མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྐུ་ཕུང་ཞུགས་འབུལ།

བོད་ཀྱི་དུས་བབ།
༢༠༡༢/༠༥/༣༡
Share on FacebookShare on TwitterShare on EmailShare on Whatsapp


ཁ་སང་
འཛམ་ཐང་དུ་རང་ལུས་མེར་བསྲེགས་གཏོང་མཁན་རྒྱལ་གཅེས་དཔའ་མོ་རི་ཀྱོ་ལགས་ཀྱི་སྐུ་ཕུང་རྒྱ་གཞུང་གི་དམ་དྲག་འོག་མདང་ནུབ་བོད་ནང་གི་ཆུ་ཚོད་ ༡༡ ཙམ་ལ་ཇོ་ནང་དགོན་པའི་ཉེ་འཁྲིས་དུར་ཁྲོད་དུ་ཞུགས་འབུལ་གནང་ཡོད་འདུག

གནས་ཚུལ་བཏང་འབྱོར་ལ། ཁ་སང་ཕྱི་ཚེས་ ༣༠ ཉིན་གྱི་དགོས་མོའི་ཆུ་ཚོད་ ༣ ཡས་མས་སུ་རྒྱལ་གཅེས་དཔའ་མོ་རི་ཀྱོ་ལགས་ཀྱིས་རང་ལུས་མེར་བསྲེགས་གཏོང་སྐབས་ས་གནས་ཉེན་རྟོག་པ་བསླེབས་ཏེ་མེ་གསོད་ཐབས་བྱས་ཡོད་ཀྱང་། མེ་འབར་ཤུགས་ཧ་ཅང་ཆེ་སྟབས་ཁོང་མོ་ས་གནས་དེ་རང་དུ་སྐུ་གྲོངས་ཡོད་པ་དང་། ས་གནས་མང་ཚོགས་ཀྱིས་ཁོ་མོའི་ཕུང་པོ་འཛམ་ཐང་ཇོ་ནང་དགོན་ཆེན་དུ་གདན་འདྲེན་ཞུས་ཏེ། འཛམ་ཐང་དགོན་ཆེན་གྱི་གྲྭ་ཚང་གསུམ་གའི་གྲྭ་མང་ ༡༠༠༠ ལྷག་ཅིག་གིས་ཕོ་ལུང་དང་བསྔོ་སྨོན་མཆོད་འབུལ་ཚོགས་ཡོད་འདུག

དེའི་རྗེས་སུ་རྒྱ་གཞུང་གིས་བཙན་བཀའ་བཏང་སྟེ་སྐུ་ཕུང་ཉིན་དེ་ག་རང་ལ་མེར་བསྲེགས་བཏང་སྟེ་མེད་པ་བཟོ་དགོས་ཚུལ་དང་། དེ་ལྟར་མ་བྱས་ཚེ་སྲིད་གཞུང་གིས་འཁྱེར་རྒྱུ་ཡིན་སྐོར་འཇིགས་སྐུལ་བྱས་ཡོད་སྟབས། ཁ་སང་དགོང་མོའི་བོད་ནང་གི་ཆུ་ཚོད་ ༡༡ སྟེང་དགོན་པའི་ཉེ་འཁྲིས་རི་འདབས་ཀྱི་དུར་ཁྲོད་ནང་ཞུགས་འབུལ་བྱས་ཡོད་འདུག

ཕུང་པོ་ཞུགས་འབུལ་སྐབས་སྐྱ་སེར་ ༥༠༠༠ ལྷག་འདུ་འཛོམས་བྱུང་ཡོད་འདུག་ལ། དགོང་མོར་ས་དེར་ཆར་ཤུགས་ཆེན་པོ་བབས་ཏེ་དཀའ་ངལ་ཆེན་པོ་འཕྲད་ཡོད་ཀྱང་། སྐྱ་སེར་མང་ཚོགས་དུར་ཁྲོད་དུ་བསྡད་དེ་མཚན་མོའི་དུས་ཚོད་ ༣ པ་བར་བསྔོ་སྨོན་མཆོད་འབུལ་གནང་ཡོད་འདུག

རྒྱལ་གཅེས་དཔའ་མོ་རི་ཀྱོ་ལགས་ནི་འཛམ་ཐང་བར་མ་ཡུལ་ཚོའི་གཙང་སྡེ་ནས་ཡིན་ལ། འཚོ་གནས་འབྲོག་པ་ཡིན་འདུག ཁོ་མོ་ནམ་རྒྱུན་གྲོང་ཕ་འཁྱིམ་མཚེས་ཕན་ཚུན་མཛའ་སེམས་ཆེ་ཞིང་ཉམས་ཐག་ལ་རོགས་རམ་བྱེད་མཁན་ཞིག་ཡིན་འདུག

ཁོང་མོས་མེར་བསྲེགས་མ་བཏང་སྔོན་ལ་ཉིན་མཚན་གཉིས་ཀར་ཕྱག་འཚལ་གྱིན་འདུག་པས་སྔོན་མ་ཞིག་ནས་ཁོ་མོའི་རང་ལུས་མེར་སྲེག་བཏང་རྒྱུར་གྲྭ་སྒྲིག་བྱས་ཡོད་པར་ས་གནས་མང་ཚོགས་ཀྱིས་ངོས་འཛིན་བྱེད་ཀྱིན་ཡོད་འདུག

ཁོ་མོ་ད་སྐབས་རང་ལོ་ ༣༦ ཡིན་པ་དང་། ཁོ་མོའི་ཕ་མིང་ལ་ཕྱུག་ལོ་དང་། མ་མིང་ལ་རིན་ལྷ། ཁྱོ་གའི་མིང་ལ་སྣང་སྟོང་ཟེར་ཞིང་། ཁོང་གཉིས་ལ་བྱིས་པ་ཆུང་ཆུང་གསུམ་ཡོད་འདུག ཅེས་བཞུགས་སྒར་ཇོ་ནང་འགྲོ་ཕན་ལྷན་ཚོགས་ཀྱི་ཚོགས་གཙོ་ཚངས་དབྱངས་རྒྱ་མཚོ་ལགས་ཀྱིས་གནས་ཚུལ་བཏང་འབྱོར་བྱུང་།

གསར་འགོད་པ། དོན་འགྲུབ་བཀྲ་ཤིས།

 

འབྲེལ་ཡོད་གསར་འགྱུར།

Mobile App

གྲྭ་མཛེས་དགའ་རྒྱ་མཚོ་ལགས་ཀློད་འདུག་ཀྱང་ལྟ་རྟོག་ནན་པོ་བྱེད་ཀྱི་འདུག

ཆུ་ཚོད་ ༤ སྔོན་ལ།
སྐབས་བཅུ་བདུན་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པའི་ལས་ཉིན་དྲུག་པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་ཀྱི་རྒྱལ་དར་དང་རྒྱལ་རྟགས་རྒྱལ་གླུ་བཅས་ཀྱི་ཚན་མཐུན་གཅིག་འགྱུར་གྱི་སྙན་ཐོར་བགྲོ་གླེང་གནང་སོང་།

༢༠༢༦/༠༣/༢༡
Tibet, China - Sep 7, 2012. Chinese soldiers walking at the Jokhang temple in Lhasa, Tibet. The Jokhang Temple has two Buddha statues sacred to Tibetan Buddhists. — Photo by phuongphoto
Mobile App

པེ་ཅིན་གཞུང་གིས་བོད་མི་དང་གྲངས་ཉུང་མི་རིགས་གཞན་དག་རྒྱ་སྒྱུར་བྱ་བ་ཁྲིམས་མཐུན་བཟོ་བཞིན་འདུག

༢༠༢༦/༠༣/༢༡
Loomer meets Dalai Lama, lauds him for standing firm against threats to freedom
༸གོང་ས་མཆོག གསར་འགྱུར།

ཨ་རིའི་ཆབ་སྲིད་ལས་འགུལ་བ་ལུ་མར་ལགས་ཀྱིས་༸གོང་ས་མཆོག་ལ་མཇལ་བཅར་ཞུས།

༢༠༢༦/༠༣/༢༡
Penny Wong, Richard Marles, Judith Collins KC, Winston Peters
Mobile App

བོད་ནང་གི་ཆོས་དང་རིག་གཞུང་སོགས་ཉམས་རྒུད་དུ་འགྲོ་བཞིན་པར་བློ་འཚབ་བསྟན།

༢༠༢༦/༠༣/༢༠
TTTTT
Mobile App

དྷི་ཚ་དགོན་པའི་གྲྭ་བ་བསམ་གཏན་ལགས་ཉེས་རྡུང་བཏང་ནས་བཀྲོངས་འདུག

༢༠༢༦/༠༣/༡༨

མཆན། 3

  1. སྒྲ་གཅན། says:
    ལོ་ 14 སྔོན།

    གཞི་ལུས་བོད་མི་རྨས་ཀྱི་སྙིང་སྟོབ་ལ་རྗེས་སུ་ཡི་རང་ཡོད་ཐུགས་རྗེ་ཆེ།

    Reply
  2. བདེན་གཏམ། says:
    ལོ་ 14 སྔོན།

    ཨོ་ཧོ། གོང་གི་དུས་ཚེད་དེ་ཟླ་འདིའི་ཚེས་ ༢ ཀྱི་ཉིན་རྒྱབ་ནས་ཚེས་ ༣ གྱི་དགོང་མོ་བར་སྙིང་སྟོབས་གླིང་ནང་ཚོགས་པ་དེའི་དབུ་འཛིན་ངག་དབང་ལྷ་མོ་ཡི་མི་འབོད་དེ་སྐྱིད་སྐྱིད་གཏོང་རྒྱུ་ནི་དུས་ལ་ལྟས་ན་ཆེ་ཡ་མཚན་རེད། དེའང་ཕྲུ་གུ་དབང་པོ་སྐྱོན་ཅན་ཚོ་ལ་དབྱིན་ཇིའི་སྦྱིན་བདག་ཚོའི་སྤྲོད་པས་དུབ་ལོག་དེ་ཚོ་དང་རྩེད་ཆས་དེ་ཚོ་དབང་སྐྱོན་ཕྲུ་གུ་ཚོ་ལ་མ་སྤྲོད་པར་དེ་ཉིནཚོང་བཀྲམ་བྱ་རྒྱུ་རེད་ཟེར་ཧ་ཧ་ཧ་ཧ་ཧ་ཧ་ཧ།

    Reply
  3. བདེན་གཏམ། says:
    ལོ་ 14 སྔོན།

    ཐོག་མ་བོད་ཀྱི་དཔའ་མོ་ཁྱེད་ཀྱི་གཙོས་པའི་དཔའ་བོ་དཔའ་མོ་ཀུན་ལ་བསྔགས་བརྗོད་དང་སྐུ་ལུས་མེར་སྲེགས་གནང་བར་གུས་ཀྱིས་ལུས་ངག་ཡིད་གསུམ་ནས་གུས་པ་དང་སྦྲགས་ཨོཾ་མ་ཎི་པདྨེ་ཧུཾ།
    ད་དེན་འདྲ་རེད། འགའ་རེས་ཀྱི་རང་གི་ཕུང་པོ་བོད་གངས་ཅན་ལྗོོངས་ཀྱི་དོན་དུ་མེར་འབུལ། འགའ་རེས་ཀྱི་དབྱར་ཁའི་སྤྲོ་སྐྱིད་དམ་སྐྱིད་སྐྱིད་གཏོང་དུ་ཤོག་ཟེར་ཏེ་སྦྱར་ཡིག་སྣ་ཚོགས་སྤེལ། སྤྲོ་སྐྱིད་ཀྱི་ཆེད་དུས་ཚེད་ད་རེན་མ་གཏོགས་མེད་པ་ཡིན་ནམ་ཡང་ན་གནས་ཚུལ་གཞན་ཞིག་ཡིན་ནམ། གང་སྟར་ཟླ་འདིའི་ཚེས་ ༡ གི་ཉིན་རྒྱབ་ནས་ཚེས་ ༢ ཀྱི་དགོང་མོ་བར་རྡ་ས་རུ་ཡོད་པའི་ནོར་གླིང་ཉེ་ཁོར་གྱི་སྙིང་སྟོབས་གླིང་ནས་སྦྱར་ཡིག་དེ་འདྲ་ཞིག་སྤེལ་འདུག་པ་ནི་ཚོགས་པ་འདི་བོད་མིར་གདུང་སེམས་མཉམ་སྐྱེད་མེད་པའི་མཚོན་རྟགས་ཡིན། དེ་ན་འདིར་ཡོད་དྲྭ་གྲོགས་ཚོ་ཅི་བྱེད་པ་དགའ་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese