མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རཱ་ཤི་ཡའི་སྲིད་འཛིན་པུ་ཊེན་དང་རྒྱལ་སྤྱིའི་གྲང་དམག

བོད་ཀྱི་དུས་བབ།
༢༠༡༢/༠༦/༠༩
Share on FacebookShare on TwitterShare on EmailShare on Whatsapp

རཱ་ཤི་ཡའི་སྲིད་འཛིན་པུ་ཊེན་རྒྱ་ནག་ཏུ་ཕྱིན་ཏེ། པེ་ཅིན་དུ་རྒྱལ་ཁབ་ ༦ གི་ཧྲང་ཧེ་མཉམ་ལས་རྩ་འཛུགས་བརྒྱུད། རཱ་ཤི་ཡའི་ཕྱོགས་ཁག་རྒྱ་སྐྱེད་ཐོག་ནུབ་ཕྱོགས་པར་ཁ་གཏད་གཅོག་རྒྱུའི་ཁ་ཕྱོགས་བཟུང་ཡོད།

ཕྱི་ཚེས་ ༥ ཉིན་རཱ་ཤི་ཡའི་སྲིད་འཛིན་གསར་པ་སྐུ་ཞབས་པུ་ཊེན་ (Vladimir Putin) རྒྱ་ནག་ཏུ་ཕྱིན་ཏེ་རཱ་ཤི་ཡ་དང་རྒྱ་ནག་གི་འབྲེལ་ལམ་དམ་ཟབ་དང་ནུབ་ཕྱོགས་པའི་ཤུགས་རྐྱེན་འགོག་ཐབས་བྱེད་ཀྱི་ཡོད། ཕྱི་ཚེས་ ༦ དང་ ༧ བཅས་ཉིན་གཉིས་རིང་རཱ་ཤི་ཡ་དང་རྒྱ་ནག ཀཱ་ཛ་ཀི་སི་ཐན། ཀེར་གྷེ་ཛི་སི་ཐན། ཊ་ཇེ་ཀེ་སི་ཐན། ཨུ་ཛི་བྷེ་ཀེ་སི་ཐན་བཅས་རྒྱལ་ཁབ་ ༦ གི་ས་ཁུལ་ཆིག་སྒྲིལ་དང་ནུབ་ཕྱོགས་པའི་ཤུགས་རྐྱེན་འགོག་ཐབས་ཞེས་པའི་ཧྲང་ཧེ་མཉམ་ལས་རྩ་འཛུགས་ལོ་འཁོར་ཚོགས་ཆེན་པེ་ཅིན་དུ་ཚོགས་ཡོད་ཅིང་། ཨེ་རན་དང་པཱ་ཀི་སི་ཐན། རྒྱ་གར། ཨབ་གྷན། སོག་པོ་བཅས་ཀྱི་སྲིད་འཛིན་དང་སྐུ་ཚབ་སྐོར་ཞིག་ཀྱང་མཉམ་ཞུགས་བྱས་ཡོད་འདུག ཚོགས་ཐོག་ཏུ་འཇིགས་སྐུལ་རིང་ལུགས་པར་འགོག་རྒོལ་བྱེད་ཕྱོགས་དང་དཔལ་འབྱོར་འཕེལ་རྒྱས་སོགས་ལ་གྲོས་མོལ་གནང་ཡོད་ཅིང་། ལྷག་པར་དུ་ཨབ་གྷན་དང་པཱ་ཀི་སི་ཐན་ནང་གི་ཎ་ཊོ་དམག་དཔུང་ཕྱིར་འཕུད་དང་། ཨ་རི་གཙོས་པའི་ནུབ་ཕྱོགས་པའི་ཤུགས་རྐྱེན་འགོག་ཐབས་བཅས་ཀྱི་ཐད་གྲོས་བསྡུར་བྱས་ཡོད་འདུག

ཟླ་སྔོན་མའི་ནང་ཝ་ཤིན་ཊོན་དུ་ཎ་ཊོའི་ཚོགས་ཆེན་ནང་པུ་ཊེན་མཉམ་ཞུགས་བྱས་མེད་པ་དང་། ཕྱི་ཚེས་ ༥ ཉིན་ཁོང་རྒྱ་ནག་ཏུ་ཕྱིན་ཏེ། རྒྱ་ནག་སྲིད་འཛིན་ཧུའུ་ཅིན་ཐའོ་དང་སྲིད་བློན་ཝུན་ཇ་པའོ། དེ་བཞིན། རྒྱ་ནག་གི་མ་འོངས་པའི་སྲིད་འཛིན་ཞིས་ཅིན་ཕིན་དང་སྲིད་བློན་ལིས་ཁི་ཆིང་བཅས་ལ་ཐུག་འཕྲད་ཀྱིས་ཨེ་རན་རྡུལ་མཚོན་དང་ཨབ་གྷན་ནང་གི་ཎ་ཊོའི་དམག་དཔུང་། སེ་རི་ཡའི་རྩོད་ཉོག་བཅས་ལ་ནུབ་ཕྱོགས་པའི་ཐེ་ཇུས་འགོག་ཐབས་ལ་གྲོས་བསྡུར་བྱས་ཡོད། ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་ཚོགས་ཆེན་སྟེང་པུ་ཊེན་གྱིས་གྲོས་གཞི་བཏོན་པར། ཚོགས་ཞུགས་རྒྱལ་ཁབ་ཁག་གི་མགོ་ཁྲིད་ཚོས་གྲོས་མཐུན་མིང་རྟགས་བཀོད་དེ། ཨེ་རན་དང་ཨབ་གྷན། སེ་རི་ཡ་སོགས་ཀྱི་གནད་དོན་ཐོག་ནུབ་ཕྱོགས་པས་ཐེ་ཇུས་བྱེད་པར་གོང་གསལ་རྒྱལ་ཁབ་ཁག་གིས་མཉམ་རུབ་ངོ་རྒོལ་བྱ་རྒྱུ་མ་ཟད། མཇུག་འབྲས་ཚབས་ཆེན་འབྱུང་སྲིད་པའི་ཉེན་བརྡ་ཡང་བཏང་ཡོད།

ཆབ་སྲིད་དཔྱད་བརྗོད་པ་ཁག་ཅིག་གིས་པུ་ཊེན་ཐོག་མར་སྲིད་འཛིན་ལ་བསྡད་པ་ནས་ཨ་རི་གཙོས་པའི་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་རྒྱལ་ཁབ་གཞན་གྱི་ཆབ་སྲིད་དང་དཔལ་འབྱོར། དམག་དོན་སོགས་ཐེ་ཇུས་བྱེད་ཀྱིན་པར་ངོ་རྒོལ་བྱེད་མཁན་ཞིག་ཡིན་པ་དང་། དེ་སྔོན་ཁོས་ཨེ་རག་སྲིད་འཛིན་སཱ་ཌམ་ཧུ་སེན་དང་གྷ་ཌ་ཧྥེ། བྷག་ཤར་སོགས་དང་མཉམ་འབྲེལ་ཐོག་ནུབ་ཕྱོགས་པའི་བཙན་འཛུལ་ལ་རྒོལ་ལན་སྤྲོད་ཐབས་བྱས་ཀྱང་། སཱ་ཌམ་ཧུ་སེན་དང་གྷ་ཌ་ཧྥེ་གཉིས་འཆི་ལམ་དུ་ཕྱིན་ཡོད་པ་དང་། ད་ཆར་ཁོང་ལ་ལག་རོགས་ཤིག་ཡོད་པ་ནི་བྷག་ཤར་གཅིག་པུ་ཡིན་ཡང་། སེ་རི་ཡའི་ཟིང་འཁྲུག་དང་བསྟུན་ཏེ་ནུབ་ཕྱོགས་པས་བྷག་ཤར་སྲིད་གཞུང་མགོ་རྟིང་སློབ་འཆར་ཡོད་པ་དེར། པུ་ཊེན་གྱིས་ཨེ་ཤ་ཡའི་མཉམ་འབྲེལ་ཕྱོགས་གཏོགས་རྒྱ་སྐྱེད་བཏང་སྟེ་ཁ་གཏད་གཅོག་རྒྱུ་དང་། དེ་ལ་རྒྱ་ནག་ཧ་ང་གཙོ་གནད་ཆགས་ཡོད་སྟབས། རྒྱ་ནག་དང་རཱ་ཤི་ཡའི་བར་གྱི་དེ་སྔའི་རྩོད་རྙོག་རིགས་ཟུར་དུ་བཞག་ཏེ་ཕྱོགས་བསྒྲིལ་བྱེད་ཀྱི་ཡོད་སྐོར་གླེང་།

སེ་རི་ཡའི་གཞུང་འཕོ་འགྱུར་གཏོང་རྒྱུར་རཱ་ཤི་ཡ་དང་རྒྱ་ནག་གིས་ངོ་རྒོལ་བྱེད་དོན་ནི། སེ་རི་ཡ་ནི་དམག་དོན་དང་ཚོང་འབྲེལ། ཕྱི་འབྲེལ་སོགས་ལ་རཱ་ཤི་ཡ་ལ་ཧ་ཅང་གལ་གནད་ཆེན་པོ་ཆགས་ཡོད་སྟབས། སེ་རི་ཡའི་གཞུང་ལ་འཕོ་འགྱུར་བཏང་སྟེ་ནུབ་ཕྱོགས་པར་རྒྱབ་རྟེན་བཅོལ་མཁན་ཞིག་སྲིད་སྟེགས་སུ་བསླེབ་ཚེ། སེ་རི་ཡ་ཙམ་མ་ཟད་དཀྱིལ་ཤར་ཡུལ་གྲུ་གཞན་དག་ནང་ནུབ་ཕྱོགས་པའི་ཤུགས་རྐྱེན་སྔར་ལས་ཆེ་རུ་འགྲོ་རྒྱུར་འཇིགས་སྣང་བྱེད་ཀྱི་ཡོད་འདུག

ད་ལོའི་ཕྱི་ཟླ་ ༢ པའི་ནང་རྒྱལ་ཚོགས་བདེ་འཇགས་ལྷན་ཁང་ནང་སེ་རི་ཡར་རྒྱལ་ཚོགས་དང་ཎ་ཊོའི་དམག་དཔུང་གཏོང་རྒྱུའི་གྲོས་བསྡུར་སྐབས། རཱ་ཤི་ཡས་ངོ་རྒོལ་བྱས་པར་རྒྱ་ནག་རཱ་ཤི་ཡའི་ཕྱོགས་སུ་ལངས་ཏེ་གྲོས་ཆོད་འཇོག་ཐུབ་མེད་ལ། ཟླ་འདིའི་ཕྱི་ཚེས་ ༡ ཉིན་བསྐྱར་དུ་རྒྱལ་ཚོགས་བདེ་འཇགས་ལྷན་ཁང་ནང་ཉེ་ཆར་སེ་རི་ཡའི་ནང་གི་མི་མང་རྡེབ་གསོད་ཆེན་མོའི་དོན་རྐྱེན་དང་འབྲེལ་ཏེ། སེ་རི་ཡའི་སྲིད་གནད་དོན་ལ་རྒྱལ་སྤྱིའི་དམག་གིས་ཐེ་ཇུས་བྱ་རྒྱུར་གྲོས་གཞི་བཏོན་ཡོད་པ་དང་། རཱ་ཤི་ཡ་དང་རྒྱ་ནག་གིས་གནད་དོན་དེའི་ཐད་རོགས་འདེགས་བྱ་དགོས་པའི་སྐུལ་མ་བཏང་ཡོད་ཀྱང་། རཱ་ཤི་ཡས་དོན་རྐྱེན་དེ་བྷག་ཤར་སྲིད་གཞུང་གཅིག་པུ་མིན་པར་གྱེན་ལངས་ཤོག་ཁག་ལ་འགན་ཡོད་ཚུལ་དང་། དོན་རྐྱེན་དེའི་མཇུག་འབྲས་ནི་ནུབ་ཕྱོགས་པས་གྱེན་ལངས་པར་རྒྱབ་རྩ་བྱས་པ་ལས་བྱུང་པ་ཞིག་ཡིན་པའི་སྐྱོན་བརྗོད་ཐོག གྲོས་དོན་ལ་ངོ་རྒོལ་བྱས་ཡོད་སྟབས་གྲོས་གཞི་ཐག་གཅོད་ཐུབ་མེད། རཱ་ཤི་ཡ་དང་རྒྱ་ནག་གཉིས་རྒྱལ་ཚོགས་བདེ་འཇགས་ལྷན་ཁང་གི་གཏན་འཇགས་རྒྱུན་ལས་དང་། ད་ཆར་རྒྱ་ནག་རྒྱུས་ལས་ཚོགས་གཙོ་ཡང་ཆགས་ཡོད་སྟབས། བདེ་འཇགས་ལྷན་ཁང་ནང་རཱ་ཤི་ཡ་དང་རྒྱ་ནག་གི་མོས་མཐུན་མ་བྱས་ཚེ་གྲོས་གཞི་གང་ཡང་ཐག་གཅོད་བྱེད་ཐབས་མེད།

རྒྱལ་སྤྱིའི་ཆབ་སྲིད་དབྱེ་ཞིབ་པ་དག་གིས་པུ་ཊེན་གྱིས་རང་གི་ཕྱོགས་གཏོགས་རྒྱ་སྐྱེད་ཐོག་ཨ་རི་དང་ཨ་རིའི་ཕྱོགས་གཏོགས་པ་ཚོར་ཁ་གཏད་གཅོད་རྒྱུའི་དཔུང་ཁག་སྐྲུན་ཐབས་བྱེད་ཀྱིན་པ་དེ་ནི། དེ་སྔའི་འཛམ་གླིང་དམག་འཁྲུག་གཉིས་པའི་རྗེས་སུ་ཨུ་རུ་སུ་ཕྱོགས་གཏོགས་དང་ཨ་རི་ཕྱོགས་གཏོགས་སོ་སོར་གྱེས་ཏེ་མ་རྩ་རིང་ལུགས་དང་སྤྱི་ཚོགས་རིང་ལུགས་པར་བྱུང་པའི་གྲང་དམག་ལྟ་བུ་ཞིག་བསྐྱར་དུ་འབྱུང་ཉེན་ཡོད་སྐོར་བཤད།  

པུ་ཊེན་དང་ཁོང་གི་ཆབ་སྲིད་ཀྱི་མི་ཚེ།

 པུ་ཊེན་ ༡༩༥༢ ལོར་ཞིང་པའི་ཁྱིམ་ཚང་ཞིག་ཏུ་སྐྱེས་ཤིང་། ཁོང་གིས་ཁྲིམས་ལུགས་སློབ་སྦྱོང་དང་དཔལ་འབྱོར་རིག་པའི་འབུམ་རམས་པ་ཐོན་ཡོད་པ་དང་། ༡༩༧༥ ལོ་ནས་ཁོང་སྐབས་དེའི་ཨུ་རུ་སུའི་ཕྱི་སྲིད་གསང་པའི་ལུས་ཁུངས་སུ་ཞུགས་ཡོད་པ་མ་ཟད། ༡༩༨༥ ལོ་ནས་ཤར་འཇར་མན་ནང་གསང་བའི་མི་སྣ་བྱས་ཏེ་ལོ་མང་བསྡད། ༡༩༩༠ ལོར་ཤར་འཇར་མན་འཐོར་བཤིག་ཏུ་ཕྱིན་རྗེས་ཁོང་ཕྱིར་ལོག་སྟེ། སྐབས་དེའི་སན་ཊི་པེ་ཊར་སི་བྷག་(St.Petersburg) གྲོང་ཁྱེར་སྤྱི་ཁྱབ་པ་ཨ་ནཱ་ཊོ་ལེ་(Anatoly Sobchak)ཡིས་པུ་ཊེན་གྲོང་ཁྱེར་དེའི་ཕྱི་འབྲེལ་ཚོགས་ཆུང་གི་འགན་འཛིན་དུ་བསྐོ་བཞག་ཐོག ཨ་ནཱ་ཊོ་ལེ་ཡིས་ཁོང་ཆབ་སྲིད་མི་སྣ་རླབས་ཆེན་ཞིག་ཏུ་གསོ་སྐྱོང་བྱས། རྗེས་སུ་ཨ་ནཱ་ཊོ་ལེ་ལ་ལྐོག་ཟ་རུལ་སུངས་ཀྱི་ནག་ཉེས་ཕོག་སྐབས། པུ་ཊེན་གྱིས་རང་ནུས་ཡོད་ཚད་བཏོན་ཏེ་རང་གི་དགེ་རྒན་གྱི་ནག་ཉེས་དག་ཐབས་བྱས་པ་དེས། སྐབས་དེའི་རཱ་ཤི་ཡའི་སྲིད་འཛིན་བྷོ་རེ་སི་(Boris Yeltsin) ལ་པུ་ཊེན་ནི་རང་གི་དགེ་རྒན་ལ་ལྷག་བསམ་རྣམ་དག་ཡིན་པའི་སེམས་འགུལ་ཐེབས་ཡོད་པར་གླེང་།

༡༩༩༦ ལོ་སྲིད་འཛིན་བྷོ་རེ་སི་ཡིས་པུ་ཊེན་ཐད་གར་སྲིད་འཛིན་ལས་ཁུངས་སུ་གནས་སྤོར་བྱས་ཏེ། ལོ་བཞི་ཙམ་ནང་སྲིད་འཛིན་ལས་ཁུངས་ཀྱི་སྔོན་རྩིས་འགན་འཛིན་ནས་འཛིན་སྐྱོང་འགན་འཛིན་དང་། སྲིད་འཛིན་སྤྱི་ཁྱབ་ལས་ཁུངས་ཀྱི་འགན་འཛིན། རཱ་ཤི་ཡ་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་འཇགས་ལས་དོན་འགན་འཛིན། བདེ་སྲུང་ལྷན་ཁང་གི་དྲུང་ཆེ་བཅས་སུ་རིམ་བཞིན་གནས་སྤོར་བྱས། ༡༩༩༩ ཕྱི་ཟླ་ ༨ ནང་སྲིད་འཛིན་བྷོ་རེ་སི་ཡིས་སྐབས་དེའི་སྲིད་བློན་སཱེར་གྷའེ་(Sergei Stepashin) ལས་གནས་ནས་ཕབ་སྟེ་པུ་ཊེན་སྲིད་བློན་དུ་བསྐོ་བཞག་བྱས། དེ་ནི་བསླེབ་ལ་ཉེ་བའི་རཱ་ཤི་ཡའི་སྲིད་འཛིན་འོས་བསྡུའི་ཁྲོད་པུ་ཊེན་ལ་རྒྱལ་ཁ་འཐོབ་རྒྱུར་ལམ་ཁ་བཟོས་པ་ཞིག་ཡིན་པར་ཆབ་སྲིད་དཔྱད་བརྗོད་པ་དག་གིས་བཤད། འོན་ཀྱང་ལོ་དེ་གའི་ཕྱི་ཟླ་ ༡༢ ཟླ་མཇུག་ཏུ་སྲིད་འཛིན་ཁོང་ལས་གནས་ནས་དགོངས་ཞུ་བྱས་ཏེ་ ༢༠༠༠ ལོའི་སྲིད་འཛིན་འོས་བསྡུ་མ་བསླེབ་པར་པུ་ཊེན་སྲིད་འཛིན་ལས་ཚབ་ཏུ་བསྐོས།

༢༠༠༠ ཟླ་ ༣ ནང་གི་རཱ་ཤི་ཡའི་སྲིད་འཛིན་འོས་བསྡུའི་ཁྲོད་པུ་ཊེན་ལ་འོས་གྲངས་བརྒྱ་ཆ་ ༥༣ རག་སྟེ་སྲིད་འཛིན་འོས་བསྡུའི་རྒྱལ་ཁ་ཐོབ། ༢༠༠༤ ལོའི་སྲིད་འཛིན་འོས་བསྡུའི་ཁྲོད་ཁོང་ལ་འོས་གྲངས་བརྒྱ་ཆ་ ༧༡ ལ་ཐོབ་སྟེ་བསྐྱར་དུ་རཱ་ཤི་ཡའི་སྲིད་འཛིན་ཆགས། ༢༠༠༨ ལོའི་སྲིད་འཛིན་འོས་བསྡུའི་སྐབས་རཱ་ཤི་ཡའི་རྩ་ཁྲིམས་ནང་མི་གཅིག་བསྟུད་མར་སྲིད་འཛིན་སྐབས་གཉིས་ལྷག་ཡོང་མི་ཆོག་སྟབས། ཁོང་གི་རྒྱབ་སྐྱོར་འོག་སྐབས་དེའི་སྲིད་བློན་གཞོན་པ་ཌི་མེ་ཊི་རེ་(Dmitry Medvedev)ལ་སྲིད་འཛིན་གྱི་རྒྱལ་ཁ་ཐོབ། དི་མེ་ཊི་རེ་ཡིས་པུ་ཊེན་ཁོང་གི་གཞུང་གསར་པའི་སྲིད་བློན་དུ་བསྐོས། མི་མང་པོ་ཞིག་གིས་ཌི་མེ་ཊི་རེ་སྲིད་འཛིན་ཡིན་རུང་ཁོང་པུ་ཊེན་གྱི་སྟངས་འཛིན་འོག་ཡོད་པའི་བསམ་ཚུལ་ཤུགས་ཆེན་པོ་བྱུང་ཡོད་པ་རེད།

ལོ་སྔོན་མར་སྲིད་འཛིན་ཌི་མེ་ཊི་རེ་ཡིས་ ༢༠༡༢ ལོའི་རཱ་ཤི་ཡའི་སྲིད་འཛིན་འོས་གཞིར་པུ་ཊེན་ལ་རྒྱབ་སྐྱོར་བྱས་རྗེས་པུ་ཊེན་གྱིས་རང་ཉིད་སྲིད་འཛིན་འོས་མིར་ལངས་རྒྱུའི་ཁྱབ་བསྒྲགས་བྱས་པ་ལྟར། ཁོང་ལ་ ༢༠༡༢ ལོའི་རཱ་ཤི་ཡའི་སྲིད་འཛིན་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ་སྟེ་སྐབས་གསུམ་རིང་གི་རཱ་ཤི་ཡའི་སྲིད་འཛིན་ཆགས་ཡོད། སྔོན་ཆད་རཱ་ཤི་ཡའི་སྲིད་འཛིན་ལས་ཡུན་ལོ་ ༤ ཡིན་ཡང་། ༢༠༠༨ ལོར་རྩ་ཁྲིམས་བསྐྱར་བཅོས་ཀྱིས་ ༢༠༡༢ ལ་ནས་སྲིད་འཛིན་ལས་ཡུན་ལོ་ ༦ བཟོས་ཡོད། ཆབ་སྲིད་དཔྱད་བརྗོད་པ་དག་གིས་པུ་ཊེན་མུ་མཐུད་སྐབས་རྗེས་མའི(༢༠༡༨ ནས་ ༢༠༢༤) སྲིད་འཛིན་ལ་རེ་བ་འཛིན་གྱི་ཡོད་པར་གླེང་གི་ཡོད་ཀྱང་། པུ་ཊེན་གྱིས་སྐབས་རྗེས་མའི་སྲིད་འཛིན་འོས་བསྡུའི་འགྲན་རྩོད་ནང་ཞུགས་མིན་ཐད་ད་དུང་ཐག་གཅོད་གང་ཡང་མེད་ཚུལ་བརྗོད་ཡོད།

པུ་ཊེན་དྲག་རྩལ་དང་རླངས་འཁོར་རྩེད་འགྲན། རི་དྭགས་རྔོན་པ། རི་འཛེགས། དམག་འཐབ་གནམ་གྲུ་གཏོང་རྒྱུ། རོལ་དབྱིངས་དང་གླུ་གཞས་གཏོང་རྒྱུ་སོགས་རྩེད་རིགས་ཆེ་ཁག་ཚང་མར་མཁས་པ་མ་ཟད། དམིགས་བསལ་ཉེན་ཁ་ཅན་གྱི་རྩེད་མོའི་ཐོག་ནས་རང་ཉིད་ཀྱི་འཇོན་ཐང་དང་གཟི་བརྗིད་མངོན་ཐབས་བྱེད་རྒྱུར་དགའ་བོ་ཡོད་པ་ཞིག་དང་། རཱ་ཤི་ཡའི་ནང་ཁོང་ལ་དྲག་རྩལ་འགྲན་བསྡུར་གྱི་རྟགས་མ་ཐེངས་མང་ཐོབ་མྱོང་ཡོད་པ་དང་། ཉི་ཧོང་གི་དྲག་རྩལ་འགྲན་བསྡུར་ཞིག་གི་སྐབས་ཁོང་ལ་སྐེ་རག་ནག་པོའི་(Black Belt) རྟགས་མ་ཡང་ཕུལ་ཡོད་འདུག

༡༩༩༡ ལོར་ཨུ་རུ་སུ་འཐོར་བཤིག་ཏུ་ཕྱིན་རྗེས་རཱ་ཤི་ཡའི་ནང་དཔལ་འབྱོར་དང་ཆབ་སྲིད་བརྟན་བརླིང་མེད་པའི་དཀའ་ངལ་ཆེན་པོ་འཕྲད་ཡོད་སྟབས། ཁོང་སྲིད་འཛིན་དུ་བསླེབས་རྗེས་ཆབ་སྲིད་དང་དཔལ་འབྱོར་སྲིད་ཇུས་ལ་བཅོས་བསྒྱུར་བཏང་པ་མ་ཟད། རྒྱལ་ཁོངས་བརྟན་བརླིང་མེད་པའི་ས་ཁུལ་ཁག་ཏུ་ཁོ་རང་ཉིད་ཀྱིས་དམག་འཐབ་གནམ་གྲུ་བཏང་སྟེ་ངོ་ལོག་པ་ཞི་འཇགས་བཏང་པ་སོགས། རྒྱལ་ཁོངས་བརྟན་བརླིང་འཕེལ་རྒྱས་སུ་གཏོང་ཐུབ་པ་དེས་རཱ་ཤི་ཡའི་མི་མང་གི་སེམས་ཁོངས་སུ་ཁོང་གིས་གཟི་བརྗིད་ཀྱི་སྣང་བརྙན་བསྐྲུན་ཡོད།

པུ་ཊེན་ལ་རྒྱལ་སྤྱི་ཐོག་སྐྱོན་བརྗོད་བྱེད་མཁན་ཡང་ཧ་ཅང་མང་པོ་ཡོད་པ་མ་ཟད། རཱ་ཤི་ཡའི་མང་ཚོགས་ཁྲོད་དུ་ཡང་། པུ་ཊེན་ནི་རཱ་ཤི་ཡ་གཅིག་གྱུར་དང་རྒྱལ་ཁོངས་བརྟན་བརླིང་ཆེད་མི་མང་ལ་དྲག་གནོན་དང་འགྲོ་བ་མིའི་ཐོབ་ཐང་རྡོལ་རོལ་གཏོང་མཁན་ཞིག་ཡིན་པའི་སྐྱོན་བརྗོད་བྱེད་མཁན་ཧ་ཅང་མང་། ཆབ་སྲིད་དཔྱད་བརྗོད་པ་མང་པོས་ཁོང་ལ་དེ་སྔའི་ཨུ་རུ་སུ་དམར་པོའི་ལྟ་གྲུབ་ཤུགས་ཆེན་པོ་ཡོད་པར་གླེང་། ཁོང་ ༢༠༠༠ ལོར་སྲིད་འཛིན་ཆགས་པའི་ལོ་དེར་རཱ་ཤི་ཡའི་རྒྱལ་གླུར་འགྱུར་བ་བཏང་སྟེ། དེ་སྔའི་ཨུ་རུ་སུའི་རྒྱལ་གླུའི་ནང་དོན་ཡོད་པ་ཞིག་བཟོས་ཡོད་འདུག་ལ། ཁོང་གིས “ཨུ་རུ་སུ་འཐོར་བཤིག་ཏུ་ཕྱིན་པ་དེ་ནི་དུས་རབས་ ༢༠ པའི་ནང་གི་ས་ཁོངས་ཆབ་སྲིད་ཀྱི་རྐྱེན་ངན་ཆེ་ཤོས་”ཤིག་ཏུ་ངོས་འཛིན་བྱེད་ཀྱིན་ཡོད་འདུག

གསར་འགོད་པ། བནྡེ་སྐྱབས།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

མཆན། 1

  1. སྐར་ཁྲི་བཙན། says:
    ལོ་ 14 སྔོན།

    གླ་སུ་གློའུ་སེ་ ཧོས་ཀྱི་ཁ་ལ་ཉན་ན་མཇུག་འབྲས་མི་ཡག་ཡ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese