མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འདི་ལོའི་རྒྱལ་ཡུམ་རྗེས་དྲན་རྐང་སྤོལ་གསེར་བུམ་ཨོ་རི་ས་རུ་ཁག་ལ་ཐོབ་འདུག

བོད་ཀྱི་དུས་བབ།
༢༠༡༢/༠༦/༠༥
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ཕྱི་དྲོ་རྒྱལ་ཡུམ་རྗེས་དྲན་བུམ་པའི་རྐང་སྤོལ་རྩེད་འགྲན་ཐེངས་ ༡༨ པའི་མཐའ་མའི་རྟིང་རྩོད་ཀྱི་མཇུག་སྡོམ་མཛད་སྒོ་དྷ་སྟེང་བོད་ཁྱིམ་རྩེད་ཐང་དུ་ཚོགས་ཏེ། འདི་ལོའི་གསེར་བུམ་ཨོ་རི་ས་ཕུན་ཚོགས་གླིང་ལ་ཐོབ་ཡོད་པ་རེད།  

དེ་རིང་ཕྱི་ཚེས་ ༥ ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༣ སྟེང་རྒྱལ་ཡུམ་ཆེན་མོའི་རྗེས་དྲན་བུམ་པའི་རྐང་སྤོལ་རྩེད་འགྲན་ཐེངས་ ༡༨ པའི་མཇུག་སྡོམ་མཛད་སྒོ་དྷ་སྟེང་བོད་ཁྱིམ་རྩེད་ཐང་དུ་ཚོགས་ཡོད་པ་དང་།  མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་གིས་གཙོས། བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག འཕྲོད་བསྟེན་བཀའ་བློན་ཚེ་རིང་དབང་ཕྱུག་མཆོག   སྤྱི་འཐུས་རྒྱུན་ལས་རྣམ་པའི་གཙོས་བོད་མི་མང་སྤྱི་འཐུས་ཁག་ཅིག་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ།  དེ་བཞིན་དྷ་སའི་སེར་སྐྱ་མང་ཚོགས་དང་ཕྱོགས་མཐའ་ཁག་ནས་ཕེབས་པའི་ལྟད་མོ་བ་བཅས་མི་གྲངས་སྟོང་ཕྲག་མང་པོ་འཛོམས་འདུག

མཛད་སྒོའི་ཐོག་མར་བོད་ཀྱི་བདེན་དོན་འཐབ་རྩོད་ཆེད་རང་སྲོག་འབུལ་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་གཙོས། རྒྱའི་བཙོན་འོག་ཏུ་གདུག་རྩུབ་མནར་གཅོད་མྱོང་བཞིན་པའི་བོད་རིགས་སྤུན་ཟླ་ཡོངས་ལ་གདུང་སེམས་མཉམ་སྐྱེད་མཚོན་ཆེད། སྐུ་མགྲོན་དང་མི་མང་ཡོངས་རྫོགས་སྐུ་བཞེངས་ཐོག་དུས་ཡུན་སྐར་མ་གཅིག་རིང་ངག་བཅད་མྱང་ངན་དང་བདེན་ཚིགས་སྨོན་ལམ་དབྱངས་གྱེར་རྗེས།  བཀའ་ཁྲི་མཆོག་གིས་མཇུག་སྡོམ་མཛད་སྒོའི་གསུང་བཤད་གནང་པ་མ་ཟད།  རྩེད་ཐང་དུ་ཕེབས་ཏེ་མཐའ་མའི་རྟིང་རྩོད་འགྲན་བསྡུར་གནང་མཁན་བལ་ཡུལ་སྦོག་ར་བཀྲ་ཤིས་དཔལ་འཁྱིལ་དང་ཨོ་རི་ས་ཕུན་ཚོགས་གླིང་རུ་ཁག་གཉིས་ཀྱི་རྩེད་འགྲན་པ་རེ་རེར་འཚམས་འདྲིའི་ཕྱག་འཇུ་དང་དྲན་རྟེན་འདྲ་པར་སྒྲོན་ཏེ། རྩེད་འགྲན་དངོས་སུ་དབུ་འཛུགས་གནང་ཡོད་ལ།  རྩེད་འགྲན་མཇུག་སྒྲིལ་རྗེས་བཀའ་ཁྲི་བློ་བཟང་སེང་གེ་མཆོག་གིས་རྒྱལ་ཁ་ཐོབ་མཁན་རུ་ཁག་དང་རྩེད་འགྲན་པ་མི་སྒེར་བཅས་ལ་གཟེངས་རྟགས་ཕུལ་ཏེ། རྒྱལ་ཡུམ་རྗེས་དྲན་བུམ་པའི་བོད་རྒྱལ་ཡོངས་རྐང་སྤོལ་རྩེད་འགྲན་ཐེངས་ ༡༨ ཡོངས་སུ་མཇུག་སྒྲིལ་གནང་སོང་།

བཀའ་ཁྲི་མཆོག་གིས་མཇུག་སྡོམ་མཛད་སྒོའི་གསུང་བཤད་སྐབས། “ན་ཚ་སྔོན་འགོག་ཆེད་དུས་རྒྱུན་ལུས་རྩལ་དང་རྩེད་མོ་རྩེད་རྒྱུ་ཐུགས་ལ་ཉར་རོགས། དེ་རིང་འདིར་གཞོན་སྐྱེས་མང་པོ་ཞིག་དང་། དམིགས་བསལ་སློབ་ཕྲུག་མང་པོ་ཞིག་སླེབས་ཡོད་སྟབས། དེང་སང་སློབ་གྲྭ་ཁག་ནང་ཉལ་ཐ་དང་ཆང་རག བཟི་སྨན་ཟ་མཁན་ཡོང་བསྡད་པའི་གནས་ཚུལ་གོ་ཐོས་འདུག དེ་དག་ཧ་ཅང་བློ་ཕམ་གྱི་གནས་སྟངས་རེད། དེར་བརྟེན། རྗེས་ཕྱོགས་ཉལ་ཐ་དང་ཆང་རག་ལ་ལག་པ་མི་འཆིང་བར། རྩེད་མོ་དང་འཕྲོད་བསྟེན་ལ་དོ་སྣང་གནང་རོགས་ཞུ་རྒྱུ་ཡིན།” ཅེས་གསུངས་ཏེ། བོད་མིའི་སྤྱི་ཚོགས་ནང་ཌི་བྷེ་དང་ཅེ་ནའེ་ན་ཚ་གཉིས་ཀྱི་དཀའ་ངལ་ཡོད་པ་དང་། ཌི་བྷེ་ན་ཚ་ན་མཁན་རེར་འཕྲོད་བསྟེན་ལས་ཁུངས་ནས་ཧིན་སྒོར་འབུམ་ ༤ ནས་ ༧ བར་འགྲོ་སོང་གཏོང་བཞིན་ཡོད་ལ། མ་གཞི་ན་ཚ་ན་སྟེ་སྨན་ཁང་དུ་འགྲོ་དགོས་བྱུང་སྐབས་འཕྱི་དྲག་ཡོད་སྟབས། ན་ཚ་མ་བྱུང་བའི་སྔོན་ནས་དུས་རྒྱུན་རྩེད་མོ་དང་འཕྲོད་བསྟེན་ལ་དོ་སྣང་གནང་སྟེ་སྔོན་འགོག་བྱ་རྒྱུ་གལ་ཆེན་པོ་ཡིན་སྐོར་ནན་བརྗོད་དང་། དེ་བཞིན། རྩེད་མོ་བརྒྱུད་དེ་ཕན་ཚུན་འབྲེལ་འདྲིས་དང་མཉམ་རུབ། ཆིག་སྒྲིལ་བཅས་ཡོང་དགོས་པ་ཐུགས་ལ་ཉར་དགོས་པའི་འབོད་སྐུལ་བཅས་གནང་སོང་།

དེ་རིང་གི་མཐའ་མའི་རྟིང་རྩོད་འགྲན་བསྡུར་སྐབས། སྦོག་ར་བཀྲ་ཤིས་དཔལ་འཁྱིལ་དང་ཨོ་རི་ས་ཕུན་ཚོགས་གླིང་རུ་ཁག་གཉིས་ཀྱིས་ཕར་ཚུར་ལ་སྤོ་ལོ་རེ་རེ་བླུགས་ཏེ་འདྲ་མཉམ་ཆགས་ཡོད་པ་དང་། དེ་རྗེས་བསྐྱར་དུ་དུས་ཡུན་སྐར་མ་ ༣༠ རིང་རྩེད་འགྲན་བྱས་ཀྱང་ཕྱོགས་གཉིས་བར་རྒྱལ་ཕམ་དབྱེ་བ་འབྱེད་མ་ཐུབ་པར་བརྟེན། མཐའ་མར་རྐང་རྩེད་བ་རེ་རེས་ཐད་ཀར་སྒོ་ནང་དུ་སྤོ་ལོ་བླུགས་རེ་ཡི་རྩེད་འགྲན་བརྒྱུད། སྦོག་ར་བཀྲ་ཤིས་དཔལ་འཁྱིལ་རུ་ཁག་གིས་སྤོ་ལོ་ ༢ དང་། ཨོ་རི་ས་ཕུན་ཚོགས་གླིང་རུ་ཁག་གིས་སྤོ་ལོ་ ༤ བཅས་བླུགས་ཏེ། རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་རྟགས་མའི་བུམ་པ་དེ་ཨོ་རི་ས་ཕུན་ཚོགས་གླིང་ལ་ཐོབ་ཡོད་པ་དང་།  དེ་བཞིན། ཨང་དང་པོ་ཐོབ་མཁན་རུ་ཁག་ལ་ཧིན་སྒོར་འབུམ་ ༡ དང་། ཨང་གཉིས་པ་ཐོབ་མཁན་ལ་ཧིན་སྒོར་ཁྲི་ ༦ བཅས་བྱ་དགའ་བསྩལ་ཡོད་པ་རེད།

གཞན་ཡང་། འདི་ལོའི་རྩེད་འགྲན་ཁྲོད་བཟང་སྤྱོད་ཡག་ཤོས་ཀྱི་གཟེངས་བསྟོད་བྱ་དགའ་ཌལ་ཧོར་ཕུན་ཚོགས་གླིང་རུ་ཁག་ལ་ཐོབ་ཡོད་པ་དང་།  རྩེད་འགྲན་ཧྲིལ་བོའི་ནང་སྤོ་ལོ་མང་ཤོས་བླུགས་མཁན་ནི་བཀྲ་ཤིས་དཔལ་འཁྱིལ་རུ་ཁག་གི་ཨང་གྲངས་ ༧ ནོར་བུ་རྡོ་རྗེ་དང་།  ཕུན་ཚོགས་གླིང་རུ་ཁག་གི་ཨང་གྲངས་ ༧ པ་བྱང་ཆུབ་རྒྱལ་མཚན་གཉིས་ཆགས་ཡོད་པ་དང་། ཁོང་གིས་སྤོ་ལོ་ ༧ རེ་བླུགས་ཡོད་པ་རེད། ཁོང་གཉིས་ལ་བྱ་དགའ་ཧིན་སྒོར་ ༥༠༠༠ རེ་བསྩལ་འདུག

འདི་ལོའི་རྩེད་འགྲན་སྐབས་ལོ་སྔོན་མ་དག་དང་བསྡུར་ན་ལྟད་མོ་གཟིགས་མཁན་གྱི་མི་འབོར་དང་རྒྱབ་སྐྱོར་གྱི་རྣམ་འགྱུར་སྟོན་སྟངས། རྐང་སྤོལ་རྩེད་མཁན་རུ་ཁག་ཕན་ཚུན་བར་མཐུན་ལམ་དང་། རྩེད་མོ་རྩེད་སྟངས་སོགས་ཕྱོགས་ཡོངས་ནས་ཡར་རྒྱས་ཀྱི་རྣམ་པ་གསར་བ་ཞིག་སླེབས་འདུག 

མཐའ་མའི་རྟིང་རྩོད་རྩེད་འགྲན་གནང་མཁན་རུ་ཁག་གཉིས་ཀྱི་རྗེས་དྲན་འདྲ་པར།

སྤོ་ལོ་མང་ཤོས་བླུགས་མཁན་ནོར་བུ་རྡོ་རྗེ་དང་བྱང་ཆུབ་རྒྱལ་མཚན།

 

རྒྱལ་ཁ་ཐོབ་མ་ཐག་པའི་རྩེད་འགྲན་ར་བའི་རྣམ་པ།

གསར་འགོད་པ། ཚེ་རིང་རྒྱལ།  
 
 

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

མཆན། 2

  1. གཅན་བཟོད་རྒྱམ། says:
    ལོ་ 14 སྔོན།

    རྐང་སྤོལ་འདི་མུ་མཐུད་ནས་རྩེ་དགོས་ཀྱི་འདུག ད་དུང་གཞི་རྒྱ་ཆེ་རུ་གཏོང་དགོས། བྱ་དགའ་དངུལ་དང་གཟིགས་གཟེས་ཡང་ཆེ་རུ་དང་མང་དུ་གཏོང་དགོས། སྒོར་མོ་འགའ་རེ་ཞལ་འདེབས་གནང་མཁན་ཡོད་སྲིད་ལ། ང་ལྟ་བུའི་ཀྱང་ལས་དོན་འདི་འདྲར་ཞལ་འདེབས་ཅུང་ཙམ་རེ་འབུལ་འདོད་ཡོད།
    འབྱུང་འགྱུར་ཕྱི་རྒྱལ་ཁག་དང་རྒྱལ་སྤྱིའི་ནང་དུའང་རྩེད་འགྲན་མཉམ་ཞུགས་ཀྱི་གོ་སྐབས་ལེན་ཅི་ཐུབ་བྱེད་དགོས།

    Reply
  2. སེར་སྨད་བློ་དགའ། says:
    ལོ་ 14 སྔོན།

    ཨོ་རི་ས་བོད་གཞོན་རྩེད་འགྲན་རུ་ཁག་ལ་མཚམས་འདྲི་ཡོད། བོད་ནང་དུ་རྒྱལ་དོན་རང་ལུས་མེར་བསྲེག་གཏོང་བཞིན་པ་དང་། བཙན་བྱོལ་ནང་རྩེད་མོའི་འགྲན་བསྡུར་རོལ་བཞིན་པར་མི་རེ་གཉིས་ཀྱི་དགོངས་ཚུལ་འདྲ་མིན་བཏོན་འདུག་མོད། དོན་དངོས་ནི། བོད་ཀྱི་ལས་དོན་འདི་རྒྱལ་ཁབ་ཅིག་གི་ལས་དོན་ཡིན་པས་་་་ང་ཚོས་རྒྱལ་སྤྱིའི་བརྒྱུད་ལམ་སྡིངས་ཆ་ནས་ངུ་ཐུབ་པ་དང་དགོད་ཐུབ་པ་སྟེ་་་ངུ་དགོད་ཟུང་འབྲེལ་གྱིས་བོད་ཀྱི་མདུན་ལམ་འཚོལ་དགོས་ཀྱི་ཡོད་པ་རེད་་་་་ཞུས་ཙང་་་་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese