མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གྲོས་མཐུན་དོན་ཚན་བཅུ་བདུན་ལ་ངོས་ལེན་མེད།

བོད་ཀྱི་དུས་བབ།
༢༠༡༢/༠༥/༢༣
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་གཟའ་ལྷག་པའི་ཉིན་ངྷ་ས་ས་གནས་གཞོན་ནུས་བོད་དང་རྒྱ་ནག་བར་བཞག་པའི་གྲོས་མཐུན་དོན་མཚན་བཅུ་བདུན་ལ་ངོས་ལེན་མེད་པའི་བསྒྲཊ་གཏམ་འགྲེམས་སྤེལ་དང་། ལྷག་དཀར་སྲུང་གཙིའི་ཆེད་ཁྲོམ་སྐོར་ལས་འགུལ་ཞིག་སྤེལ་སོང་།   

དེ་རིང་ཕྱི་ཚེས་ ༢༣ ཉིན་གྱི་ཞོགས་པའི་ཆུ་ཚོད་ ༡༠ བའི་སྟེང་། ངྷ་ས་ས་གནས་གཞོན་ནུས་རྒྱ་ནག་གཞུང་གིས་བཙན་དབང་འོག་བཞག་པའི་གྲོས་མཐུན་དོན་ཚན་བཅུ་བདུན་ལ་ངོས་ལེན་མེད་པའི་གསར་འགོད་བསྒྲགས་ཡིག་ཅིག་བོད་དབྱིན་གཉིས་ཀྱི་ལམ་ནས་འགྲེམས་སྤེལ་དང་། བཞུགས་སྒར་རྒྱལ་གཅེས་དཔའ་བོའི་རྗེས་དྲན་རྡོ་རིང་མདུན་ཐང་ནས་མེག་གྷན་རླངས་འཁོར་འབབ་ཚིགས་བར་ཁྲོམ་སྐོར་གྱི་ལམ་ནས་ལྷག་དཀར་སྲུང་གཙིའི་ལས་འགུལ་ཞིག་སྤེལ་སོང་བ་མ་ཟད། ལས་འགུལ་ཐོག་བོད་ཆོས་གྱོན་པའི་བོད་མི་གསུམ་ལ་བྱ་དགའ་གསོལ་རས་ཡང་གནང་སོང་།

ངྷ་ས་ས་གནས་གཞོན་ནུའི་གསར་འགོད་གསལ་བསྒྲགས་གཏམ་དེའི་ནང་།  དེ་རིང་ནི་བོད་དང་རྒྱ་ནག་དམར་པོའི་གཞུང་བར་ཆེས་མཐའ་མའི་གྲོས་མཐུན་དོན་ཚན་བཅུ་བདུན་ཡིག་ཐོག་ལ་བཀོད་པའི་ཉིན་མོར་ཁེལ་ཡོད། ཉིན་མོ་འདི་ནི་རྒྱ་ནག་དམར་པོའི་སྲིད་གཞུང་གིས་བཙན་ཤེད་ཀྱིས་མཚོ་བོད་མཐོ་སྒང་ན་ཞི་བདེ་བག་འཕེལ་གྱིས་འཚོ་ཞིང་གནས་པའི་ཐུ་བྷོ་མི་རིགས་ཀྱི་སྣོད་བཅུད་ལ་དབང་བསྒྱུར་བྱེད་པར་མིང་རྟགས་བརྒྱབ་པའི་མུན་ནག་གི་ཉིན་མོ་ཞིག་དང་། གཉའ་གནོན་དང་བཙན་དབང་། འཕྲོག་བཅོམ་དང་དམར་གསོད། ཐུ་བྷོ་མི་རིགས་ཀྱི་དཔའ་བོ་དཔའ་མོ་འབུམ་ ༢ ལྷག་དམར་གསོད་བཏང་བའི་ཉིན་མོ་ཞིག་ཀྱང་ཡིན། རྒྱ་དམར་གཞུང་གིས། མི་ལོ་ ༢༠༠༠ གི་ལོ་རྒྱུས་ལྡན་པའི་ཐུ་བྷོ་མི་རིགས་ལ་ཧམ་སེམས་ཀྱི་ལག་དམར་བསྲིངས་ཤིང་། དབང་སྒྱུར་ལམ་ལུགས་སམ་མི་སེར་སྤེལ་ཡུལ་གྱི་སྲིད་བྱུས་ལག་བསྟར་བྱས་ཏེ་ལོ་ ༦༡  ཕྱིན་པའི་དེ་རིང་། བོད་གཞིས་བྱེས་གཉིས་ཀྱིས་སྲིད་དབང་སྒེར་གཅོད་ཀྱི་རྒྱལ་ཁབ་ཆེ་ཤོས་རྒྱ་ནག་དམར་པོའི་སྲིད་གཞུང་ལ་རང་ཉིད་ཀྱི་འཚོ་བ་དང་སྤུན་ཉེ་འབྲེལ། མཐའ་ན་གཅེས་པའི་ཚེ་སྲོག་བློས་བཏང་གིས་ངོ་རྒོལ་རབས་དང་རིམ་པ་བྱུང་བ་ནི་འདས་པའི་ལོ་རྒྱུས་ཐོག  བོད་ནི་རང་བཙན་གྱི་རྒྱལ་ཁབ་ཅིག་དང་དེ་སླར་གསོའི་མངོན་འདོད་ཕྱིར་ལ་ཕུད་པའི་དན་རྟགས་ཤིག་ཏུ་སེམས།  ཞེས་བཀོད་ཡོད་འདུག

ཡང་བསྒྲགས་ཡིག་དེའི་ནང་། ཕྱི་ལོ་ ༡༩༥༩ ལོའི་ཟླ་བ་ ༣ པའི་ཚེས་ ༢༦ ཉིན་བོད་གཞུང་བཀའ་ཤག་གི་ངོས་ནས་བོད་ནི་གནའ་བོའི་རྒྱལ་ཁབ་ཅིག་དང་།  གཡུལ་རྒྱལ་ལྷུན་རྩེ་རྫོང་ནི་བོད་ཀྱི་རྒྱལ་སར་གཏན་ཁེལ་པའི་བསྒྲགས་གཏམ་དང་། ཕྱི་ཟླ་ ༤ པའི་ཚེས་ ༡༨ ཉིན་ཏེ་ཙེ་པུར་དུ་བོད་གཞུང་བཀའ་ཤག་གིས་གྲོས་མཐུན་དོན་མཚན་བཅུ་བདུན་དེ། ཕྱི་ལོ་ ༡༩༥༡ ལོར་རྒྱ་གཞུང་གི་དབང་ཤེད་ལ་བརྟེན་མི་འཇོག་ཐུབ་མེད་བྱུང་ཡོད་པར་བསྒྲགས་ཏེ། བཙན་འོག་ཏུ་བཞག་པའི་དོན་ཚན་བཅུ་བདུན་ལ་ངོས་ལེན་མེད་པའི་བསྒྲགས་གཏམ་གཉིས་པ་སྤེལ་ཡོད་ལ། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་མི་ལོ་ ༥༠ ལྷག་གི་རིང་ཐུ་བྷོ་ཡབ་མེས་རྣམས་ཀྱི་ཞབས་རྗེས་ནག་གསུབ་མི་འགྲོ་བ་དང་། བོད་གཞིས་བྱེས་གཉིས་ཀྱི་མངོན་འདོད་ལ་གཅེས་སྐྱོང་བྱ་ཕྱིར། བོད་གཞུང་བཀའ་ཤག་གིས་རྩིས་མེད་བསྒྲགས་གཏམ་ལ་བློ་གཅིག་སེམས་གཅིག་གི་རྒྱབ་སྐྱོར་དང་། དུས་གཏན་དུ་ཧམ་བཤད་དང་རྫུན་སྒྲིག   དྲག་གནོན། བཙན་འཛུལ་སོགས་ལ་གདོང་གཏད་དེ་ངོ་རྒོལ་བྱ་རྒྱུར་གྲོས་ཆོད་བཞག་ཡོད་པ་ལྟར། ངྷ་ས་གནས་གཞོན་ནུའི་རྒྱུན་ལས་ལས་ཐོགས་པ་ཡོངས་དང་། ཚོགས་མི་ཡོངས་ཀྱིས་བོད་གཞུང་གི་རྩིས་མེད་བཏང་བར་རྒྱབ་སྐྱོར་དང་དབང་བསྒྱུར་ལ་ངོ་རྒོལ་བྱེད་བཞིན་ཡོད། ཅེས་བཀོད་འདུག  དེ་རིང་གི་ལས་འགུལ་འདིའི་ཐོག་ངྷ་ས་ས་གནས་གཞོན་ནུས་དེ་རིང་གི་ལྷག་དཀར་ལས་འགུལ་ཐོག་བོད་ཆས་གཙང་མ་གྱོན་མཁན་གྱི་བོད་མི་གསུམ་ལ་བྱ་དགའི་གསོལ་རས་གནང་སོང་བ་མ་ཟད། ནམ་རྒྱུན་ལྷག་དཀར་སྲུང་གཙི་བྱེད་ཀྱིན་པའི་ངྷ་སྟེང་དང་ངྷ་ཤོད་བོད་ཁྱིམ། ངྷ་ས་ཉིན་སློབ། མེག་ལོར་ཐང་ཁྲོམ་སྐྱིད་སྡུག་བཅས་ལ་དམིགས་བསལ་ཕྱག་ཡིག་བཅས་འབུལ་རྒྱུ་ཡིན་འདུག

 

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

མཆན། 13

  1. བུ་ཡུག says:
    ལོ་ 14 སྔོན།

    རྒྱ་སྐྱག་ལགས་གཞོན་ནུའི་ད་བར་འཐབ་རྩོད་བྱེད་མ་མྱོང་ཟེར་བ་དེ་བདེན་པ་མ་རེད། ལོ་ངོ་བཞི་བཅུ་ཞེ་གསུམ་རིང་གི་འཐབ་རྩོད་དེ་ནང་ལ་བྱས་པ་རེད་དམ་ཕྱི་ལ་རེད། སྐད་ཆ་སོམས་ནས་ཤོད་མི་ལོ་བཞི་བཅུའི་རིང་ནས་བོད་བསྟན་སྲིད་ལ་བྱས་རྗེས་བླ་མེད་བཞགས་ཡོད་པ་མིག་གཉིས་ལོང་བ་དང་རྣ་གཉིས་འོན་པ་མིན་ན་ཚང་མའི་མཐོང་གསལ་རེད། གོང་ས་མཆོག་དང་བོད་མའི་སྒྲིག་འཛུག་་སྤྱི་སྒེར་སུ་ཞིག་གིས་ལངས་ཕྱོགས་གསར་བ་དང་ལས་འགལ་གསར་བ་རེ་སྤེལ་ཚེ་ལྡོག་ཕྱོགས་ནས་ཟེར་བ་དེ་ཁྱོད་ཀྱིས་གོང་ས་མཆོག་དང་བོད་མའི་སྒྲིག་འཛུག་གྱི་ལངས་ཕྱོགས་ལ་འཐོམ་འདུག། ལངས་ཕྱོགས་གསར་བ་མ་རེད་བདུན་ཅུ་དོན་གྲངས་ནས་བཟུང་བའི་སྲིད་ཇུས་ཤིག་རེད། སྤྱིར་དམངས་གཙོའི་རྒྱལ་ཁབ་སུ་འདྲ་ཞིག་ཡིན་ནའང་ཁ་གཏད་ཚོགས་པ་དེ་དག་གི་ལངས་ཕྱོགས་མི་འདྲ་བས་ལྡོག་ཕྱོགས་ཟེར་བའི་ཐ་སྙེད་མི་འདུག་ལོ། དེ་ནི་ཁྱོད་ཀྱི་བསམ་བློ་གུ་དོགས་དྲག་པས་རེད། རྭི་བོང་གནམ་ལྡིབ་གི་སེམས་ཁྲེལ་མ་བྱེད་

    Reply
  2. ནད་པ says:
    ལོ་ 14 སྔོན།

    འགྱུར་མེད་བསྟན་འཛིན་གྱིས་བཤད་པ་ལྟར་ད་དབུ་མའི་ལམ་མི་དམངས་ལས་འགུལ་ཁང་གི་ཤར་ཕྱོགས་རྒྱ་ནག་གི་ཁུག་རྟ་བློ་བཟང་ཆོས་འབྱོར་ལགས་ཀྱིས་གསལ་བསྒྲགས་ཤིག་སྤེལ་ཏེ་གྲོས་འདུན་དོན་ཚན་ ༡༧ ལ་ཁས་ལེན་ཡོད་ཅེས་གསར་འགོད་གསལ་བསྒྲགས་གཅིག་གང་མགྱོགས་སྤེལ་རྒྱུ་རེད་བསམས་ནས་བསྡད་ཡོད་དྰ།

    གང་ཡིན་ཟེར་ན་ཁོང་གིས་ཁ་སང་ཡང་དར་དམར་འཁུར་མཁན་ལ་བརྒྱབ་སྐྱོར་ཆོད་ཅེས་གསལ་བསྒྲགས་ཤིག་སྤེལ་སོང་ང།

    སྔོན་མ་དུས་བབ་ཀྱི་རྩོམ་སྒྲིག་པ་ལུང་རིང་རྒྱལ་གྱིས་སྐབས་ཤིག་་་་ཀྲུང་གོའི་རྡ་རམ་ས་ལྰ་་་ཟེར་བའི་རྩོམ་ཡིག་གཅིག་སྤེལ་ནས་རྡ་ས་འདི་ད་ཆ་ཁྲུང་གོ་ཅན་འགྱུར་བཞིན་པའི་གོ་དོན་གཅིག་རེད། སྐབས་དེར་ངས་ལམ་སེང་ཁོང་ལ་དགག་པ་འདྲ་བརྒྱབ་པ་ཡིན།

    ད་ཆ་ཁོང་གིས་བཤད་པ་ལྟར་རྡ་ས་འདི་ཡང་ཁྲུང་གོའི་རྡ་རམ་ས་ལའ྄གཅིག་ཏུ་མི་འགྱུར་བའི་ངེས་པ་མི་འདུ་གྰ།

    Reply
  3. བཛྲ་སུ་མ་ཏི། says:
    ལོ་ 14 སྔོན།

    ད་དངོས་ནས་གཞོན་ནུ་ཚོགས་པའི་དགེ་བ་མེད་པའི་རྩོད་པ་རང་བྱེད་ཀྱི་འདུག དེང་སང་འགྲོ་བཞིན་པའི་བོད་དོན་འཐབ་རྩོད་ཀྱི་ལམ་ཁ་ནི་མ་འོངས་བའི་གཉིས་ཕན་དབུ་མའི་ལམ་རེད། དེ་འདོད་པ་མེད་ན་ཁ་གསལ་ནས་བརྗོད་ཆོག་པ་མ་ཟད། དེ་ནམ་ཡང་བརྗོད་བཞིན་པ་རེད། འདས་ཟིན་པའི་དོན་ཚན་བཅུ་བདུན་དེ་ཡང་བསྐྱར་སྔོག་ནས་དགེ་བ་གང་ཡོད། དོན་ཚན་བཅུ་བདུན་རྒྱ་ཕྱོགས་ནས་དང་བོ་ནས་རྩིས་མེད་པས། ང་ཚོའི་ངོས་ནས་ཀྱང་རྩིས་མེད་ཡིན་ཞེས་༧གོང་ས་མཆོག་དང་བོ་བཙན་བྱོལ་ལ་འབྱོར་མ་ཐག་ཏེ་ཛུ་ས་གནས་ནས་བསྒྲགས་གཏམ་སྤེལ་ཟིན་པ་མ་རེད་དམ།

    Reply
  4. རེབ་ཐོག་མདའ says:
    ལོ་ 14 སྔོན།

    གཞོན་ནུ་ལྷན་ཚོགས། ནར་ན་སོན་པའི་གཞོན་ནུ་ཁྱུ་གཅིག་ཁ་སང་གཙུག་ལག་ཁང་ན་རྩེ་མོ་རྩེ་ཀྱིན་འདུག།
    དངོས་གནས་བསམ་བློ་ཞིབ་དུ་བཏང་ན་གཞོན་ནུའི་བཅས་སྟངས་ལས་སྟངས་ནི་ནར་མ་སོན་པའི་བྱིས་པ་ཞིག་དང་ཀུན་ནས་མཚུམས། རྒྱུ་མཚན་ནི་ང་ཚོས་རང་དབང་ཤཽར་ནས་ད་བར་ལོ་ངོ་དྲུག་བཅུ་འགྲོ་ལ་ཉེས་ལ་ད་ལྟའི་བར་དུ་རྒན་མགོ་དཀར་ནས་གཞོན་སོ་དཀར་བར་ཀྱིས་མི་བུ་སུ་ཞིག་གིས་གྲོས་མཐུན་དོན་ཚུན་བཅུ་བདུན་ལ་ངེས་ལེན་བྱས་སོང་།
    དེ་ངེས་ལེན་མེད་པའི་རྐྱེན་ཀྱིས་བོད་ནང་གི་བོད་མི་དེ་དག་གི་བློས་གཏོང་བྱེད་ཀྱིན་པ་མིན་ནམ། དེ་རྐྱེན་ཀྱིས་བོད་ས་ཡོངས་རྫོགས་དམག་ར་གྱུར་བ་མིན་ནམ། དེའི་རྐྱེན་ཀྱིས་བོད་མྱི་མང་པོ་ཞིག་གིས་སྡུག་མྱོང་གིན་ཡོད་པ་མིན་ནམ། ད་དུང་དེའི་རྐྱེན་ཀྱིས་མི་བུ་སོ་བདུན་གིས་རང་ལུས་མཆོད་མེ་རུ་སྒྲོན་པ་མ་ཡིན་ནམ།
    གཞོན་ནུའི་དེ་འདྲ་ཧ་གོ་གི་མེད་དམ།
    ལྷག་དཀར་སྲུང་བརྩི་ཞུ་བའི་དགེ་བ་ནི་མི་རིགས་འདིའི་ཡུལ་སྲོལ་གོམས་གཤིས་མི་བརླགས་པའི་དོན་དུ་ཡིན་པ་ལས་འགྲན་བསྡུར་ཞིག་ཆེད་འམ་གཞན་ལ་ངོམས་སོ་བྱེད་པའི་དོན་དུ་མིན་ཀྱང་གཞོན་ནུ་ཁ་སང་གི་ལས་ཀ་བཅས་སྟངས་དེ་ག་རེ་ཡིན་ནམ། ནར་མ་སོན་པའི་བྱིས་བ་ཞིག་དང་འདྲ་བ་ཅི་ཡིན་ནམ། བོད་ནང་དུ་སྡུག་སྦྱོར་མནར་སྤྱོད་མྱོང་གིན་དེ་དག་གི་ཆེད་དུ་རྒྱལ་སྤྱའི་སྟངས་སྙན་ཞུ་འམ་འབྲེལ་བ་བྱེད་པ་ད་དུང་གླིང་ཚ་བུ་རྒོད་བལ་བོ་ནང་དུ་བཙོན་དུ་བཅུག་ཡོད་པ་དག་ལ་ཁ་ཡ་མ་བྱེད་པར་རྡ་ས་ནས་རྩེ་མོ་རྩེ་ནས་བསྡད་ན་ཐོབ་བྱ་ག་རེ་ཡོད་དམ།
    གཞོན་ནུ་ལྷན་ཚོགས་ལགས་ད་ནར་སོན་པའི་དུས་ལ་བབས་འདུག

    Reply
  5. འཇང་གཡུ་ལྷ་ཐོགས་འགྱུར says:
    ལོ་ 14 སྔོན།

    གྲོས་མཐུན་དོན་ཚན་བཅུ་བདུན་ཟེར་བ་དེ་རྒྱ་དམར་སྒེར་གཅོད་པས་བོད་པའི་སྒེར་གཅོད་པ་རྩ་མེད་གཏོང་དགོས་ཟེར་བའི་ཉིན་མཐའ་མ་དེ་རེད། ད་ལྟའི་བཙན་བྱོལ་སྤྱི་ཚོགས་ནང་དབུ་མའི་ལམ་ཟེར་བ་དེའང་ཆིངས་ཡིག་དོན་ཚན་བཅུ་བདུན་ལས་འདའ་ཐུབ་མེད་པ་རེད། དེ་ལ་ཡག་བཤད་དང་ཉེས་བཤད་གང་ལྟར་ཡང་ཁྱད་མེད་རེད།

    Reply
  6. དྲང་བདེན་གྱི་སློང་མོ་བ། says:
    ལོ་ 14 སྔོན།

    དེ་རིང་དོན་ཚན་བཅུ་བདུན་བཞག་མཁན་བོད་ཀྱི་སྐུ་ངོ་ང་ཕོད་གྱི་ཐུགས་འདོད་བཞིན་དེང་སྐབས་བཙན་བྱོལ་ནང་སྐུ་ངོས་ཟླ་བ་ཚེ་རིང་གི་རྒྱ་དར་ལ་རྒྱབ་སྐྱོར་བྱེད་པའི་ལམ་དབུ་མའི་ཚོགས་པ་འདིའི་ཁ་གྲགས་ན་ག་འདྲ་འདུག།

    Reply
  7. རྒྱ་རྙི། says:
    ལོ་ 14 སྔོན།

    བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་ཕྱི་ལ་རྩོད་ཀྱིན་ཡོད་པ་མ་རེད་ནང་ལ་རྩོད་ཀྱིན་ཡོད་པ་རེད།
    ༸གོང་ས་མཆོག་དང་། བོད་མིའི་སྒྲིག་འཛུགས། སྤྱི་སྒེར་སུ་ཞིག་གིས་ལས་འགུལ་དང་ལངས་ཕྱོགས་གསར་པ་རེ་སྤེལ་སྐབས་དེ་ཡི་ལྡོག་ཕྱོགས་ནས་རྩོད་པ་རྒྱག་ཐབས་ག་རེ་འདུག ཁ་གཏད་བཅག་ཐབས་ག་རེ་འདུག་འདི་འདྲ་ཞིག་ལ་དམིགས་ནས་ཡོད་པ་རེད། སྔ་ཕྱི་བར་གསུམ་གྱི་གཞོན་ནུ་ཚང་གི་བྱེད་སྟངས་ལ་ལྟོས་དང་། གསལ་གསལ་ཐང་ཐང་རེད།
    བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་ད་སྔ་བར་འཐབ་རྩོད་བྱེད་མྱོང་ཡོད་པ་མ་རེད། ཁོང་ཚོས་ཚིག་ལ་རྩོད་པ་ལས་དོན་ལ་རྩོད་མྱོང་མེད།

    Reply
  8. མི་ཆུང་། says:
    ལོ་ 14 སྔོན།

    བསྟན་འཛིན་བརྩོན་འགྲུས། ངས་ཁྱོད་ལ་ཞུ་བ་ཞིག་འདེབས་ཀྱིན་ཡོད། མ་ཤེས་ན་གཞན་ལ་བྲིས། དེ་རིང་སླར་ཡང་རྒྱ་ནག་གཞུང་གིས་ཨ་ན་ཨུ་ཚུགས་ཀྱིས་བེད་སྤྱོད་པའི་མིང་ཚིག མཚོ་བོད་མཐོ་སྒང་ཞེས་པ་དེ་གླེང་འདུག མཚོ་སྔོན་དང་བོད་ཀྱི་མཐོ་སྒང་ཞེས་བརྗོད་ན། འགྲིགས་ཀྱི་ཨེ་འདུག བསམ་བློ་ཐོངས། ཁྱོད་ཚོར་བཤད་པ་ཐེངས་གཅིག་མིན།

    Reply
  9. བསོད་ནམས་རྒྱ་མཚོ། says:
    ལོ་ 14 སྔོན།

    ་༧ སྐུ་མདུན་གྱིས་ལྔ་བཅུ་ང་དགུ་ལོ་ནས་དོན་ཚན་བཅུ་བདུན་ངོས་ལེན་མེད་པའི་ཁྱབ་བསྒྲགས་གནང་ཟིན་པ་རེད། ཡང་དེ་རིང་ཁ་སངས་མི་ཁ་ཤས་ཀྱིས་དོན་ཚན་བཅུ་བདུན་གྱི་གྲོས་ཆོད་སླར་གསོ་དགོས་ཚུལ་བཤད་མཁན་ཡང་ཡོད་ས་རེད། ང་ཚོ་ཆབ་སྲིད་ཕྲུ་གུའི་བརྩེ་མོ་མ་རེད། ལམ་ཕྱོགས་ག་རེ་འཛིན་རུང་ང་ཚོ་རྡོག་རྩ་གཅིག་སྒྲིལ་གནང་ན་ཡག་པོ་རེད། 
    དགྲ་བོ་དང་མཉམ་དུ་ནམ་ཡང་གནས་ཐབས་མེད། ད་གཞོན་ནུ་ཚོགས་པ་ལོངས་ཤོག ཐབས་ཟད་འུ་ལ་ཐུག་ནའང་མགོ་བཏགས་ནམ་ཡང་ཞུ་མི་རུང་། སྤྲེལ་ལད་ཀྱང་དེ་བས་འཁྲབ་མི་རུང་། ཕྱི་ནང་ནས་གནོན་ཤུགས་དང་ཕམ་ཉེས་ཇི་ལྟར་གཏོང་ནའང་བདེན་པ་དང་རྩ་དོན་བློས་ནམ་ཡང་གཏོང་མི་རུང་། ༧ གོང་ས་མཆོག་གིས་བདེན་མཐའ་གསལ་ཡོང་གསུངས་ཡོད། སྤྲེལ་ལད་དང་གཡོ་རྒྱུ་མགོ་བཏགས་རིགས་ལུགས་ལ་རྒྱལ་ཁ་ཐོབ་ཡོང་གསུངས་མྱོང་མེད། བོད་ཆས་གྱོན་མཁན་ལ་གསོལ་རས་གནང་དགོས་ངེས་རེད། དེ་བས་ཀྱང་བོད་སྐད་བོད་ཡིག་གཙང་མ་བཤད་མཁན་ལ་རྒྱབ་སྐྱོར་གནང་རྒྱུ་གལ་འགངས་ཆེ་བར་མཐོང་ངོ་། ཡག་པོ་རེད། རྒྱབ་སྐྱོར་ཡོད། བདེན་པ་རྒྱལ་ལོ། གཞོན་ནུ་ལྷན་ཚོགས་རྒྱལ་ལོ། བོད་རང་བཙན་རྒྱལ་ལོ། རྒྱ་དམར་ཕམ་གྱུར་ཅིག དམར་པོ་ནུབ་གྱུར་ཅིག དམར་དར་འཚིག་གྱུར་ཅིག འཚིགས་ནས་སྟོང་གྱུར་ཅིག གཡོ་ཅན་ཞི་གྱུར་ཅིག བོད་འབངས་བདེ་གྱུར་ཅིག།

    Reply
  10. བློ་འཕེལ། says:
    ལོ་ 14 སྔོན།

    གཞོན་ལྷན་ཚང་གིས་ཡང་ཟུར་ཟའི་མདའ་མོ་ཞིག་འཕང་སོང་ཨ། མདའ་མོ་འདིའི་སྣེ་ཁ་རྡ་སར་འཁོར་ཡོད་ཡོད་པ་རེད།གཞོན་ནུ་མདའ་མོ་ཁ་ཤསདང་རྒྱ་དམར་གྱི་མདའ་མོ་ཁ་ཤས་མཚེ་མ་ཡིན་ས་རེད།
    ཡིག་ནོར་མང་པོ་འདུག་ཞབས་འདྲེན་རེད། ད་དུང་རིག་གཞུང་སྲུང་སྐྱོབ་ཟེར་གྱི་ཡོད་པ་རེད། སོ་སོས་གཏོར་བཤིག་བཏང་ནས་གཞན་སུ་སྲུང་དགོས་པ་རེད།

    Reply
  11. སྲོང་བཙན། says:
    ལོ་ 14 སྔོན།

    དེང་སང་ཡིན་ན་དབུ་མའི་ལམ་དང་རང་བཙན་ལ་ཁ་གཡར་ནས་དཀྲུགས་ཤིང་རྒྱག་མཁན་ཚོས་ལས་དོན་ལྷོང་འགྲོ་གིན་འདུག་གཱ
    བོད་ཀྱི་གཞོན་ནུ་ལྷན་ཚོགས་འདི་ཡང་ངོ་མ་ཁྱད་མཚར་ཅིག་རེད་འདུག རང་སྐྱོང་ནི་མི་དགོས། རང་བཙན་ནི་མི་ལོན། ཨུ་ཚུགས་ཆེན་པོས་དུས་ཚོད་བསྐྱེལ་ནས་ཞལ་འདེབས་རེ་བསྡུས་ཏེ་བསྒྲགས་གཏམ་རེ་སྤེལ་བ་དེས་སུ་ལ་ཕན་པ་དང་། སུ་ལ་གནོད་ཀྱིན་པ་ཧ་གོ་ཞི་མི་འདའ།
    གཞིས་ལུས་བོད་མི་ཚོ་སྙིང་རྗེ།

    Reply
  12. བསོད་ནམས་རྒྱ་མཚོ། says:
    ལོ་ 14 སྔོན།

    དབུ་མའི་ལས་འགུལ་ཁང་ནས་དོན་ཚན་བཅུ་བདུན་ལ་ངོས་ལེན་ཡོད་པའི་བསྒྲགས་གཏམ་སྤེལ་གྱི་རེད།

    Reply
  13. འགྱུར་མེད་བསྟན་འཛིན། says:
    ལོ་ 14 སྔོན།

    ཡང་དབུ་མའི་ལམ་ལས་འགུལ་ཁང་གིས་ཀྱང་གསལ་འགོད་གསལ་བསྒྲགས་གཅིག་གྲ་སྒྲིག་གྱིས་ཤོག་ཨ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese