལ་ཡོད་ལ། དེ་བཞིན་ཕྱོགས་བཞི་མཚམས་བརྒྱད་དུ་གནས་པའི་བོད་རིགས་ཡོད་དོ་ཅོག་གིས་ཁྱེད་ལ་བསྔགས་བརྗོད་ཞུས་ཡོད། འོན་ཀྱང་། གློ་བུར་དུ་ང་ཚོ་ཚང་མ་འཇམ་ཅག་གེར་གནས་དགོས་པ་འདི་ནི། ང་ཚོས་བྱས་ཤིག་བྱས་མ་ཡིན་པར། ང་ཚོས་ཁྱེད་ཀྱིས་བཏོན་པའི་འབོད་ཚིག་ལྔའི་རྒྱབ་ལོག་ནས་རྒྱ་དམར་གྱི་སྐར་ལྔའི་དར་དམར་དེ་མཐོང་བཞིན་པས་ཡིན། སྐྱར་དུ་ནན་གྱིས་ཞུ་རྒྱུར། སྐུ་ཉིད་ཀྱི་འདི་རིགས་གསན་བཞིན་པའི་ཡིད་ཆེས་ཡོད་ལ་དེ་བཞིན་འདི་རིགས་ལ་ཁ་ཚ་དགོས་གཏུག་གིས་ཚུལ་དུ་གསལ་བཤད་རེ་ཡོད་པར་ཞུ།

    Reply
  13. བསོད་ནམས་རྒྱ་མཚོ། says:
    ལོ་ 13 སྔོན།

    ཁོང་དཀའ་ངལ་ཕྲད་བཞིན་པ་རེད། ད་ལྟའི་ཆར་ཁོང་གིས་དར་དམར་འཕྱར་བའི་ནོར་འཁྲུལ་སྐོར་ལ་མ་གླེང་ན་མི་བཟང་ངམ། 

    Reply
  14. བློ་འཕེལ། says:
    ལོ་ 13 སྔོན།

    སྟག་ཤ་ར་ཟེར་ན་འདི་རེད། བསམ་དོན་མྱུར་དུ་འགྲུབ་པར་ཤོག།།རྒྱབ་སྐྱོར་ཡོད། འགྱུར་མེད་བསྟན་འཛིན་ཟེར་ཁྱོད་ག་དུས་ཡིན་ན་ཁ་ཕྱིར་ལོག་བྱེད་དགོས་ག་རེ་བྱས་སོང།

    Reply
  15. འགྱུར་མེད་བསྟན་འཛིན། says:
    ལོ་ 13 སྔོན།

    ཁྱོད་རང་ཐོག་མའི་དམ་བཅའ་དང་ཆོད་སེམས་རྣམས་ཆབ་སྲིད་པ་མི་ངན་རེ་ཟུང་གི་གཡོ་འོག་ལ་ཤོར་ཞིང་ཆབ་སྲིད་པ་ཚོས་ཕར་འཐེན་ཚུར་འཐེན་བཟོས་ནས་ཁྱེད་མ་བུ་གསུམ་གྱི་དཀའ་སྡུག་གི་རྔུལ་ཆུ་དེ་འཕྲོ་བརླབས་བྱ་བའི་སྦྱོར་བ་མ་འདྲ་བ་གཉིས་རྡ་ས་ནས་བརྩམས་སོང་།
    རྒྱ་དར་ཁུར་བ་དེ་ནག་ཉེས་དང་བྱས་རྗེས་གཉིས་ཀ་གང་ཡང་མིན་ཀྱང་ཆབ་སྲིད་པ་མི་ངན་རེ་ཟུང་དེས་ཁྱེད་མ་བུ་གསུམ་ལག་ཆ་བཟོས་ནས་རྡ་ས་ལ་ཟིང་དགའ་རབ་བསླངས་སོང་།

    Reply
  16. བསོད་ནམས་རྒྱ་མཚོ། says:
    ལོ་ 13 སྔོན།

    བོད་ལ་དགོས་པའི་བོད་དོན་རྩོད། རྒྱ་དམར་ལ་དགོས་པའི་དར་དམར་འཕྱར་བ་བརྟེན། སྡུག་ཅག་གི་དཀའ་ངལ་ཕྲད་མི་ཡོང་། ཡིན་ནའང་སུས་ཀྱང་བརྗོད་དཀའ། གལ་སྲིད་བལ་པོ་ཚང་གིས་རྒྱ་ལག་ལ་འཇོག་ན་རྒྱ་ངན་ཚང་ལ་བསམ་ཤེས་དང་སྙིང་རྗེ་མེད། བོད་མི་ས་ཡ་དྲུག་གིས་ཁོང་ལ་དཀའ་སྡུག་མི་ཕྲད་པའི་སྨོན་ལམ་ཐོབ་ཤོག། དཔའ་བོ་ཁྱེད་ལ་ངེད་ས་ཡ་དྲུག་གིས་རྒྱབ་སྐྱོར་ཞུ་བཞིན་ཡོད། དཀོན་མཆོག་མཁྱེན་མཁྱེན་མཁྱེན། ཉམས་ཐག་འགྲོ་བས་འོ་དོད་འབོད་བཞིན་ཡོད། ལས་ངན་གངས་ཅན་འགྲོ་ལ་གཟིགས་སུ་གསོལ།

    Reply
  17. ཨ་འདུས་མིག་ཆུ། says:
    ལོ་ 13 སྔོན།

    ཁ་གཏང་རྒྱུར་ཤིན་ཏུ་ནས་དགའ་ཞིང་འཕོངས་འགྱོག་རྒྱུར་བློ་གཏིང་ནས་མི་སྤྲོ་བའི་བཙན་བྱོལ་ཞེན་ཁོག་ཅན་དག་གི་ཁ་སྒོ་ནས་ལངས་ཏེ། རྩོམ་པ་པོའམ། རྒྱལ་ཞེན་ཅན། བརྩོན་འགྲུས་ཅན། སྙིང་རུས་ཅན། རྒྱ་སྟག་དཔའ་བོ། ཁ་བཤད་དོན་གནས་ཀྱི་སྐུ་ཉིད་ལ་ནམ་ཡང་གདུང་སེམས་མཉམ་སྐྱེད་ཞུ་ལ། ནམ་ཡང་ཁྱེད་ཉིད་ཀྱི་ལྷག་བསམ་དཀར་པོ་དུང་འདྲ་བ་དེ་རྒྱལ་གྱུར་ཅིག་ཞུའོ། ཁྱེད་རང་གི་ཨ་མ་ལགས་དང་། སྲིང་མོ་གཉིས་འདི་ལ་འབྱོར་ནས་སྲིང་མོ་སློབ་གྲྭར་འགྲོ་རབ་ཅིག་ཐོས་སོང་། དེ་བདེན་ན་ནི་དེ་ལས་དགའ་ཞིག་གང་ན་ཡོད། ལོ་ཆུང་འདི་འདྲ་ཞིག་སློབ་གྲྭར་མ་སོང་ན་མི་ཚེ་གྱོང་ཆེན་ཞིག་ཁུར་ནས་འགྲོ་དགོས་པས་སློབ་གྲྭར་འགྲོ་ངེས་ཡིན་པའི་ཡིད་ཆེས་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese