མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལྷ་སར་གཙང་འཕྱག་བྱེད་བཞིན་འདུག

བོད་ཀྱི་དུས་བབ།
༢༠༡༢/༠༦/༠༡
Share on FacebookShare on TwitterShare on EmailShare on Whatsapp


གནས་ཚུལ་འབྱོར་བ་ལྟར་ན།
ཟླ་སྔོན་མའི་ཕྱི་ཚེས་ ༢༧ ཉིན་བོད་ཀྱི་རྒྱལ་ས་ལྷ་སའི་ཇོ་ཁང་མདུན་ཐང་དུ་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་གཏོང་མཁན་ན་གཞོན་གཉིས་ལས་གཅིག་ནི། ཨ་མདོ་རྔ་པ་རྫོང་ཆོས་རྗེ་མ་ཞང་སོ་རུ་མ་སྡེ་བའི་རང་ལོ་ ༢༥ ཡིན་པའིི་དར་རྒྱས་ལགས་ཡིན་ཞིང་། ཁོང་གི་ཕ་མིང་ལ་ལོ་དེ་དང་མ་མིང་ཞེས་སྐྱིད། ཁོང་ཚང་ལ་སྤུན་དྲུག་ཡོད་པའི་ནང་གི་ཆུང་ཤོས་དེ་ཡིན་འདུག

ཁོང་ཆུང་དུས་རྔ་པ་ཀིརྟི་དགོན་པར་གྲྭ་པ་བྱས་ཤིང་། ལོ་ཤས་གོང་སྐྱ་སར་བབས་རྗེས་ལྷ་སར་ཡོད་པའི་ཨ་མདོ་རྔ་པའི་ཚོང་པ་ཆུ་སྐལ་ཚང་གི་ཟ་ཁང་ནང་དུ་དངུལ་གཉེར་གྱི་ལས་ཀ་བྱེད་ཀྱི་ཡོད་འདུག

དོན་རྐྱེན་དེ་བྱུང་རྗེས་ཟ་ཁང་གི་སྦྱིན་བདག་ཆུ་སྐལ་དང་བཟའ་ཟླ་སོགས་ནང་མི་ཚང་མ་རྒྱ་གཞུང་གིས་འཛིན་བཟུང་བཀག་ཉར་བྱས་ཡོད་འདུག་ལ། རྒྱ་གཞུང་གིས་དར་རྒྱས་ཀྱི་ནང་མིར་ད་ཆར་ཁོང་གང་དུ་ཡོད་མེད་གསལ་བཤད་བྱས་མི་འདུག
དེང་སྐབས་ལྷ་སར་ཡོད་པའི་ཨ་མདོ་རྔ་པའི་ད་ལོའི་སྤྱི་བ་སྒྲོལ་མ་སྐྱབས་དང་མྱུར་མགྱོགས། རྟ་མགྲིན་སྐྱབས། སངས་གྲགས་སོགས་འཛིན་བཟུང་བྱས་ཡོད་འདུག་ལ། དེ་མིན། ལྷ་སའི་ཟ་ཁང་དང་ཚོང་ཁང་སོགས་སུ་ལས་ཀ་བྱེད་ཀྱིན་པ་དང་། ལྷ་སར་གནས་སྐབས་རིང་བསྡད་ཆོག་པའི་ལག་འཁྱེར་(དན་ཏོའུ་དྲན་)མེད་མཁན། གཟའ་ལྷག་པའི་ཉིན་དམིགས་བསལ་བོད་ཆས་གྱོན་མཁན་བཅས་གང་བྱུང་འཛིན་བཟུང་བྱེད་བཞིན་ཡོད་འདུག

ཤེས་གསལ་ལ་རྔ་པའི་ཕྱོགས་ཀྱི་བོད་མི་ཚོའི་ཁ་པར་དང་གློག་ཀླད་སོགས་ལ་དམིགས་བསལ་དམ་དྲག་གིས་ད་ལྟ་ཕྱི་ཕྱོགས་སུ་མ་ཟད། ཨ་མདོ་རྔ་པ་དང་ཁྲིན་ཏུའུ་སོགས་ལ་ཡང་འབྲེལ་བ་བྱེད་རྒྱུར་དཀའ་ངལ་འཕྲད་བཞིན་ཡོད་འདུག

དེ་སྔ་ནས་ལྷ་སར་གཞིས་ཆགས་ཡོད་པའི་ཁམས་དང་ཨ་མདོའི་ཕྱོགས་ཀྱི་ཚོང་པ་སོགས་ཀྱང་མུ་མཐུད་འདུག་ཐུབ་མིན་ཧ་ཅང་ཉེ་ཁ་ཆགས་ཡོད་འདུག་ཅིང་། ༢༠༠༨ ལོའི་ཞུ་རྒོལ་ལ་ཁག་བཞགས་ནས་གདན་ས་གསུམ་དུ་སློབ་གཉེར་གནང་བཞིན་པའི་མདོ་སྟོད་སྨད་ཀྱི་དགེ་འདུན་པ་ཡོད་ཚད་ཕྱིར་འཕུད་ཀྱིས་ད་ཆར་གདན་ས་གསུམ་སྟོང་ལ་ཉེ་པ་ལྟར། ༢༠༡༡ ལོར་ཨ་མདོ་རྔ་པར་གྲྭ་བློ་བཟང་ཕུན་ཚོགས་ཀྱིས་རང་ལུས་མེར་བསྲེགས་གནང་རྗེས་ལྷ་སར་ཡོད་པའི་ཨ་མདོ་རྔ་པ་ས་ཁུལ་གྱི་བོད་མི་ཚོར་ཉེས་མིང་སྣ་ཚོགས་འོག་འཛིན་བཟུང་བཀག་ཉར་དང་འདྲི་རྩད་སྣ་ཚོགས་ཀྱིས་སུན་གཙེར་བཟོ་བཞིན་ཡོད་འདུག

གཞན། གསར་དུ་ཤེས་རྟོགས་བྱུང་བར་ ༢༠༠༩ ལོའི་མཇུག་ཙམ་ལ་ཨ་མདོ་རྔ་པ་རྔ་སྟོད་སྒོ་མང་མཐའ་བའི་ཚོང་པ་ཆོས་ཁོ། རང་ལོ་ ༤༩ ཙམ་ཡིན་པ་ཁོང་བོད་དང་བལ་ཡུལ་ས་མཚམས་འགྲམ་ནས་འཛིན་བཟུང་གིས་གཞིས་ཀ་རྩེ་དང་ ལྷ་ས་ནས་ཡུན་རིང་བཀག་ཉར་བྱས་རྗེས་མཐར་རྒྱ་གར་ལ་བོད་མི་ལམ་འཇུག་བྱས་པའི་ཉེས་མིང་འོག་ལོ་
༤ བཙོན་འཇུག་ཁྲིམས་ཐག་བཅད་དེ་ད་ལྟ་ལྷ་ས་གྲྭ་བཞིས་བཙོན་ཁང་དི་བཙོན་འཇུག་བྱས་ཡོད་འདུག གོང་གསལ་གནས་ཚུལ་སྐོར་ཀིརྟི་བྱེས་པ་གྲྭ་ཚང་གི་གྲྭ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་ཡིན།

གསར་འགོད་པ། དོན་འགྲུབ་བཀྲ་ཤིས།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་གར་གཞུང་གིས་རྒྱ་ནག་ལ་སྐྱོན་བརྗོད་ནན་མོ་བྱས་འདུག

ཆུ་ཚོད་ ༢ སྔོན་ལ།
TT
Mobile App

ཨ་ཀྱཱ་རིན་པོ་ཆེ་མཆོག་དང་བློ་བཟང་བྱང་ཆུབ་འོད་ཟེར་མཆོག་རྣམ་གཉིས་ཀྱིས་༸གོང་ས་མཆོག་ལ་མཇལ་བཅར་ཞུས།

ཆུ་ཚོད་ ༣ སྔོན་ལ།
this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩

མཆན། 2

  1. ཡུལ་གྱར་བ། says:
    ལོ་ 14 སྔོན།

    ཡར་ཀླུང་ལྷ་རྗེས་བཤད་པ་བདེན་པར་མཐོང་། ང་ཚོས་བོད་དོན་དེ་རྒྱལ་སྤྱི་ཅན་དུ་བསྒྱུར་རྒྱུ་དང་འདས་པའི་དཔའ་བོ་དང་དཔའ་མོ་དག་གི་རེ་འབོད་དག་དྲང་བདེན་ལ་དགའ་བའི་གཞུང་དམངས་དག་ལ་ངོ་སྤྲོད་དགོས་པ་སྨོས་མེད་ཡིན་ཀྱང་སྐབས་རེ་ཉེས་མེད་ཀྱི་མི་མང་པོ་ཁྲིམས་སུ་སྦྱར་བཞིན་ཡོད་པས་དགེ་སྐྱོན་རྣམས་ཞིབ་ཞིང་ཕྲ་བའི་སྒོ་ནས་བརྟགས་ཏེ་གསར་འགྱུར་འགོད་ཐུབ་ན་དགེ་མཚན་བླ་མེད་དུ་ཆེ། དེ་མིན་ཉེ་བའི་ལོ་ཤས་རིང་བོད་སྐད་རླུང་འཕྲིན་གྱི་གསར་འགོད་པ་འགས་བོད་དུ་གནས་ཚུལ་རེ་བྱུང་བ་དང་ལམ་སེང་གནས་ཚུལ་བྱུང་སའི་མི་དེའི་ནང་མི་དང་ཉེ་འབྲེལ་གྱི་འབྲེལ་མཐུད་ཁ་པར་ཨང་གྲངས་བཙལ་ཏེ་ཐད་ཀར་འབྲེལ་བ་བྱས་ཏེ་གནས་ཚུལ་མང་པོ་བརྒྱུད་བསྒྲགས་བྱས་པར་ནང་མི་དེ་དག་ལ་བཟོད་དུ་མེད་པའི་དཀའ་ངལ་འཕར་མ་དུ་མ་འཕྲད་པའི་ལོ་རྒྱུས་གོ་རྒྱུ་འདུག སྐབས་དེར་ནང་མི་དེ་དག་འུ་ཐུག་ཅིང་ཐབས་ཟད་པའི་སྐབས་ཡིན་པས་གནས་ཚུལ་སྦས་གསང་མེད་པ་བཤད་ཅིང་བརྒྱུད་བསྒྲགས་བྱེད་ན་འགྲིགས་པའི་ཚུལ་བཤད་ཡོད་སྲིད་ཀྱང་འདྲི་བ་པོས་ཕ་རོལ་པོའི་མི་ཚེ་དེ་རང་གི་གསར་འགྱུར་གྱི་ཚོང་རྫས་སུ་མི་བསྒྱུར་བར་ཇི་ཙམ་བཤད་ན་འོས་པ་དང་བཤད་ན་མ་འོས་པ་ཇི་ཙམ་ཡོད་པ་ཞིབ་མོར་དཔྱད་དེ་བཤད་ན་དགོས་པའི་ཁྱབ་བསྒྲགས་ཀྱི་ཞོར་དུ་ནང་མི་དེ་དག་གི་ཁེ་དབང་ལ་བརྩི་སྲུང་བྱེད་ཐུབ། བདག་ཉིད་ཆེན་པོ་གྷན་རྡིས་ཐོབ་ཐང་ལས་འགན་གཙོ་ཆེ་བར་གསུངས་པ་འདི་འདྲའི་སྐབས་སུ་གོ་ལོས་དགོས། རྒྱལ་གཅེས་དཔའ་བོ་དང་དཔའ་མོ་རྣམས་ལ་གུས་འདུད་དང་རེ་དོན་དག་འགྲུབ་པའི་ཁ་གཡང་ཙམ་གྱི་སྨོན་འདུན་ཞུ།

    Reply
  2. ཡར་ཀླུང་ལྷ་རྗེ། says:
    ལོ་ 14 སྔོན།

    བོད་འབྱོར་གནས་ཚུལ་དེ་ཚོ་ཤེས་རྟོགས་བྱེད་རྒྱུ་ནི་བཙན་བྱོལ་བས་ལས་འགན་ཡིན་རུང་དོ་ནན་ཞིབ་འཇུག་ཡག་པོ་བྱེད་རྒྱུ་དེ་བས་གལ་ཆེ་ཡིན། དེ་མིན་གོ་ཐོས་བྱུང་འཕྲལ་ས་གྲགས་གནམ་གྲགས་བྱས་ན་བོད་ནང་ཡོད་པའི་བོད་མི་མང་པོར་ཉེས་མེད་ཉེས་རྟོགས་ཀྱིས་མི་ཚེའི་མདུན་ལམ་མེད་པར་འགྱུར་བཞིན་ཡོད་པས་ཡིད་ཟབ་དགོས་གལ་མཐོང།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese