མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

གཟེར་གྱིས་དེད་པའི་དབྱངས་རྟ་ཞིག

བོད། ཤ་ཁྲག་རུས་གསུམ།
༢༠༡༢/༠༦/༠༣
Share on FacebookShare on TwitterShare on EmailShare on Whatsapp

སུ་ཚང་གི་སྒོ་འགྲམ་ཞིག་ནས། ངས་སུ་ཞིག་ལ་སློང་བཞིན་པའི་གནམ་འོག་གི་མུ་ཏིག་དེ་ནི། གཞན་ཞིག་ནས་འཁུར་འོང་བའི་འོད་ཟེར་ཞིག་མིན། དེ་ནི་ལོ་རྒྱུས་ཀྱི་བདེན་དབང་ཡོད་པའི་ངའི་མེས་པོ་ཚོ་ནས་རྒྱུད་པའི་ངེད་ཚང་ལ་དབང་བ་ཞིག་ཡིན། ངའི་རིགས་ཀྱི་མཆེད་གྲོགས་དག་གིས་ད་ལྟའང་རེ་བ་ཞིག་གི་མུན་པ་འགམ་ནས་ཕྱིར་བཤོལ་རེ་བྱེད་ཀྱིན་རྒྱང་རིང་གི་གནམ་མཐའ་ལ་ཅེར་ནས་ལུས་འདུག

ཁ་སང་ང་རང་གཙང་འགྲམ་ཞིག་རྒྱུད་དེ་འོང་དུས། གཞོན་ནུ་མ་ཞིག་གི་ཆུ་ཐོམ་ནང་དུ་འཁུར་བའི་ཟླ་གཟུགས་ཤིག་མཐོང་། ཡིད་འོང་མ་དེས་བཤད་ན་ཁོ་མོས་གཙང་བོ་ལས་རྙེད་པའི་ཟླ་བ་དེ་ནི་ང་རང་སྐྱེ་སའི་ས་སྒང་དེ་ནས་ཁུར་འོང་བའི་ཟླ་བ་རེད་ཟེར། ངས་ག་ལེར་ཁོ་མོའི་ཁུར་བའི་ཟོ་ཁར་བལྟས་དེ་མུ་མཐུད་དུ་གཙང་འགྲམ་རྒྱུད་དེ་འོང་དགོས་བྱུང་སོང་།

མི་ཚོགས་ཀྱི་སྲང་ལམ་མེད་ས་ཞིག་ནས། མི་ཚོགས་ཀྱི་སྐད་ཅོར་དབང་མེད་དུ་རྣ་ལམ་དུ་འཁོར་ནས་འོང་བའི་གྲུ་ཁ་ཞིག་ན། ངའི་རིགས་རུས་ཀྱི་ན་ཟུག་འཁུར་བའི་བགྲེས་པོ་ཞིག་གི་ཁ་དང་ཁོག་པའི་ལག་ལེན་ཡོད་ཚད་ཀྱི་སྔ་གཞུག་ལ་འཐམ་ནས། རང་ཉིད་ལས་གཞན་པའི་གཏམ་རྒྱུད་ཀྱི་བང་རིམ་ཞིག་བསྒྲིགས་རྒྱུར་བརྩོན་དུས། ཆེས་ན་ཟུག་གི་གཟུར་བའི་ཐག་རིང་གི་སྙིང་ཆེ་ཆུང་ཁ་ཤས་ཤིག་གི་ང་ལ་ཁོང་ཁྲོ་བྱེད་ཀྱི་འདུག དོན་དངོས་སུ་ཁོང་ཚོ་ལའང་ཅི་ཁག སྙིང་ཆེ་ཆུང་གི་བདག་པོ་དེ་དག་ལ་ངས་འགྱོད་གཤེགས་ཞུ།

འཛིན་ན་འདོད་པའི་དབང་བྱེད་ཀྱི་ནུས་པ་དེ་དག ལག་ལེན་ཁྲོད་ཀྱི་ཉི་ཟེར་བཞིན། འཁྱགས་རོམ་གྱི་མནར་བའི་ས་སྒང་དེར་འཕོ་རྒྱུ་བྱུང་ན་ཅི་མ་ཧུད་སྙམ་པའི་སྣང་ཚུལ་འདི་ནི། ང་དང་བཅས་པའི་རིགས་ཀྱི་བགྲེས་གཞོན་བར་གསུམ་ཀུན་ལ་ཡོད་པར་རླུང་ཁ་ནའང་ཤུགས་ཀྱིས་འདུར་བར་གྲགས། གྲགས་སྟེང་དེ་ཡང་ཁྱད་མཚར་ཞིག་རེད། མཚམས་རེར་ཆེས་དམའ་ས་ནས་དམའ་ས་ཞིག་དང་སྐབས་རེར་མཐོ་ས་ཞིག་ནས་གྲགས་པར་ཡང་གོ་རྒྱུ་ཡོད་རབས་ཟེར།

ལོ་ཟླ་ཆེས་མང་བོ་མང་བོ་ཞིག་ལ། ངས་རང་གི་སྐྱེ་ཡུལ་རིག་མ་མྱོང་གསུང་བའི་བགྲེས་པོ་དེ་ནི། ད་ལྟ་སུ་ཚང་གི་གནས་ཚང་དུ་ལུས་དེ་ཡོད། གནས་ཚང་གིས་བཤད་ན་ཁོ་རང་ངེད་ཚང་གི་ཁྱིམ་ནས་གྲོངས་ན་གཏན་ནས་མི་འོས་ཟེར་གྱི་འདུག་སྐད། བགྲེས་པོ་ཁོང་ཉིད་ཀྱང་ཚེ་མཇུག་དེར་རང་གི་སྐྱེ་ཡུལ་ལ་ཐེངས་ཤིག་སླེབས་འདོད་ཡོད་པར་ཁྱིམ་མི་དང་ཉེ་དུ། ཁ་ཏྭ་ངོ་ཤེས་ཚང་མར་བཤད་ཡོད་པ་ཡིག་ཐོག་དང་ངག་ཐོག་ལ་ཆེས་མང་བོ་ཞིག་བཞག་ཡོད་པར་བཤད། འདི་ལྟར་བགྲེས་པོ་ཁོང་ནི་ད་ལྟའང་ས་མཐའ་རུ་ལུས་ཡོད།

མི་སྐད་ཤེས་པའི་ཁྱུ་ཚོགས་ཤིག་ས་སྒང་དེ་ཡི་བདག་པོ་ཡིན་རབས་གནའ་སྔ་མོ་ནས་གོ་མྱོང་ཡོད། ཡིང་ཡང་། མི་སྐད་ལ་ཚད་ཐིགས་བཏབས་པའི་ལོ་ཟླ་ནག་པོ་ཞིག་བཞི་མདོ་དེ་ནས་མི་སྐད་ལ་ཁྱི་སྐད་ཀྱིས་བཙན་འཛུལ་ཐེབས་པའི་རི་གྲོང་དེ་ནས་ད་ལྟ་ནི་ཡིད་དུ་འོང་བའི་མི་སྐད་ཅིག་གོ་རྒྱུར་ཡང་དཀའ་ངལ་ཆགས་ཡོད་པའི་གནས་ཚུལ་དག་ས་སྒང་གི་གྲུ་ཟུར་ཡོད་ཚད་ནས་གྲགས་དེ་འོང་དུས། དོན་དམ་དུ་མི་སྐད་བཤད་ཤེས་པའི་ས་སྒང་དེ་ཡི་བདག་པོ་དེ་དག་སུ་ཞིག་གིས་གཡོ་སྒྱུ་དང་བཙན་གནོན་གྱིས་མ་ཐེགས་པར་ལུས་ཡོད།

༢།༦།༡༢བལ་ཡུལ་བཀག་བསྐྱེལ་ཁང་ནས།

མཆན། 3

  1. kangchu says:
    ལོ་ 10 སྔོན།

    ཅི་ཞིག་བཤད་དགོས་ཡང་ཤེས་ཀྱིན་མི་འདུག གང་ལྟར་རིག་པ་སྒྲིམ་རོགས་ཞུ་རྒྱུ་ཡིན། རོགས་རམ་རེ་དགོས་ཚེ་ཟིན་བྲིས་སུ་སྤེལ་རོགས ཉིན་ལྟར་ཁྱེད་རིང་གི་ཟིན་བྲིས་ལ་ལྟ་གི་ཡོད ། རྡ་རམ་ས་ལར་ཁྱིམ་ཚེ་བྱས་ནས་བསྡད་མྱོང་ཡོད་པའི་གྲོགས་པོ་ཤིག་གིས།། ཨོ་སུ་ཏྲི་ལེ་ཡ་ནས།་

    Reply
  2. Karma1234 says:
    ལོ་ 10 སྔོན།

    ཕྲན་གྱི་སྙན་ངག་ཡག་པོ་མི་ཤེས་སྟབས་ནང་དོན་ཆ་ཚང་ཞིག་གོ་བ་མ་ལོན། འོན་ཀྱང་ཁོང་གི་རྩོམ་ཡིག་ཧ་ཅང་མང་པོ་ཀློག་པའི་བརྒྱུད་རིམ་ནས་ཡིད་ལ་མ་འཐད་པ་ཕལ་ཆེར་མ་བྱུང་ལ་ཕྲན་རྒྱ་མའི་རྒྱ་དར་ལ་གཏན་ནས་མི་དགའ་ནའང་ཁོང་གིས་འཁྱེར་བར་དགོས་པ་ཞིག་ཏུ་དམིགས་ན་དགག་པ་གཏན་ནས་རྒྱག་མྱོང་མེད། དེ་བཞིན་གླིང་ཚའི་སྙིང་སྟོབས་དང་ཆོད་སེམས་ལ་ཡི་རངས་དང་སྦྲག་འབོད་བསྐུལ་ཞིག་ལ་ལས་དོན་གང་བསྩམས་ཀྱང་བརྟགས་ཤིང་དཔྱད་པའི་སྒོ་ནས་གནང་རྒྱུ་ལས་ཁ་མཁས་ཀྱི་མི་སྣ་དང་ཚོགས་པ་ག་གེ་མོའི་གཡོ་འོག་ཏུ་མི་ཚུད་པ་གནང་རྒྱུའི་རེ་བ་ཆེ། ཕྲན་ལ་ཚོགས་པ་དང་མི་སྒེར་འགས་ཁྱེད་ཀྱི་རླབས་ཆེ་བའི་ལས་འགུལ་འདི་གང་བྱུང་དུ་བེད་སྤྱོད་གཏོང་བཞིན་ཡོད་པའི་ཚོར་བ་བྱུང་། དེས་རྐྱེན་པས་མཐུན་སྒྲིལ་ལ་བརྡབ་གསིག་ཡང་གཏོང་བཞིན་འདུག སྤྱིར་ན་འདི་དག་ཁྱོད་རང་གི་སྐྱོན་རེད་ཅེས་གཏན་ནས་ཞུ་བཞིན་མེད། གང་ལྟར་སྙིང་སྟོབས་ཡོད་པའི་ཐོག་ལ་མུ་མཐུད་ནས་རིག་པ་སྒྲིམ་རོགས་ཞུ། སྡུག་སྣ་གཅིག་མི་ལེན་པར་ཁ་རྒྱག་བཤད་བཞིན་འདུག་མི་བསམ་པའི་རེ་བ་ཡོད། ཁྱེད་ཀྱི་ལས་འགུལ་ལམ་ལྷོང་ཡོང་བ་གཙོ་བོར་དམིགས་ནས་བསམ་ཚུལ་བཤད་པ་ཡིན། རྒྱལ་ཞེན་པ་ཁྱེད་ངེད་ཅག་གི་ལོ་རྒྱུས་རོ་རིང་ཡིན་པ་ངས་ངོས་འཛིན་ཡོད། བཀྲིས་བདེ་ལེགས།

    Reply
  3. tenzan lhamo says:
    ལོ་ 10 སྔོན།

    དོན་དམ་དུ་མི་སྐད་བཤད་ཤེས་པའི་ས་སྒང་དེ་ཡི་བདག་པོ་དེ་དག་ལ་བཙན་གནོན་དང་གཡོ་སྒྱུས་སླུ་འཁྲིད་བྱེད་མཁན་ནི་དར་དམར་གནམ་ལ་འཕྱར་མཁན་དང་བོད་རྒྱལ་ཁབ་འཚོང་འདོད་པའི་མི་ངན་ཚོ་རེད།

    བོད་བཙན་པོའི་ཁྲག་རྒྱུད་ལ་ལྷད་བརྒྱབ་པ་དང་རུས་རྐང་གཞན་དུ་བསྒྱུར་མཁན་ངོ་ཤེས་ན་ཡག་པོ་རེད། མཐའ་ན་མགོ་ཡི་སྐྲ་ཡང་སེར་པོ་སྐྱེས་ཡོད་ཚད་རེད།་་་ཧཧཧ

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist