མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་མི་ ༥༠ ཨི་སི་རེལ་དུ་སོ་ནམ་ཞིང་ལས་སློབ་སྦྱོང་ལ་གཏོང་རྒྱུ་རེད།

བོད་ཀྱི་དུས་བབ།
༢༠༡༢/༠༥/༢༨
Share on FacebookShare on TwitterShare on EmailShare on Whatsapp


ད་ལོའི་ཕྱི་ཟླ་དགུ་བའི་ནང་བཙན་བྱོལ་བོད་མིའི་སོ་ནམ་གཞིས་ཀ་བཅུ་གཉིས་སྟེང་། བཞུགས་སྒར་ངྷ་ས་དང་ལྡི་ལི་གཉིས་གསར་དུ་བསྣན་ཏེ། བོད་རིགས་ན་གཞོན་ཕོ་མོ་ ༥༠ ཨི་སི་རེལ་རྒྱལ་ཁབ་ཏུ། ༼སོ་ནམ་སྦྱོང་བརྡར་དང་གླ་ཡོད་ཉམས་གསོ༽བཅས་པའི་ལས་གཞིའི་ནང་གཏོང་རྒྱུ་ཡིན་འདུག

ལོ་ལྟར་ཨི་སི་རེལ་ ( Israel) རྒྱལ་ཁྱབ་ཀྱི་བོད་མིའི་རྩ་ཚོགས་ (Israel Tibetan friendship) དང་། ཨེ་སི་རེལ་སྐྱེ་ལྡན་སོ་ནམ་མཐོ་སློབ་ ( Araba international centre for  agriculture training) །  བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་བཅས་མཉམ་འབྲེལ་ཐོག་བཙན་བྱོལ་བོད་མིའི་སོ་ནམ་གཞིས་ཀ་ ༡༢ ཀྱི་གཞོན་སྐྱེས་མང་པོ་ཞིག་ཨེ་སི་རེལ་དུ་༼སོ་ནམ་སྦྱོང་བརྡར་དང་གླ་ཡོད་ཉམས་གསོའི༽ལས་གཞིའི་ཁོངས་སུ་གཏོང་གི་ཡོད་པ་ལྟར། ད་ལོར་བཙན་བྱོལ་བོད་མིའི་སོ་ནམ་གཞིས་ཀ་བཅུ་གཉིས་ཀྱི་སྟེང་དུ་ངྷ་རམ་ས་ལ་དང་ལྡི་ལི་བཅས་བསྣན་ཏེ། རང་ལོ་ ༢༢ ནས་ ༣༢ བར་གྱི་ཕོ་ ༤༢ དང་། མོ་༨ བཅས་བོད་རིགས་གཞོན་སྐྱེས་ ༥༠ ཙམ་གཏོང་རྒྱུ་ཡིན་འདུག 

ལས་གཞི་འདིར་ཞུགས་པའི་ཆ་རྐྱེན་ཁག་ནི། འཛིན་རིམ་ ༡༠ བའི་སློབ་སྦྱོང་གི་གནས་ཚད་དང་མཉམ་པའི་དབྱིན་ཇིའི་འབྲི་ཀློག་ཐུབ་པ། རྒྱ་གར་ནང་བསྡད་ཆོག་པའི་སྐྱབས་བཅོལ་ལག་འཁྱེར་ ( RC) དང་དེབ་སེར་པོ། བཙན་བྱོལ་བོད་མིའི་དཔྱ་ཁལ་ལག་དེབ། ལྡི་ལིའི་ཨེི་སི་རེལ་སྨན་ཁང་ནས་གློ་ནད་ཊི་བྷེ་སོགས་འགོས་ནད་རིགས་མེད་པའི་བདེན་དཔང་ཡིག་ཆ་བཅས་དགོས་པ་མ་ཟད། ཐོག་མར་འཛུལ་ཞུགས་སྐབས་ཧིན་སྒོར་ ༣༠༠༠༠ ཙམ་དོ་བདག་གི་གཏའ་མ་དང་འགྲོ་གྲོན་ཆེད་ནང་སྲིད་ལས་ཁུངས་ལ་སྤྲོད་དགོས་ཀྱི་ཡོད་འདུག

༼ སོ་ནམ་སྦྱོང་བརྡར་དང་གླ་ཡོད་ཉམས་གསོའི ༽ ཞེས་པའི་ལས་གཞི་འདི་ནི། ཕྱི་ལོ་ ༡༩༩༨ ལོར་ཐོག་མར་མགོ་འཛུགས་བྱས་པ་ཞིག་ཡིན་ཞིང་། ད་ལྟའི་བར་སོ་ནམ་གཞིས་ཀ་བཅུ་གཉིས་ཀྱི་བོད་མི་ ༥༥༥ ཙམ་མངགས་གཏོང་བྱས་ཡོད་འདུག་ལ། ལས་གཞི་འདིའི་དམིགས་ཡུལ། བོད་མི་གཞོན་སྐྱེས་ཚོ་ཨི་སི་རེལ་དུ་ཕྱིན་ཏེ། འཕྲུལ་ཆས་བེད་སྤྱོད་ཀྱིས་ས་ཞིང་འདེབས་ལས་ལག་ཤེས་སློབ་སྦྱོང་གནང་རྗེས། ཕྱིར་ཁུངས་སོ་སོར་ལོག་སྟེ་བཙན་བྱོལ་བོད་མིའི་སོ་ནམ་གཞིས་སྒར་ཁག་ཏུ་ལག་ལེན་བྱ་རྒྱུ་དེ་ཡིན་འདུག་ལ། ཟླ་ ༡༠ རིང་སློབ་སྦྱོང་གི་ཞོར་དུ་ཧིན་སྒོར་འབུམ་ ༣ ཙམ་ཞིག་ལས་གླ་ལྟ་བུར་རེག་གི་ཡོད་འདུག 

གནས་ཚུལ་འདིའི་སྐོར་ནང་སྲིད་དྲུང་འཕར་འཆི་མེད་རིག་འཛིན་ལགས་སུ་བཅར་འདྲི་ཞུས་དོན་ལྟར་ན། སྔོན་ཆད་ལས་གཞི་འདིའི་ཁོངས་སུ་བཙན་བྱོལ་བོད་མིའི་སོ་ནམ་གཞིས་ཀ་ ༡༢ མ་གཏོགས་ཚུད་ཀྱི་མེད་ཀྱང་། དེ་སྔོན་གཞིས་མགོ་ཁག་གི་ཚོགས་འདུའི་སྐབས་དང་། ལྷག་པར་དུ་བཀའ་ཤག་སྐབས་བཅུ་བཞི་བའི་ནང་གྲོས་བསྡུར་ཞིབ་མོ་གནང་མཐར། ངྷ་རམ་ས་ལ་དང་ལྡི་ལི་ཁུལ་དུ་བོད་ནས་གསར་དུ་འབྱོར་བ་ལས་མེད་མང་པོ་ཞིག་ཡོད་སྟབས། ཁོང་ཅག་ལ་གོ་སྐབས་འདི་འཐོབ་ཆེད་ད་ལོ་ངྷ་ས་དང་ལྡི་ལི་གཉིས་ལས་གཞི་དེའི་ཁོངས་སུ་བཅུག་པ་ཡིན་སྐོར་གསུངས་བྱུང་ལ། ཐེངས་སྔོན་མ་དག་དང་བསྡུར་ན་ད་ཐེངས་བུད་མེད་ཉུང་དུ་ཕྱིན་ཡོད་པ་ནི། ཐེངས་སྔོན་མ་དག་གི་སྐབས་སུ་སློབ་སྦྱོང་ལ་འགྲོ་མཁན་དག་གི་སྤྱོད་ལམ་ཡག་སྡུག་ཅི་རིགས་ཤིག་བྱུང་ཡོད་པ་དང་། ལྷག་པར་དུ་སྔ་ལོར་བོད་པའི་བུད་མེད་ནང་ཁུལ་རྙོག་གླེང་ཞིག་བྱུང་བ་བཅས་ཀྱི་དབང་གིས་ཐེངས་འདིར་བུད་མེད་ ༨ ལས་གོ་སྐབས་སྤྲོད་ཐབས་བྱུང་མེད་སྐོར་ངོ་སྤྲོད་གནང་བྱུང་།

གནས་ཚུལ་ཞིབ་ཕྲ་ཟླ་འདིའི་ཕྱི་ཚེས་ ༣༠ ཉིན་གྱི་བོད་ཀྱི་དུས་བབ་ཚགས་པར་སྟེང་འགོད་རྒྱུ་ཡིན།

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

Mobile App

གྲྭ་མཛེས་དགའ་རྒྱ་མཚོ་ལགས་ཀློད་འདུག་ཀྱང་ལྟ་རྟོག་ནན་པོ་བྱེད་ཀྱི་འདུག

ཆུ་ཚོད་ ༦ སྔོན་ལ།
སྐབས་བཅུ་བདུན་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པའི་ལས་ཉིན་དྲུག་པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་ཀྱི་རྒྱལ་དར་དང་རྒྱལ་རྟགས་རྒྱལ་གླུ་བཅས་ཀྱི་ཚན་མཐུན་གཅིག་འགྱུར་གྱི་སྙན་ཐོར་བགྲོ་གླེང་གནང་སོང་།

༢༠༢༦/༠༣/༢༡
Tibet, China - Sep 7, 2012. Chinese soldiers walking at the Jokhang temple in Lhasa, Tibet. The Jokhang Temple has two Buddha statues sacred to Tibetan Buddhists. — Photo by phuongphoto
Mobile App

པེ་ཅིན་གཞུང་གིས་བོད་མི་དང་གྲངས་ཉུང་མི་རིགས་གཞན་དག་རྒྱ་སྒྱུར་བྱ་བ་ཁྲིམས་མཐུན་བཟོ་བཞིན་འདུག

༢༠༢༦/༠༣/༢༡
Loomer meets Dalai Lama, lauds him for standing firm against threats to freedom
༸གོང་ས་མཆོག གསར་འགྱུར།

ཨ་རིའི་ཆབ་སྲིད་ལས་འགུལ་བ་ལུ་མར་ལགས་ཀྱིས་༸གོང་ས་མཆོག་ལ་མཇལ་བཅར་ཞུས།

༢༠༢༦/༠༣/༢༡
Penny Wong, Richard Marles, Judith Collins KC, Winston Peters
Mobile App

བོད་ནང་གི་ཆོས་དང་རིག་གཞུང་སོགས་ཉམས་རྒུད་དུ་འགྲོ་བཞིན་པར་བློ་འཚབ་བསྟན།

༢༠༢༦/༠༣/༢༠
TTTTT
Mobile App

དྷི་ཚ་དགོན་པའི་གྲྭ་བ་བསམ་གཏན་ལགས་ཉེས་རྡུང་བཏང་ནས་བཀྲོངས་འདུག

༢༠༢༦/༠༣/༡༨

མཆན། 2

  1. བློ་བཟང་རྒྱལ་མཚན། says:
    ལོ་ 14 སྔོན།

    ཡ་དྲ་གྲོགས་ཚོ་་་ད་གསར་འབྱོར་ཚོ་ལ་གོ་སྐབས་ཞིག་རག་རྒྱུ་ཁག་པོ་རེད་
    འཛིན་གྲྭ་བཅུ་པའི་ལག་འཁྱེར་ངན་པར་དུ་དགོས་ཀྱི་ཡོད་ན་རྡ་ས་ཉར་འཁུར་དུ་ཡོད་པའི་བོད་པ་གསར་འབྱོར་ལས་མེད་དེ་ཚོ་ལ་གོ་སྐབས་རག་རྒྱུ་ཁག་པོ་ཡིན་པར་གསལ་པོ་རེད་

    Reply
  2. རོང་ཕྲུག says:
    ལོ་ 14 སྔོན།

    བོད་ནས་གསར་དུ་འབྱོར་བའི་ལས་མེད་དག་ལ་འཛིན་གྲྭ་བཅུ་པའི་ལག་འཁྱེར་མི་དགོས་པ་བཟོས་ན་མ་གཏོགས།དེ་བཞིན་སྐྱབས་བཅོལ་ལག་དེབ། དེབ་སེར་པོ་བཅས་ཡོད་དགོས་པའི་ཆ་རྐྱེན་དེ་དག་བསམ་ན་དེ་བས་ཀྱང་འཛིན་གྲྭ་བཅུ་པའི་ལག་འཁྱེར་ཡོད་པའི་གསར་འབྱོར་ལས་མེད་གཅིག་ཡོད་མེད་ལ་བསམ་བློ་གཏོང་དགོས་པ་ཞིག་རེད་སྙམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese