མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་རྒྱ་ཞི་མོལ་ལས་དོན་ཚོཊ་འདུ།

བོད་ཀྱི་དུས་བབ།
༢༠༡༢/༠༥/༣༡
Share on FacebookShare on TwitterShare on EmailShare on Whatsapp


ཁ་སང་ཕྱི་ཚེས་ ༣༠ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༩།༣༠ སྟེང་གངས་སྐྱིད་བཀའ་ཤག་ཚོགས་ཁང་དུ་བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ཚོགས་འདུ་ཐེངས་ ༢༤ པའི་གྲོས་གཞི་དང་ལས་རིམ་དབུ་འཛུགས་གནང་ཡོད་འདུག

བོད་གཞུང་དྲ་བའི་སྟེང་གནས་ཚུལ་བཀོད་པ་ལྟར་ན། ཐེངས་འདིའི་ཉིན་གཉིས་རིང་གི་བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ཚོགས་མི་ ༡༨ ཙམ་མཉམ་ཞུགས་གནང་ཡོད་པ་དག་ནི། བཀའ་ཁྲི་བློ་བཟང་སེང་གེ་མཆོག་གིས་གཙོ་སྐྱོང་གནང་ཐོག་ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་དང་། བདེ་སྲུང་བཀའ་བློན་འབྲོང་ཆུང་དངོས་གྲུབ་མཆོག དམིགས་བསལ་སྐུ་ཚབ་བཀའ་ཟུར་རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག བཀའ་ཟུར་བསྟན་པ་ཚེ་རིང་མཆོག སྐུ་ཚབ་སྐལ་བཟང་རྒྱལ་མཚན་མཆོག བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཐུབ་བསྟན་བསམ་འཕེལ་ལགས། ཨོ་སི་ཊོ་ལི་ཡའི་སྐུ་ཚབ་དོན་གཅོད་དྭགས་པོ་བསོད་ནམས་ནོར་བུ་ལགས། སྐུ་སྒེར་དྲུང་ཆེ་འཆི་མེད་རིག་འཛིན་ལགས། སྐུ་སྒེར་དྲུང་ཆེ་རྔ་པ་ཚེ་རྒྱམ་ལགས། ལྷོ་ཨ་རིའི་འབྲེལ་མཐུད་པ་ཚེ་དབང་ཕུན་ཚོགས་ལགས། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་གཞོན་པ་བུ་ཆུང་ཚེ་རིང་ལགས། སྤྱི་ཁྱབ་འཆར་འགོད་འགན་འཛིན་དཀོན་མཆོག་བརྩོན་འགྲུས་ལགས། སྤྱི་ཟུར་རྨེའུ་མགོན་པོ་མཚོ་ལགས། ཐེ་ཝན་དོན་གཅོད་ཟླ་བ་ཚེ་རིང་ལགས། དྲུང་གཞོན་འཇིགས་མེད་པ་སངས་ལགས། དྲུང་གཞོན་སྐལ་བཟང་ཚེ་རིང་ལགས་བཅས་ཚོགས་ཞུགས་གནང་ཡོད་འདུག

གསར་འགོད་པ། དོན་འགྲུབ་བཀྲ་ཤིས།

འབྲེལ་ཡོད་གསར་འགྱུར།

TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་དབྱིན་ཇིའི་ཆོས་དཔོན་ས་ར་མུ་ལ་ལི་ལགས་སུ་འཚམས་འདྲི་མཛད།

ཆུ་ཚོད་ ༦ སྔོན་ལ།
Sikyong Penpa Tsering Extends Sincere Congratulations to Nepal’s New Prime Minister, Honourable Balendra Shah. Photo Credit: tibet.net
Mobile App

སྲིད་སྐྱོང་མཆོག་གིས་བལ་ཡུལ་གྱི་སྲིད་བློན་གསར་པ་བྷ་ལེན་དྷ་ར་ལགས་སུ་འཚམས་འདྲི་ཞུས།

ཆུ་ཚོད་ ༧ སྔོན་ལ།
Mobile App

བལ་ཡུལ་གྱི་སྲིད་བློན་དང་ནང་སྲིད་བློན་ཆེན་ཟུར་བ་གཉིས་འཛིན་བཟུང་བྱས།

ཆུ་ཚོད་ ༧ སྔོན་ལ།
TTTT
Mobile App

བོད་མི་དུད་ཚང་ ༨༥༠ ལ་གཞིས་སྤོར་ས་ཁང་བགོ་འགྲེམས་བྱས་ཟིན་ཡོད་འདུག

ཆུ་ཚོད་ ༨ སྔོན་ལ།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར། ༢༠༢༦།༣།༢༧
Mobile App

བོད་ཕྲུག་གཅིག་པུར་དམིགས་པའི་སློབ་གྲྭ་ཁག་ཅིག་དགོས་གལ་ཆེ།

༢༠༢༦/༠༣/༢༧
Nepal to get new railway line with India as RSP gov’t takes office, its Tibet railway lagging. Edited by tibettimes
Mobile App

རྒྱ་གར་དང་བལ་ཡུལ་བར་མེ་འཁོར་ལྕགས་ལམ་འཛུགས་སྐྲུན་བྱ་འཆར་འདུག

༢༠༢༦/༠༣/༢༧

མཆན། 7

  1. ཡུལ་གྱར་བ། says:
    ལོ་ 14 སྔོན།

    བཀའ་ཁྲིའི་དབུ་ལམ་ལ་རྒྱབ་སྐྱོར་གནང་མིན་དང་དབུ་ལམ་གྱི་ཚོགས་ཆེན་ཐོག་ཕེབས་མིན་ཟེར་བའི་དབུ་ལམ་དེ་དབུ་མའི་ལམ་གྱི་ལས་འགུལ་ཚོགས་ཆུང་ཟེར་བ་འདི་ཡིན་ན་འདིར་ཕེབས་པ་ལས་མ་ཕེབས་ན་གཟི་བརྗིད་ཆེ། ཕན་ཐོག་པའི་ལས་ཀ་སྣ་གཅིག་བྱས་མྱོང་མེད་ལ་ཚད་ལྡན་གྱི་ཁྲིམས་ནས་ནག་ཉེས་མ་ཕོགས་པའི་ཚོགས་མི་ཕལ་ཆེར་མེད་པས་བཀའ་ཁྲིས་སྐད་ཆ་ཅི་ཞིག་བཤད་དགོས་སམ། སྟོད་དགོས་སམ་སྨད་དགོས། སློབ་སྟོན་འདྲ་གནང་ན་འདི་ཚོས་བརྩི་འཇོག་བྱེད་སྲིད་དམ། གང་ལྟར་ཚོགས་པ་འདིས་དབུ་ལམ་ལ་མོས་པའི་མིའི་ཚབ་གཏན་ནས་བྱེད་མི་ཐུབ་པས་འདིར་རྒྱབ་སྐྱོར་མ་གནང་བར་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་མེད་པ་གཏན་ནས་མཚོན་མི་ནུས།

    Reply
  2. མི་ཉག་བཙན་པོ says:
    ལོ་ 14 སྔོན།

    ཆོས་འཕེལ་མིང་ཅན་ལ་ཞུ་དོན།
    བཀའ་ཤག་གསར་པས་ཕྱག་ལས་གང་གནང་ཡོད་མེད་ཤེས་འདོད་ཡོདམཁན་གྱི་མི་དྲང་པོ་ཞིག་
    ཞིག་ཡིན་ན།ངས་ཁ་ཤས་ཤིག་ཁྱོད་ལ་བཤད་ཆོག་ཀྱང་གཟབ་གཟབ་བྱས་ནས་ཉོན་ཨང་།
    ལོ་རྒྱུས་ནང་བྱུང་མྱོང་མེད་པའི་ཕྱག་ལས་གནང་བ་ནི། ཉེའི་ཆར་ཨ་རིའི་གྲོས་ཚོགས་ནང་བོད་དོན་སྐོར་གྲོས་ཆོད་བཞག་པ།
    ཉི་ཧོང་གི་གྲོས་ཚོགས་ནང་བོད་དོན་སྐོར་གྲོས་ཆོད་བཞག་པ།
    ཡོ་རོབ་རྒྱལ་ཁབ་7་ནང་གཟིགས་བསྐོར་དང་བོད་དོན་ཁྱབ་བསྒྲགས་གནང་བ།
    གཞུང་འབྲལ་ཐོག་འཛམ་གླིང་ཞི་བདེའི་ཚོགས་ཆེ་ལ་ཕེབས་ཐུབ་པ།
    རྒྱ་གར་གཞུང་གིས་བོད་མའི་སྐྱབས་བྱོལ་ལག་འཁྱེར་ལོ་ལྔའི་དུས་ཡུན་རིང་དུས་འགྱངས་བྱེད་མི་དགོས་པའི་བཀའ་འཁྲོལ་བྱུང་བ།
    སྔར་ལོ་རྒྱུས་ནང་བྱུང་མྱོང་མེད་པའི་གཞུང་འབྲེལ་ཐོག་དབུ་ཁྲིད་མང་པོ་ཐུག་ནས་བོད་དོན་གསལ་བཤད་པ་སོགས་བརྗོས་མི་ལངས།
    བོད་མིའི་སྐྱབས་བྱོལ་ལག་འཁྱེར་ཐོག་ས་ཆ་ཉོ་ཆོག་པའི་བཀའ་འཁྲོལ་བྱུང་བ།
    རྒྱ་གར་ལྷོ་ཕྱོགས་མངའ་སྡེ་གཞུང་གིས་བོད་མི་ཉམ་ཐང་རྣམས་ལ་རོགས་ངུལ་ལོ་གཅིག་ལ་འབུམ་50་ནས་90་བར་གནང་རྒྱུའི་བཀའ་འཁྲོལ་བྱུང་བ།
    བོད་བཙན་བྱོལ་ནང་ལྷག་དཀར་གྱི་ལས་འགུལ་གསར་གཏོད་དང༌།
    བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གསར་བཙུགས་གནང་བ།
    ཁོང་སྒེར་ངོས་ནས་ཕུལ་བྱུང་གཏམ་བཤད་ཀྱི་གསེར་གྱི་གཟེངས་སྟོད་རྟགས་མ་རགས་པ།
    ཤེས་འདོད་མཁན་རྣམས་ནས་ཤེས་ཟིན་པ་ཤ་སྟག་རེད་ཡིན་ན་ཡང་ཁྱོད་ལྟ་བུའི་མི་རེ་ཟུང་ལ་ཤེས་འདོད་མེད་ནས་མ་གོ་བ་རེད།

    Reply
  3. བློ་འཕེལ། says:
    ལོ་ 14 སྔོན།

    བཙན་པོའི་མིང་ཅན་ལགས། རྡོར་གདན་དུས་དབང་སྐབས་བཀའ་ཁྲི་མཆོག་གིས་དབུ་ལམ་ལས་འགུལ་ཞིག་ལ་རྒྱབ་སྐྱོར་མ་གནང་བ་དང། ཉེ་ཆར་དབུ་ལམ་ཚོགས་ཆེན་དུ་གཏམ་བཤད་ལ་མ་ཕེབས་པ་གོ་ཐོས་བྱུང་བས། དེ་བདེན་པའི་དབང་དུ་བྱས་ནས། དམིགས་པ་དེ་དག་ལ་དམིགས་ནས་སེམས་འཚབ་དང་བཅས་སྨོན་ལམ་ཞིག་བཏབ་པ་ཡིན། ཁྱོད་ལ་དེའི་སྐོར་ཁ་གསལ་ཞིག་བཤད་རྒྱུ་ཡོད་ན་ཤོད་དང་། ངེད་ཀྱིས་ནོར་ཡོད་ན་དགོངས་སེལ་ཞུ་ཆོག། །གལ་ཏེ་ཁྱོད་ལ་བཤད་རྒྱུ་མེད་ན་ཁ་བཙུམ་ནས་བཞུགས་ན་ལེགས་སམ། སེམས་འཚབ་དགོས་དོན་ཁོང་ལ་ངའི་ཐོབ་ཐང་གི་འོས་གཅིག་པུ་དེ་སྤྲད་པས་ཡིན།
    ཡང་གཅིག་ཞུས་ན། བཀའ་ཁྲིའི་འོས་བསྡུ་སྐབས་ཁོང་གི་ཁས་ལེན་དེ་དག་ད་སྐབས་གང་དུ་སླེབས་འདུག། བསམ་བློ་ཐོང་དང་སྤྲིན་པ་རླུང་གིས་ཁྱེར་བ་ནང་བཞིན་ཆགས་གྲབས་མི་འདུག་གམ།
    དགོས་པ་ནི། བཀའ་ཁྲིའི་འོས་བསྡུ་སྐབས་དབུ་ལམ་སྐོར་ལ་གཏམ་བཤད་གནང་བ་དོན་ལ་གནས་དགོས་པ་དེ་ཡིན།
    དོན་མ་གོ་ན་གཞི་ནས་བོད་ཡིག་སྦྱང་བསྐྱོར་བྱོས་དང་ག་ལེར་གོ་གི་རེད།

    Reply
  4. མི་ཉག་བཙན་པོ says:
    ལོ་ 14 སྔོན།

    བོད་པའི་སྤྱི་ཚོགས་ཡོད་ས་ཇ་ཁང་དང་ཟ་ཁང་ནང་གི་སྐད་ཆ་ཁ་ཤས་ཞུ་འདོད་བྱུང་།
    བཤད་བཞིན་པ་གཅིག་ནི།བོད་པ་ཞིག་གིས་ཆབ་སྲིད་ཀྱི་ལྟ་གྲུབ་དང་ཤེས་ཡོན་ཐོག་འཇོན་ཐང་མངོན་དུས་༸རྒྱལ་བའི་བཀའ་དང་མི་མཐུན་ཚུལ་དང་ཐ་ན་རྒྱ་མིའི་སོ་པ་སོགས་ཀྱི་མིང་བཏགས་ནས་རྐང་པར་མར་འཐེན་ནས་ས་ལ་ལྷུང་བཅུག་རྒྱུ་དེ་བོད་མིའི་གཤིས་ཀ་རེད་ཅེས།
    བཤད་བཞིན་པ་གཉིས་པ་ནི། བོད་མི་ཞིག་གི་སྤྱི་ཚོགས་ལ་ཕན་པའི་གསར་གཏོད་ཀྱི་ལས་ཀ་ཞིག་བྱས་ན་དེ་ནི་བོད་པའི་སྔ་རབས་ཀྱི་
    ལུགས་སྲོལ་དང་མི་མཐུན་ཚུལ་དང་ཆོས་ལུགས་དང་མི་མཐུན་ཚུལ་བཤད་ནས་རྐང་པར་མར་འཐེན་ནས་ས་ལ་འགྱེལ་བཅུག་རྒྱུ་དེ་བོད་པའི་གཤིས་ཀ་རེད་ཅེས།
    བཤད་བཞིན་པ་གསུམ་པ་ནི།རང་གི་ཆོལ་ཁ་དང་ཆོས་ལུགས་གཅིག་པ་མིན་པའི་བོད་པ་ཞིག་གིས་ལས་ཀ་གང་བྱས་ཀྱང་དེ་ལ་སྐྱོན་འཚོལ་གང་ཐུབ་བྱས་ནས་མི་དེ་ས་ལ་འགྱེལ་རྒྱུ་དེ་བོད་མིའི་གཤིས་ཀ་རེད་ཅེས།
    བཤད་བཞིན་པ་བཞི་པ་ནི། བོད་པའི་ཚོང་པ་ཞིག་ལ་ཚོང་ལམ་འགྲུ་རྒྱུག་ནས་ཕྱུག་པོ་ཆགས་ན་དེ་ནི་སངས་རྒྱས་ཀྱི་སྐུ་དང་ནག་ཚོང་རྒྱབ་རེད་ཅེས་མར་འཐེན་ནས་ལྷུང་བཅུག་རྒྱུ་དེ་བོད་མིའི་གཤིས་ཀ་རེད་ཅེས།
    བཤད་བཞིན་པ་ལྔ་པ་ནི།བླ་མ་དང་སྤྲུལ་སྐུ་དགེ་འདུན་པ་ཞིག་གིས་འགྲོ་དོན་ལ་ཕན་པའི་ཆོས་བཤད་དང་མོ་དང་རྩིས་རྒྱབ་པ་སོགས་གཞནདོན་ཆེད་དུ་ཆོས་ཡག་པོ་ཞིག་བྱས་ཀྱང་དེ་ནི་སྒོར་མོ་ཆེད་དུ་དང་འཇིགས་རྟེན་པ་རྣམས་མགོ་བསྐོར་གཏོང་པ་རེད་ཅེས་མར་འཐེན་རྒྱུ་དེ་བོ་མིའི་གཤིས་ཀ་རེད་ཅེས།
    བཤད་བཞིན་པ་དྲུག་པ་ནི། བོད་པ་ལ་དབང་བའི་ས་ཆ་ལག་མཐིལ་ཙམ་མེད་ཀྱང་ཆོལ་ཀ་དང་ཆོས་ལུགས་ཕན་ཚུན་ཕྱོགས་འཐེན་
    གང་ཐུབ་བྱས་ནས་བསྟན་པ་ཆབ་སྲིད་མ་གནོད་པའི་སྐད་ཆ་ཤོད་རྒྱུ་དེ་བོད་མིའི་གཤིས་ཀ་རེད་ཅེས།
    ཇ་ཁང་དང་ཟ་ཀང་ནང་བཤད་པའི་སྐད་ཆ་རྣམས་དོན་དངོས་ཡིན་པ་འདྲ་དྲ་གྲོགས་དག་ལ་སློབ་སྦྱོང་གང་མཚམས་ཡོད་པ་ཤ་སྟག་རེད་དེ་གཤིས་ཀ་གོང་བརྗོད་ལས་མདས་སོ། སེམས་ཕམ་སོང་དངོས་ནས་སེམས་ཕམ་སོང་།

    Reply
  5. མི་ཉག་བཙན་པོ says:
    ལོ་ 14 སྔོན།

    བློ་འཕེལ་མིང་ཅན་ལ་ཞུ་རྒྱུར།
    བཀའ་ཁྲིད་མཆོག་གི་སྒེར་གྱི་འཁོན་སེམས་སྤྱི་པའི་ཐོག་བེད་སྤྱོས་མི་གཏོང་བར་ཤོག་ཅེས་སྨོན་ལམ་ཞིག་རྒྱབ་འདུག་།
    སྨོན་ལམ་དེའི་གོ་དོན་དང་དགོས་པ་དམིགས་ཡུལ་སོགས་ངེས་ཅན་ཞིག་ཡོད་ངེས་པས། ཁྱོད་ཀྱིས་ཁ་གསལ་ཞིག་བཤད་ཐུབ་ན་ལེགས་དེ་མིན་མངོན་པར་མི་གསལ་བའི་སྐད་ཆ་དེ་འདྲ་བཤད་དགོས་པ་མ་མཐོང་།
    གལ་ཏེ་དེ་ལ་དགོས་པ་དང་དམིགས་ཡུལ་རྒྱུ་མཚན་མེད་ན་ནི་ཤེས་པ་རང་བཞིན་མི་གནས་པའི་འབྲས་རྟགས་མངོན་པ་ལས་གཞན་ཅི།

    Reply
  6. ཀེ་ཏ་ཀ says:
    ལོ་ 14 སྔོན།

    བཀའ་ཁྲི་གསར་པས་རྐང་རྗེས་ལག་བསུབ་མ་བྱས་ན་བོད་རྒྱ་འབྲེལ་མོལ་ཡོང་གི་རེད། ༧གོང་ས་མཆོག་དང་སློབ་དཔོན་ཟམ་གདོང་རིན་པོ་ཆེ་སོགས་ཀྱི་བྱས་པ་གོང་འཕེལ་མ་ནུས་ཀྱང་ཏག་ཏག་ཉར་ཐུབ་པ་ཡིན་ན་འབྲེལ་མོལ་ཡོང་གི་རེད། ཡིན་ནའང། བཀའ་ཁྲི་གསར་པས་སྤྱིར་དབུ་མའི་ལམ་གྱི་སྲིད་བྱུས་དང་དེ་འབྲེལ་གནད་དོན་གཞན་ཐད་རང་སྣང་ཆེན་པོས་ལས་དོན་བྱེད་པ་རེ་ཤོས་ཡོང་གི་ཡོད་པས། མི་ཚང་མར་མིག་མེད་པ་མིན་སྟབས་མཐོང་གི་ཡོད་པ་རེད། མཐོང་བ་ཡིན་ན། རང་བཞིན་གྱིས་ལས་དོན་ཐོག་བར་ཆད་ཏན་ཏན་ཡོང་གི་རེད།

    དངོས་གནས་བྱས་ན། དམིགས་བསལ་སྐུ་ཚབ་མཆོག་གི་བཀའ་དགོངས་དང་བསྟུན་པ་སོགས་བྱས་ན་འབྲེལ་མོལ་ལ་བར་ཆད་འཕྲད་ཀྱི་མ་རེད། དེ་མིན། མི་སུ་ཡིན་ནའང། རང་གི་ནུས་བ་གཞན་ལ་སྤྲོད་འདོད་མེད་པ་གསལ་བོ་ཡིན་པ་རེད། དེ་བས་ཀྱང་ཆབ་སྲིད་པ་ཚོ་བཤད་མ་དགོས་པ་ཞིག་རེད།

    Reply
  7. བློ་འཕེལ། says:
    ལོ་ 14 སྔོན།

    ཞི་བའི་གྲོས་མོལ་དོན་སྙིང་ལྡན་པ་ཞིག་ཡོང་བར་ཤོག།
    དུས་ཚོད་འདི་འདྲ་ཞིག་ལ་འཚོགས་དགོས་དོན་དང། བརྗོད་གཞིའི་གཙོ་བོ་གང་ཡིན་སོགས་ཁ་གསལ་ཞིག་ཡོད་ན་ཡག་པོ་འདུག།
    ཆབ་སྲིད་ཀྱི་གར་སྟེགས་སྟེང་གི་བཟློས་གར་གྱི་འཁྲབ་ཚན་ཞིག་མིན་པར་ཤོག།
    བཀའ་འཁྲི་མཆོག་གིས་སྔར་ལས་ལྷག་པར་གཉིས་སྨན་གྱི་གྲོས་མོལ་ལ་རྒྱབ་སྐྱོར་ཆེ་རུ་འགྲོ་བར་བྱིན་གྱིས་བརླབས་ཏུ་གསོལ།
    བཀའ་ཁྲི་མཆོག་གི་སྒེར་གྱི་འཁོན་སེམས་སྤྱི་བའི་ཐོག་ཏུ་བེད་སྤྱོད་མི་གཏོང་བར་ཤོག།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese