དེ་རིང་ཕྱི་ཚེས་༤ ཉིན་གྱི་ཕྱི་དྲོ་དྷ་སྟེང་བོད་ཁྱིམ་རྩེད་ཐང་དུ་མཐའ་མའི་རྟིང་རྩོད་ལ་ཞུགས་མཁན་རྩེ་གྲས་གཉིས་རྩེད་འགྲན་སྐབས། སྦོག་ར་བཀྲ་ཤིས་དཔལ་འཁྱིལ་དང་བོད་ཁྱིམ་མཉམ་འབྲེལ་བར་རྩེད་འགྲན་མཇུག་འབྲས་ནི། སྦོག་ར་བཀྲ་ཤིས་དཔལ་འཁྱིལ་གྱིས་སྤོ་ལོ་ ༢ དང་བོད་ཁྱིམ་མཉམ་འབྲེལ་གྱིས་སྤོ་ལོ་ ༡ བཅས་བླུགས་ཏེ། བཀྲ་ཤིས་དཔལ་འཁྱིལ་སྦོག་ར་རྒྱལ་ཡོད་པ་དང་། ཨོ་རི་ས་ཕུན་ཚོགས་གླིང་དང་འཕགས་ཞིང་ཀ་ཌི་མན་ཊོ་བར་རྩེད་འགྲན་མཇུག་འབྲས་ནི། ཨོ་རི་ས་ཕུན་ཚོགས་གླིང་གིས་སྤོ་ལོ་ ༣ དང་འཕགས་ཞིང་ཀ་ཌི་མན་ཊོས་སྤོ་ལོ་ ༡ བཅས་བླུགས་ཏེ། ཨོ་རི་ས་ཕུན་ཚོགས་གླིང་རྒྱལ་ཡོད་པ་རེད།
སང་ཉིན་ཕྱི་ཚེས་ ༥ ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༣ སྟེང་། བལ་ཡུལ་སྦོག་ར་བཀྲ་ཤིས་དཔལ་འཁྱིལ་རུ་ཁག་དང་ཨོ་རི་ས་ཕུན་ཚོགས་གླིང་རུ་ཁག་གཉིས་བར་མཐའ་མའི་རྟིང་རྩོད་འགྲན་བསྡུར་བྱ་རྒྱུ་རེད།
ད་ལྟའི་ཆར་བལ་ཡུལ་སྦོག་ར་བཀྲ་ཤིས་དཔལ་འཁྱིལ་རུ་ཁག་གི་ཨང་གྲངས་ ༧ པ་ནོར་བུ་རྡོ་རྗེ་ལགས་ཀྱིས་སྤོ་ལོ་ ༧ དང་། ཨོ་རི་ས་ཕུན་ཚོགས་གླིང་རུ་ཁག་གི་ཨང་གྲངས་ ༧པ་བྱང་ཆུབ་རྒྱལ་མཚན་ལགས་ཀྱིས་སྤོ་ལོ་ ༧ བཅས་བླུགས་ཏེ་ཐེངས་འདིའི་རྐང་སྤོལ་རྩེད་ཁྲོད་སྤོ་ལོ་མང་ཤོས་བླུགས་མཁན་གཉིས་ཆགས་ཡོད་པ་རེད།
བལ་ཡུལ་སྦོག་ར་བཀྲ་ཤིས་དཔལ་འཁྱིལ་རུ་ཁག
ཨོ་རི་ས་ཕུན་ཚོགས་གླིང་རུ་ཁག
བཀྲ་ཤིས་དཔལ་འཁྱིལ་རུ་ཁག་གི་ཨང་གྲངས་ ༧ པ་ནོར་བུ་རྡོ་རྗེ།
ཕུན་ཚོགས་གླིང་རུ་ཁག་གི་ཨང་གྲངས་ ༧ པ་བྱང་ཆུབ་རྒྱལ་མཚན།
རྩོམ་སྒྲིག་པ་ལགས། བཀྲ་ཤིས་དཔལ་འཁྱིལ་སྦོག་ར་རུ་ཁག་གི་ཨང་གྲངས་ ༧ ནོར་བུ་རྡོ་རྗེས་སྤོ་ལོ་ ༦ བླུགས་ཡོད་པ་དང་། ཕུན་ཚོགས་གླིང་ཨོ་རུ་ས་རུ་ཁག་གི་ཨང་གྲངས་ ༧ བྱང་ཆུབ་རྒྱལ་མཚན་གྱིས་སྤོ་ལོ་ ༦ བླུགས་ཡོད་པ་རེད། གོང་ཏུ་ནོར་འདུག