མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འཛིན་རིམ་བཅུ་གཉིས་ཡར་རྒྱས། འཛིན་རིམ་བཅུ་པ་ཉམས་རྒུད།

བོད་ཀྱི་དུས་བབ།
༢༠༡༢/༠༦/༠༢
Share on FacebookShare on TwitterShare on EmailShare on Whatsapp


འདི་ལོའི་འཛིན་རིམ་བཅུ་གཉིས་ཀྱི་
རྒྱ་གར་རྒྱལ་ཡོངས་ཡིག་རྒྱུཊ་གྲུབ་འབྲས་སྔར་ལོ་ལས་བརྒྱ་ཆ་གྲངས་ཆུང་གཅིག་ལྷག་འཕར་ཡོད་པ་དང་། འཛིན་རིམ་བཅུ་བའི་ཡིག་རྒྱུགས་བརྒྱ་ཆ་གྲངས་ཆུང་གཅིག་ཙམ་མར་ཆགས་ཡོད་འདུག  ལོ་འདིའི་ཡིག་རྒྱུཊ་ནང་བུ་དང་བུ་མོ་གཉིས་ལས་བུ་མོའི་གྲུབ་འབྲས་ལེགས་པོ་བྱུང་འདུག

ལོ་འདིའི་རྒྱ་གར་རྒྱལ་ཡོངས་འཛིན་རིམ་བཅུ་གཉིས་ཀྱི་ཡིག་རྒྱུགས་ཁྲོད་བཙན་བྱོལ་བོད་མིའི་འཛིན་རིམ་བཅུ་གཉིས་ཅན་གྱི་སློབ་གྲྭ་ཁག་ ༡༥  ཡི་སློབ་མ་ ༡༣༢༠ ཐོ་འགོད་བྱས་ཡོད་པ་ལས། སློབ་ཕྲུག་  ༡༢༨༦ ཙམ་ཡིག་རྒྱུཊ་ནང་དངོས་སུ་ཞུགས་ཏེ། ཡིག་ཚད་འཕྲོད་མཁན་  ༡༡༧༧ དང་། ཡིག་རྒྱུགས་འཕྲོད་མེད་པ་ ༢༧ ། བསྐྱར་རྒྱུགས་གཏོང་དགོས་མཁན་ ༨༢ ། ཡིག་རྒྱུགས་ནང་ཞུགས་མ་ཐུབ་མཁན་ ༣༤ བཅས་འདུག

འདི་ལོའི་ཡིག་རྒྱུཊ་ཁྲོད་སྤྱི་ཡོངས་ཀྱི་ཡིག་རྒྱུགས་འཕྲོད་ཚད་བརྒྱ་ཆ་ ༩༡།༥༢ ཙམ་ཡིན་ཞིང་། དེའི་ཁྲོད་སློབ་ཕྲུག་བུ་མོའི་ཡིག་རྒྱུགས་འཕྲོད་ཚད་བརྒྱ་ཆ་ ༩༡།༥༥ དང་། སློབ་ཕྲུག་བུའི་ཡིག་རྒྱུགས་འཕྲོད་ཚད་བརྒྱ་ཆ་ ༩༡།༥༠ བཅས་ཡིན་སྟབས། སྔར་ལོའི་ཡིག་རྒྱུགས་འཕྲོད་ཚད་དང་བསྡུར་ན་བརྒྱ་ཆ་ ༡།༠༢ ཙམ་འཕར་ཡོད་འདུག

འདི་ལོའི་འཛིན་རིམ་བཅུ་གཉིས་ཀྱི་ཡིག་རྒྱུཊ་ཁྲོད་ཞུགས་པའི་སློབ་གྲྭ་ཁག་ ༡༥ ལས་ཡིག་རྒྱུཊ་འཕྲོད་ཚད་བརྒྱ་ཆ་ ༡༠༠ བླངས་པའི་སློབ་གྲྭ་ཁག་ ༦ ཡོད་པ་དག་ལས། སེ་ལ་ཀོལ་བོད་ཁྱིམ་གྱིས་ཆ་སྙོམས་བརྒྱ་ཆ་ ༧༩།༦༡ བླངས་ཏེ་བོད་པའི་སློབ་གྲྭ་ཡོངས་ལས་ཨང་དང་པོ་དང་།  གྷོལ་པ་པུར་བོད་ཁྱིམ་གྱིས་ཆ་སྙོམས་བརྒྱ་ཆ་ ༧༡།༩༩ བླངས་ཏེ་ཨང་གཉིས་པ། ཌལ་ཧོར་གཏན་སློབ་ཀྱིས་ཆ་སྙོམས་བརྒྱ་ཆ་ ༦༧།༥༣ བླངས་ཏེ་ཨང་གསུམ་པ་བཅས་ཡིན་འདུག

འདི་ལོའི་འཛིན་རིམ་བཅུ་གཉིས་ཀྱི་ཡིག་རྒྱུགས་ཁྲོད་གྲུབ་འབྲས་སྐྱོ་ཤོས་རྡོར་གླིང་གཏན་སློབ་ཡིན་པ་དང་། ཆ་སྙོམས་བརྒྱ་ཆ་ ༥༥། ༢༤ ཡིན་འདུག  

དེ་བཞིན། ཚན་རིག་སློབ་ཚན་ཡོད་པའི་སློབ་གྲྭ་ཁག་ ༥ ལས་སེ་ལ་ཀོལ་བོད་ཁྱིམ་གྱིས་ཆ་སྙོམས་བརྒྱ་ཆ་ ༧༩།༦༡ བླངས་ཏེ་ཨང་དང་པོ་དང་། མཱ་སུ་རི་བོད་ཁྱིམ་གྱིས་བརྒྱ་ཆ་ ༦༢།༤༦ བླངས་ཏེ་སྐྱོ་ཤོས་ཆགས་ཡོད་འདུག

འབྱུང་རིག་སྡེ་ཚན་གྱི་སློབ་གྲྭ་ཁག་ ༡༣ ལས་གྷོ་པ་པུར་བོད་ཁྱིམ་སློབ་གྲྭས་ཆ་སྙོམས་བརྒྱ་ཆ་ ༧༡།༩༩ བླངས་ཏེ་ཨང་དང་པོ་དང་། དོན་གྲུབ་གླིང་སློབ་གྲྭས་ཆ་སྙོམས་བརྒྱ་ཆ་ ༤༧།༨༦ བླངས་ཏེ་གྲུབ་འབྲས་སྐྱོ་ཤོས་ཆགས་ཡོད་འདུག

ཚོང་རིག་སྡེ་ཚན་གྱི་སློབ་གྲྭ་ཁག་ ༧ ཡོད་པ་ལས་མོན་གྷོ་གཏན་སློབ་ཀྱིས་ཆ་སྙོམས་བརྒྱ་ཆ་ ༦༤།༤༦ བླངས་ཏེ་ཨང་དང་པོ་དང་། རྡོར་གླིང་གཏན་སློབ་གྱིས་ཆ་སྙོམས་བརྒྱ་ཆ་ ༥༤།༠༢ བླངས་ཏེ་གྲུབ་འབྲས་སྐྱོ་ཤོས་ཆགས་ཡོད་འདུག

ཚན་རིག་དང་འབྱུང་རིག རྩིས་རིག་གསུམ་ནི་འཛིན་རིམ་བཅུ་གཉིས་ཀྱི་ཡིག་རྒྱུགས་ཁྲོད་ཀྱི་སློབ་ཚན་གཙོ་བོ་གསུམ་ཡིན་ལ། འདི་ལོའི་སློབ་ཕྲུག་སྒེར་གྱི་ཡིག་རྒྱུཊ་བརྒྱ་ཆའི་ཐད་ཚན་རིག་སྡེ་ཚན་ནང་མཱ་སུ་རི་གཏན་སློབ་ཀྱི་སློབ་ཕྲུག་སིམ་རེ་ཏེ་ཀཱན་ཊ་རེ་ཡིས་ཕྱོགས་སྡོམ་བརྒྱ་ཆ་ ༩༡ བླངས་ཏེ་བོད་རིགས་སློབ་ཕྲུག་ཁྲོད་ཀྱི་ཨང་དང་པོ་དང་། སེ་ལ་ཀོལ་ བོད་ཁྱིམ་གྱི་སློབ་ཕྲུག་བསྟན་འཛིན་ཟླ་བས་ཕྱོགས་སྡོམ་བརྒྱ་ཆ་ ༩༠།༤ བླངས་ཏེ་ཨང་གཉིས་པ། སེ་ལ་ཀོལ་བོད་ཁྱིམ་གྱི་སློབ་ཕྲུག་བསྟན་འཛིན་ཤཱཀྱ་ཡིས་ཕྱོགས་སྡོམ་བརྒྱ་ཆ་ ༩༠ བླངས་ཏེ་ཨང་གསུམ་པ་བཅས་བླངས་ཡོད་འདུག

ཚོང་རིག་སྡེ་ཚན་ནང་མོན་གྷོ་གཏན་སློབ་ཀྱི་སློབ་ཕྲུག་ལྷག་པ་སྒྲོལ་མའི་ཕྱོགས་སྡོམ་བརྒྱ་ཆ་ ༩༡།༨ བླངས་ཏེ་བོད་རིགས་སློབ་ཕྲུག་ཁྲོད་ཀྱི་ཨང་དང་པོ་དང་། སྦེལ་ཀོལ་བོད་ཁྱིམ་གྱི་སློབ་ཕྲུག་བློ་བཟང་སྒྲོལ་དཀར་ཀྱི་ཕྱོགས་སྡོམ་བརྒྱ་ཆ་ ༨༧།༢ བླངས་ཏེ་ཨང་གཉིས་པ། སྦེལ་ཀོལ་བོད་ཁྱིམ་གྱི་སློབ་ཕྲུག་ཚེ་རིང་ལྷག་སྒྲོན་གྱིས་ཕྱོགས་སྡོམ་བརྒྱ་ཆ་ ༨༧ བླངས་ཏེ་ཨང་གསུམ་པ་བཅས་ཡིན་འདུག

འབྱུང་རིག་སྡེ་ཚན་ནང་བོད་ཁྱིམ་གྷོ་པ་པུར་སློབ་གྲྭའི་སློབ་ཕྲུག་ཡཱང་ཡེན་ཧྤུང་གིས་ཕྱོགས་སྡོམ་བརྒྱ་ཆ་ ༨༨།༨ བླངས་ཏེ་ཨང་དང་པོ་དང་། མཱ་སུ་རི་བོད་ཁྱིམ་གྱི་སློབ་ཕྲུག་ཡེ་ཤེས་ཟླ་བས་ཕྱོགས་སྡོམ་བརྒྱ་ཆ་ ༨༦།༨ བླངས་ཏེ་ཨང་གཉིས་པ། གྷོ་པ་པུར་བོད་ཁྱིམ་སློབ་གྲྭའི་སློབ་ཕྲུག་བསྟན་འཛིན་ཨོ་རྒྱན་གྱིས་ཕྱོགས་སྡོམ་བརྒྱ་ཆ་ ༨༦།༦ བླངས་ཏེ་ཨང་གསུམ་པ་བཅས་ཡིན་འདུག

འཛིན་རིམ་བཅུ་བའི་ཡིག་རྒྱུགས་ཁྲོད་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་ ༢༨ གྱི་སློབ་ཕྲུག་ཁྱོན་ ༡༨༤༩ མཉམ་ཞུགས་བྱས་ཡོད་པ་ལས་སློབ་ཕྲུག་ ༡༨༡༨ ཡིས་ཡིག་རྒྱུགས་འཕྲོད་ཡོད་པ་དང་། སློབ་ཕྲུག་ ༣༡ བསྐྱར་རྒྱུགས་ནང་ཞུགས་དགོས་ཀྱི་ཡོད་འདུག 

འདི་ལོར་སྤྱིའི་ཡིག་རྒྱུགས་ཀྱི་འཕྲོད་ཚད་བརྒྱ་ཆ་ ༩༨།༣༢ ཡིན་པ་དང་། དེའི་ཁྲོད་བུ་མོ་བརྒྱ་ཆ་ ༩༨།༨ ཡིས་ཡིག་རྒྱུགས་འཕྲོད་ཅིང་། བུ་བརྒྱ་ཆ་ ༩༧།༨༥ ཡིས་ཡིག་རྒྱུགས་འཕྲོད་ཡོད་འདུག བུ་དང་བུ་མོ་གཉིས་ལས་བུའི་བརྒྱ་ཆ་དམའ་བ་མ་ཟད། ཐེངས་འདིར་སྔར་ལོ་ལས་བརྒྱ་ཆ་ ༠།༩༣ མར་ཆགས་ཡོད་འདུག

ལོ་འདིའི་འཛིན་རིམ་བཅུ་གཉིས་ཀྱི་བོད་ཡིག་ཡིག་རྒྱུགས་ནང་ཁྱོན་བསྡོམས་སློབ་ཕྲུག་ ༡༡༢༠ ཞུགས་ཡོད་པ་དང་། དེའི་ཁྲོད་བརྒྱ་ཆ་དགུ་བཅུ་ཡན་བླངས་པའི་སློབ་ཕྲུག་ ༢༧ དང་། ཡིག་རྒྱུགས་མ་འཕྲོད་མཁན་ ༢ ཡོད་འདུག འཛིན་རིམ་བཅུ་བའི་བོད་ཡིག་ཡིག་རྒྱུགས་ཁྲོད་སློབ་ཕྲུག་ ༡༦༩༡ ཞུགས་ཡོད་པ་དང་། དེའི་ནང་བརྒྱ་ཆ་ ༡༠% ཆ་ཚང་བླངས་ཡོད་མཁན་སློབ་མ་ ༣༥ དང་། ཡིག་རྒྱུགས་འཕྲོད་མེད་པའི་སློབ་མ་ ༡༥  བཅས་ཡོད་འདུག

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

མཆན། 4

  1. དབུས་སྟོད་ཀྱི་སྐྱ་རེང་། says:
    ལོ་ 14 སྔོན།

    བཀུར་འོས་རྩོམ་སྒྲིག་པ་ལགས་ནས་གསལ་བཤད་གནང་བར་ཐུགས་རྗེ་ཆེ་ཞུ། སྐུ་ཉིད་ནས་གསུངས་པ་ལྟར་དེ་ལྟར་ཡིན་པའི་ཡིད་ཆེས་ཞུ།།

    Reply
  2. རྩོམ་སྒྲིག་པ། says:
    ལོ་ 14 སྔོན།

    དྲ་གྲོགས་དབུས་སྟོད་ཀྱི་སྐྱ་རེང་ལགས། ཉིད་ཀྱི་མཆན་བུ་དེ་འདྲ་ཞིག་འདི་ནས་རྩ་བ་ནས་བཀག་མེད། ནང་འཛུལ་བྱས་ཏེ་མཆན་བུ་རིང་པོ་བྲིས་ནས་དུས་ཚོད་འགོར་བ་ཡིན་ན། རང་འགུལ་ཐོག་ཁྱེད་ཀྱི་ནང་འཛུལ་ཕྱིར་འཕུད་གཏོང་གི་ཡོད་སྟབས། དེ་དང་མཉམ་དུ་ཁྱེད་ཀྱི་མཆན་བཏབས་པ་ཡང་རྨེག་མེད་ཆགས་འགྲོ་བ་རེད། དེ་ལ་ཐུགས་ཉམས་འཇོག་དགོས།

    Reply
  3. དབུས་སྟོད་ཀྱི་སྐྱ་རེང་། says:
    ལོ་ 14 སྔོན།

    བཀུར་འོས་རྩོམ་སྒྲིག་པ་ལགས། ཕྲན་ནས་བརྗོད་གཞི་འདི་དང་འཚམས་པའི་བསམ་ཚུལ་དང་རྩེར་སོན་སློབ་མ་རྣམས་ལ་འཚམས་འདྲིཐུང་ངུ་ཞིག་བྲིས་པ་དེ་མ་བཀོད་པ་གང་ཡིན་ནམ། གསལ་བཤད་ཞིག་ཡོད་པའི་རེ་བ་ཞུ།།

    Reply
  4. མི་ཆུང་ཁ་བདེ། says:
    ལོ་ 14 སྔོན།

    དེ་སྔོན་འཛིན་གྲྭ་བཅུ་གཉིས་ཐོན་མཁན་མང་པོ་ཞིག་གིས་བོད་ཡིག་ཀློག་ཡང་ཡག་པོ་ཞིག་མི་ཐུབ་མཁན་དང་ཧེན་འདིས་སྐད་ཡིག་གི་གྲངས་ཀ་གཅིག་ནས་བརྒྱ་བར་དུ་རྩིས་མི་ཤེས་མཁན་གྲངས་ལས་འདེས་བ་ཞིག་མཐོང་རྒྱུ་འདུག་
    ཡིན་ན་ཡང་་་་ད་ལོའི་སློབ་མ་དེ་ཚོའི་གྲས་ནས་དེ་འདྲ་རིགས་མེད་པའི་རེ་བ་ཡོད་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese