མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྲིད་དབང་རྩིས་སྤྲོད་གནང་ཡུལ་དང་དུས་ཚིགས།

བོད་ཀྱི་དུས་བབ།
༢༠༡༢/༠༥/༣༠
Share on FacebookShare on TwitterShare on EmailShare on Whatsapp

ཐུབ་བསྟན་དབྱིག་གཉེན།


༄༅། །བཙན་བྱོལ་བོད་མིའི་ལོ་རྒྱུས་ནང་སྔར་ལོའི་ཕྱི་ཟླ་ལྔ་པ་དེ་ཆབ་སྲིད་འཁྲུག་ཆ་དོད་ཤོས་ཀྱི་དུས་ཚོད་ཅིག་བྱུང་ཡོད་པ་དང་། དེ་ཡང་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ལ་བཀའ་ཡིག་ཕེབས་པ་བརྒྱུད་ལོ་ངོ་གསུམ་བརྒྱ་ལྷག་ཙམ་རིང་དགའ་ལྡན་ཕོ་བྲང་པས་བོད་ཀྱི་ལུགས་གཉིས་ཆོས་སྲིད་ཀྱི་ཐུགས་འགན་བཞེས་བཞིན་པ་དེར་རླབས་ཆེན་གྱི་འགྱུར་བ་ཞིག་བཏང་སྟེ། བོད་མི་མང་གིས་འོས་བསྡུ་བྱས་པའི་མགོ་ཁྲིད་ཚོར་ཆབ་སྲིད་དང་འཛིན་སྐྱོང་གི་འགན་དབང་ཡོངས་སུ་རྩིས་སྤྲོད་གནང་རྒྱུའི་ཐག་གཅོད་གནང་བ་དེར་བོད་མི་མང་སྤྱི་འཐུས་རྣམས་ཀྱིས་བགྲོ་གླེང་གནང་སྟེ། མཐའ་མར་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་བསྐྱར་བཅོས་གཞི་རྒྱ་ཆེ་ཤོས་དེ་གནང་སྟེ། བཙན་བྱོལ་བོད་མིའི་ཆབ་སྲིད་ལམ་ལུགས་ལ་དུས་རབས་ཀྱི་འགྱུར་བ་དེ་བྱུང་བ་རེད།


སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཆབ་སྲིད་ཀྱི་ཐུགས་འགན་འོས་བསྡུ་བྱས་པའི་མི་མང་གི་མགོ་ཁྲིད་ཚོར་རྩིས་སྤྲོད་གནང་བའི་དུས་ཚོད་དང་སྲིད་དབང་རྩིས་སྤྲོད་གནང་ཡུལ་དང་པོ་སུ་ཡིན་ངོས་འཛིན་གནང་སྟངས་ལ་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་སྐྱོན་ཆ་ཞིག་འདུག དེ་ཡང་ཕྱི་ཟླ་ ༨ ཚེས་ ༨ ཡིན་པར་ངོས་འཛིན་བྱེད་མཁན་རིགས་གཅིག་འདུག་པ་མ་ཟད། ཕྱི་ཚེས་ ༢༨ ཉིན་རྒྱ་གར་གྱི་ཨའི་ཨཱེ་ཨན་ཨེས་ཞེས་པའི་གསར་འགྱུར་ལས་ཁུངས་ཀྱི་གསར་འགོད་པ་ཝི་ཤལ་གྷུ་ལ་ཏིས་༧གོང་ས་མཆོག་གིས་སྲིད་དབང་རྩིས་སྤྲོད་གནང་ནས་ལོ་གཅིག་འཁོར་བ་ཞེས་པའི་ མགོ་བརྗོད་འོག་གནས་ཚུལ་ཞིག་བྲིས་པའི་ནང་དུ་གནས་ཚུལ་ནོར་བ་མང་དག་ཅིག་བཀོད་འདུག་པ་བཅས་ཀྱིས་མ་འོངས་པར་བོད་མིའི་ཆབ་སྲིད་ལོ་རྒྱུས་ནང་གནས་ཚུལ་དེ་མ་དག་རྒྱུན་འབྱམས་སུ་ལྷག་ཉེན་འདུག་སྙམ། གནད་དོན་དེར་བོད་མིའི་གསར་ཤོག་དང་དུས་དེབ་ཚོས་གལ་ཆེན་དུ་ངོས་འཛིན་མི་གནང་བ་མ་ཟད། བཙན་བྱོལ་བོད་གཞུང་ངམ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་ཡིག་ཆ་ཁག་ལའང་དེ་ལྟར་དུས་ཚིགས་ནོར་བ་ཞིག་བེད་སྤྱོད་གནང་གི་འདུག་པ་དེ་ནི་མ་འོངས་པར་ལོ་རྒྱུས་ཐོག་ནོར་འཁྲུལ་ཡོང་ཉེན་འདུག་སྙམ།


སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཆབ་སྲིད་དང་འཛིན་སྐྱོང་གི་འགན་དབང་རྩིས་སྤྲོད་གནང་བའི་དུས་མཚམས་དེ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་བཅའ་ཁྲིམས་བསྐྱར་བཅོས་ཀྱི་ཁྲིམས་འཆར་ལ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ངོས་བཞེས་ཆོག་མཆན་གནང་ནས་ཁྲིམས་ཡིག་ཏུ་གཏན་འབེབས་བྱུང་བའི་ཉིན་མོ་དེ་ལ་ངོས་འཛིན་གནང་དགོས་པ་ཡིན།

 

དེ་བཞིན་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཆབ་སྲིད་ཀྱི་ཐུགས་འགན་རྩིས་སྤྲོད་གནང་ཡུལ་དེ་ད་ལྟའི་བཀའ་བློན་ཁྲི་པ་བློ་བཟང་སེངྒེ་ལགས་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་པ་དེ་ཡང་ནོར་འཁྲུལ་རེད་སྙམ། བོད་མི་མང་སྤྱི་འཐུས་སྐབས་བཅུ་བཞི་པས་ ༢༠༡༡ ཟླ་ ༥ ཚེས་༢༨ ནས་ ༣༠ བར་ཉིན་གསུམ་རིང་བཅའ་ཁྲིམས་བསྐྱར་བཅོས་ཀྱི་དམིགས་བསལ་གྲོས་ཚོགས་འདུ་བསྐོང་གནང་སྟེ། བཅའ་ཁྲིམས་བསྐྱར་བཅོས་གཏན་འབེབས་གནང་ཡོད་པ་དང་། ཕྱི་ཟླ་ ༥ ཚེས ༣༡ ཉིན་བཅའ་ཁྲིམས་བསྐྱར་བཅོས་ཀྱི་ཁྲིམས་འཆར་ལ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ངོས་བཞེས་མཆོག་ཆན་མཚན་རྟགས་ཞུ་འཁྲོལ་བྱུང་རྗེས་དངོས་སུ་ལག་བསྟར་མགོ་འཛུགས་གནང་ཡོད་ལ། དུས་དེ་ནས་བཟུང་བཙན་བྱོལ་བོད་མིའི་བཅའ་ཁྲིམས་འབྲུ་དོན་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་མཚན་གནས་རྗེས་འབྲེལ་ཐུགས་འགན་ཡོངས་སུ་འོས་བསྡུ་བྱས་པའི་མགོ་ཁྲིད་ཚོར་རྩིས་སྤྲོད་གནང་བ་ཞིག་ཡིན།


དེས་ན་ལོ་རྒྱུས་ཐོག་ཆབ་སྲིད་ཀྱི་ཐུགས་འགན་རྩིས་སྤྲོད་གནང་ཡུལ་དང་པོ་དེ་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་ཆགས་ཡོད་པ་དང་། ཕྱི་ཟླ་ ༨ ཚེས་ ༨ ཉིན་ཟམ་གདོང་རིན་པོ་ཆེས་བཀའ་བློན་ཁྲི་པའི་འགན་འཁུར་དེ་བློ་བཟང་སེངྒེ་ལགས་སུ་རྩིས་སྤྲོད་གནང་བ་ཞིག་རེད། བཀའ་བློན་ཁྲི་པ་བློ་བཟང་སེངྒེ་ལགས་ཀྱིས་དེ་ཉིན་དམ་འབུལ་གནང་སྐབས་མཛད་སྒོའི་དབུ་བཞུགས་ལ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཞབས་སོར་བཀོད་དེ་བཀའ་སློབ་གནང་ཡོད་ནའང་། བོད་གཞུང་བཀའ་ཤག་གི་དམ་སྦྲུག་བཀའ་དམ་བདེ་སྐྱིད་མ་དེ་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེས་འོས་འདེམས་བྱུང་བའི་བཀའ་བློན་ཁྲིོ་པ་བློ་བཟང་སེངྒེ་ལགས་ལ་རྩིས་སྤྲོད་གནང་བ་མ་ཟད། དེ་ཡང་ཉིན་དེར་དམ་འབུལ་ཟིན་མཚམས་དེར་རྩིས་སྤྲོད་གནང་བ་བཅས་ཀྱིས་གསལ་པོ་མཚོན་ཐུབ་ཀྱི་ཡོད།


དུས་ཡུན་དེའི་རིང་ལ་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེས་དེའི་གོང་༧གོང་ས་མཆོག་གིས་མཚན་གནས་རྗེས་འབྲེལ་བསྐོ་གཞག་གནང་བའི་དམིགས་བསལ་སྐུ་ཚབ་དང་སྐུ་ཚབ། ཕྱི་རྒྱལ་སྐུ་ཚབ་དོན་གཅོད་དང་བཅས་བཅའ་ཁྲིམས་བསྐྱར་བཅོས་འབྲུ་དོན་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེས་བསྐོ་གཞག་གནང་བའི་གསལ་བསྒྲགས་གནང་ཡོད་པ་དེ་ནི་ཆབ་སྲིད་ཀྱི་འགན་འཁུར་རྩིས་སྤྲོད་གནང་ཟིན་པའི་ར་འཕྲོད་རེད།

 

བཀའ་བློན་ཁྲི་པ་བློ་བཟང་སེངྒེ་ལགས་ཀྱིས་༧གོང་ས་མཆོག་གིས་སྲིད་དབང་གི་འགན་འཁུར་ཁོང་ལ་རྩིས་སྤྲོད་གནང་བྱུང་གསུང་གི་འདུག་པ་དེ་ཡང་ལོ་རྒྱུས་ཐོག་ནོར་འཁྲུལ་ཅན་གྱི་གཏམ་བཤད་ཡིན་པ་དང་། གཅིག་བྱས་ན་ཟམ་གདོང་རིན་པོ་ཆེས་དེ་འདྲ་ཞིག་གཏན་ནས་གསུངས་མེད་པ་དེས་མི་རྣམས་ཀྱིས་ཡིན་ཤག་ལ་ངོས་འཛིན་བྱེད་ཀྱི་ཡོད་སྲིད། དེ་ནི་གཅིག་བྱས་ན་ཟམ་གདོང་རིན་པོ་ཆེ་དང་བློ་བཟང་སེངྒེ་གཉིས་ཀྱི་མི་གཤིས་ལ་ཁྱད་པར་ཡོད་པ་དེས་ཡིན་སྲིད། ཟམ་གདོང་རིན་པོ་ཆེ་ནི་ངས་བྱས་དང་ངས་འཇོན་ལུགས་གསུང་མཁན་ཞིག་མིན་པ་དང་། བློ་བཟང་སེངྒེ་ལགས་ནུབ་ཕྱོགས་ནང་རྒྱུན་རིང་བཞུགས་པའི་དབང་གིས་ནུབ་ཕྱོགས་པའི་ཆབ་སྲིད་པའི་གོམས་གཤིས་ཕྲན་བུ་འཇགས་ཡོད་པས་དེ་ལྟར་གསུང་གི་ཡོད་སྲིད།

 

གནད་དོན་འདི་ཕྱོགས་གཅིག་ནས་འདིར་གླེང་དགོས་པའི་གལ་ཆེའི་གནད་དོན་ཞིག་མིན་ནའང་། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཆབ་སྲིད་ཐུགས་འགན་རྩིས་སྤྲོད་གནང་བ་དེ་བོད་ཀྱི་ཆབ་སྲིད་ལོ་རྒྱུས་ནང་ཤིན་ཏུ་གལ་ཆེའི་དུས་མཚམས་ཤིག་ཆགས་རྒྱུར་བརྟེན་དེའི་དུས་མཚམས་དང་སྲིད་དབང་རྩིས་སྤྲོད་གནང་རྗེས་འགན་འཁུར་བཞེས་མཁན་དང་པོ་སུ་ཡིན་བཅས་ལོ་རྒྱུས་ལ་གནད་འགག་ཆེན་པོ་ཡིན་སྟབས་འདིར་གླེང་པ་ཡིན།

 

གཞི་རྩའི་བོད་མི་ཚོས་ལོ་རྒྱུས་ཀྱི་དུས་ཚིགས་ལ་གལ་ཆེར་ངོས་འཛིན་གནང་གི་མེད་པ་དེ་དཔེ་མཚོན་མང་པོ་ཡོད། དཔེར་ན་བཀའ་བློན་ཁྲི་པ་ཞེས་པའི་ཆབ་སྲིད་ཀྱི་གོ་གནས་ལ་ཆ་མཚོན་ན། བཙན་བྱོལ་བོད་མིའི་ལོ་རྒྱུས་ནང་བཀའ་བློན་ཁྲི་པ་ཞེས་པའི་ཆབ་སྲིད་ཀྱི་གོ་གནས་དེ་ ༡༩༩༢ ལོར་བཅའ་ཁྲིམས་གཏན་འབེབས་གནང་རྗེས་བྱུང་བ་ཞིག་ཡིན་པ་དང་། དེའི་གོང་བཀའ་ཤག་ནང་བཀའ་བློན་ཁྲི་པ་ཞེས་པ་ཞིག་ཡོད་པ་དེ་སྔའི་བཙན་བྱོལ་བོད་གཞུང་གི་ཡིག་ཆ་སོགས་གང་ལའང་གསལ་མེད།


དེ་སྔོན་བཀའ་ཤག་ཏུ་བཀའ་བློ་སྐུ་བགྲེས་དང་། ཡང་ན་རྒྱུན་བཞུགས་བཀའ་བློན་ཞེས་པ་དེས་བཀའ་ཤག་བཀོད་འདོམས་གནང་གི་ཡོད་པ་དེ་ལོ་རྒྱུས་ཀྱི་ཡིག་ཆའི་ནང་གསལ་ཡོད་པ་མ་ཟད། བཀའ་ཟུར་རིམ་པའི་ལོ་རྒྱུས་ནང་བཀའ་བློན་ཁྲི་པའི་ཐུགས་འཁུར་བཞེས་པའི་དུས་ཚེས་སོགས་གསལ་མེད། འོན་ཀྱང་རྗེས་སུ་བཀའ་བློན་ཟུར་པ་འགའ་ཞིག་ལ་དེ་ལྟར་བཀའ་བློན་ཁྲི་ཟུར་ཞེས་གསར་ཤོག་སོགས་ཀྱིས་རང་མཚམས་བེད་སྤྱོད་བྱེད་སྲོལ་འདུག་པ་དེ་ནི་ཞིབ་ཏུ་མ་གཟིགས་པར་མཚན་གནས་དེ་བེད་སྤྱོད་བྱས་པ་ཞིག་རེད། བཙན་བྱོལ་བོད་གཞུང་ཕྱི་དྲིལ་ལས་ཁུངས་དང་འོས་བསྡུ་ལས་ཁུངས་ཀྱི་ཡིག་ཆ་རེ་ཟུང་ནང་དེ་འདྲའི་མཚན་གནས་བེད་སྤྱོད་གནང་བ་མཐོང་རྒྱུ་འདུག་པ་དེ་ནི་གཞུང་འབྲེལ་ཡིག་ཆར་རྒྱབ་ལྗོངས་ཀྱི་གནས་ཚུལ་ཞིབ་ཏུ་མ་གཟིགས་པའི་སྐྱོན་རེད།

 

འབྲེལ་ཡོད་གསར་འགྱུར།

A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

ཆུ་ཚོད་ ༡༦ སྔོན་ལ།
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

ཆུ་ཚོད་ ༡༦ སྔོན་ལ།
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡
དྷ་ས་ནས་ལྡི་ལི་བར་གྱི་ཞྭ་མོ་ནག་པོའི་གོམ་བགྲོད་ཀྱི་ལས་འགུལ་བ། ༢༠༢༦།༠༣།༣༡ དུས་བབ་ཀྱི་པར།
Mobile App

དྷ་རམ་ས་ལ་ནས་ལྡི་ལི་བར་ཞྭ་མོ་ནག་པོའི་གོམ་བགྲོད་མགོ་འཛུགས་གནང་།

༢༠༢༦/༠༣/༣༡
The new government led by Prime Minister Balendra Shah unveiled an ambitious 100-point work plan on Saturday, a signal of a break from the slow, plodding pace of past administrations. PHOTO: THE KATHMANDU POST
Mobile App

བལ་ཡུལ་གྱི་སྲིད་གཞུང་གསར་པའི་བསྒྱུར་བཅོས་དོན་ཚན་ ༡༠༠ ལག་བསྟར་བྱེད་ཀྱི་ཡོད་འདུག

༢༠༢༦/༠༣/༣༡

མཆན། 2

  1. བསྟན འཛིན་ཆོས་རྒྱལ says:
    ལོ་ 14 སྔོན།

    ༢)ཡིན་ན་ཡང། གོང་ས་མཆོག་གིས་སྲིད་དབང་རྩིས་སྤྲོད་གནང་རྗེས་སུ།་མི་མང་གིས་གདམས་པའི་བཀའ་ཁྲི་དང་བོ་དེ་ཡིན་ཞེས་ཞིབ་ཆ་ཞིག་མི་འབྱེད་རང་འབྱེད་རེད། གོང་སས་སྲིད་སྐྱོང་སྟག་བྲག་གིས་སྤྲད་པའི་སྲིད་དབང་བློ་སེང་ལ་རྩིས་སྤྲད་ཡོད་དོ་ཞེས་པའི་བཀའགསུང་དེ་སྟོང་སྒྲོག་འབུམ་བསྒྲོགས་པས་སོ།།
    གོང་ས་མཆོག་གིས་སྲིད་སྐྱོང་བ་ཞེས་འདོག་འདོད་ཤུགས་ཆེན་གསུངས་ཀྱང། གྲོས་ཚོགས་ལ་རྣ་བ་དང་དཔྱོད་རིག་གཉིས་ཀ་མེད་པ་འདི་ཡང་ཅི་ཡིས་ནོངས་སམ།

    Reply
  2. བསྟན འཛིན་ཆོས་རྒྱལ says:
    ལོ་ 14 སྔོན།

    དེ་རིང་བར་ཉིན་བརྒྱད་འགོར་ཡང་བསམ་ཚུག་གཅིག་ཀྱང་སླེབས་མེད་པ་ནི་དྲ་ལམ་འདིེ་མི་སྲིད་པའི་གནས་ཚུལ་ཞིག་རེད། གླེང་མ་ཤེས་བར་སྡད་ཡོད་པ་འདྲ། མཐོ་མི་རུང་བླ་མའི་དབུ།་དམའ་མུ་རུང་བླ་མའི་ཆིབ་པ།་ཞེས་པར་སྙམ།
    དོན་ངོ་མས་བཤད་ན། སྲིད་སྐྱོང་བློ་སེང་ནི། སྲིད་དབང་རྩིས་སྤྲོད་ཡུལ་དང་བོ་དེ་མིན་པ་བྱུང་ཟིན་པའི་གནས་ཚུལ་དངོས་ཀྱིས་ར་འཕྲོད་པས་དཔྱད་པ་ཅི་ལ་དགོས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese