ཉེ་ལམ་ལྷོ་ཀོ་རི་ཡར་ཚོགས་པའི་ནང་པའི་ཚོགས་ཆེན་སྟེང་དབུས་བོད་མིའི་སྒྲིག་འཛུགས་ཆོས་རིག་བཀའ་བློན་མཆོག་དངོས་སུ་ཞུགས་ཡོད་པ་དང་། བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་སྐབས་དེར་ཀོ་རི་ཡར་ཕེབས་ཡོད་ཀྱང་། ནང་པའི་ཚོགས་ཆེན་སྟེང་ཞུགས་མེད་སྐོར་གསལ་བཤད་གནང་འདུག
ཉེ་སྔོན་ལྷོ་ཀོ་རི་ཡར་ཚོགས་པའི་རྒྱལ་སྤྱིའི་ནང་པའི་ཚོགས་ཆེན་ཐོག ༧གོང་ས་མཆོག་གི་སྐུ་ཚབ་བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་དང་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག་བཅས་མཉམ་ཞུགས་གནང་ཡོད་སྐོར་དང་། རྒྱ་ནག་ནས་ཕེབས་པའི་སྐུ་ཚབ་ཚོས་ངོ་རྒོལ་གྱི་རྣམ་པའི་ཐོག་ནས་ཚོགས་འདུ་ལས་ཕྱིར་ཐོན་ཡོད་སྐོར་སོགས་ཀྱི་གནས་ཚུལ་འབྱོར་འཕྲལ། འདི་གའི་གསར་འགོད་པས་དབུས་བོད་མིའི་སྒྲིག་འཛུགས་ཆོས་རིག་དྲུང་ཆེ་མཆོག་ལ་བཀའ་འདྲི་ཞུས་སྐབས། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་འཛམ་གླིང་ནང་པའི་ཚོགས་ཆེན་ཐོག་ཆོས་རིག་བཀའ་བློན་མཆོག་གཅིག་པུ་ཕེབས་ཡོད་ལ། དེ་སྔོན་བཀའ་བློན་མཆོག་དང་ལྷན་དུ་མི་གཞན་ཞིག་ཕེབས་འཆར་གནང་ཡང་ཕེབས་མ་ཐུབ་པ་དང་། བཀའ་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་ཐེངས་འདིར་གང་གི་ངོ་བོའི་ཐོག་ཕེབས་ཡོད་མེད་ཐད་ང་ཚོར་ཞུ་རྒྱུ་གང་མེད་སྐོར་བརྗོད་སོང་།
ཀོ་རི་ཡའི་ནང་པའི་ཚོགས་ཆེན་སྐོར་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག་གིས་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་ཁམས་སྐད་སྡེ་ཚན་གྱི་བཅར་འདྲིའི་ལན་དུ། “སྤྱིར་བཏང་ཟམ་གདོང་རིན་པོ་ཆེ་ལྷོ་ཀོ་རི་ཡའི་ཚོགས་འདུ་ཚོགས་ས་དེར་ཕེབས་ཡོད་པ་རེད། ཁོང་དེ་གར་བླ་ཆེན་དང་གཙུག་ལག་སློབ་གྲྭ་དེ་འདྲས་གདན་འདྲེན་ཞུས་ཏེ་བཅར་འདྲི་དང་བཀའ་སློབ་གནང་ཡོད་ས་རེད་མ་གཏོགས། ནང་པའི་ཚོགས་ཆེན་སྟེང་སྐུ་དངོས་སུ་ཕེབས་ཡོད་པ་མ་རེད། དེའི་ནང་ལ་བོད་པའི་སྐུ་ཚབ་ང་གཅིག་པུ་རེད། ” ཅེས་གསུངས་ཏེ། ཐེངས་འདིར་རིན་པོ་ཆེ་མཆོག་ངོ་བོ་ག་འདྲ་ཞིག་གི་ཐོག་ནས་ཕེབས་པ་ཡིན་མིན་གསལ་པོ་ཞུ་ཐུབ་ཀྱི་མེད་ཀྱང་། ཚོགས་འདི་དེ་དང་འབྲེལ་བ་ཡོད་པ་ཡིན་ན། ཚོགས་འདུའི་ནང་རྩ་བ་ཉིད་ནས་ཕེབས་མེད་སྐོར་དང་། བོད་གཞུང་དྲ་བརྙན་གྱིས་བདེན་པ་མིན་པའི་གནས་ཚུལ་བསྟན་ཡོད་ཚུལ་སོགས་ངོ་སྤྲོད་གནང་ཡོད།
ཆོས་རིག་བཀའ་བློན་མཆོག་གིས་ཚོགས་ཆེན་དབུ་འཛུགས་སྐབས་ཀྱི་གནས་ཚུལ་ངོ་སྤྲོད་གནང་བ་ལྟར་ན། ཕྱི་ཚེས་ ༡༢ ཉིན་གྱི་ཞོགས་པར་ཚོགས་བཅར་བ་རྣམས་མཉམ་དུ་འཛོམས་ཏེ་སོ་སོ་ངོ་སྤྲོད་གནང་སྟེ་ཚོགས་འདུ་མགོ་འཛུགས་སྐབས། རྒྱའི་སྐུ་ཚབ་ཚོས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཆོས་རིག་བཀའ་བློན་ཚོགས་འདུའི་ནང་བསྡད་ཚེ། ཁོ་ཚོ་ཚོགས་བཅར་ཞུ་རྒྱུ་མིན་སྐོར་བརྗོད་དེ་རྙོག་དྲ་བཟོས་བར་བརྟེན། སྔ་རྗེས་ཐེངས་གསུམ་ལ་ཚོགས་འདུའི་འབྲེལ་ཡོད་འགན་འཁུར་བ་དང་དྲུང་ཆེ་ཡིས་བཀའ་བློན་པདྨ་ཆོས་འབྱོར་མཆོག་ལ། འཛམ་གླིང་ཞི་བདེ་ལ་སྨན་པའི་ཚོགས་འདུ་འདི་གྲ་སྒྲིག་པོ་ཞིག་ཡོང་ཆེད་ཁྱེད་རང་འཁྱུག་ཙམ་རིང་ཕྱི་ལོགས་སུ་ཕེབས་དགོས་ཚུལ་བརྗོད་པ་ལྟར། དུས་ཐུང་རིང་ཕྱི་ལོགས་སུ་ཕེབས་ཏེ་གསར་འགོད་པ་མང་པོ་ཞིག་ལ་གསལ་བཤད་ཀྱི་གོ་སྐབས་བྱུང་ཡོད་པ་དང་། དེའི་རྗེས་ཁོང་བསྐྱར་དུ་ཚོགས་འདུར་ཞུགས་སྐབས་རྒྱ་མིའི་སྐུ་ཚབ་ཚོ་སྡེབས་གཅིག་ཏུ་ཡར་ལངས་ཏེ་ཕྱི་རུ་ཐོན་འདུག་ལ། ཕྱི་ལོགས་ནས་ཁོ་ཚོ་ཚོགས་ཐུན་གཉིས་རིང་ལ་སྡོད་དགོས་བྱུང་འདུག
དེའི་རྗེས་མཛད་སྒོ་དངོས་གཞི་དེ་ཚོགས་ཁང་ཆེན་པོ་ཞིག་ནང་ཚོགས་ཡོད་པ་དང་། ལྷོ་ཀོ་རི་ཡའི་གཞུང་གི་ཕྱི་སྲིད་བློན་ཆེན་དང་། རིག་གཞུང་བློན་ཆེན། ཀོ་རི་ཡའི་བླ་ཆེན་མང་པོ་ཞིག་བཅས་ཕེབས་ཏེ་གཏམ་བཤད་དང་། རྒྱལ་ཁབ་འདྲ་མིན་ནས་ཡོང་བའི་འཁྲབ་སྟོན་པ་དག་གིས་རིག་གཞུང་འཁྲབ་སྟོན་སྐབས། རྒྱའི་སྐུ་ཚབ་ཚོ་ཡར་རྒྱུག་མར་རྒྱུག་ཀྱིས་ཀོ་རི་ཡའི་བླ་ཆེན་ལ། བོད་པའི་སྐུ་ཚབ་ཚོགས་འདུར་ཞུགས་ཚེ་ཁོ་ཚོ་ཕྱིར་འཐོན་རྒྱུ་ཡིན་སྐོར་བརྗོད་པར། བླ་ཆེན་གྱིས་ཁྱེད་ཚོ་འགྲོ་ན་འདུག་ན་ཁྱེད་རང་ཚོས་ཐག་གིས་ཆོད། ང་ཚོའི་ངོས་ནས་བོད་པའི་སྐུ་ཚབ་ཕྱིར་འབུད་རོགས་ལབ་རྒྱུ་མིན་ཞེས་གསུངས་འཕྲལ། རྒྱའི་སྐུ་ཚབ་ཚང་མ་ཚོགས་ཁང་ནས་ཐོན་ཡོད་པ་མ་ཟད། ཚོགས་ཁང་གི་ཕྱི་ལོགས་སུ་གོ་སྒྲིག་ཚོགས་ཆུང་གི་འབྲེལ་ཡོད་མི་སྣ་ཚོ་དང་རྩོད་རྙོག་ཡུན་རིང་བྱས་མཐར། ཐེངས་འདིའི་ཚོགས་ཆེན་སྟེང་གི་རྒྱལ་ཁབ་ ༤༩ ཡོད་པ་ལས། ཧོང་ཀོང་དང་སིང་གྷ་པོར། ཐེ་ལན་ཌི་གསུམ་མ་གཏོགས། གཞན་པའི་སྐུ་ཚབ་ཚང་མས་བོད་མིར་རྒྱབ་སྐྱོར་གནང་ཡོད་སྟབས། ཕྱི་ཚེས་ ༡༣ ཉིན་གྱི་སྔ་དྲོར་རྒྱ་ནག་གི་སྐུ་ཚབ་ཡོངས་ཕྱིར་ལོག་དགོས་བྱུང་ཡོད་འདུག
མཇུག་ཏུ་ཆོས་རིག་བཀའ་བློན་མཆོག་གིས། “ལྷོ་ཀོ་རི་ཡའི་མི་མང་དང་ཀོ་རི་ཡའི་བླ་ཆེན་རྣམ་པས། བློ་ཁོག་ཆེན་པོ་དང་ཐག་ཆོད་པའི་སྒོ་ནས་དྲང་བདེན་ལ་རྒྱབ་སྐྱོར་གནང་བ་དེ་ནི། ཧ་ལས་པའི་རྒྱབ་སྐྱོར་ཚད་མཐོན་པོ་ཞིག་རེད་བསམ་པའི་ཚོར་སྣང་བྱུང་།” ཅེས་སོགས་གསུངས་ཡོད་པ་རེད།
གསར་འགོད་པ། ཚེ་རིང་རྒྱལ།
གོང་གི་གསར་འགྱུར་དེ་མི་གྲངས་བདུན་སྟོང་དྲུག་བརྒྱ་ལྷག་གིས་བཀླགས་འདུག་ལ། རང་རང་གི་བསམ་ཚུལ་མཆན་ 50 ལྷག་བཏབས་འདུག་ཀྱང་། དེ་དག་གི་ནང་དུ་ཧ་ཅང་གནས་ལུགས་རྒྱུ་མཚན་ལྡན་པ། བསམ་བློའི་དཔྱད་སྟོབས་ཡོད་པ། བཟང་སྤྱོད་དང་ལྡན་པའི་ཐོག་ནས་སྐད་ཆ་བཤད་མཁན་དེ་རྩོམ་སྒྲིག་པ་དོན་གྲུབ་བཀྲ་ཤིས་གཅིག་པུ་རེད། མཆན་འདེབས་མཁན་གཞན་དག་ལ་རྒྱུ་མཚན་ཞེ་དྲག་མི་འདུག་ལ། འགའ་རེ་ཕྱོགས་ཞེན་འཐེན་འཁྱེར་དང་དང་དགའ་མིན་དགའ་ཐོག་གི་སྐད་ཆ་བཤད་ནས་བསྡད་འདུག
བསམ་མེད་རྫུན་འཇོམ་མིང་ཅན་མི་ངན་ཁྱོད་ལ་བཤད་རྒྱུར།
མི་ངན་རྫུན་འཇོམ་ཆོས་ཅན། རྒྱ་དམར་གྱི་རྒྱུག་ཁྱི་ཡིན་ཏེ། བོད་བཙན་བྱོན་རྩ་མེད་གཏོང་བའི་བྱུས་ངན་བཤམས་པའི་ཕྱིར།
དེ་ཆོས་ཅན། རྒྱ་དམར་རྒྱུག་ཁྱི་ཡིན་ཏེ། བོད་མི་དང་བོད་རིགས་བར་དཀྲུགས་ཤིང་རྒྱབ་པའི་ཕྱིར
དེ་ཆོས་ཅན། རྒྱ་དམར་གྱི་རྒྱུག་ཁྱི་ཡིན་ཏེ།་ ༸གོང་ས་མཆོག་གི་བཀའ་བཞིན་སྒྲུབ་མཁན་དང་སྒྲུབ་ཐུབ་མཁན་ཟམ་གདོང་བླ་མ་ལ་གཞི་
མེད་ཉེས་འཛུགས་བྱས་པ་དེའི་ཕྱིར༎
དེ་ཆོས་ཅན། རྒྱ་དམར་གྱི་རྒྱུག་ཁྱི་ཡིན་ཏེ། རྒྱ་དམར་གྱི་དམིགས་ཡུལ་སྒྲུབ་མཁན་དེ་ཡིན་ཕྱིར༎
མི་ངན་ཁྱོད་ཆོས་ཅན། རྒྱ་དམར་གྱི་རྐུབ་གཡོག་དངོས་མ་ཡིན་ཏེ།
བོད་མི་ཆོལ་ཁ་དང་ཆོས་ལུགས་བར་དཀྲུགས་ཤིང་རྒྱབ་མཁན་ཁྱོད་ཡིན་པའི་ཕྱིར༎
མི་ངན་ཁྱོད་ཆོས་ཅན་། རྒྱ་དམར་གྱི་སྐྱག་གཅིན་ལྡང་མཁན་ཡིན་ཏེ། གཞི་མེད་ཧམ་བཤད་དང། སྐུར་འདེབས་དང་སྒྲོ་བཏགས་སྒོས་ཟམ་གདོང་བླ་མ་ལྟ་བུའི་བོད་མིའི་བཀའ་དྲིན་ཅན་དེར་སྐྱོན་བརྗོད་བྱས་ཁུལ་བྱས་པའི་ཕྱིར༎
མི་ངན་ཁྱོད་ཆོས་ཅན། རྒྱ་དམར་གྱི་སོ་གཉུལ་ཡིན་ཏེ། དགྲ་དགའ་གཉེན་སྡུག་བྱས་པའི་ཕྱིར༎
མི་ངན་ཁྱོད་ས་ཅན།རྒྱ་སྒོར་སླུ་བྲིད་འོག་ཚུད་པ་ཡིན་ཏེ། རྒྱ་དམར་གྱི་ལམ་སྟོན་བཞིན་སྒྲུབ་མཁན་དེ་པའི་ཕྱིར༎
མི་ངན་ཁྱོད་དང་ཁྱོད་ཀྱི་རྗེས་འབྲང་པ་རྣམས་ཆོས་ཅན། གཏོར་མ་དགུ་ལྡོག་དང་ཟློག་པ་སྟོང་གིས་བསྐྲད་དགོས་པ་ཡིན་ཏེ།་བོད་མིའི་གཅིག་སྒྲིལ་ནུས་མེད་གཏོང་ཐབས་བྱས་པའི་ཕྱིར༎
མདོར་ན་མི་ངན་ཁྱོད་ཆོས་ཅན་།རྒྱ་དམར་དང་དོལ་རྒྱལ་རྗེས་འབྲང་པ་ཡིན་ཏེ།
ཁྱོད་གང་བཤད་པ་ཐམས་ཅད་རྒྱ་དམར་ལ་དགོས་མཁོ་ཡོད་པ་ཤ་སྟག་ཡིན་པའི་ཕྱིར༎
རྟགས་དེ་དག་ཆོས་ཅན་རྟགས་ཡང་དག་ཡིན་ཏེ། ཚུལ་གསུམ་ཚང་བའི་ཏགན་ཚིགས་ཡིན་པའི་ཕྱིར༎
དགྲ་ལ་བྱམས་ཤིང་གཉེན་ལ་སྡང་བའི་མི་ངན་ལ་བཤད་རྒྱུའི་མཚམས་འདིའོ/
གོང་གི་མཆན་དེ་ནོར་ནས་་ཤོར་བ྄ྱས་སོང་།དགོངས་དག་་ད྄ྲ་ཐོག་ད་ལ྄ྟ་འགོད་ར྄ྒ྄ྱུ་མ་རེད
མི་ཉག་གི་ལོ་རྒྱུས་ནི་བོད་ཆེན་པོའི་ལོ་རྒྱུས་ཀྱི་རྡོ་རིང་ཞིག་རེད།
བོད་རྒྱལ་ཁབ་ཆེན་པོའི་ཡ་གྱལ་མི་ཉག་གི་ལོ་རྒྱུས་འཁོད་པའི་དེབ་ཐེར་གང་མང་མཐོང་རྒྱུ་ཡོད་མོད།
མི་རབས་གསར་རྙིང་བར་རྩི་ས་སྤྲོད་དང་ར་སྤྲོད་ཐུབ་པའི་ཁ་གསལ་ཁོངས་ལྡན་གྱིས་ལོ་རྒྱུས་གསལ་པོ་
མེད་པ་ནི་ཧ་ཅང་གི་བློ་ཕམ་དགོས་པའི་གནས་སུ་གྱུར།མི་ཉག་གི་ལོ་རྒྱུས་ནི་རྒྱ་བོད་གཉིས་ཀྱི་ས་མཚམས་སུ་རྩོད་རྙོག་བྱུང་བའི་ལོ་རྒྱུས་རྒྱ་ཆེན་ཤོས་དང་རིང་ཤོས་ཤིག་རེད།བོད་ཀྱི་ལོ་རྒྱུས་ཀྱི་རྡོ་རིང་ཞིག་རེད
ཅེས་བརྗོད་ཆོག
ཡིན་ན་ཡང་ལོ་རྒྱུས་སྨྲ་བ་རྣམས་ཀྱིས་མིཉག་གི་ལོ་རྒྱུས་ཀྱི་རིན་ཐང་ལ་བློ་ཁ་ཙམ་ཡང་ཕྱོགས་མེད་པ་རེད།རྒྱ་ནག་སུང་གི་དུས་སུ་རྒྱ་ནག་ལ་ལོ་མང་པོའི་རིང་བོད་རིགས་འཁྲུལ་མེད་ཚོགས་པ་སྒྲིག་འཛུགས་ཤིག་ནས་རྒྱལ་ཕམ་གྱི་དམག་འཐབ་དང་རྩོད་གླེང་བྱས་པའི་མི་རིགས་གཅིག་གི་ལོ་རྒྱུས་རེད།སྐབས་དེའི་
མི་ཉག་ལ་དབང་བའི་ས་ཁྱོན་གྱི་ཚད་དང་མི་ཉག་གི་རྒྱལ་པོ་རྣམས་ཀྱི་རྒྱལ་ས་གང་དུ་ཡིན་མིན།
སྐབས་དེའི་རྒྱ་དང་མི་ཉག་གི་ས་མཚམས་སོགས་བོད་ཀྱི་ལོ་རྒྱུས་ནང་མི་གསལ་བ་དང་།བོད་ཀྱི་ལོ་རྒྱུས་སྨྲ་བ་རྣམས་ཀྱིས་རྒྱ་ནག་གི་རྒྱལ་རབས་ལོ་རྒྱུས་ལ་ཁུངས་བཅོལ་ནས་མི་ཉག་གི་ལོ་རྒྱུས་ལྡབ་ལྡིབ་རེ་བྲིས་
ཁུལ་བྱས་ཀྱང་མི་ཉག་དང་རྒྱ་
གཉིས་ཀྱི་སྐད་རིགས་བར་ཧེ་བག་ཆེ་དྲག་བས་རྒྱའི་ལོ་རྒྱུས་ནང་མི་ཉག་གི་ས་ཆ་རྣམས་ཀྱི་མིང་དང་མིའི་མིང་སོགས་ཏག་ཏག་བྲིས་མེད་པ་དང་།ཐ་ན་མི་ཉག་གི་རྒྱལ་པོ་རྣམས་ཀྱི་མིང་ཡང་གསལ་པོ་བྲིས་ཐུབ་
མེད།མ་ཟད་རྒྱ་ནག་གི་ལོ་རྒྱུས་ནངསྡང་ཞེན་ཕྱོགས་ལྷུང་གི་ཁོངས་མེད་ལུང་མེད་མང་པོ་བྲིས་ཡོད་པ་དང་མི་ཉག་པ་རྣམས་བོད་པ་མིན་པ་ཡང་བཤད་ཡོད།རྒྱ་དང་མི་ཉག་གི་བར་དམག་འཐབ་བྱུང་བའི་ལོ་རྒྱུས་
གློག་བརྙན་ལེའུ་མང་པོ་ཡོད་པ་ཞིག་ཀྱང་བཟོས་ཡོད།ཡིན་ན་ཡང་བོད་པའི་ལོ་རྒྱུས་སྨྲ་བ་རྣམས་ཀྱིས་ཞིབ་
འཇུག་དང་གླེང་མོལ་ཙམ་ཡང་གནང་མེད།
རྒྱའི་ལོ་རྒྱུས་ལ་གཞིགས་བཅོལ་ནས་མི་ཉག་གི་ལོ་རྒྱུས་བཤད་པ་ནི་འུ་ཐུག་ཐབས་ཟད་པའི་བྱ་ཐབས་ཤིག་དང་སེང་གེའི་དཔང་པོ་ཁྱིའི་བྱས་པ་དང་གཅིག་མཚུངས་རེད།མ་ཟད་རང་ཕྱོགས་ལ་ཕན་པའི་བདེན་
དཔང་འོས་པའི་ཁུངས་ལྡན་སྔོན་བྱུང་གི་ལོ་རྒྱུས་རྙེད་ཐབས་མེད།
མི་ཉག་ཡུལ་གྲུ་འདི་ནི་རྒྱ་བོད་གཉིས་ཀྱི་ས་མཚམས་སུ་ཆགས་ཡོད་པ་དང་རྒྱ་ནག་དང་མི་ཉག་གི་རྩོད་
རྙོག་བྱུང་ས་ནི་རྒྱ་བོད་གཉིས་ཀྱི་ས་མཚམས་སུ་ཡིན་པར་བརྟེན། བོད་རྒྱལ་ཁབ་ཆེན་པོའི་ལོ་རྒྱུས་ནང་གལ་ཆེན་ཤོས་གཅིག་གི་ལོ་རྒྱུས་ཤིག་དང་ངེས་བར་དུ་ཁ་གསལ་
གཏོང་དགོས་པའི་ལོ་རྒྱུས་ཤིག་དེ་བས་ཡིན།རྒྱ་ནག་དམར་གཞུང་གི་གཡོ་རྒྱུས་འདྲ་མིན་ལ་བརྟེན་ནས་རྒྱ་བོད་གཉིས་ཀྱི་ས་མཚམས་ལ་ཟོག་རྫུས་དང་འོལ་ཚོད་སྤོམ་བྲིས་མང་པོ་བྱེད་བཞིན་པ་རེད།
རྒྱ་ནག་དང་བོད་གཉིས་ཀྱི་བར་མི་ཉག་གི་ལོ་རྒྱུས་རྒྱལ་རབས་16་17 ་ཙམ་བྱུང་བའི་བདེན་དཔང་དང་ཁུངས་བཙན་ཡོད་ན།བོད་རྒྱལ་ཁབ་ཆེན་པོ་འདི་རྒྱའི་ཆ་ཤས་ཤིག་ཡིན་ཚུལ་བཤད་པ་ནི་རྒྱུ་མཚན་ཡེ་ནས་མེད་པའི་ཧམ་བཤད་མིན་ན་ཅི།རྒྱ་ནག་དང་མི་ཉག་གཉིས་ཀྱི་བར་མནའ་གན་ཆིངས་ཡིག་བཞག་པ་དང་གཉེན་
བསྒྲིགས་ཀྱི་འབྲེལ་ལམ་བྱུང་བ།བཙན་དབང་གིས་ཕན་ཚུན་དབང་དུ་བསྡུས་རེ་བྱས་པ་སོགས་སུབ་
ཐབས་གཏན་ནས་མེད་པའི་ཁྲག་དྲོན་གྱི་ལོ་རྒྱུས་བྱུང་ཡོད།མི་ཉག་གི་ཐུན་མོང་མིན་པའི་ཡི་གེ་དང་སྐད་
རིགས།རིག་གཞུང་སོགས་ཡོད་ཚོད་འདུག།ཡིན་ན་ཡང་ཡི་གེ་ཡོད་མེད་ཁ་གསལ་མེད།མི་ཉག་གི་རྒྱལ་པོ་གསུམ་པ་ཡོན་ཧུན་ནས་ཡི་གེ་གསར་བཟོས་དང་མི་ཉག་རྒྱལ་ཁབ་ས་བརྟན་བཏང་བ་བཤད།
བོད་དང་འབྲེལ་ཡོད་ཡིག་ཚང་ཁ་ཤས་ནང་མི་ཉག་གི་ཡི་གེ་ཡོད་པ་བཤད་འདུག་ཡིན་ན་ཡང་གསལ་པོ་
བྱུང་མེད།ཉིང་ཤཱང་ཞེས་པའི་གྲོང་འཁྱེན་དེ་ཡར་རྒྱས་འཛུགས་སྐྲུན་བྱས་པའི་སྐབས་ཤིག་ལ་ཡིག་རིགས་མི་འདྲ་བ་བཞི་ཡོད་པའི་རྡོ་རིང་ཞིག་རྙེད་སོན་བྱུང་བ་དང་།ཡིག་རིགས་གཅིག་ཀློག་ཤེས་མཁན་མེད་པ་
དང་ནུབ་ཟིན་པ་ཞིག་རེད། ཡིག་རིགས་དེ་མི་ཉག་གི་ཡི་གེ་ཡིན་མིན་དོགས་གནས་སུ་གྱུར་ཡོད་པ་རེད།
མི་ཉག་གི་སྐད་རིགས་ནི་ད་ལྟ་ཁམས་ཁུལ་མི་ཉག་པ་རྣམས་ཀྱིས་བེད་སྤྱོད་བྱེད་བཞིན་པའི་ཐུན་མོང་མ་
ཡིན་པའི་སྐད་རིགས་ཤིག་ཡོད་པ་དེ་ཡིན་པ་འདྲ།རྒྱ་ནག་གི་ལོ་རྒྱུས་ལ་གཞིག་ན་མི་ཉག་རྒྱལ་ཁབ་སོག་པོ་ཇིང་གེ་སེ་ཧན་ནས་མི་ཉག་ཡོངས་རྫོགས་དབང་བསྡུས་བྱས་པའི་བར་མི་ཉག་གི་རྒྱལ་པོ་14་ཙམ་བྱུང་ཡོད་པ་བཤད།རྗེས་སུ་མི་ཉག་རྒྱལ་པོའི་རིགས་རྒྱུད་མང་པོ་ཞིག་མི་ཉག་དར་རྩེ་མདོའི་ནུབ་ཕྱོགས་སུ་སིའུ་རོང་ཞེས་པའི་ས་ཆ་དེར་གཞིས་ཆགས་པ་དང་མི་ཉག་སིཧུ་རྒྱལ་པོའི་རྒྱལ་ས་བཟུང་ཡོད་པ་བཤད།
མི་ཉག་རྒྱལ་པོ་ཐ་མ་མི་ཉག་ལྕགས་ལ་རྒྱལ་པོའི་རྒྱལ་ས་མི་ཉག་དར་རྩེ་མདོ་རེད་ལ་ད་ལྟ་ལྕགས་ལ་རྒྱལ་
པོའི་ཕོ་བྲང་ཆགས་འཇིག་གི་ཤུལ་དང་ལྕགས་རི་ཐར་ཐོར་སོང་བ་རྣམས་མཐོང་རྒྱུ་ཡོད།་སིཧུ་རྒྱལ་པོ་དང་ལྕགས་ལ་རྒྱལ་པོ་བར་མི་ཉག་གི་རྒྱལ་པོ་ཁ་ཤས་བྱུང་ཡོད་པ་འདྲ།
བལ་ཡུལ་རྒྱལ་ཁབ་ཀྱི་མངའ་འོག་ཤར་པ་ཞེས་པའི་མི་རིགས་དང་རྒྱ་གར་གྱི་འོག་ཡོད་པའི་འབྲས་ལྗོངས་རྒྱལ་པོའི་རིགས་རྒྱུད་རྣམས་མི་ཉག་པ་ཡིན་པ་བཤད་སྲོལ་ཡོད་པ་དང་ལོ་རྒྱུས་ཡང་ཡོད།ཤར་པ་ཡུལ་མི་རྣམས་ཀྱི་ཡུལ་སྐད་ནང་མང་པོ་ཞིག་ཁམས་མི་ཉག་གི་སྐད་དང་འདྲ་པོ་མང་པོ་འདུག། མ་ཟད་ལོ་གསར་སྐབས་ཁང་པ་ནང་ཟས་རིགས་བསྒྲིགས་ཤོམས་དང་རི་མོ་བྲིས་སྟངས་སོགས་མི་ཉག་དང་གཅིག་པ་མང་པོ་འདུག།འབྲས་ལྗོངས་རྒྱལ་པོའི་རིགས་རྒྱུད་དང་ཚ་རྒྱུད་རྣམས་ཀྱིས་ཁོང་རྣམས་མི་ཉག་གི་རིགས་རྒྱུད་ཡིན་པ་ངོས་འཛིན་གནང་གི་ཡོད།
མི་ཉག་གི་རྒྱལ་ས་ནི།དང་ཞང་འཇང་དང་ཉིང་ཤཱང་ཡིན་པ་བཤད། བདེན་དཔང་ཡོད་དམ།
མི་ཉག་གི་ཁྱིམ་མཚེས་རྒྱལ་ཁབ་ནི།དྲུག་གུ་དང་སུམ་བྷ། ཅིང་རྒྱལ་ཁབ་རྣམས་ཡིན་པ་བཤད།
རྒྱལ་ཁབ་དེ་རྣམས་ད་ལྟ་གང་ཡོད།
སྐབས་དེའི་མི་ཉག་གི་ས་ཆ་རྣམས་ཀྱི་མིང་གང་ཡིན།ད་ལྟ་གང་གི་ཁོངས་སུ་ཡོད།
སྐབས་དེར་མི་ཉག་དང་བོད་རྒྱལ་ཆེན་པོའི་འབྲེལ་བ་གང་ཡིན་ནམ། སྐབས་དེའི་མི་ཉག་གི་ལོ་རྒྱུས་དང་སུང་གི་དུས་རབས་སྐབས་བྱུང་བའི་ལོ་རྒྱུས་ལ་གཞིགས་ན་མི་ཉག་དང་རྒྱ་གཉིས་རྒྱ་ཁབ་ཕན་ཚུན་ཐ་དད་དང་འགལ་བ་ཡིན་པ་གསལ། ཡིན་ན་ཡང་རྒྱའི་འདོད་མོས་ལྟར་བྱས་ན་བོད་དེ་རྒྱའི་ཆ་ཤས་དང་ཁོངས་གཏོངས་ཡིན་ཚུལ་དེ་ག་དུས་
ནས་ཆགས་ཡོད་།དྲི་བ་དེ་དག་ལ་ལན་ངེས་པར་དུ་ཁ་གསལ་དགོས།
བོད་ཀྱི་ལོ་རྒྱུས་སྨྲ་བ་རྣམས་ལ་དཔྱད་གཞི་དང་དྲན་གསོ་ཆེད་དུ་བྲིས་པ་ལས་གཞན་དམིགས་ཡུལ་གང་
ཡང་མེད།
བོད་ཀྱི་ལོ་རྒྱུས་སྨྲ་བ་རྣམས་ཀྱིས་སྣང་མེད་དུ་མི་འཇོག་བར་དགོངས་ཚུལ་དཔྱད་གཏམ་སྤེལ་བའི་རེ་བ་
ཡོད།དོགས་འཆརཡི་གེ་འདི་ཁ་བརྡ་དྲ་ཐོག་འགོད་རྒྱུ་རེ་བ་དང་ཡིད་ཆེས་ཡོད།
མི་ཉག་བཙན་པོ་ནས་བྲིས།
ཀརྨ་བ་ལྟ་བུའི་བླ་ཆེན་དང་མི་ཆེན་རྣམས་ཀྱིས་ཚོགས་ཐོག་ཁག་ཏུ་གསུང་ཚད་སྒར་ཅི་བཞིན་པར་བཟུང་ན། འཚམས་རེར་སྨོངས་ཉེན་ཡོད་ལ་ཉེན་ཁ་ཡོད་པ་རེད།
མང་ཆེ་བས་སྐྱོན་བརྗོད་མི་ཕོད་ས་ཞིག་ལ་མང་བོ་ཞིག་གིས་སྐྱོན་བརྗོད་ཡོང་ན། གཏིང་ཟབ་ས་ན་མ་འགྲིག་པ་ཞིག་ཡོད་པའི་མངོན་རྟགས་ཡིན་མི་སྲིད་དམ། དེ་ཉིད་མཐའ་གཅིག་ཏུ་ནོར་འཁྲུལ་དང་། འཁྲུག་སྐྱེན་དང་ཆིག་བསྒྲིལ་གྱི་འགོག་སྐྱེན་དུ་འགྱུར་བས་ངེས་པ་མེད་ལ།
རྣམ་པ་བཟང་ཞིང་རང་བཞིན་ངན་པ་མང་ལ། རྣམ་པ་ངན་ཞིང་རང་བཞིན་བཟང་བ་ཡང་ཡོང་རྒྱུ་ཡོད། དེས་ན་མ་འོང་པར་ང་ཚོས་ཤེས་ཡོང་གི་རེད།
དཔལ་རྒྱལ་བ་ཀརྨ་པ་རིན་པོ་ཆེས་འདི་ལྟར་གསུངས་པ་ཞིག་དྲན་སོང།༼ང་ཡང་སེ་སྐྱབས་མགོན་རིན་པོ་མཇལ་རྒྱུའི་གོ་སྐབས་མང་པོ་ཐོབ་ཀྱི་ཡོད་པ་རེད་ སྤྱིར་རྒྱལ་བ་རིན་པོ་ཆེའི་ཐུགས་དགོངས་ཟབ་ཅིང་གཏིང་དཔགས་དཀའ་བ་ཡིན་དུས་ངའི་བཟོ་འདྲ་བ་གཅིག་གིས་དགོངས་པ་ལོན་ཐུབ་ཀྱི་མ་རེད་། ཡིན་ན་ཡང་དུས་རྒྱུན་བཀའ་མོལ་གསུང་སྟངས་དང་དགོངས་པ་བཞེངས་ཕྱོགས་ཀྱི་ཟུར་ནས་སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་ནི་སྐྱབས་མགོན་རིན་པོ་ཆེའི་ཐུགས་གཏད་ས་གཅིག་དང་རྒྱལ་བ་རིན་པོ་ཆེའི་དགོངས་པ་བསྐངས་ཐུབ་མཁན་གྱི་སྐྱེ་བུ་ཞིག་ཡིན་པའི་ངོས་འཛིན་ཐུབ་སོང།༽ མཆན་འགོད་པ་པོ་རྣམས་པས་ཐུགས་བསམ་ཞིབ་ཏུ་བཞེས་ཏེ་མཆན་འགོད་དགོས་པ་ལས་སྐྱོན་འཛུགས་དང་སྒྲོ་འདོགས་སྣ་ཚོགས་བྱེད་མི་ཉན།
དུས་བབ་བརྩོམ་བསྒྲིག་པས་ངའི་མིང་ཐོག་ཏུ་ལུང་རྟོགས་ཀྱི་མཆན་བཞག་འདུག་པས། དེ་བླང་ནས་ང་རིང་གི་འདི་ཉིད་བཞག་རོག་ཞུ།
མི་ཉག་བཙན་པོ་མ་རེད་མི་ཉག་བླུན་པོ་རེད། །ཟམ་གདོང་བླ་མའི་རྗེས་འཇུག་ངན་སོང་འགྲོ་མི་རེད། །བསློབ་དཔོན་མགོ་དཀར་སེམ་པ་ནག་པོ་རེད། །ང་རྒྱལ་འཁངས་པས་འགུག་སྐྱོག་བྱེད་མི་ནུས། །
ལུང་རྟོགས་མ་རེད་ལོང་བ་མིག་མེད་རེད། །གནས་ལུགས་མི་ཤེས་བླུན་པོས་ཀུ་ཅོ་རེད། །ཡང་ན་ཟམ་གདོང་བླ་མའི་དོ་རྒྱལ་དངུལ། །ཁྱེད་ལ་ཅུང་ཟད་ཐོབ་མ་མ་ཡིན་དམ། །
རེབ་ཐོབ་ཉོན་དང་ཚིག་གཅིག་ཉན་རྒྱུ་ཡོད། །ཡི་རྡོར་བཤད་པ་རྫུན་གྱི་སྐྱལ་བ་རེད། །དགྲ་བོའི་རྫུན་ལ་ལན་འདེབས་གནང་རིན་མེད། །ཀུན་གྱིས་ཤེས་པས་ལན་ལ་དྲོ་བ་མེད། །ཟམ་གདོང་གཡོ་རྒྱུ་ཀུན་ཀྱིས་མི་ཤེས་པས། །དེ་ལན་དཔྱད་བརྡུར་བྱས་ན་བཀྲོ་བོ་ཡོད། །མ་ཚད་བླུན་སྨོངས་སད་པའི་ནུས་པ་ཡོད། །
བོད་དུ་སྐུ་ཚེ་མེ་ལ་མཆོད་པ་དང་། །ཟམ་གདོང་གཡོག་རྒྱུའི་ཕུག་ལོ་རྡོལ་བ་གཉིས། །སྙིང་སྟོབ་ཆེ་ཆུང་ཡོད་ཀྱང་དམིགས་ཡུལ་གཅིག །
གཡོ་རྒྱུ་ཟོག་པོའི་སྐྱག་ཆུ་རྡོལ་ཐ་མོ། ། །།
བླ་མ་བོད་བཏང་བ་འདི་རྒྱལ་བ་རིན་པོ་ཆེ་ཡི་གོང་ན་ཡོད།
ཁྲི་བྱང་བླ་མའི་མདུན་ན་སློབ་གཉེར་བརྩོན་པའི་དགེ་སྤུན་ཡིན།
ཨ་མདོའི་རེ་འགའི་མིག་ནང་དངོས་གྲུབ་སྩོལ་བའི་ནོར་ལྷ་རེད།
ཁམས་པ་འགའ་རེའི་ཁྲོད་དུ་འདི་ཕྱི་གཟིགས་པའི་སྐྱེས་ཆེན་རེད།
དབུས་གཙང་པ་ཡི་དབུས་སུ་ཐམས་ཅད་ཁུར་བའི་རིན་ཆེན་ཡིན།
ཡིན་ཡང་བོད་ལ་ཤ་ཚ་མེད་པ་དང་རྒྱལ་ཁབ་ཞེས་པ་མི་མཁྱེན་པ།
ས་རའི་སློབ་གྲོགས་ཡོངས་ལ་བསྒྲགས་ནས་ཚགས་ཤོག་ལ་སོགས་ཁེངས་པས་ན།
དེ་དོན་རེ་ཞིག་རྩོད་པར་མ་བསྒྲུབ་ཐལ་ལྕག་བྱང་བའི་འདུལ་འཛིན་སྡེ།
ཤེས་ཡོན་སྲིད་བྱུས་ནོར་སྲིད་སྒེར་བདག་ཅན་གྱི་སྲིད་བྱུས་རྫིག་རྫིག་པོ།
སོན་རྩར་ལྟོ་སྐལ་བཅད་ཅིང་སྤྱན་བསལ་ཕྱུག་པོར་གྱུར་ལ་ཅི་ཞིག་ལད།
ཨ་ཧོ་ལན་ཞིག་གནང་རོགས་བཀའ་བསྟན་ཐོགས་མེད་བསྒྱུར་ལ་བྱང་ཆ་ཅན།
དངུལ་དང་བླ་མ་མ་ནོར་ཨ་རོགས་བོད་པའི་སྨྱུག་འཛོན་ཀྲོང་ཀྲོང་ཚོ།
ད་རེས་ཀྱི་གནས་ཚུལ་དེ་ཀོ་རིའི་ཇོང་ཨན་ལོང་རིན་རིའི་གསར་ཤོག་ཐོག་ཏུའང་མཐོན་འདུག གསར་ཤོག་དེའི་ཐོག་བོད་པའི་སྐུ་ཚབ་ཚོས་ཚོགས་ཐོག་ནས་ཕྱིར་འཐེན་བྱས་མེད་ལུགས་བྲིས་འདུག་ལ་བོད་པའི་སྐུ་ཚབ་ཚོས་ཞེས་བརྗོད་ཚེ་པདྨ་མ་ཆོས་འབྱོར་གཅིག་པུ་མིན་པར་སྐུ་ཚབ་གཉིས་གསུམ་ཡོད་པ་གསལ་པོ་རེད། དེའི་ཐོག་ནས་ང་ཚོ་ཆོ་མེད་ཀྱི་འཆལ་གཏམ་གླེང་ནས་སྡོད་པ་ལས་གཏན་ཚིག་རང་བཞིན་གྱི་སྐད་ཆ་ཤོད་དང་། ཉིན་ཤས་གོང་ལ་ང་ཚོས་རྒྱལ་རི་ཚང་ལ་ཁ་བརྡུང་བཏང་དེ་ནས་རིམ་པས་གཟམ་གདོང་རིན་པོ་ཆེར་ཉེས་འཛུགས་བྱས། ཡང་སྙིང་ང་ཚོར་ལེགས་ཉེས་འབྱེད་པའི་རྣམ་དཔྱོད་དང་དྲང་བདེན་ལ་མདུན་ཕྱོགས་པའི་བློ་སྟོབས་དེ་ཡོད་དམ། ང་ཚོའི་སྤྱི་ཚོགས་དང་མི་རིགས་ལ་སྙོག་འཛིང་བཟོ་མཁན་གཟམ་གདོང་རིན་པོ་ཆེ་དང་རྒྱལ་རི་ཚང་མ་རེད། ཁོང་རྣམས་པ་མི་རིགས་ཀྱི་དཔེ་མཚོན་རང་བཞིན་གྱི་གྲགས་ཅན་མི་སྣ་རེད། འོན་ན། ང་ཚོས་མི་རིགས་ཀྱི་ལ་རྒྱ་བཙོངས་རྒྱ་མའི་རྐུབ་ལྡག་མཁན་རྒྱལ་འཚོང་བ་དེ་རིགས་ལ་ཚིག་གཅིག་ཀྱང་བརྗོད་མི་ཐུབ་པ་གང་གིས་ལན་རེད། ང་ཚོར་ཁ་མེད་པ་རེད་དམ་ང་ན་ངག་ལྐུག་པ་རེད། གྲོགས་པོ་ཚོ། སྐད་ཆ ཡོད་ན་རྒྱུ་མཚན་ལ་གཞི་བཅོལ་ནས་ཤོད། དེ་མིན་ཉོག་གཏམ་མ་ཤོད་ཅིག། གཤམ་དུ་ངས་ཀོ་རའི་ཡའི་གསར་ཤོག་སྟེང་མཐོན་པའི་ད་རེས་ཀྱི་གནས་ཚུལ་དེ་དང་འབྲེལ་ཡོད་གསར་འགྱུར་དེ་བཀོད་ཡོད་པས་ཡག་པོར་ཀློག་ཤིག
Chinese Buddhists leave in protest of Tibet group
中대표단 “쟤네들, 내보내” 요구하다 결국…
June 14,2012
A Chinese delegation attending a Buddhist gathering in Korea returned home yesterday in the middle of the event, in protest of the presence of the Tibetan delegation, according to the organizers of the event.
The 17 Chinese delegates left Korea early yesterday before the second day of the World Fellowship of Buddhists conference being held in Yeosu, South Jeolla, an official for the organizing committee of the conference said. The five-day conference is to run through Friday, and the Chinese delegation was initially scheduled to leave for China on Saturday, the official said.
The Chinese delegation did not explain its abrupt departure, but “it appears to be due to what happened yesterday with the Tibetan delegation,” the official said.
The WFB, one of the most prominent international Buddhist societies, kicked off its Korean meeting on Tuesday, and around 320 top representatives of 24 countries gathered in Yeosu ahead of the opening ceremony to discuss the pending issues.
Tibet, one of the member countries of the WFB, sent three representatives, including Samdhong Rinpoche, a former prime minister of Tibet’s government-in-exile, to attend the meeting.
The Chinese delegation threatened to boycott the meeting unless the Tibetans were turned away, the organizers said.
The Tibetans refused to leave though were urged to do so by a senior official from the Thailand-based WFB headquarters to ensure “smooth procedure of the meeting,” the organizers said. The Korean organizing committee has not taken an official stance over the issue, only expressing hope that the remaining schedule carries on smoothly.
However, an official of the committee said on condition of anonymity that they were embarrassed by the dispute. The event is designed to enhance unity among Buddhist communities around the world.
The organizing committee official said it was unprecedented for the Chinese delegation to boycott the WFB events in protest of the Tibetan issue. The biennale conference has been held in member countries since the WFB was founded in 1950.
Activists in Tibet are calling for independence or autonomy, while China calls them separatists.
By Moon Gwang-lip, Kim Hyo-eun [joe@joongang.co.kr]
ཤེས་ཡོན་སྲིད་ཇུས་གཏན་འབེབས་གནང་སྟེ་སྐད་ཡིག་ཚེ་སྲོག་སྲུང་སྐྱོབས་མཛད།།
སོ་ནམ་སྲིད་ཇུས་ཕྱག་གཏར་གནང་སྟེ་མི་དང་སྐྱེ་དངོས་བདེ་འཇག་སྐྱོང་།།
བུ་ལོན་ཁྲོད་གནས་བཙན་བྱོལ་གཞུང་དེ་རང་མགོ་ཐོན་པའི་གནས་སུ་བསྐྱལ།།
འདི་དག་ཐམས་ཅད་ཟམ་གདོང་བླ་མའི་བྱེད་རྗེས་ཡིན་ཀྱི་བྱེད་ཉེས་མིན།།
མི་ཚེ་ཧྲིལ་པོ་གདོང་དམར་བོད་བོད་ཀྱི་བདེ་དོན་ཆེད་དུ་སྐྱེས་སུ་ཕུལ།།
གནའ་དེང་ཟུང་གི་ཤེས་ཡོན་ལ་མཁས་གངས་ཅན་བོད་མིའི་རྒྱན་ཆ་ཞིག
གཏན་ཚིག་ལྡན་པའི་གསུང་བཤད་རེ་ཡིས་དཔྱོད་ལྡན་རྣམས་ཀྱིས་སེམས་པ་འགུལ།།
རྭ་ཅོ་སྒྱེ་བླུག་སྤྱི་འཐུས་ཚོགས་རྣམས་སྨྲ་བ་མེད་པའི་གནས་སུ་བཀོད།།
སྤྲུལ་སྐུ་ཞེས་པའི་མིང་ཆེན་ཡོད་ཀྱང་འབྱོར་པའི་ཆེད་དུ་ཁྱོད་མ་རྒྱུག །
མཁས་དབང་ཞེས་པའི་མཚན་བྱང་ཡོད་ཀྱང་གྲགས་པའི་ལས་དོན་ཁྱོས་མ་གཉེར།།
ཉིན་མཚན་ཀུན་ཏུ་སྐྱབས་མགོན་བླ་མའི་དབུ་འོག་དཔུང་གིས་འདེད་མཁན་ཁྱོད།།
གཟུར་གནས་བོད་མིའི་སེམས་ཀྱི་དབུས་ན་ནུབ་པ་མེད་པའི་ཟླ་བ་ཡིན།།
ཟམ་གདོང་ཟེར་བའི་སྐྱོན་ཡོན་གཉིས་ཀ་བརྗོད་མཁན་རྣམས་ཀྱིས་སྤྱི་ཚོགས་ཀྱི་འགན་འཁུར་བར་སྣང་། མི་རེར་སྣང་ཚུལ་མ་འདྲ་བ་རེ་ཡོད་ཆོག ཡིན་ཡང་ང་འཁྲུལ་མེད་ན་སྐད་ཆ་ཁ་ཤས་ཕྱོགས་སུ་ལྷུང་བར་ཐེ་ཚོམ་གྱི་གནས་སུ་གྱུར།
གང་ལྟར་ཟམ་གདོང་བླ་མའི་སྔར་གྱི་གནང་སྟངས་ལ་དཔོག་ན་རྒྱ་ནག་ལ་བསྟུན་ཤེས་གནང་སྟེ་ཚོགས་ཐོག་ཏུ་མ་ཞུགས་པར་མཐོང་།
གོ་ཐོས་ལ། ཟམ་གདོང་བླ་མས། ༧གོང་ས་མཆོག་གི་སྐུ་ཚབ་ཐོག་ནི་གསར་འགྱུར། དེ་བདེན་ན་གནད་དོན་ཡོད་པའི་ལས་རིགས་ཚང་མ་༧གོང་ས་མཆོག་ལ་བཀའ་འདྲི་ཞུས་ཡོད་ཀྱི་རེད། ཟམ་གདོང་མཁས་དབང་ང་རྒྱལ་ཅན་འདི་ལ་བསམ་འཆར་སྟོན་ན་མ་སྟོན་གཅིག་རེད། རང་ཉིད་མ་གཏོགས་སུ་ཡང་མཁས་མི་ལེན། སངས་རྒྱས་ལས་ང་མཁས་ཞེས་པའི་འཁྲུལ་སྐད་སྒྲོགས་མཁན་ཟམ་གདོང་བླ་མས། ༧ གོང་ས་མཆོག་ལས་ང་མཁས་སྙམ་པའི་མཁས་དབང་རང་མཐོང་ཅན་འདིས་རྩ་དོན་དང་བདེན་དོན་ཡོངས་རྫོགས་ཀྱི་རྨང་ནས་གཏོར་ཟིན། དཔེར་ན་ཟམ་གདོང་གིས་གྷན་དྷི་འཚེ་མེད་ཞི་བའི་ལྟ་གྲུབ་ཉིས་རྒྱ་ལྷག་ལ་ང་ཚོ་ཉམས་ལེན་བྱེད་དགོས་ཟེར་ནས་བཀའ་ཡང་ཡང་ཕེབས་ཡོད། ཀྲུང་ཧ་མི་དམངས་སྤྱི་མཐུན་རྒྱལ་ཁབ་གྱི་མཐོ་རིམ་དཔོན་རིགས་ཕྱི་རྒྱལ་ཁག་ལ་ལྟ་སྐོར་ཡོང་སྐབས་སུ་ང་ཚོ་སྐད་འབོད་རྒྱབ་ན་ཚེ་མེད་ཞི་བའི་ལྟ་གྲུབ་དང་འགལ་འགྲོ་རབས་སྲུང་ཡོད། དེ་ཡང་༧ གོང་ས་མཆོག་ལས་མཁས་ཚུལ་ལྟོན་པ་མ་རེད་དམ། དམར་དར་ལ་རྒྱབ་སྐྱོར་གནང་བ་དེ། ༧ གོང་ས་མཆོག་གི་དགོངས་པ་དང་མཐུན་གྱི་འདུག་གམ། ད་དུང་ཡང་བཀའ་བློན་ཁྲི་ཐོག་དུ་ལོ་ངོ་བཅུ་ལ་སི་སྤྲ་སི་སྦག་ལ་བཞག་པའི་དབུ་མའི་རྩ་དོན་ལྔ་ཡང་རྩི་མེད་དུ་བཏང་བ་མ་ཟད་མཐའ་ན་སུམ་བཅུ་དུས་དྲན་སྐབས་བྱང་ཆུབ་སེམས་མཆོག་གཅིག་པུ་སྐྱོ་ནི་སྡོད་པའི་འབྲས་བུ་ཅི་ཡང་མ་བྱུང་བ་དེ་༧ གོང་ས་མཆོག་གི་སྒང་ལ་གཡོགས་ཡོད། ངས་བོད་མི་རིགས་ཀྱི་ལས་དོན་དང་ཆབ་སྲིད་ཀྱི་ལས་དོན་སྒྲུབ་མྱོང་མེད། ངས་བླ་མའི་བཀའ་སྒྲུབ་བཞིན་ཡོད་གསུང་པ་རེད། དེའི་དོན་ཅི་ཞིག་སྟན་པ་རེད། རྒྱབ་ལོག་ནས་ཇུས་འགོད་པ་ཚང་མ་༧གོང་ས་མཆོག་རེད་ཅེས་རྒྱ་ནག་གི་ཏ་ལའི་གཡོ་བྱུས་རེད་ཟེར་བ་དང་གཅིག་མཚུངས་སུ་གྱུར་ཡོད། བླ་སློབ་ཐུགས་དགོངས་འོ་ཆུ་འདྲེས་པ་བཞིན་ཟམ་གདོང་དང་ཧྥུན་ཅིང་ཐོ་གཉིས་ཀྱི་དགོངས་པ་གཅིག་ཏུ་འདྲེས་ཡོད། ད་དུང་གོ་ཐོས་ལ་སྐྱེ་བའི་མཐའ་མ་ཤི་རྒྱུ་རེད་ཟེར་ཏེ་ནང་ལ་ངར་རབས་མང་པོ་ཡོད་ནའང་དགྲ་ལ་ཤི་རྒྱུ་ལ་མི་ཞེད་པའི་གསུང་རབས་ཞིག་ཟམ་གདོང་གི་གསུང་གང་ནའང་མ་མཐོང་། དེ་རིང་ཁ་སང་བོད་བསྟན་སྲིད་ཆེད་དུ་རང་ལུས་མེ་རུ་སྒྲོན་པའི་མི་གྲངས་བཞི་བཅུའི་གྲངས་ཁ་ལང་ནའང་དར་དམར་མེ་སྲེག་གཏོང་བའི་སྡུག་སྐད་ལས་གནད་དུ་ཁེལ་བའི་གསུང་གཅིག་གོ་རྒྱུ་གཅིག་ཀྱང་ད་དུང་ཡང་མེད། ད་མང་པོ་མི་འབྲི། ཅི་ཙམ་བྲིས་ན་འབྲི་རྒྱུ་ཇེ་མང་རེད།
ཤེས་ཡོན་སྲིད་ཇུས་གཏན་འབེབས་མཛད་ཀྱང་ལམ་ལྷོངས་ཡོང་མིན་ཐེ་ཚོམས་རེད།
སོ་ནམས་ཞིང་ལས་ཕྱག་བསྟར་གནང་ཡང་མཇུག་སྐྱོང་མེད་པས་མི་རྣམས་ངལ།
བུ་ལོན་གསོས་ཙམ་བཙན་བྱོལ་གཞུང་དེ་ཡར་རྒྱས་མེད་པས་རང་གསོ་དཀའ།
འདི་དག་ཐམས་ཅད་ཟམ་གདོང་བླ་མའི་བྱས་རྗེས་འཇོག་གམ་ལུང་རྟོགས་ལགས།
མི་ལོ་བཅུ་ནང་བོད་ཀྱི་རྩ་དོན་རྒྱ་ལ་མགོ་ལུས་ཕུལ་ལ་བལྟོས།
གནའ་དེང་ཟུང་གི་ཤེས་ཡོན་མཁས་ཀྱང་རྒྱ་ལ་ཁ་བསྐོར་ལྐུགས་པར་འགྱུར།
རིག་ལམ་བེད་སྤྱད་གསུང་བཤད་དེ་ནི་རང་རིགས་འཇོམས་པའི་ཐོ་བ་རེད།
རྭ་ཅོ་སྒྱེ་བླུག་སྤྱི་མཐུས་ཚོགས་རྣམས་སྨྲ་བརྗོད་རང་དབང་ཕྲོགས་པར་བྱས།
བླ་སྤྲུལ་ཞེས་པའི་མཚན་བྱང་འཁུར་ནས་ཆབ་སྲིད་ཕྱོགས་
ལ་དབྱིངས་ཞུགས་ཅན།
མཁས་དབང་ཞེས་པའི་མཚན་བྱང་དེ་ནི་བེད་མེད་སྲིད་དོན་ཁོ་ནར་བསྐྱལ།
༧སྐྱབས་མགོན་བླ་མའི་དབུ་འོག་དཔུང་འདེགས་ཇི་ཙམ་ཞུས་མིན་ངས་མི་ཤེས།
གཟུར་གནས་བོད་མིའི་སེམས་ཀྱི་དབུས་ན་གསལ་ལེར་ཡོད་པས་འུར་མ་བཤོད།
རེད་རེད། སྡོམ་ཚིག་གཅིག་ངས་ཀྱང་འབྲི་ཆོག
ཨེ་མ་ཟམ་གདོང་བླ་མའི་རྟོགས་བརྗོད་བདེན་པའི་དབྱར་རྔ༎
བོད་རྒྱུད་ནང་བསྟན་གཞུང་ལུགས་ཀུན་ལ་སྦྱངས་པ་མཛད༎
སློབ་དགེ་སློབ་སྤྱི་དབུ་འཛིན་རིམ་བཞིན་འགན་ཁུར་མཛད༎
ཆོས་དང་རིག་གཞུང་སྐྱོང་བའི་ཐུགས་ཁུར་བླ་མེད་མཛད༎
འདབས་ཤོག་གཉིས་ལྡན་བོད་ཕྲུག་སྟོང་ཕྲག་སྐྱེས་སྲིངས་མཛད༎
དམ་པ་ཁྱེད་ཀྱིས་གཟི་ཤུལ་འོད་སྣང་ས་སྟེང་མཛེས༎
དམ་པ་ཁྱེད་ཀྱིས་མཁྱེན་རྒྱ་ཡངས་པ་རྒྱ་མཚོར་འགྲན༎
དམ་པ་ཁྱེད་ཀྱི་ལྷག་བསམ་ཡོལ་མེད་ས་འཛིན་བཞིན༎
དམ་པ་ཁྱེད་ཀྱི་ལེགས་བྱས་སྟོང་གིས་རྒྱལ་བ་དགྱེས༎
ཟང་ཟིང་མི་མཁོ་ལྟ་བའི་ཆོག་ཤེས་སྤྱན་ཡངས་ལྡན༎
མིང་དང་སྙན་གྲགས་དགྲ་རུ་འཛིན་པའི་རྣལ་འབྱོར་པ༎
ཕྱོགས་རིས་ཡེ་ནས་མེད་པའི་ཆབ་སྲིད་དེད་དཔོན་ཞིག།
ས་སྟེང་བྱོན་པ་འཇིག་རྟེན་མི་ཡི་བརྒྱན་དུ་མངོན༎
མདོ་ཁམས་མི་དམངས་རེ་བས་ཤུགས་ཀྱིས་སྲིད་སྟེགས་འཁོར༎
སྤྱི་འཐུས་ཚོགས་གཙོ་གོ་ས་བཞེས་ནས་སྲིད་སྐྱོང་གནང༌༎
བཙན་བྱོལ་སྒྲིག་འཛུགས་བཅའ་ཁྲིམས་ཆེན་མོ་གཏན་འབེབས་མཛད༎
བདེན་པའི་ཨུ་ཚུགས་ཆབ་སྲིད་ལངས་ཕྱོགས་གསར་གཏོད་གནང་༎
བོད་སོག་ལས་ཁུངས་བར་གྱི་སྲིད་དོན་རྙོག་གྲ་དང་།།
དོལ་རྒྱལ་རྗེས་འབྲང་བྱས་པའི་ཆོས་ལུགས་རྙོག་འཛིང་རྣམས་༎
དཔའ་ངར་ཞུམ་མེད་དམ་པ་ཁྱེད་ཀྱིས་ནུས་མེད་མཛད༎
བཀའ་དྲིན་མི་འཁོར་བོད་པ་རྩྭ་གཟན་སུ་ཞིག་ཡོད།།
བཀའ་བློན་ཁྲིད་པ་ཐུགས་འགན་ལྕི་མོ་དང་ལེན་གནང་༎
བཙན་བྱོན་སྒྲིག་འཛུགས་དཔལ་འབྱོར་དཀའ་ངལ་ཁྱེད་ཀྱིས་སེལ༎
ལྐོག་ཟ་རུལ་སུངས་མིང་ཡང་མེད་པར་ཁྱེད་ཀྱིས་མཛད༎
སྲིད་བློན་ཁྱེད་འདྲ་འཛམ་གླིང་སྟེང་དུ་ཐོག་མར་ཡིན༎
རྣམ་དཔྱོད་རྩལ་གྱིས་སྲོལ་རྒྱུད་ཞིང་ལས་ཉིད་ཀྱིས་སྤེལ༎
ཕྱུགས་གསོ་སྲོལ་རྒྱུད་རིག་པ་ཐོག་མར་ཁྱེད་ཀྱིས་སྤེལ༎
ཤེས་ཡོན་སྲིད་བྱུས་གསར་པ་གསར་གཏོད་གནང་བ་སོགས༎
དམ་པ་ཁྱེད་ཀྱི་བཀའ་དྲིན་ཡང་ཡང་མི་སེམས་ཅིང་༎
ཨེ་མ་ཁྱེད་ལ་མེད་པ་ནི་ཕྱོགས་རིས་དང་སྡང་སེམས།
ཁྱེད་ལ་མེད་པ་ནི་གཡོ་རྒྱུ་དང་རྫུན་སེམས་རེད༎
ཆགས་སྡང་དང་ཕྱོགས་ལྷུང་གིས་གཅོང་ནད་ཞིག་མིན་ན་ཁྱོད་ལ་མི་དགའ་སུ་ཞིག་ཡོད༎
ཟམ་གདོང་བླ་མ་མཁྱེན་ནོ
དངོས་ནས་ངེད་དུས་བབས་ཚང་ན་གནས་ཚང་གཡར་ནས་ཡོད་པའི་མི་བུ་མཆན་འབྲི་མཁན་འདི་ཚོ་གླེན་རྟགས་ཞིག་འདུག། ཡེ་རྡོར་ཟེར་བའི་མི་ངན་དེའི་ང་ཚོ་བཙལ་ནས་སྒོ་ཁར་སླེབས་ཀྱང་སུ་ཅིག་གིས་ཀྱང་དེ་ལ་ཡ་ལན་སྤྲད་མཁན་ཞིག་མི་འདུག། ནང་ལ་སྨྱུག་ཁ་བསྐོར་ན་ད་ཁྱོད་ཚཽ་ལ་གནས་ལུགས་དང་རྒྱུ་མཚན་དག་དག་ཡིན། དོན་ངོ་མས་བཤད་ན་ང་ཚཽས་སུ་ཞིག་མཁས་དབང་ཟམ་གདོང་རིན་པོ་ཆེ་བཞིན་གོང་ས་མཆཽག་གི་བཀའ་ལ་བརྩིས་ནས་ལོ་ངོ་འདི་འདྲ་ཞིག་ལ་བོད་མི་རིགས་དང་རྒྱལ་ཁབ་གི་ཆེད་དུ་ལས་དོན་བསྒྲུབས་ཡིན། སྐད་ཆ་དྲངས་མོ་བཤད་ན་ཡག་གི་རེད། ང་དང་གཏོགས་པའི་དུས་བབས་ཡིན་ན་ཡང་འདྲ་གཞན་དྲ་རྒྱ་གང་ཞིག་ན་འདུར་བཞིན་པའི་རྩོམ་སྤེལ་མཁན་ཡིན་ཡང་རེད་མཆན་འབྲི་མཁན་ཡིན་ཡང་རེད་ང་ཚོ་སུ་གཅིག་གིས་ཀྱང་རིན་པོ་ཆེ་ཚང་གི་དེ་འདྲ་འཇོན་མེད་པ་དང་མ་འོངས་བ་ཡང་མི་འཇོན་པ་ངའི་མགོ་དཔངས་དུ་བཞག་ཀྱང་ཆོག། གལ་སྲིད་ཟམ་གདོང་རིན་པོ་ཆེ་མེད་ན་ད་ང་ཚོས་དེ་རིང་བཙན་བྱོལ་གཞུང་འདི་ཡང་ག་འདྲ་གི་འགྱུར་ཡོད་མེད་ཐེ་ཚོམ་རེད། ཁོང་གི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་གཞུང་གི་ལྐོག་ས་བྱེད་གི་ཡོད་པའི་ལམ་ཁ་ཚང་མ་གཙང་བཟོ་བྱས་ཟིན། མ་ཟད་ཁོང་གིས་བོད་མི་རིགས་གི་ཆེད་དུ་ཞབས་ཞུ་བྱས་བ་མང་མེད་ན་ཉུང་ཡོད་ནི་མ་རེད། དེར་བརྟེན་རེ་བ་ཞིག་ལ་གང་ཟག་སུ་ཞིག་ལ་རིག་པའི་རྩལ་ཡོད་ན་ཡེ་རྡོར་ལ་དགག་ལན་ཞིག་ཕྲིས་དང་དེ་དངོས་གནས་བུ་རེད
བླ་མ་བོད་བཏང་བ་ཡིན་གྱི་བུ་ལོན་སོ་ནམ་གཉེར་མཁན་མིན།
བླ་མ་ཕྱོགས་ལྷུང་བ་ཡིན་གྱི་གཞན་ཕན་ཡོད་པའི་སྐྱེས་བུ་མིན།
བླ་མ་ཕྲག་དོག་ཅན་ཡིན་གྱི་ཤེས་ཡོན་ཅན་དག་སྐྱོང་མཁན་མིན།
བླ་མ་རྡོ་རྗེ་འཛིན་ཡིན་གྱི་ཤུགས་ལྡན་འདུལ་བའི་ཐོ་བ་མིན།
ཤེས་ཡོན་སྲིད་ཇུས་གཏན་འབེབས་གནང་སྟེ་སྐད་ཡིག་ཚེ་སྲོག་སྲུང་སྐྱོབས་མཛད།།
སོ་ནམ་སྲིད་ཇུས་ཕྱག་གཏར་གནང་སྟེ་མི་དང་སྐྱེ་དངོས་བདེ་འཇག་སྐྱོང་།།
བུ་ལོན་ཁྲོད་གནས་བཙན་བྱོལ་གཞུང་དེ་རང་མགོ་ཐོན་པའི་གནས་སུ་བསྐྱལ།།
འདི་དག་ཐམས་ཅད་ཟམ་གདོང་བླ་མའི་བྱེད་རྗེས་ཡིན་ཀྱི་བྱེད་ཉེས་མིན།།
མི་ཚེ་ཧྲིལ་པོ་གདོང་དམར་བོད་བོད་ཀྱི་བདེ་དོན་ཆེད་དུ་སྐྱེས་སུ་ཕུལ།།
གནའ་དེང་ཟུང་གི་ཤེས་ཡོན་ལ་མཁས་གངས་ཅན་བོད་མིའི་རྒྱན་ཆ་ཞིག
གཏན་ཚིག་ལྡན་པའི་གསུང་བཤད་རེ་ཡིས་དཔྱོད་ལྡན་རྣམས་ཀྱིས་སེམས་པ་འགུལ།།
རྭ་ཅོ་སྒྱེ་བླུག་སྤྱི་འཐུས་ཚོགས་རྣམས་སྨྲ་བ་མེད་པའི་གནས་སུ་བཀོད།།
སྤྲུལ་སྐུ་ཞེས་པའི་མིང་ཆེན་ཡོད་ཀྱང་འབྱོར་པའི་ཆེད་དུ་ཁྱོད་མ་རྒྱུག །
མཁས་དབང་ཞེས་པའི་མཚན་བྱང་ཡོད་ཀྱང་གྲགས་པའི་ལས་དོན་ཁྱོས་མ་གཉེར།།
ཉིན་མཚན་ཀུན་ཏུ་སྐྱབས་མགོན་བླ་མའི་དབུ་འོག་དཔུང་གིས་འདེད་མཁན་ཁྱོད།།
གཟུར་གནས་བོད་མིའི་སེམས་ཀྱི་དབུས་ན་ནུབ་པ་མེད་པའི་ཟླ་བ་ཡིན།།
དགའ་ལྡན་ཕོ་བྲང་གི་སྲིད་གཞུང་དེ་ལོ་ངོ་བརྒྱ་ཕྲག་དུ་མའི་རིང་དུ་བསགས་པའི་སྐྱག་ཚང་ཞིག་དང་འདྲ་མཚུངས་སུ་གྱུར་པ་དེ་རེད། གང་ཡིན་ཟེར་ན་དབྱིན་ཇི་སྲིད་གཞུང་དང་། རྒྱ་གར་སྲིད་གཞུང་། རྒྱ་ནག་སྲིད་གཞུང་། ཧོར་སོག་སྲིད་གཞུང་། གོར་ཁ་སྲིད་གཞུང་། ཨ་རི་སྲིད་གཞུང་སོགས་སྲིད་གཞུང་ཚང་མས་ལག་ཕྱིས་བྱེད་ས་དང་། མི་དགོས་པའི་གཙོག་གཅིན་ཚང་མ་གཡུགས་སའི་སྐྱག་ཚང་ཞིག་དང་ཁྱད་མེད་དུ་གྱུར་པ་ཡིན།
འོན་ཀྱང་སྟབས་ལེགས་པ་གཅིག་ལ་གྲུ་འཛིན་ཞིང་ནས་བསམས་བཞིན་སྲིད་པའི་ཚུལ་དུ་བྱོན་པའི་སྤྱན་རས་གཟིགས་ནི་པདྨ་འདམ་ལས་སྐྱེས་ཀྱང་འདམ་གྱི་དྲི་མས་མ་འགོས་པ་ལྟར་སྲིད་གསུམ་གྱི་དྲི་མ་སྤྱི་དང་ལྷག་དོན་དགའ་ལྡན་ཕོ་བྲང་སྲིད་གཞུང་དེའི་དྲི་ངན་ཅི་ཡང་མ་འགོས་པར་སྲིད་ཁྲི་མངའ་གསོལ་མཛད་པ་ནས་བཟུང་ནས་མཐར་སྲིད་གཞུང་འདི་སྙིང་པོ་ཅི་ཡང་མེད་པར་གཟིགས་ནས་རྒྱལ་སྲིད་མཆིལ་མ་བཞིན་དོར་གནང་མཛད་པའི་སྐྱབས་མགོན་ཏྰ་ལའི་བླ་མ་མཆོག་དེ་ད་ལྟ་འཛམ་གླིང་སྟེང་ཞི་བདེའི་རྟགས་མ་ཅན་གྱི་དེད་དཔོན་གཅིག་ཏུ་གྱུར་པ་དེ་རང་ཡིན།
གཞན་ཟམ་དོང་ལ་སོགས་པ་ཚང་མར་བསམ་གཞིགས་དང་། གྲོས་བསྡུར་། དཔྱད་གླེང་སོགས་བྱས་ན་མཐར་སྐྱག་ཚང་ཉིན་གཅིག་བསྔོགས་ན་སྐྱག་དྲི་ཉིན་གཅིག་བྲོ་བ་དང་། སྐྱག་ཚང་ཟླ་གཅིག་བསྔོགས་ན་སྐྱ་དྲི་ཟླ་གཅིག་བར་བྲོ། ད་དུང་སྐྱག་ཚང་ལོ་གཅིག་བསྔོགས་ན་སྐྱག་དྲི་ལོ་གཅིག་རིང་ཁ་རྒྱུ་ཡིན་པ་དེ་ཤེས་དགོས།
བོད་ཀྱི་གཏམ་དཔེ་ལྟར། སྐྱག་ཚང་བསྔོགས་ན་སྐྱག་དྲི་ལས་ཁ་རྒྱུ་མེད་སྟབས་རང་གར་བཞག་ན་ལེགས།
ང་ཚོ་བོད་པ་ཚང་གི་ཚོགས་སྡེ་གང་ཕྱག་ལས་གང་འདྲ་ཞིག་ཡིན་ནའང་ལས་དུས་རྫོགས་འཚམ་སུ་གཏམ་གླེང་མང་དག་ཞིག་ཡོང་བ་ནི་བོད་པ་ཚང་ལ་ཡོན་ཏན་དང་ཚགས་ཚུད་མེད་པས་འབྲས་རྟགས་རང་རེད། དེ་འདྲ་མ་གནང་རོགས་ཞུ་རྒྱུ་ཡིན། དེ་ལས་ཟློག་ཏེ་ཁུར་མཉམ་ལེན་ཅི་འདྲ་བྱེད་དགོས་མིན་ཐོག་ལབ་གླེང་བྱེད་རོགས་ཞུ་རྒྱུ་ཡིན། ལས་དོན་དང་ལས་ཁུར་སྐབས་ལག་ལེན་ལས་སླ་བོ་མིན། ཡུལ་དུས་ཡོངས་ལ་གཟིགསས་ནས་བྱ་བ་བྱེད་དགོས་པས་བཤད་པ་ཙམ་གྱི་འགྲུབ་དཀའ། བོད་ནང་དུ་གཟིགས་དང་ང་ཚོས་གང་འདྲ་བྱེད་དགོས་མིན་ང་ཚོ་ལ་ལས་འགན་གང་ཡོད་མི་རེ་རེས་ངོས་ནས་ཤེས་པར་བྱེད་ཐུབ་ན་ལགས་པ་དང་དེ་ནས་ལག་ལེན་ལ་རང་ནུས་ལྟར་བྱེད་དགོས་པ་གལ་ཆེན་པོར་མཐོང་།གཅིག་གི་འཇོན་སོང་བ་དང་ཡང་གཅིག་གི་མ་འཇོན་རབ་བཤད་པ་དེ་ཚོ་དགོས་མེད་ཡིན་པས་བསམ་ཤེས་བྱ་རོགས། འུ་སྒྲོགས་ཀྱི་དབང་དུ་མ་སོང་བ་བྱ་རོགས་མཁྱེན། ལག་གཉིས་ཐལ་མོ་བྱས་ནས་ཞུ་རྒྱུ་ཡོད།
དགོངས་པ་མ་ཚོམས། ངས་ནི་ཟམ་གདོང་གི་སྐྱོན་དག་མ་གཏོགས་བྱས་རྗེས་འདི་རེད་ཅེས་ངོ་མ་སྟོན་རྒྱུ་རྙེད་མ་སོང་བས་ཐོག་མ་ནས་དགོངས་དག་ཞུས་པ་ཡིན། ཟམ་གདོང་ལ་བྱས་རྗེས་ཡོད་རབས་བཤད་མཁན་དག་གིས་ཀྱང་འདི་ཞེས་སྟོན་རྒྱུ་རྙེད་དཀའ་མོ་རེད་སྙམ། དགོངས་དག་ཞུ་དགོས་དོན་ཡང་མི་རིགས་གཅིག་པའི་ལ་རྒྱ་བརྗེད་མི་ཉན་པའི་དྲན་གསོ་ཙམ་ཡིན་པ་ལས་རང་གནོངས་གང་ཡང་མེད་པ་ཤེས་དགོས།
དེས་ན་ངས་ཟམ་གདོང་ལ་སྡོམ་ཚིག་གཅིག་བཀོད་ན་འདི་ལྟར་ཏེ།།
གཅིག་སྒྲིལ་ཚོགས་པའི་ཤི་མཇུག་བཅངས་ཏེ་མདོ་སྟོད་དུམ་བུ་གཉིས་སུ་བགོས།།
བོད་བརྒྱུད་ནང་བསྟན་རིས་སུ་བཅད་དེ་ཆོས་བརྒྱུད་གཞན་གྱི་མགྲིན་པ་བཙིར།།
དམར་པོའི་གཞུང་ལ་སྤྲེལ་ལད་འཁྲབ་ཏེ་གང་ཅན་མཐུན་སྒྲིལ་རྡོག་བརྫིས་བྱས།།
བླུན་པོ་ཚོགས་དག་མགུ་བ་སྐྱེད་པའི་གནའ་གཏམ་རིང་མོས་གཞན་མགོ་བསྐོར།།
དགའ་ལྡན་ཕོ་བྲང་རྩལ་འདོན་བྱས་ཏེ་གདན་ས་གསུམ་ནས་རྒྱབ་དཔུང་བཙལ།།
སོག་པོ་དག་ལ་ལོ་རྒྱུས་གླེང་སྟེ་གཙང་རྒྱལ་བསད་པའི་དཔའ་དར་འཐེན།།
སྐྱེས་ས་སྒང་དྲུལ་ཡུལ་ནས་ཡིན་རུང་དུང་ཞེན་དབུས་ལ་ཕྱོགས་སུ་ལྷུང་།།
མི་ཚེ་སྲིད་ཀྱི་སྟོགས་བུར་འགྱིངས་ཡང་ལག་རྗེས་ནང་གི་གས་ཁ་ཙམ།།
དོན་ངོ་མ་ནི་འདི་ཡིན་པས་བདེན་བཤད་ན་མི་དགའ་བའི་བོད་མི་དག་མ་འདྲོགས་པར་སོམས་ཤིག།
ཟམ་གདོང་རིན་པོ་ཆེའི་འཇོན་སྟངས་དང་ནུས་པ་སྟོན་པའི་དུས་ཡུན་ནི་ལ་རྒྱལ་ཚར་བ་རེད། བཀའ་ཁྲིའི་ལོ་བཅུའི་ནང་ཁོང་གིས་རང་གི་ལྟ་བ་མཁྲེགས་བཟུང་བགྱིས་ཏེ་ཚོད་བལྟ་མང་པོ་གནང་བ་རེད། སློབ་ཕྲུག་ལ་ཚོད་བལྟ་གནང། གཞིས་ཆགས་ལ་ཚོད་བལྟ་གནང། ཤེས་ཡོན་སྲིད་འཇུས་ལ་ཚོད་བལྟ་གནང། རང་གི་བལྟ་ཚུལ་བཙན་དབང་གིས་གཞན་ལ་བཀོན་ཐབས་ཁོ་ནའི་ང་དུས་གདས།
ད་ཁོང་ཁུ་སིམ་བཞག་ན་མི་ལེགས་སམ། དེ་ལས་ད་ཡོད་ཀྱི་བཀའ་ཤག་གི་ལས་སྟངས་ལ་རྒྱབ་སྐྱོར་དང་སྐྱོན་བརྗོད་གང་ཡོད་བཏོན་གནང་ན་དགེ་ཚན་མི་ཆེའམ།
རེད་ཡ། གློག་མཁན་ཚོ། སོམས་དང་།
༡ ཕྱི་མིག་ཅིག་ལྟོས་དང་། ཟམ་གདོང་གིས་ཆེས་གལ་ཆེ་བའི་བོད་ཀྱི་མི་ལོ་བཅུ་ཐམ་པ་རྩ་མེད་དུ་བཟོས་པ་ཤེས་སམ།
༢ ཁོ་དང་རྒྱ་རིའི་ཁྱི་རྒན་གཉིས་ཀྱིས་ངན་བཅོས་འོག་ནས་བོད་མི་མང་སྤྱི་མཐུས་ལ་མ་བརྒྱུད་པར་རྒྱ་ནག་ལ་རང་ཐག་གི་དམིགས་ཡུལ་ཆ་ཚངས་སྤྲད་ནས་རེ་བ་རྩ་མེད་དུ་བླག་པ་ཤེས་སམ།
༣ ཁོས་ངན་བཅོས་འོག་ནས་༧གོང་ས་མཆོག་ལ་བསྐུར་བ་བཏབས་ནས་བོད་གཞུང་གི་མཚང་བྱང་རྩ་མེད་བཟོས་པ་ཤེས་སམ། དང་བོ་མིང་རྩ་མེད་བཟོས་ནས་རིམ་པར་དོན་རཙ་མེད་བཟོ་རྒྱུ་རེད། ཁྱེད་ཅག་དེ་ལ་དགའ་འམ།
༤ ཁོས་རྒྱ་མི་ལ་སྤྲེལེ་ཁྲབས་ནས་ཁོས་བོད་མི་རིགས་གི་ལ་རྒྱ་མེད་ཟེར་བ་གོ་སམ། ༥ ཁོས་ད་རྒྱལ་ཚོགས་པ་ལ་ཅི་ཙམ་སྤྲེ་ལེ་ཁྲབ་དང་ཁྲབ་བཞིན་པ་ཤེས་སམ།
༦ ད་ཐང་ཡང་ཀོ་རུ་ཡ་ནས་རང་མཚང་གི་ཁ་ཏོག་བཏོན་མ་སོང་ངམ། དེ་དག་གིས་ག་ལ་ཚད་ད་དུང་མི་མཐུད་དུ་བཤད་རྒྱུད་ཁྱེད་ཚོས་དྲི་བ་བྱོས་དང་། ཟམ་གདོང་ལ་ལྷག་བསམ་ཡོད། བཟང་བོ་དང་མཇོན་པོ། བསླབ་བསྟོན་པ་དང་། བློ་འདྲི་ལོམ་ས་ཞིག་ཡིན་ན། བོད་མི་༤༠ བརྒལ་བས་གཅེས་སྲོག་བློས་བཏང་ཡང་ནུས་པ་ཅི་ཡང་མི་ཐོན་པ་ཅིས་ཕྱིར་རེད། ཟམ་གདུང་སོགས་ལན་པ་རེད།
༧ ཁོ་དཔོན་ས་ནས་ཐོན་སྐབས་ངན་གཡོ་སྣ་དགུ་བྱས་བརྒྱུད་ནས་སྐུ་སྒེར་ཡིག་ཚང་ཞུགས་པ་འདིས་མ་འོང་པའི་༧གོང་ས་མཆོག་གི་གསང་གསུམ་ལ་གནོད་པ་གཏོང་རྒྱུས་ངན་བཅོས་ཡིན་པར་ང་ལ་ནི་ཐེ་ཚོམ་མེད། ང་ནི་སེམ་ཁུར་ཧ་ཅིང་ཆེ། བློ་གཟིར་བོར་གནས་ཐུབ་ཅིང་། བློ་གྲོས་དང་ལྡན་པ་རེད་ཡོད་ན། བསམ་ཞིབ་ནན་མོ་བྱེད་རན། བསམ་ནུས་མཁན་རེ་ཡོད་བསམ་རན་འདུག
དུས་བབ་དྲ་ཐོག་མཆན་བྲིས་པ་པོ་རྣམས་ལ་ཞུ་རྒྱུར༎
བོད་ཀྱི་རྩ་ལ་དགོངས་པ་བཞེས་དགོས་པ་གལ་ཆེན་མཐོང་ཁྱེད་རྣམས་ཀྱིས་ཁང་ར་དང་སྐྱོན་བརྗོད་བྱས་ས་ནོར་འདུག
གནས་ཚུལ་དངོས་མ་ལ་བརྟགས་དཔྱད་མེད་པར་ཆགས་སྡང་གི་དོན་མེད་སྒྲོ་བཏགས་དང་སྐུར་འདེབས་པ་བྱས་པ་ནི་དོན་དངོས་དང་མིན་མཐུན་པ་མ་ཟད། ཆོས་དང་སྲྲིད་གང་ལ་ཡང་དགེ་མཚན་མི་འདུག
བོད་པ་ཚང་གི་གནས་བབ་དེ་འདྲ་ཞིག་ཆགས་པའི་སྐབས་དེར་འུ་ཅག་ནང་རྩོད་དང་དཀྲུགས་ཤིང་འདྲ་
རྒྱབ་ནས་བསྡད་རྒྱུའིདུས་ཚོད་ཡིན་ནམ།
ཁྱེད་རྣམས་ཀྱིས་བྲིས་པའི་འཆན་དེ་དག་རང་གི་དགྲ་བོར་དགོས་མཁོ་ཡོད་པ་ཤ་སྟག་རེད༎
གྲོང་གཏམ་དེ་དག་གིས་དགྲ་བོའི་དམིགས་ཡུལ་སྒྲུབ་ཐབས་དང་བོད་ཚང་གི་གཅིག་སྒྲིལ་རྩ་མེད་བཟོས་
ཐབས་མ་གཏོགས་གཞན་གང་ཡང་མི་འདུག
གཞིས་ལུས་མི་དམངས་རྣམས་ནས་གཅེས་པའི་རང་སྲོག་དང་ཡོད་ཚད་བློ་གཏོངས་གནང་བའི་སྐབས་དེརབཙན་བྱོལ་ནང་གི་དྲ་གྲོགས་དག་གིས་བསམ་བློ་དང་བཏང་དང་།ཆན་བྲིས་སྟངས་སོགས་དེ་འདྲ་རང་ཨེ་ཡིན།
ཁ་སང་ནས་འགོ་བཟུང་སྟེ་དུས་བབ་ཀྱི་ཟིན་བྲིས་ནང་ལ་འཁྲུགས་ཆ་དོད་པོའི་སྒོ་ནས། མཁས་གླེན་མང་པོ་ཞིག་གིས་སྐུ་ཞབས་ཟམ་གདོང་གི་སྐོར་ལ་བགྲོ་གླེང་ལྷུག་པོ་བྱེད་བཞིན་པ་དེར་ནམ་ཡང་བརྩི་བཀུར་ཡོད། འོན་ཀྱང་གླེན་རྟགས་དང་རྨོངས་དད་ཙམ་མ་ཡིན་པར་དངོས་ཡོད་ཇི་ཡིན་དྲང་པོར་བཤད་དགོས་པ་ནི། ཕྱི་ནང་གི་མི་རིགས་མཐའ་དག་ལ་གྲགས་པའི་མཁས་པའི་ངང་ཚུལ་དང་བཟང་པོའི་ལམ་ཡིན་པས། སྐུ་ཞབས་ཟམ་གདོང་གིས་འཇོན་པའི་གཏམ་བཟང་དང་། མི་འཇོན་པའི་ཞབས་འདྲེན་ཅི་ཞུས་ཀྱང་། དྲང་བཤད་བྱ་དགོས་པ་ནི་འོ་ཅག་བོད་མི་རྣམས་ཀྱི་མང་ཚོགས་ཀྱི་ལུགས་བཟང་པོ་ཉིད་དོ། དེ་ལས་ལྡོག་སྟེ་མི་འགའ་ཞིག་གིས་དྲ་ངོས་སུ་ཕྱོགས་ཞེན་དང་མཁྲེགས་འཛིན་གྱིས་སྒོ་ནས། སྐུ་ཞབས་ཟམ་གདོང་གི་སྐྱོན་དང་ནོར་འཁྲུལ་ཅི་ཡོད་པ་མཐའ་དག་སྦས་གསང་བགྱིས་ཏེ། གཟུང་བ་རྡུལ་ཕྲན་ཆ་མེད་དང་ཤེས་པ་སྐད་ཅིག་ཆ་མེད་ཙམ་ཡང་གོ་རྒྱུ་དང་མཐོང་རྒྱུ་མེད་པར་བཟོ་དགོས་བསམ་པར་འདུག་པ་ནི། སྐུ་ཞབས་ཟམ་གདོང་བྱང་སྒྲ་མིན་སྙིང་དང་ནུབ་བ་ལང་སྤྱོད་སོགས་སུ་ཞབས་བཅགས་པ་འདྲ་ཞིག་ཡིན་ན་མ་གཏོགས་གསང་ཐབས་ཅི་ཡོད། ཡང་འགའ་གིས་སྐུ་ཞབས་ཟམ་གདོང་ནི་ག་དུས་ཀྱང་སྐྱོན་དང་ནོར་འཁྲུལ་གྱི་བྱེད་པོ་ཞིག་ཏུ་བསྒྱུར་འདོད་པ་ཡང་རུང་བ་མ་ཡིན་ཏེ། ཁོང་ནི་མི་རབས་རྒན་པའི་ནང་ནས་ཤེས་ཡོན་དང་འཇོན་ཐང་ལྡན་པའི་བཀའ་ཟུར་ཞིག་ཡིན་ཞིང་། འདས་པའི་དུས་སུ་བོད་ཀྱི་བསྟན་སྲིད་ལ་ཕན་པའི་བྱ་བ་གང་མང་ཞིག་བསྒྲུབས་ཡོད་སྟབས་མུན་ནག་གཅོང་རོང་ཟབ་མོའི་ནང་དུ་གཡུག་ཏུ་མི་རུང་ངོ་། དེས་ན་སྐབས་འདིར་སྨྲ་བ་པོ་ཚང་མས་བཤད་པ་དེ་དག་གླིང་སེང་ལྕམ་འབྲོག་མོས་སྨོན་ལམ་བཏབ་པ་བཞིན་དུ་མཐོ་མཐོ་ནི་མཐོ་རུ་དྲགས་པ་དང་དམའ་དམའ་ནི་དམའ་རུ་དྲགས་པས། བཤད་ཚུད་དེ་དག་གཏམ་གྱི་གྲལ་དུ་བཅུག་པར་མ་ཤེས་སྟབས་གསན་པ་པོ་ཀུན་ལ་ཐེ་ཚོམ་གྱི་ཡུལ་དུ་གྱུར་འདུག་ཅིང། ཕྱིན་ཆད་ནི་འགན་དུ་ལྡན་པའི་མཁྱེན་ལྡན་པ་ཁྱེད་རྣམས་ཀྱིས་ཆོས་སྲིད་གང་ཞིག་བརྗོད་བྱར་བྱེད་པའི་གླེང་མོལ་ཞིག་བྱུང་ཚེ་ཧ་གོ་དོན་རྟོགས་ཀྱི་སྒོ་ནས་འདུ་བྱེད་པར་ཞུ།།
བདེན་རྔ་ཁྱེད་ཀྱང་རྫུན་རྔ་རེད་འདུག ཟམ་གདུང་རིན་པོ་ཆེ་ནས་མི་རིགས་འདི་དང་གཞུང་འདི་ལ་མཛད་རྗེས་ཇི་ལྟརའཇོག་གནང་མཛད་ཡོད་པ་ཉི་ཤར་སྦར་མོས་འགེབས་ཐབས་ཡོད་མ་རེད། ཁྱོད་ལྟ་བུ་དག་མ་དགའ་ནས་ཤི་སོང་ན་ཡང་སྡུག་གྱོང་རེད། ཟམ་གདོང་རིན་པོ་ཆེ་ནས་གོང་ས་མཆོག་གི་དགོང་གཞི་ལྟར་སྒྲུབས་ཡོད་པས། ཁོང་ལ་སྐྱོན་བརྗོད་བྱེད་མཁན་རྣམས་ཀྱིས་མཐར་བཏུགས་ན་གོང་ས་མཆོག་ལ་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་རེད། དེང་སང་དུས་བབ་དྲ་ཚིགས་ནང་གི་མཆན་འགོད་པ་ཚོའི་སྤྱོད་པ་ཧ་ཅང་གི་སྡུག་ཏུ་སོང་འདུག་ལ། ཁ་བཀྱག་ཚད་ནང་ཁུལ་སྐྱོན་བརྗོད་དང་སྐྲུག་ཤིང་ལས་མི་ཤེས་པ་ལྟ་བུ་ཆགས་འདུག་ན་དྲ་བདག་ནས་ཀྱང་དབྱེ་ཞིབ་ཡག་པོ་གནང་རྒྱུའི་རེ་བ་ཞུ།
མཆན་འབྲི་མཁན་ཡོངས་ནས་ ཨ་ལབ་སྔོན་ལ་ བསམ་གཞིགས་ནན་པོ་ཞིག་གནང་དགོས་པ་གལ་གནད་ཆེ་བ་ཞིག་ལ་ གཞན་ལ་བལྟ་བའི་མིག་ཡོད་ཀྱང་ རང་ལ་བལྟ་བའི་མེ་ལོང་དགོས་ ཟེར་བའི་ཚིག་བཅད་འདི་གོ་བ་ལེན་ཐུབ་པ་འདུག་གམ་ རྣོ་བསམ་ངར་པོ་ཞིག་གཏོང་ དེ་ནས་རང་གི་མི་ཚེ་ནང་ རང་ཉིད་རྐང་འགྱུར་མིན་པ་སོང་རྩ་ སོ་སོའི་མི་ཚེ་ནང་ བོད་བསྟན་སྲིད་མི་རིགས་འཇོན་ཐང་དང་ཞབས་ཞུ་ག་རི་ཞུས་འདུག་ རིན་པོ་མཆོག་ལ་ མཚན་སྨད་ཞུས་ཡ་ནུས་པ་འདང་གི་འདུག་དང་མིན་འདུག་ ཞིག་དག་བྱས་ཐུབ་ན་ལེགས་ འཛུལ་མོ་དེ་རང་གི་ངོར་ཚུར་ཞིག་བཙུགས་ན་ གཉིད་སད་གི་ོད་འགྲོ་ གཅིག་བྱས་ན་ སྐྱུག་དྲོ་བར་ཨ་ དགྲ་དགའ་གཉེན་སྡུག་གི་རང་བཞིན་རང་རེད་ ཨ་ཁ་ཁཁཁ་་མི་རིགས་དེས་མདོག་ཆ་འདི་འདྲ་ཞིག་ལས་ཕམ་པར་ལ་ རྒྱ་མི་སླེབས་ནས་དགའ་བསུ་ཞུ་རང་་རེད་ བཟང་ངན་དབྱེ་བ་མིན་ཤེས་མཁན་
མཆན་འབྲི་མཁན་དྲ་གྲོགས་ཡོངས་ཀྱིས་རྣ་བར་མ་ཡེངས་པ་ཡག་པོ་གསན་རོགས་ མཁས་དབང་སློབ་དཔོན་༸ཟམ་གདོང་རིན་པོ་ཆེ་མཆོག་ལྟ་བུ་ཞིག་ལ་ཆ་མཚོན་ན་ བོད་གཞུང་དགའ་ལྡན་ཕོ་བྲང་གི་བཀའ་ཟུར་ཞིག་རེད་ལ་ དགེ་སློང་ཚད་ལྡན་ཞིག་ཡིན་པ་སྨོས་མེད་རེད་ དེར་བརྟེན་ནས་ མཆན་འབྲི་མཁན་རྣམས་ནས་ བོད་པའི་ཡ་རབས་སྤྱོད་བཟང་གི་རྣམ་པ་ལྡན་པའི་ངང་ རྣམ་དཔྱོད་རྩལ་དུ་གཏོན་ནས་དགོངས་ཡངས་དཀྱེལ་ཆེ་རང་བཞིན་ཐོག་ རིག་པའི་ལམ་ནས་ ཆོས་དང་ཆབ་སྲིད་གང་གི་ཐད་ལ་བགྲོ་གླེང་གནང་སྐབས་ རྩ་དོན་ལ་གཞི་བཅོལ་ནས་གནང་རོགས་འབོད་བསྐུལ་ཞུ་ གུས་ཐ་ཤལ་བས་གཞན་མཆན་འབྲི་སྟངས་ལ་གཞིགས་ན་ རྒྱ་མི་རྒྱུགས་ཆུ་མིན་འགྲོ་བསམ་པའི་དོགས་པའི་གནསུ་ལྷུང་འདུག་པ་མཐོང་བའི་ཡིད་གཟབ་གནང་གལ་ཆེ་བས་ རང་ཅག་ཉམ་ཐག་པའི་གངས་ཅན་པའི་འཐབ་རྩོད་ལ་ ཕན་ཐོགས་མེད་པ་ མ་ཟད་ རྒྱ་ནག་ལ་དགོས་ངེས་ཅན་ཞིག་ཆགས་པའི་ཉེས་ཁ་འདུག་ ད་མཚུངས་ བོད་ནང་སྐུ་ལུས་མཆོད་མེ་འབུལ་སྐབས་ དཔེ་ན་ དེ་རིང་བཞིན་ འཆན་འབྲི་མཁན་ཧ་ཅང་ཉུང་ལ་ ཨོ་མ་ཎི་ མ་གཏོགས་བྲིས་མིན་ཤེས་པའི་བཟོ་འདྲ་འདུག་ ནང་ཁུལ་རྙོག་སྒྲ་བྱུང་ན་ མི་མང་དག་ཞིག་གིས་འགན་གང་མ་འཁྱེར་ནས་ སྟག་མཆོང་མཆོང་ངར་པོ་དང་ བོད་ནང་གནས་ཚུལ་ཛ་དྲག་ཆགས་སྐབས་ ཐབས་ཇུས་གང་ཡང་མེད་པའི་བཟོ་འདྲ་ དཔེ་ན་ མཁས་དབང་མཆན་འབྲི་མཁན་ ཅོ་རི་ཉི་མ་བཞིན་ བཀའ་ཟུར་ཟམ་གདོང་རིན་པོ་མཆོག་གི་ཐད་ལ་ མཆན་ཆར་པ་བབས་པ་བཞིན་གནང་གི་རེད་ དེང་སང་གོ་རྒྱུ་ཐོས་རྒྱུ་མིན་འདུག་ ཤི་གསོན་ བོར་བརླག་སོགས་ག་རི་བྱུང་ཡོད་ན་ ཡོད་ན་དོན་ཤོག་ སུས་གཅིག་གི་དགག་བྱ་གནང་གི་མ་རེད་ གལ་སྲིད་དགག་བཞག་གནང་མཁན་འདུག་ན་ གུས་པའི་རང་ལ་རྒྱ་སྐྱོར་ཞུ་ཆོག་ མཆན་འབྲི་མཁན་ཡོངས་ནས་ ངེས་པར་ཐུགས་ལ་འཇགས་དགོས་པ་ཞིག་ལ་ རྩ་བའི་དམངས་གཙོ་རེད་ག་རི་ཤོད་འདོད་ཡོད་ན་ ཤོད་ཆོག་གི་རེད་ རེད་དེ་ རྩ་དོན་ བོད་གངས་ཅན་པ་གཅིག་སྒྲིལ་ལ་འགན་འཁྱེར་ནས་ རྨང་གཞི་དེའི་ཐོག་ ཆོས་དང་ ཆབ་སྲིད་ སྲིད་དོན་ ཚན་རིག་ རིག་པའི་གཞུང་ལུགས་གཞི་བཞག་ཐོག་ནས་གནང་ཐུབ་ན་ རང་ལ་ཡོན་ཏན་ཡོད་པ་གོ་ཆད་པ་ འདི་ཕྱི་གཉིས་ཕན་རང་རེད་ རྒྱ་དེ་ལས་བརྒལ་ནས་གནང་ན་འདི་ཕྱི་གཉིས་ཕུང་ལ་མ་འདས་ཚོར་ གང་ལྟར་ཕྱོགས་སུ་མ་ལྷུང་བ་གནང་རྒྱུ་ཤིན་ཏུ་གལ་ཆེ་ རང་ཅག་བོད་མི་རིགས་ཀྱི་འཕྲལ་ཕུགས་རྒྱང་གསུམ་གྱི་ཁེ་ཕན་གཞི་བཅོལ་ན་ འདི་འདྲ་ཞིག་མཐོང་ འགྲིགས་འདུག་དང་ མིན་འདུག་ མཁྱེན་ལྡན་ཡོངས་ནས་དགོངས་དཔྱོད་གནང་རོགས་གནང་ གལ་སྲིད་ལམ་སྟོན་བཀའ་སློབ་བཀའ་སྐྱོན་སོགས་ན་ དལའ་བསུ་ཞུ་ གངས་ཅན་པ་ནས་སེམས་ཚོར་དྲག་པའི་ཐོག་ནས་བྲིས་པ་ཐལ་།།
ལུང་རྟོགས།
ཁྱེད་ཀྱིས་ཚིག་ངན་བྱེད་པ་དེ་སྐྲུག་ཤིང་མ་རེད་དམ། ཁྱེད་ལ་རེ་བ་དེ་ལས་ཅུང་དགའ་ཞིག་བཞག་པ་ཡིན། ཡིན་ན་ཡང་ད་ཁྱེད་ཡང་ངོ་དགའ་མཁན་དང་། བླུན་རྒན་ཡིན་པ་གོ་སོང་། མཐུན་གསུམ་ཕྱེ་བའི་སོག་ལེ་ཟམ་གདུང་རེད། ཁྱེད་རྗས་འབྲང་བ་ཡིན་རྒྱུ་རེད། ཁྱེད་ཀྱིས་ཟམ་གདུང་གི་མི་ལོ་བཅུའི་རིང་བྱ་ཉེས་དང་། བོད་གཞུང་གི་མིང་ཚུན་ཆད་རྩ་མེད་བཏང་བ་སོགས་ད་དུང་མ་ཤེས་པ་སམ། ཕྱི་འཇམ་ནང་རྩུབ་ཟེར་བ་དེ་ཟམ་གདུང་མིན་ན་སུ་རེད། ཁོའི་ཟོག་པོའི་རང་མཚང་ད་ཐང་ཡང་རྡོལ་སོང་བ་ལ་ཁྱེད་ཀྱིས་འབྲེལ་བཤད་ཐུབ་ན་བྱེད་རན་འདུག་ཡ།
དོན་འགྲུབ་བཀྲ་ཤིས་ལགས་ནས་སྐད་ཆ་གོ་རྒྱུ་ཡོད་པ་ཞིག་བཤད་འདུག། དེ་མིན་དྲ་འབུ་ཚོའི་སྐད་ཆ་ནི་དྲ་འབུའི་སྐད་ཆ་རང་རེད། རང་ཉིད་ཀྱི་འདོད་ཕྱོགས་ཙམ་ལས་གནས་ལུགས་ཡོད་པའི་སྐད་ཆ་བཤད་མཁན་མི་འདུག འདི་འདྲ་རེ་བཤད་ནས་སྡད་ན་དགྲ་དགའ་གཉེན་སྡུག་ཞེས་པ་དེ་ལས་ཅི་ཡོད། དྲ་འབུའི་སྐད་ཆ་ལ་ཆ་འཇོག་བྱེད་མཁན་མི་འདུག་ལ་ཁག་ཀྱང་མི་འདུག་སྙམས། ངོ་མ་ཡིན་རྒྱ་གཞུང་ལ་སྐྱོན་བརྗོད་ཞིག་བྱེད་དགོས་ན་ནི་དྲ་འབུ་ཚང་མའི་ཁ་ལ་སྒོ་ལྕགས་རྒྱབ་པ་ནང་བཞིན་ལྐུགས་པ་ཞེ་གཅིག་ཡིན། ནང་ཁུལ་ལ་སྐྲུག་ཤིང་རེ་བྱེད་དགོས་ན་ངག་གི་དངོས་གྲུབ་ཐོབ་སོང་བ་བཞིན་དུ། ཁ་ང་བདེ་དང་ཁོ་བདེ་མཆུ་ང་རྣོ་དང་ཁོ་རྣོ་ཡིན། ཕྱི་འཇམ་ནང་རྩུབ་གྲོད་པུ་མགོ མཐུན་གསུམ་ཕྱེ་བའི་སོག་ལེ་ཁ་ཞེས་པའི་བསྟོད་ཚིག་འདི་ཁྱོད་ཚོར་འབུལ་ན་འདོད། སྐྱག་འབུ་ཚོ།
ཟམ་གདོང་མ་རེད་ཟ་མདུང་། །ཁྲི་ཟུར་མ་རེད་ཁྲེལ་ཟུར་རེད། །དགྲ་བོའི་ཟ་མ་ཟོས་པའི་ཟ་མདུང་རེད། །དགྲ་ལ་ངོ་དགའ་ལྟ་བའི་ཁྲེལ་མེད་རེད། །སྐུ་ཚབས་མ་རེད་སྐུ་ཞབས་འདྲེན་མཁན་རེད། །
འགའ་རེས་ངོ་དགའ་སྤྲེལ་ལེ་ཁྲབ་ལ་ལྟོས། །སྐྱག་ལུད་ཐལ་བས་བཀབས་པའི་ཚུལ་ལ་ལྟོས། །བོད་མི་མགོ་སྐོར་གཏོང་བས་བྱ་ལ་ལྟོས། །གསལ་གསལ་ཅི་ཞི་བཟོ་བར་ལྟ་རྒྱུ་ཡིན། །
བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་དང་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག དེ་བཞིན། མཚོ་སྣ་རིན་པོ་ཆེ་མཆོག་གསུམ་ཐེངས་འདིར་ལྷོ་ཀོ་རི་ཡར་ཕེབས་ཡོད་པ་དངོས་ཡོད་རེད། ཡིན་ནའང་ང་ཚོ་མགོ་ཉོག་ཐེབས་ས་དེ། ཁོང་ཅག་ཐེངས་འདིར་ཆེད་དུ་འཛམ་གླིང་ནང་པའི་ཚོགས་ཆེན་སྟེང་ཕེབས་པ་རེད་དམ་མ་རེད། གལ་སྲིད་ཡིན་ན་ཟམ་གདོང་རིན་པོ་ཆེ་ཅིའི་ཕྱིར་ཚོགས་འདིའི་ནང་མ་ཕེབས་པ་རེད། འདི་རེད།
ངས་ཚོད་དཔག་ཙམ་བྱས་ན། ཐེངས་འདིར་ཁོང་རྣམ་པ་འཛམ་གླིང་ནང་པའི་ཚོགས་ཆེན་ཐོག་ཆེད་དུ་ཕེབས་པ་གཅིག་མཚུངས་ཡིན་རྒྱུ་རེད། ཕར་ཕེབས་རྗེས་རྒྱ་ནག་གི་སྐུ་ཚབ་ཚོས་རྙོག་དྲ་བཟོས་པའི་དབང་གིས་ཚོགས་ཆེན་གོ་སྒྲིག་གནང་མཁན་ཚོས་བོད་མིའི་སྐུ་ཚབ་རྣམ་པ་ཚོགས་འདུར་མི་ཞུགས་རྒྱུའི་འབོད་སྐུལ་ཡང་ཡང་ཞུས་སྟབས། རིན་པོ་ཆེ་མཆོག་ནམ་རྒྱུན་རང་གཤིས་ཀྱི་ཐོག་ནས་ཀྱང་གནས་ཚུལ་གང་ལ་ཐུག་ཀྱང་ཧང་སང་མདོག་མི་གནང་མཁན་ཞིག་དང་། དོན་དག་ཆེ་ཆུང་གང་ཡིན་རུང་ཨུ་ནན་གྱིས་གནས་སྐབས་ཀྱི་རྒྱལ་ཁ་རྩོད་མཁན་ཞིག་མིན་སྟབས། ཐེངས་འདིར་ཡང་འཛམ་གླིང་ཞི་བདེ་ལ་སྨན་པའི་ནང་པའི་ཚོགས་ཆེན་ལམ་ལྷོངས་ཡོང་ཆེད་ཕྱིར་འཐེན་དང་ལེན་གནང་བ་ཞིག་མིན་ནམ་སྙམ།
ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་ཆགས་ཡོད་དུས། སྤྱིར་ཐེངས་འདིར་ཆོས་ཕྱོགས་ཀྱི་ཚོགས་འདུ་ཞིག་ཡིན་ཡང་། རྒྱལ་ཁབ་མང་པོ་ཞིག་གི་སྐུ་ཚབ་ཡོད་པ་དང་གསར་འགོད་པ་དང་ཁོར་ཡུག་གི་ཐད་ནས་ཆབ་སྲིད་ཀྱི་ཚོར་བ་ཤིན་ཏུ་རྣོ་བ། རྒྱ་ནག་གི་སྐུ་ཚབ་ཚོས་ཆབ་སྲིད་ཀྱི་ངོ་བོར་བསྒྱུར་ཐབས་བྱས་ཏེ་རྣམ་འགྱུར་མི་ལེགས་པ་བསྟན་ཡོང་སྐབས། ཚུར་ཕྱོགས་ནས་ཀྱང་དེ་ལ་འབབ་པའི་ཆབ་སྲིད་ཀྱི་བརྡ་ལན་ཞིག་སྟོན་རྒྱུ་གནད་འགག་ཡིན་སྟབས། པདྨ་ཆོས་འབྱོར་མཆོ་གིས་གོ་སྒྲིག་པ་ཚོའི་རེ་སྐུལ་ངོས་བཞེས་མ་གནང་བར་ཨུ་ཚུགས་མཐར་སྐྱེལ་གྱིས་ཚོགས་འདུའི་ནང་ཕེབས་པ་ཞིག་ཡིན་སྲིད།
གང་ཡིན་ཞེ་ན། ད་ཐེངས་འདི་ཕྱོགས་ནས་ཕེབས་པའི་སྐུ་ཚབ་རྣམ་པ་གསུམ་གྱི་ངོ་ཚབ་མཚོན་སྟངས་མ་འདྲ་བ་ཆགས་ཡོད། བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་ནི་དགའ་ལྡན་ཕོ་བྲང་གི་སློབ་སྟོན་པ་དང་༧གོང་ས་ཏཱ་ལའི་བླ་མའི་སྐུ་ཚབ་ཡིན་ལ། པདྨ་ཆོས་འབྱོར་མཆོག་ནི་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་གཞུང་འབྲེལ་སྐུ་ཚབ་ཆོས་རིག་བཀའ་བློན་རེད། དེ་བཞིན། མཚོ་སྣ་རིན་པོ་ཆེ་མཆོག་ནི་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ནང་བསྟན་ཤེས་ཡོན་ལྷན་ཚོགས་ཀྱི་ཆེད་བཏང་སྐུ་ཚབ་ཆགས་ཡོད། ཡིན་ནའང་ཁ་སང་པདྨ་ཆོས་འབྱོར་མཆོག་གི་བཀའ་མོལ་གནང་སྟངས་ལ་ཉན་ན་འདིའི་བར་དུ་འགལ་བ་ཕྲན་བུ་ཞིག་ཀྱང་མེད་དམ་སྙམ།
གསར་འགྱུར་བརྒྱུད་ལམ་ཁག་གིས་༧གོང་ས་མཆོག་གི་སྐུ་ཚབ་ཟམ་གདོང་རིན་པོ་ཆེ་ཐེངས་འདིའི་ནང་པའི་ཚོགས་ཆེན་སྟེང་ཞུགས་ཏེ། རྒྱ་ནག་གི་སྐུ་ཚབ་ཚོ་ཚོགས་འདུ་ནས་ཐོན་ཏེ་ཕྱིར་རྒྱ་ནག་ལ་ལོག་པ་རེད་ཟེར་བ་དེ། རིན་པོ་ཆེ་ཚོགས་འདུར་ཞུགས་ཡོད་མེད་ལ་མ་ལྟོས་པར། བཙན་བྱོལ་བོད་མིའི་སྐུ་ཚབ་ཚོགས་འདུའི་ནང་ཕེབས་ཏེ་རྒྱ་ནག་གི་སྐུ་ཚབ་ཐོན་ཕྱིན་པ་དང་། ཟམ་གདོང་རིན་པོ་ཆེ་མཆོག་གིས་གསར་ལམ་ཁག་ཏུ་བཀའ་མོལ་གནང་བ་བཅས་ལ་བརྟེན་ཏེ། རྒྱ་ཕྱོགས་ནས་ཕམ་ཁ་ཉོས་པའི་ལྟ་འདྲ་བོ་ཡོད་སྟབས། འདི་ཕྱོགས་ནས་ཕེབས་པའི་སྐུ་ཚབ་རེ་རེའི་ངོ་ཚབ་བྱེ་བྲག་གིས་མ་གླེང་བའམ་མ་ཤེས་པར་སྤྱི་རྡོག་གིས་གནས་ཚུལ་དེ་ལྟར་གྱར་བ་མིན་འགྲོ་སྙམ།
འདི་དག་ངའི་རྣམ་རྟོག་དང་འོལ་ཚོད་ལྟར་ཐལ་བ་ལས་ཁུངས་ལུང་ཅི་གང་མེད།
“ཐེངས་འདིའི་ཚོགས་ཆེན་སྟེང་གི་རྒྱལ་ཁབ་ ༤༩ ཡོད་པ་ལས། ཧོང་ཀོང་དང་སིང་གྷ་པོར། ཐེ་ལན་ཌི་གསུམ་མ་གཏོགས། གཞན་པའི་སྐུ་ཚབ་ཚང་མས་བོད་མིར་རྒྱབ་སྐྱོར་གནང་ཡོད་”ཞེས་པ་དེ་ལ་ཆོས་རིག་བཀའ་བློན་མཆོག་ནས་རྒྱལ་ཁབ་དེ་གསུམ་པོས་རྒྱུ་མཚན་གང་དག་གི་མགོ་ནས་བོད་མིར་རྒྱབ་སྐྱོར་མི་བྱས་པ་རྣམས་གསལ་པོ་ཞིག་བསུང་ན་ སླད་རྒྱལ་ཁབ་དེ་གསུམ་པོའི་ཆོས་གྲོགས་རྣམས་ལ་རྒྱ་བོད་ཆོས་འབྲེལ་ཀྱི་བསྐོར་ལ་གསལ་བཤད་བྱ་བར་ཕན་ཐོགས་སྙམ།
དགའ་ཕོ་བྲང་གིས་ད་སྔ་བར་དུ་རྒྱ་མི་ལ་ངོ་དགའ་སྤྲེལ་ལད་འཁྲབ་ཏེ་བསྡད་པ་རེད། ད་ཐེངས་ཡང་རྒྱ་ལ་ཕོག་ཐུག་མི་འགྲོ་ཆེད་ཟམ་གདོང་ཚོགས་ཞུགས་བྱེད་རྒྱུ་ཕྱིར་འཐེན་བྱས་པ་ཡིན་གྱི་རེད།
བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱས་ངོས་ནས། ཕྱི་ཟླ་ ༦ ཚེས་ ༡༣ ཉིན་སྤེལ་བའི་གནས་ཚུལ་ནང་བཀོད། “བོད་མིའི་སྐུ་ཚབ་གསུམ་པོ་མུ་མཏུད་ལྷན་ཚོགས་སུ་ལྷན་ཞུགས་གནང་་་་” དང་ ” སྐབས་དེར་༸གོང་ས་མཆོག་གི་སྐུ་ཚབ་ཞུས་ཏེ་བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག་ཀྱང་ལྷན་ཞུགས་གནང་ཡོད།” ཞེས་པ་འདིར་གསལ་བཤད་ག་རེ་གནང་རྩིས་ཡོད་དམ། དེ་བཞིན། གནས་ཚུལ་དེ་ལྷན་དུ་སྦྱར་ཡོད་པའི་ཟམ་གདོང་རིན་པོ་ཆེའི་སྐུ་པར་དེའི་ཡོང་ཁུངས་ལ་གསལ་བཤད་ག་རེད་གནང་གི་ཡིན་ནམ། མི་ཤེས་མ་མཐོང་ཁལ་བྱས་འདུག་རྩིས་ཡིན་ནམ། རྒྱ་ཆེའི་ཀློག་པ་པོ་དང་མི་མང་སྣང་མེད་དུ་བཏང་སྟེ་ཁུ་སིམ་མེར་བསུབ་རྩིས་ཡིན། འུ་ཅག་བོད་པ་ཙམ་མིན་པར་ངན་སེམས་ཟུར་མིག་ཅན་དག་གིས་ཀྱང་གཅེར་ནས་ཡོད་སྟབས། ལུགས་དང་མཐུན་པ་ཕྱི་གསལ་ནང་གསལ་ཞིག་དང་། རྒྱལ་སྤྱིའི་གསར་ལམ་ཚད་ལྡན་ཁག་གི་འགྲོ་ལུགས་ལྟར། ནོར་ན་ནོར་བ་ངེས་ལེན་གྱིས་ཡོངས་ཁྱབ་གསལ་བཤད་གནང་དགོས་པར་བསམ། དེ་མ་གཏོགས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱའི་རྫུན་ལབ་གི་རེད་ཅེས་མ་འོངས་པར་ཆ་འཇོག་མེད་པའི་སྣང་བརྙན་བཟོ་སྲིད་པ་རེད།
ཁྱད་མཚར་དོགས་སློང་འགའ།
༡༽་ཟམ་གདོང་བླ་མ་ཕེབས་སྔོན་ལ་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱའི་ནང་ཟམ་གདོང་བླ་མ་༸གོང་ས་མཆོག་གི་སྐུ་ཚབ་གནང་སྟེ་ཕེབས་ཡིན་སྐོར་ས་བསྒྲགས་གནམ་བསྒྲགས་བྱས་སོང་། གནས་ཚུལ་འདིའི་འབྱུང་ཁུངས་ཆུ་མགོ་གང་ནས་ཡོང་བ་ཡིན་ནམ།
༢༽ ཟམ་གདོང་བླ་མ་ཚོགས་འདུར་མ་བཞུགས་པར་ཕྱི་ལོག་ནས་ཡར་འཁྱམ་མར་འཁྱམ་གྱི་ཐུགས་བཀོད་འཆར་གཞི་འདི་སྐུ་སྒེར་ཚང་ལ་དགོངས་ཁྲོལ་ཞུས་ཡོད་དམ།
༣༽ ཟམ་གདོང་བླ་མ་ཚོགས་རའི་ཕྱི་ལོག་ནས་མི་སྣ་སུ་དག་དང་སློབ་གྲྭ་གང་དག་ཏུ་ཕྱིན་ཡོད་དམ། གཏམ་བཤད་ཅི་ཞིག་གནང་ཡོད་དམ།
༤༽ ཟམ་གདོང་བླ་མ་ཚོགས་འདུར་མ་བཞུགས་ཀྱང་། ཚོགས་ཁང་སྒོ་འགྲམ་ལོས་ཡིན་བསམ་ས་ཞིག་ནས་སྐེ་ལ་ཚོགས་ཞུགས་པའི་དཔང་ཡིག་ལོས་ཡིན་བསམ་བྱེད་ཅིག་སྐོན་ནས་བླངས་པའི་པར་དེ། ཐོག་མ་སྔ་བ་ཡིས་བོད་གཞུང་དྲ་རྒྱར་མཁོ་འདོན་གནང་མཁན་དེ་སུ་ཡིན་ནམ།
༥༽ བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་ལས་ཁུངས་དང་ཆོས་རིག་བཀའ་བློན་བཅས་ཀྱིས། ཟམ་གདོང་བླ་མ་ངོ་བོ་ག་འདྲ་ཞིག་གི་སྒང་ནས་ཕེབས་མིན་མི་ཤེས་ཅེས་བརྗོད་དེ། ཟམ་གདོང་བླ་མའི་ཐད་ནས་གསལ་བཤད་ཞུ་སྤོབས་གནང་གི་མེད་པ་དེ་ཅི་ཡིན་ནམ།
༦༽ཟམ་གདོང་བླ་མ་ཕྱིར་ཕེབས་རྗེས། ཐེངས་འདིའི་ཁོང་རང་ཚོགས་བཞུགས་མ་བྱས་པའི་ཐད་རྒྱ་ཆེའི་བོད་རིགས་མང་ཚོགས་ལ་གསལ་བཤད་ཅིག་གནང་སྲིད་དམ།
ད་དུང་དོགས་སློང་མང་སྟེ། གནས་སྐབས་འབྲེལ་ཡོད་དེ་ཙམ་བྱོས།
ད་དུང་བོད་རིགས་བླུན་དད་མཁན་ཚོས་ཟམ་གདོང་མགོ་དཀར་བླ་མ་རྫུན་མ་དང་། བོད་ཀྱི་ཆབ་སྲིད་པ་རྫུན་མ་ཡིན་པ་ཧ་གོ་གི་མི་འདུག་ཀ
མགོ་ཟིར་རྣག་གི་ཟོས་རུང་། ད་དུང་དྲི་མ་མི་གོ་ཟེར་བ་དེ་བྱུང་མི་འདུག་གམ།
༧ གོང་ས་མཆོག་གི་སྐུ་ཚབས་རེད་ཟེར་ནས་འཛམ་གླིང་བསྒྲགས། བསྒྲག་ནས། ད་དུང་ཚོགས་འདུ་ལ་མི་ཞུགས་པ་ལ་ལྟོས་དང་། བླུན་རྒན་ཚོས་ད་དུང་དོན་མི་ཤེས་ནི་ཨེ་རེད།
ཨ་ཤུ་རེ་གོ་ཡི་ན། །
ཡ་ད་ཡང་བླ་རྒན་མགོ་དཀར་གྱིས་ཞབས་འདྲེན་གཅིག་བྱས་འདུག རྒྱ་ནག་ལ་སྤྲེལ་ལད་ཅིག་འཁྲབ་ཡོད་ས་རེད། ད་དུང་སྒུག་དང་དེས་ཉིན་གཅིག་ཡ་མཚན་མངོན་བྱུང་ཞིག་བཟོ་ཉེན་འདུག བོད་རིགས་ནང་དམེ་སྦྱོར་ལ་མཁས། །བོད་གཞུང་དགའ་ལྡན་ཕོ་བྲང་ཞེས། །མི་ལོ་སུམ་བརྒྱ་དྲུག་ཅུ་སྐོར། །ཆོལ་གསུམ་མིག་ངོས་མ་འབྱེད་དམ། །དེ་ནི་ནང་དམེའི་རྒྱལ་ཕམ་རེད། །སྐབས་བབས་མི་དགོས་རྙིང་རུལ་དེ། །ཟམ་གདོང་ཕུགས་མདའ་གཞི་མ་རེད། །༧སྐྱབས་མགོན་བླ་མའི་སྐུ་ཚབ་དེས། །ཉིན་གཅིག་ཞབས་འདྲེན་བྱེད་ངེས་འདུག །ཕར་རྒོལ་མེད་པའི་ནང་རྒོལ་ཞིག །བླ་རྒན་མགོ་དཀར་ཇུས་ངན་སྟོན། །དམར་པོ་རྒྱ་ལ་འཛུན་དཀར་ཡོད། །བླ་རྒན་མགོ་དཀར་མི་རབས་ནས་མི་རབས་ནང་དམེ་མི་སྦྱོར་བའི་རེ་བསྐུལ་སྙིང་ནས་ཡོད།
ཉེ་འཆར་ཀོ་རི་ཡར་ཚོགས་པའི་འཛམ་གླིང་ནང་པའི་ཚོགས་ཆེན་སྟེང་རྒྱ་ཚབ་ཀྱིས་བོད་ཚབ་ཕྱིར་འབུད་ཡོང་ཐབས་བྱས་ཀྱང་དོན་འབྲས་མ་སྨིན་པར་ཁོ་ཚོ་རང་ཉིད་ཕྱིར་ཤོལ་བྱས་པར། ཟམ་གདོང་བླ་མས་ནུས་རབས་དང་འཇོན་རབས་ལུང་པ་གང་བཤད་སོང་། ད་རེས་བོད་ཚབ་ངོ་མས་གསལ་བཤད་གནང་འདུག་པར་ཡང་མི་ལ་ལས་ཆོས་ལུགས་ཚོགས་ཆེན་དེ་གྲྭ་སའི་རྩོད་ར་ཚོགས་པ་འདྲ་ཞིག། བོད་ཚབ་ངོ་མ་ཆོས་རིགས་བཀའ་བློན་མཆོག་ནང་ཆོས་ཀྱི་གོ་རྟོག་མེད་རབས་དང་རྒྱ་ཚབ་ཟམ་གདོང་བླ་མར་མ་གཏོག་ཆོས་དོན་བཀའ་བློན་ལ་མི་སྐྲག་རབས་དང་ཚོགས་ཆེན་སྟེང་ཆོས་བཤད་མ་བྱས་པར་ཆབ་སྲིད་ཀྱི་རྙོག་དྲ་བཟོས་རབས་བཤད་པ་ནི་ཅི་འདྲའི་ཡ་མཚན་མ་རེད་པས། མ་གཞི་ནས་ད་རེས་ཀོ་རི་ཡར་ཚོགས་པའི་འཛམ་གླིང་ནང་པའི་ཚོགས་ཆེན་དེ་ནང་བསྟན་ཆོས་ལུགས་ཚོགས་འདུ་རེད་པས་ཡང་ན། ནང་བསྟན་ཆོས་ལུགས་ཕན་ཚུན་རྩོད་ར་ཚུགས་པ་རེད། ཚོགས་འདུ་ཡིན་ན་ཆོས་དོན་བཀའ་བློན་མཆོག་ཕེབས་འགྲིག་པ་རེད་ལ་བོད་ནང་ཆོས་དད་རང་དབང་མེད་པ་དང་བོད་བརྒྱུད་ནང་བསྟན་དར་རྒུད་ཐད་ལེགས་སྤེལ་ཉེས་འགོག་བཤད་ཐུབ་དགོས་པ་རེད། རྩོད་ར་ཚོགས་ཡིན་ན་ཆོས་དོན་བཀའ་བློན་མཆོག་འོས་མཚམས་མ་རེད་ལ་ཟམ་གདོང་བླ་མ་འོས་མཚམས་རེད། དེ་གནད་དོན་གཅིག་ཡིན། གཉིས་པ་དེ་བཙན་བྱོལ་སྒྲིག་འཛུགས་གཞུང་གིས་བོད་བརྒྱུད་ནང་བསྟན་གྱི་ཆོས་རིགས་བཀའ་བློན་དུ་བརྐོ་བཞག་གནང་ཚར་བའི་གཞུང་འབྲེལ་མི་སྣ་ཞིག་ཡིན་ཙང་ཟམ་གདོང་བླ་མ་སྒེར་གྱི་ཚོགས་འདུར་བཞུགས་པ་དང་རྩ་བ་ནས་འདྲ་གི་མ་རེད། གལ་སྟེ་ ༧སྐུ་འདུན་གྱི་སྐུ་ཚབ་ཡིན་ན་ཚོགས་ཆེན་ལ་མི་བཞུགས་པ་ཅི་ཡིན་ནམ། བོད་ཚབ་ངོ་མ་དང་འབྲེལ་བ་མེད་པ་ཅི་རེད། མ་གཞི་བོད་པ་ཚང་འདི་ཚོ་དངོས་ཡོད་ཀྱི་གནས་ཚུལ་ལ་མི་བལྟ་བར་དད་པ་དང་ཡིད་ཆེས་ཙམ་གྱི་རྗེས་སུ་འབྲངས་ནས་འུར་བསྟོད་བྱེད་རྒྱུར་དགའ་བའི་མི་རིགས་ཞིག་ཅིས་མིན།
འདི་ཡང་ང་ཚོའི་མཐོ་རིམ་མི་སྣའི་ནང་ཁུལ་གྱི་འཐབ་རྩོད་ཅིག་རེད། གཟབ་གཟབ་བྱས་ན་མ་གཏོགས་འདི་ཚོའི་ནང་དུ་ལྷུང་སོང་ན་ཕྱིར་འབུད་ཐབས་ཧ་ཅང་དཀའ།
འཛམ་གླིང་ནང་བསྟན་པའི་མཛའ་མཐུན་ཚོགས་པས་བཙན་བྱོལ་བོད་གཞུང་གི་འཐུས་ཚབ་གདན་དྲངས་པར་བརྟེན་ཀྲུང་གོ་ཚོགས་འདུ་ལས་ཕྱིར་བུད་ནས་རྒོལ་བ་བྱས་པ།
སྤེལ་དུས། 2012-06-15 ཡོང་ཁུངས། རྒྱལ་ཁམས་བསྐོར་བའི་ཚགས་པར། རྩོམ་སྒྲིག་པ། པད་མས་བསྒྱུར།
ལྷོ་ཁོ་རེ་ཡའི་སྨྱན་སྦྱོར་ཁག་གིས་སྤེལ་བའི་གནས་ཚུལ་ལྟར་ན། འཛམ་གླིང་ནང་བསྟན་པའི་མཛའ་མཐུན་ཚོགས་པའི་ལྷོ་ཁོ་རེ་ཡའི་ཚོགས་འདུས་བཙན་བྱོལ་བོད་གཞུང་གི་འཐུས་ཚབ་ཚོགས་འདུ་དེར་གདན་དྲངས་པར་བརྟེན། ཀྲུང་གོ་ནས་ཚོགས་འདུ་དེར་ཡོང་བའི་འཐུས་ཚབ་ཚོགས་པ་ཚོགས་འདུ་ལས་ཕྱིར་བུད་ནས་བཙན་བྱོལ་བོད་གཞུང་གི་འཐུས་ཚབ་གདན་དྲངས་པར་རྒོལ་བ་བྱས་འདུག
ཚོགས་འདུ་དེ་གཙོ་སྐྱོང་གནང་མཁན་གྱི་ལྷོ་ཁོ་རེ་ཡའི་ཆོས་ལུགས་ཚོགས་པས་ཚེས་༡༤ཉིན་དེའི་སྐོར་ལ་འདི་སྐད། ཀྲུང་གོའི་འཐུས་ཚབ་ཚོགས་པས་འཛམ་གླིང་ནང་བསྟན་པའི་མཛའ་མཐུན་ཚོགས་པའི་ཚོགས་མིར་གྱུར་བའི་བཙན་བྱོལ་བོད་གཞུང་ཚོགས་འདུ་ལ་ཞུགས་སུ་མི་འཇུག་པ་ནི་ནང་བའི་དགོངས་པ་དང་འགལ་བ་མ་ཟད། ང་ཚོས་མཉམ་གཅིག་ཏུ་འཚོལ་སྙེག་བྱེད་བཞིན་པའི་རིན་ཐང་གི་ལྟ་བ་དང་ཡང་འགལ་བས་དེ་མི་ཞུགས་རང་ཞུགས་ཡིན་ཞེས་དང་། ཀྲུང་གོའི་ནང་བསྟན་པས་དོན་འདིའི་ཐད་ཚོགས་པ་དེར་དགོངས་དག་ཞུ་དགོས་པ་མ་ཟད། རྗེས་ཕྱོགས་དོན་འདི་རིགས་མི་འབྱུང་བ་བྱ་དགོས་ཞེས་བརྗོད་ཡོད་པ་རེད།
ཤེས་རྟོགས་བྱུང་བ་ལྟར་ན། འཛམ་གླིང་ནང་བསྟན་པའི་མཛའ་མཐུན་ཚོགས་པ་ནི་༡༩༥༠ལོར་དབུ་བརྙེས་ཤིང་། སྤྱི་ཁྱབ་ལྟེ་གནས་ཐེ་གོའི་གྲོང་ཁྱེར་པང་ཁོག་ཏུ་ཡོད་པ་དང་། ཚོགས་པ་དེའི་དམིགས་ཡུལ་ནི་འཛམ་གླིང་ཡོངས་ཀྱི་ནང་བའི་མཐུན་སྒྲིལ་དང་། ནང་བསྟན་ལ་ཞིབ་འཇུག ཆོས་ཀྱི་བསླབ་བྱ་དར་སྤེལ་བཅས་ལ་བརྟེན་ནས་འཛམ་གླིང་ཞི་བདེ་དང་། མིའི་རིགས་ཀྱི་འཆམ་མཐུན་མཉམ་གནས། མིའི་རིགས་ཀྱི་བདེ་བ་བཅས་ལ་སྐུལ་འདེད་གཏོང་རྒྱུ་དེ་ཡིན་ཞིང་། ཚོགས་མི་རྒྱལ་ཁབ་༤༠ཙམ་ནས་ཡོང་ཞིང་། འཛམ་གླིང་གང་སར་ཡན་ལག་ཁང་༡༠༠ཙམ་ཡོད་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རྩལ་རིག་གནས་རྩ་འཛུགས་ཀྱིས་ཁས་ལེན་གནང་བའི་ཚོགས་པ་ཞིག་རེད།
བོད་གཞུང་དྲ་རྒྱའི་ཐོག་འདི་ལྟར་༼༢༠༡༢ ཟླ་ ༦ ཚེས་ ༡༡ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༦ ཚེས་ ༡༡ ཉིན་བཀའ་བློན་ཁྲི་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་ལྷོ་ཀོ་རི་ཡའི་རྒྱལ་ས་སི་ཡོལ་གྱི་ལྷོ་ངོས་སུ་ཆགས་པའི་ཡོ་སོའི་ (Yeosu) གྲོང་ཁྱེར་ནང་རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་ (World Fellowship of Buddhists conference) ཞེས་པ་དེར་ལྷན་ཞུགས་གནང་ཡོད། ལྷན་ཚོགས་དེ་བཞིན་ཕྱི་ཚེས་ ༡༡ ནས་ ༡༥ བར་འཚོགས་རྒྱུ་དང་། སྐབས་དེར་རྒྱ་ནག་སྐམ་ས་ནས་ཀྱང་ནང་པའི་འཐུས་མི་ ༡༦ ཙམ་སླེབས་ཡོད། དེ་བཞིན་ཟམ་གདོང་རིན་པོ་ཆེ་མཆོག་གིས་ནང་པའི་འཐུས་མི་མང་དག་ཅིག་དང་མཇལ་འཕྲད་གནང་རྒྱུ་ཡིན་འདུག ལྷན་ཚོགས་སྐབས་རྒྱལ་ཁབ་ ༣༠ ཙམ་ནས་ནང་པའི་དབུ་ཁྲིད་ ༤༠༠ ཙམ་ལྷན་འཛོམས་གནང་ཡོད་༽ བཀོད་པ་དེར་བོད་གཞུང་ནས་གསལ་བཤད་འདྲ་ཡོད་དམ།
ཨ་ཡ་མཚན་ད་ཡིན་ན་ངོ་ཅི་ཞིག་ཡིན། དེ་སྔོན་bbcསོགས་ཕྱི་རྒྱལ་གསར་འགྱུར་ཁག་གི་ནང་ཟམ་གདོང་རིན་པོ་ཆེ་སྐུ་མདུན་སྐུ་ཚབ་ཞུས་ཏེ་འཕེབས་ཡོད་སྐོར་སོགས་བཀོད་པ་ལས་དཔལ་མ་ཆོས་འབྱོར་ཕྱིན་ཡོད་སྐོར་གང་ཡང་ཐོན་མེད། རྒྱ་གཞུང་གི་སྐུ་ཚབ་རྣམས་ཆོས་རིགས་ཐད་ཟམ་གདོང་རིན་པོ་ཆེར་སྐྲགས་ན་མ་ཏོགས་དཔལ་མ་ཆོས་འབྱོར་ལ་རྩ་བ་ནས་སྐྲགས་མི་སྲིད་པད་མ་ཆོས་འབྱོར་ནི་ནང་ཆོས་ཐད་གང་ཡང་མི་ཤེས་མཁན་ཞིག་ཡིན་པས་རྒྱལ་སྤྱིའི་ནང་པའི་ཚོགས་ཆེན་ཐོག་དཔུང་ངོམས་སུ་ཕྱིན་པ་ཞིག་ནམ་ཡང་ན་རང་སོན་སྒྲུབ་ཏུ་ཕྱིན་པ་ཞིག་ཡིན།
རྒྱ་ཆེའི་མང་ཚོགས།
བསམ་བློ་གསལ་བོ་ཞིག་ཐོང་ཏ། ཟམ་གདོང་གི་ད་བར་དུ་རྒྱ་ནག་ལ་ངོ་དགའ་བལྟས་པ་རྣམས་ཁོ་རང་མི་རྒེར་གྱི་ཁེ་ཕན་ཡིན་པ་ར་འཕྲོད་བྱུང་བ་རེད། མ་ཟད་རྒྱ་གཞུང་ལ་རང་གི་རྒྱལ་ཁབ་བཙོང་གི་ཡོད་པ་ཤེས་མ་སོང་ངམ། ཁོ་ཁ་སྔོན་དོན་བཙུགས་ནས་༧གོང་ས་མཆོག་གི་སྐུ་ཚབ་བྱས་ནས་སོང་བ་ཡིན་མོད། རྒྱ་མི་མ་དགའ་བརཧ་གོ་མ་ཐག་ཁོ་ཧོབ་དེ་མེད་སོང་། ཨེ་ཤེས་གི ད་དུང་བླུན་དད་བྱེད་ཡིན་ནམ།
རྒད་པོ་འདིས་ཁ་སང་ནས་ཟམ་གདོང་རིན་པོ་ཆེ་སོང་ནས་མ་རེད། ང་སོང་ནས་རྒྱ་མིའི་སྐུ་ཚབ་ཕྱིར་འཐེན་བྱས་སོང་ཞེས་སྐད་རྒྱབ་བསྡད་འདུག འོ་ན། ཁྱེད་རང་དང་པོ་མི་འགྲོ་བར་རིན་པོ་ཆེ་ཚོགས་ཆེན་ཐོག་ཕེབས་པ་ཧ་གོ་ནས་ཚོགས་འདུ་ཚོགས་རྒྱུར་ཉིན་གཅིག་ལས་མེད་དུས་ཐོན་དགོས་དོན་ག་རེ་ཡིན་ནམ། མ་གཞི་ནས་རྒད་པོ་ཁྱེད་རང་ཚོགས་ཆེན་དེར་སོང་ཀྱང་བཤད་རྒྱུ་ཞིག་ཨ་ཡོད། འཕྲོ་བརླག་མ་རེད་དམ། དེ་ལས་ཆོས་ཤེས་མཁན་དང་རྒྱ་ནག་གི་ཆོས་ལུགས་སྲིད་བྱུས་ཤེས་མཁན་ཞིག་བྱུང་ན་ད་ཐེངས་འཛམ་གླིང་ཐོག་བོད་ནང་གི་ཆོས་ལུགས་ཀྱི་གནས་བབ་གསལ་བོ་ཆགས་ཡོད་མོད། ཁྱེད་ནས་དེ་འཇོན་མེད་པ་ཀོ་རི་ཡའི་གསར་འགྱུར་བརྒྱུད་ལམ་ཁག་ལ་བལྟས་ཀྱང་གསལ་བོ་རེད། ཁྱེད་ཆེད་དུ་ཆབ་སྲིད་ཀྱི་ཉོག་དྲ་འདྲ་བོ་བཟོ་རུ་སོང་བ་ལྟར། བཤད་རྒྱུ་ཆོས་དང་ཆོས་ཀྱི་གནས་བབ་མི་བཤད་པར། རྒྱ་ནག་གི་སྐུ་ཚབ་ཚོར་ལན་ཞིག་རྒྱབ་བསྡད་ན་ཏག་ཏག་ཆགས་ཡོད་པ་མ་རེད། སོ་སོར་རྒྱལ་ཁ་ཡོད་དུས་གསལ་བཤད་གནང་བསྡད་དགོ་མ་རེད།།
འོ་ན་ཁེ་སྔོན་གྱི་གསར་འགྱུར་ནང་གི་པར་དེ་དག་ག་རེ་རེད། ཁྱད་འཚར།
ད་དུང་ཚོགས་པ་དེས་རྒྱ་ནག་གིས་རྙིག་དྲ་བཟོས་པར། རྒྱ་ནག་ཕྱོགས་ཀྱིས་ཚོགས་པ་དེར་དགོངས་དག་ཞུ་དགོས་ཅེས་བཤད་འདུག དྲ་གནས་འདི་ལ་ལྟོས་དང་།
http://tb.tibet.cn/2010news/xzxw/zzzj/201206/t20120615_1752863.html
རྣམ་པ་ཚོས་ང་ཚོའི་གནས་བབ་ངེས་པར་མཁྱེན་པ་གནང་དགོས། རང་ལ་དབང་བའི་ས་སྦར་མཐིལ་ཙམ་མེད་པའི་སྒྲིག་འཛུགས་ཤིག་གི་སྐུ་ཚབ་རྒྱལ་སྤྱིའི་ཚོགས་འདུར་ཞུགས་ཐུབ་པ་དེ་རང་གཟི་བརྗིད་རེད།
སྐུ་ཚབ་བཀའ་ཟུར་ཟམ་གདོང་རིན་པོ་ཆེ་ནང་པའི་ཚོགས་ཆེན་ཐོག་འཚོག་བཅར་ཐུབ་ཡོད་ན་བོད་བརྒྱུད་ནང་བསྟན་ཕྱོགས་ནས་བཀའ་སློབ་ཡག་པོ་གནང་ཐུབ་ཡོད་པ་རེད།
དེའི་ཁ་སྔོན་ནས་མཆན་ཞིག་བཏབ་ཡོད་ལ། ཆོས་རིག་བཀའ་བློན་ནི་ཆོས་ཕྱོགས་ཐོག་གང་ཡང་ཤེས་མཁན་མིན་པས་ག་རེའི་ཆེད་འགྲོ་དགོས་བྱུང་ཡོད་མི་ཤེས་རུང། དེ་ལས་ཟམ་གདོང་མཆོག་ནས་གཅིག་ལྕོག་གནང་ཡོད་ཚེ་ཚོགས་འདུའི་དགོས་དོན་དང་འཚམས་ལ་གཞུང་འགྲོ་འགྲོན་ལ་ཡང་ཕན་ངེས་བྱུང་ཡོད་ཤག ཆོས་རིག་བཀའ་བློན་གྱི་གང་འཇོན་མིན་ནི་དེ་སྔོན་ནས་ལོ་རྒྱུས་ཤེས་རྟོགས་ཐུབ་ངེས།
ཨོ་ཧོ་ཧོ་་་་་་་ད་ངོ་མ་ཟམ་གདོང་རིན་པོ་ཆེ་ག་རེ་གནང་པ་རེད། སྐུ་མདུན་གྱི་སྐུ་ཚབ་བྱེད་ནས་ཕེབས་པ་རེད་ཟེར་སོང་། ཡང་གནས་ཚུལ་དེ་འདྲ་ཞིག་ཆགས་པ་རེད།
ཟམ་གདོང་རིན་པོ་ཆེ་དེ་སྔོན་གངས་སྐྱིད་ཁུག་ཀྱོག་ཏུ་ལོ་མང་པོ་ལྷག་སྟབས། ད་ཆར་ཡར་ཐོན་ཅན་གྱི་ལྷོ་ཀོ་ཡའི་གྲོང་ཁྱེར་ཡོང་བའི་གོ་སྐབས་རག་ཙམ། ཐུགས་སྤྲོ་པོ་འདྲ་ཡོང་སྟེ་མགོ་འཁོར་ནས་ལུས་ཡིན་རྒྱུ་རེད།
ཨཱ ཡ་མཚན།
ཚོགས་འདུ་གལ་ཆེན་འདིའི་ནང་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་ཆོས་རིག་བཀའ་བློན་མཆོག་ནས་ཚོགས་འདུར་ཅི་ཞིག་བསྒྲགས་པ་དང་གང་ཞིག་མཛད་པའི་གནས་ཚུལ་ཙམ་ཡང་མི་འདུག་པ་དེ་ག་རེ་ཡིན་ན༌༌༌༌༌གཙོ་བོ་དེ་རེད་བ༌༌༌༌