ཉེ་ལམ་ལྷོ་ཀོ་རི་ཡར་ཚོགས་པའི་ནང་པའི་ཚོགས་ཆེན་སྟེང་དབུས་བོད་མིའི་སྒྲིག་འཛུགས་ཆོས་རིག་བཀའ་བློན་མཆོག་དངོས་སུ་ཞུགས་ཡོད་པ་དང་། བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་སྐབས་དེར་ཀོ་རི་ཡར་ཕེབས་ཡོད་ཀྱང་། ནང་པའི་ཚོགས་ཆེན་སྟེང་ཞུགས་མེད་སྐོར་གསལ་བཤད་གནང་འདུག
ཉེ་སྔོན་ལྷོ་ཀོ་རི་ཡར་ཚོགས་པའི་རྒྱལ་སྤྱིའི་ནང་པའི་ཚོགས་ཆེན་ཐོག ༧གོང་ས་མཆོག་གི་སྐུ་ཚབ་བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་དང་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག་བཅས་མཉམ་ཞུགས་གནང་ཡོད་སྐོར་དང་། རྒྱ་ནག་ནས་ཕེབས་པའི་སྐུ་ཚབ་ཚོས་ངོ་རྒོལ་གྱི་རྣམ་པའི་ཐོག་ནས་ཚོགས་འདུ་ལས་ཕྱིར་ཐོན་ཡོད་སྐོར་སོགས་ཀྱི་གནས་ཚུལ་འབྱོར་འཕྲལ། འདི་གའི་གསར་འགོད་པས་དབུས་བོད་མིའི་སྒྲིག་འཛུགས་ཆོས་རིག་དྲུང་ཆེ་མཆོག་ལ་བཀའ་འདྲི་ཞུས་སྐབས། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་འཛམ་གླིང་ནང་པའི་ཚོགས་ཆེན་ཐོག་ཆོས་རིག་བཀའ་བློན་མཆོག་གཅིག་པུ་ཕེབས་ཡོད་ལ། དེ་སྔོན་བཀའ་བློན་མཆོག་དང་ལྷན་དུ་མི་གཞན་ཞིག་ཕེབས་འཆར་གནང་ཡང་ཕེབས་མ་ཐུབ་པ་དང་། བཀའ་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་ཐེངས་འདིར་གང་གི་ངོ་བོའི་ཐོག་ཕེབས་ཡོད་མེད་ཐད་ང་ཚོར་ཞུ་རྒྱུ་གང་མེད་སྐོར་བརྗོད་སོང་།
ཀོ་རི་ཡའི་ནང་པའི་ཚོགས་ཆེན་སྐོར་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག་གིས་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་ཁམས་སྐད་སྡེ་ཚན་གྱི་བཅར་འདྲིའི་ལན་དུ། “སྤྱིར་བཏང་ཟམ་གདོང་རིན་པོ་ཆེ་ལྷོ་ཀོ་རི་ཡའི་ཚོགས་འདུ་ཚོགས་ས་དེར་ཕེབས་ཡོད་པ་རེད། ཁོང་དེ་གར་བླ་ཆེན་དང་གཙུག་ལག་སློབ་གྲྭ་དེ་འདྲས་གདན་འདྲེན་ཞུས་ཏེ་བཅར་འདྲི་དང་བཀའ་སློབ་གནང་ཡོད་ས་རེད་མ་གཏོགས། ནང་པའི་ཚོགས་ཆེན་སྟེང་སྐུ་དངོས་སུ་ཕེབས་ཡོད་པ་མ་རེད། དེའི་ནང་ལ་བོད་པའི་སྐུ་ཚབ་ང་གཅིག་པུ་རེད། ” ཅེས་གསུངས་ཏེ། ཐེངས་འདིར་རིན་པོ་ཆེ་མཆོག་ངོ་བོ་ག་འདྲ་ཞིག་གི་ཐོག་ནས་ཕེབས་པ་ཡིན་མིན་གསལ་པོ་ཞུ་ཐུབ་ཀྱི་མེད་ཀྱང་། ཚོགས་འདི་དེ་དང་འབྲེལ་བ་ཡོད་པ་ཡིན་ན། ཚོགས་འདུའི་ནང་རྩ་བ་ཉིད་ནས་ཕེབས་མེད་སྐོར་དང་། བོད་གཞུང་དྲ་བརྙན་གྱིས་བདེན་པ་མིན་པའི་གནས་ཚུལ་བསྟན་ཡོད་ཚུལ་སོགས་ངོ་སྤྲོད་གནང་ཡོད།
ཆོས་རིག་བཀའ་བློན་མཆོག་གིས་ཚོགས་ཆེན་དབུ་འཛུགས་སྐབས་ཀྱི་གནས་ཚུལ་ངོ་སྤྲོད་གནང་བ་ལྟར་ན། ཕྱི་ཚེས་ ༡༢ ཉིན་གྱི་ཞོགས་པར་ཚོགས་བཅར་བ་རྣམས་མཉམ་དུ་འཛོམས་ཏེ་སོ་སོ་ངོ་སྤྲོད་གནང་སྟེ་ཚོགས་འདུ་མགོ་འཛུགས་སྐབས། རྒྱའི་སྐུ་ཚབ་ཚོས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཆོས་རིག་བཀའ་བློན་ཚོགས་འདུའི་ནང་བསྡད་ཚེ། ཁོ་ཚོ་ཚོགས་བཅར་ཞུ་རྒྱུ་མིན་སྐོར་བརྗོད་དེ་རྙོག་དྲ་བཟོས་བར་བརྟེན། སྔ་རྗེས་ཐེངས་གསུམ་ལ་ཚོགས་འདུའི་འབྲེལ་ཡོད་འགན་འཁུར་བ་དང་དྲུང་ཆེ་ཡིས་བཀའ་བློན་པདྨ་ཆོས་འབྱོར་མཆོག་ལ། འཛམ་གླིང་ཞི་བདེ་ལ་སྨན་པའི་ཚོགས་འདུ་འདི་གྲ་སྒྲིག་པོ་ཞིག་ཡོང་ཆེད་ཁྱེད་རང་འཁྱུག་ཙམ་རིང་ཕྱི་ལོགས་སུ་ཕེབས་དགོས་ཚུལ་བརྗོད་པ་ལྟར། དུས་ཐུང་རིང་ཕྱི་ལོགས་སུ་ཕེབས་ཏེ་གསར་འགོད་པ་མང་པོ་ཞིག་ལ་གསལ་བཤད་ཀྱི་གོ་སྐབས་བྱུང་ཡོད་པ་དང་། དེའི་རྗེས་ཁོང་བསྐྱར་དུ་ཚོགས་འདུར་ཞུགས་སྐབས་རྒྱ་མིའི་སྐུ་ཚབ་ཚོ་སྡེབས་གཅིག་ཏུ་ཡར་ལངས་ཏེ་ཕྱི་རུ་ཐོན་འདུག་ལ། ཕྱི་ལོགས་ནས་ཁོ་ཚོ་ཚོགས་ཐུན་གཉིས་རིང་ལ་སྡོད་དགོས་བྱུང་འདུག
དེའི་རྗེས་མཛད་སྒོ་དངོས་གཞི་དེ་ཚོགས་ཁང་ཆེན་པོ་ཞིག་ནང་ཚོགས་ཡོད་པ་དང་། ལྷོ་ཀོ་རི་ཡའི་གཞུང་གི་ཕྱི་སྲིད་བློན་ཆེན་དང་། རིག་གཞུང་བློན་ཆེན། ཀོ་རི་ཡའི་བླ་ཆེན་མང་པོ་ཞིག་བཅས་ཕེབས་ཏེ་གཏམ་བཤད་དང་། རྒྱལ་ཁབ་འདྲ་མིན་ནས་ཡོང་བའི་འཁྲབ་སྟོན་པ་དག་གིས་རིག་གཞུང་འཁྲབ་སྟོན་སྐབས། རྒྱའི་སྐུ་ཚབ་ཚོ་ཡར་རྒྱུག་མར་རྒྱུག་ཀྱིས་ཀོ་རི་ཡའི་བླ་ཆེན་ལ། བོད་པའི་སྐུ་ཚབ་ཚོགས་འདུར་ཞུགས་ཚེ་ཁོ་ཚོ་ཕྱིར་འཐོན་རྒྱུ་ཡིན་སྐོར་བརྗོད་པར། བླ་ཆེན་གྱིས་ཁྱེད་ཚོ་འགྲོ་ན་འདུག་ན་ཁྱེད་རང་ཚོས་ཐག་གིས་ཆོད། ང་ཚོའི་ངོས་ནས་བོད་པའི་སྐུ་ཚབ་ཕྱིར་འབུད་རོགས་ལབ་རྒྱུ་མིན་ཞེས་གསུངས་འཕྲལ། རྒྱའི་སྐུ་ཚབ་ཚང་མ་ཚོགས་ཁང་ནས་ཐོན་ཡོད་པ་མ་ཟད། ཚོགས་ཁང་གི་ཕྱི་ལོགས་སུ་གོ་སྒྲིག་ཚོགས་ཆུང་གི་འབྲེལ་ཡོད་མི་སྣ་ཚོ་དང་རྩོད་རྙོག་ཡུན་རིང་བྱས་མཐར། ཐེངས་འདིའི་ཚོགས་ཆེན་སྟེང་གི་རྒྱལ་ཁབ་ ༤༩ ཡོད་པ་ལས། ཧོང་ཀོང་དང་སིང་གྷ་པོར། ཐེ་ལན་ཌི་གསུམ་མ་གཏོགས། གཞན་པའི་སྐུ་ཚབ་ཚང་མས་བོད་མིར་རྒྱབ་སྐྱོར་གནང་ཡོད་སྟབས། ཕྱི་ཚེས་ ༡༣ ཉིན་གྱི་སྔ་དྲོར་རྒྱ་ནག་གི་སྐུ་ཚབ་ཡོངས་ཕྱིར་ལོག་དགོས་བྱུང་ཡོད་འདུག
མཇུག་ཏུ་ཆོས་རིག་བཀའ་བློན་མཆོག་གིས། “ལྷོ་ཀོ་རི་ཡའི་མི་མང་དང་ཀོ་རི་ཡའི་བླ་ཆེན་རྣམ་པས། བློ་ཁོག་ཆེན་པོ་དང་ཐག་ཆོད་པའི་སྒོ་ནས་དྲང་བདེན་ལ་རྒྱབ་སྐྱོར་གནང་བ་དེ་ནི། ཧ་ལས་པའི་རྒྱབ་སྐྱོར་ཚད་མཐོན་པོ་ཞིག་རེད་བསམ་པའི་ཚོར་སྣང་བྱུང་།” ཅེས་སོགས་གསུངས་ཡོད་པ་རེད།
གསར་འགོད་པ། ཚེ་རིང་རྒྱལ།
གཟུ་ལྡན་ལགས། སྐབས་བབ་ཀྱི་བཀའ་ཤག་འདི་ལ་སྐྱོན་གཏན་ནས་ཡོད་མ་རེད་ཞེས་ངས་གང་དུ་བཤད་འདུག ཁྱེད་རང་གིས་གཅིག་བསྟན་གནང་དང་། ངས་ཀྱང་བློ་གཟུ་བོར་གནས་ཏེ་བསམ་ཚུལ་བྲིས་པ་ལས་སུ་གང་ལ་ཕྱོོགས་མེད་ཅིང་ཕྱོགས་དགོས་དོན་ཀྱང་མེད། རང་ཉིད་ཀྱིས་གང་མཐོང་བ་དེ་མཐའ་གཅིག་ཏུ་བདེན་པ་ཡིན་པའི་ངེས་པ་གཏན་ནས་མེད་པས་ཞིབ་འཇུག་འཐིན་ཕྱིན་བྱེད་རྒྱུ་གལ་ཆེ། སྤྱིར་མི་མང་གིས་གཞུང་ལ་སེམས་ཁུར་བྱེད་དགོས་ཀྱང་། སྐྱོན་བརྗོད་ཅིག་པུ་བྱེད་ནས་ཡར་རྒྱས་འགྲོ་རྒྱུ་མེད་པ་དེ་ཡང་ཤེས་དགོས། དེ་ལས་ཀྱང་གཞི་མེད་སྐྱོན་བརྗོད་བྱས་ན་ནི་གནོད་རྒྱུ་ལས་ཕན་ཐོག་ཅི་ཡང་མེད།
དཔྱོད་ལྡན་ལུང་རྟོགས་ལགསལ་ཞུ་རྒྱུར་ སྐབས་བབས་ཀྱི་བཀའ་ཤག་འདིར་སྐྱོན་ཀུན་ཟད་ ཡོན་ཏན་ཀུན་ལྡན་རེད་པས་ སྐྱོན་ཆ་རྩ་བ་ནས་མེད་པ་གསུངས་ན་ ཕྱོགས་གཅིག་ལ་ལྷུང་དྲགས་པའི་སྐྱོན་ཆ་མ་རེད་དམ་ བློ་གཟུ་བོར་གནས་ཏེ་མཆན་འབྲི་ཐུབ་ན་ལེགས་ འཇིག་རྟེན་གཏམ་དཔེར་ ཤ་ཚའི་ཁར་གཏམ་སྙན་མེད་ རོ་ཁ་སྨན་གྱིས་ནད་ལ་ཕན་ ཟེར་བ་བཞིན་ཐུགས་ཕན་གསོ་བས་ཆེདུ་བྲིས་པ་ཡིན་ གུས་རང་མཐོང་དང་ ཤེས་རྒྱ་ཆུང་ཡང་ དངོས་ཐོག་བདེན་འཚོལ་གང་མཐོང་བ་དེ་བྲིས་པ་ཡིན་ གནདོན་ཡོངས་རྫོགས་དོན་སྙིང་ལྡན་རེད་ གསུངས་ན་ གུས་ལ་ཞུ་ཡ་་གང་མེད་ ད་ལྟ་སྔམ་དྲགས་ ཕྱི་མ་དྲགས་བདག་སྤྲོད་གནང་ཏེ་ཞིབ་འཇུག་མཐིལ་ཕྱིན་གནང་ཐུབ་ན་དགེ་མཚོན་ཆེ་བ་མཐོང་ངོ་ སྐུ་ཉིད་ནས་དགོངས་ཚུལ་གང་ཡོདམ་
དམང་གཙོ་ཞེས་པ་དེ་ཡང་གང་དྲན་དྲན་མ་ཡིན་པ་ཤེས་པར་གྱིས་ཤིགས།
གཟུ་ལྡན་ལགས། གཤམ་ལ་གསལ་བའི་ཁྱེད་ཀྱི་སྐད་ཆ་འདི་ཚོ་ནི་ཚིག་ངན་ཙམ་ལས་ལྷག་བསམ་གྱི་སྐད་ཆ་མ་རེད་ལ། གནས་ལུགས་ཡོད་པའི་སྐད་ཆ་དེ་བས་ཀྱང་མ་རེད། བཀའ་ཤག་གི་ལྟ་གྲུབ་གསུམ་པོ་དེ་ཚིག་རྫོབ་པོ་ཙམ་ལས་ཐབ་ཇུས་གནད་ལ་ཁེལ་བ་མེད་པ་དང་དོན་དངོས་པོའི་སྟེང་ལ་འགྲུབ་རྒྱུ་མེད་པ་ཞིག་ཡིན་པའི་རྒྱུ་མཚན་ཁྱེད་ལ་བཤད་རྒྱུ་ཡོད་དམ། ཁྱེད་ལ་འདི་ལས་ལྷག་པའི་ཐབ་ཇུས་གནད་ལ་ཁེལ་ཞིང་འགྲུབ་རྒྱུ་ཡོད་པའི་ལྟ་གྲུབ་ཞིག་བསྟོན་རྒྱུ་ཡོད་དམ། དེ་མེད་ན་འདི་ནི་གཞི་མེད་སྐྱོན་བརྗོད་ཞེས་པ་དེ་ལས་ཅི་ཡང་མ་རེད། བོད་ནང་ལ་ཁྱད་ལས་པ་འབུམ་གཅིག་ཙམ་ཐོན་ཐུབ་པའི་དམིག་ཚད་བཟུང་དགོས་ཞེས་གསུང་པ་ལས་ཐོན་ཐུབ་པ་བྱེད་རྒྱུ་ཡིན་ཞེས་གསུང་པ་ཞིག་མ་ཐོས། འདི་ལྟ་བུའི་རེ་བ་དང་དམིག་ཚད་བཟུང་བ་དེ་མི་ལ་མགོ་སྐོར་བཏང་བ་ཡིན་ན་འགོ་སྐོར་མ་ཡིན་པའི་བྱ་བ་ཞིག་གང་ན་ཡོད། བོད་ལ་རང་དབང་ཐོབ་རྒྱུའི་རེ་བ་བྱས་པ་དེ་ཡང་མི་ལ་མགོ་སྐོར་བཏང་བ་ཅི་ལ་མི་འགྱུར། བོད་ནང་ལ་བོད་མི་ཁྱད་ལས་པ་འབུམ་གཅིག་ཐོན་རྒྱུའི་དམིག་ཚད་བཟུང་བ་འདིས་བོད་མི་རིགས་ལ་གྱོང་རག་སྟངས་ཇི་ལྟར་ཡིན་ནམ། ཕྱི་འབྲེལ་དང་ཆོས་རིག་བཀའ་བློན་རྒྱལ་ཁབ་ཅིག་གི་བཀའ་བློན་ངོ་ཚབ་མཚོན་མི་ཐུབ་པའི་རྒྱུ་མཚན་ཅི་ཡོད། ཆོས་དང་སྲིད་གང་གི་ཐད་ནས་མདངས་ཀྱི་མི་འདུག་ཞེས་ཁྱེད་རང་ལ་འདྲི་ན་འདོད། བཀའ་ཁྲིས་ཁྱེད་ཚོས་ང་ལ་འོས་བླུག་ན་ཁྱེད་ཚོ་བཀའ་བློན་ལ་གདམ་ཞེས་ཚོང་རྒྱབ་པ་རེད་ཟེར། འདི་ནི་གནས་ལུགས་གཏན་ནས་མེད་པའི་ཧམ་བཤད་རང་རེད། བཀའ་ཁྲི་གདམ་མཁན་ནི་མི་མང་ཡིན་པ་ལས་བཀའ་བློན་ཚོ་མིན་སུས་ཀྱང་ཤེས་གསལ་རེད། ད་དུང་ཁུང་ལུང་ཡོད་རབས་བཤད་འདུག་ན་དེ་ཡང་ཤེས་འདོད་ཡོད། བཀའ་ཤག་གསར་པའི་སྐྱོད་དགེ་མཚན་བཤད་ཐུབ་ན་བོད་མི་རིགས་ལ་ཕན་པར་བཤད་བཞིན་དུ། གཞི་མེད་སྐྱོན་བརྗོད་ཁོ་ན་ལས་དགེ་མཚན་ཏིལ་འབྲུ་ཙམ་གླེང་མེད་པ་འདི་ནི་གཡོན་ལྷུང་བའི་རྟགས་མཚན་ངོ་མ་དེ་རེད། བཀའ་ཤག་གསར་པ་ཚུག་ནས་ལོ་གཅིག་ཀྱང་སོང་མེད་ན་ཡང་ད་བར་ཕྱག་ལས་གང་འཚམ་གནང་ཡོད་པ་དེ་དག་མི་བཤད་པའི་རྒྱུ་མཚན་ཅི་ཡིན། དགེ་སྐྱོན་བཤད་སྟངས་འདི་ལྟར་རེད་དམ། སྐད་ཆ་སོམས་ནས་ཤོད། རྩམ་པ་ལྡད་ནས་མིག
དཔྱོད་ལྡན་ལུང་རྟོགས་ལགས་དགོངས་འཆར་གནང་བར་ཐུགས་ཆེ་གནང་ སྐྱོན་བརྗོད་དང་ཐེར་འདོན་དགག་བྱ་སོགས་ནི་དམངས་གཙོ་ཡར་རྒྱས་ལ་སྐུལ་འདེད་དང་དམངས་གཙོའི་གྲུབ་ཆ་གལ་ཆེན་ཞིག་ཀྱང་རེད ་ ད་ཡོད་གཞུང་དེ་བདག་སྤྲོད་གནང་དེ་དམངས་གཙོའི་ངོ་བོ་ཐོག་ནས་སྐྱོན་བརྗོད་མང་ཙམ་གནང་ཐུབ་ན་ འཁྱོག་པར་ོ་བསྲངས་བྱེད་ཆོག་པ་ལས་ བདག་སྤྲོད་མ་བྱེད་ན་ ག་ནས་འགྲིགས་ དེ་དང་ཆབས་ཅིག་ མཁས་དབང་ཟམ་གདོང་རིན་པོ་ཆེར་ རྒྱུ་མཚན་དང་རིག་པའི་ལམ་ནས་དགེ་སྐྱོན་གསུངས་ཆོག་པར་ངོས་འཛིན་ཞུ་གི་ཡིན་ དམངས་གཙོའི་ཁྱད་ཆས་རེད་ གཞི་མེད་པའི་བཀའ་མོལ་ལེན་རྒྱག་གིས་ཡོད་ ད་ཡོད་བཀའ་ཤག་ལྷན་རྒྱས་ལ་དགེ་སྐྱོན་གང་ཡོད་པ་རྣམས་རྦད་བསང་གནང་དགོས་པ་རེད་དམ་ ཆུ་ཡིས་འཁྱེར་ན་འཁྱེར་ མིས་ཚིག་ན་ཚིག་ རེད་པས་ བཞག་དགོས་པ་རེདམ་ ད་ཡོད་བཀའ་ཤག་ལ་དམངས་གཙོ་བེད་སྤྱེད་གཏོང་ཆོག་གི་མ་རེད་དམ་ ལེན་ཞིག་ཡོད་པ་ཞུ་
གཟུ་ལྡན་ཁྱེད་ཀྱང་ད་ཇེ་སྡུག་ལ་བུད་སོང་། དེ་ལས་སྐད་ཆ་འདི་མཚམས་འཇོག་བྱས་ན་ལེགས། བཀའ་ཁྲི་ཟུར་པར་རྒྱབ་སྐྱོར་བྱས་པ་དང་། །སྲིད་སྐྱོང་གསར་པར་སྐྱོན་བརྗོད་བྱས་པ་གཉིས། །འཁྱོག་པོའི་མི་ཡིས་ཁྱད་པར་མཐོང་སྲིད་ཀྱང་། །ལྷག་བསམ་ཅན་གྱིས་བལྟས་ན་གཅིག་པར་མཐོང་། །འདོར་ན་འདི་འདྲའི་སྐད་ཆ་ཐམས་ཅད་ནི། ། དགྲ་ལ་དགོས་པའི་སྐད་ཆ་ཡིན་པ་ལས། །རང་ལ་མཁོ་བའི་སྐད་ཆ་མ་ཡིན་པས། །དཔྱོད་ལྡན་རྣམས་ཀྱིས་འགོ་བའི་ནད་བཞིན་སྤངས།།
བསོད་ནམས་རྒྱ་མཚོ་ལགས་ཁྱེད་ཉིད་ལ་ཤ་ཚ་ མིག་ཡོད་ན་ དམ་པ་ངོ་མིན་ཤེས་པའི་སྐྱེ་བོ་ཞིག་རེད་བཞག་འདུག་ རྒྱ་མི་གིས་ ༸རྒྱ་བ་རིན་པོ་ཆེ་དང་ ༸ཟམ་གདོང་རིན་པོ་ཆེ་རྣམ་གཉིས་མེད་པ་ཆགས་ན་བོད་ཀྱི་འཐབ་རྩོད་འཇུག་རྫོགས་པ་ངེས་འཛིན་བྱེད་གི་ཡོད་རེད་ དངོས་གནས་བྱས་ན་ དེང་སྐབས་བཀའ་ཁྲི་གསར་པའམ་ བཀའ་ཤག་གསར་པའི་གནད་དོན་དགེ་སྐྱོན་གང་ཡོད་ བགྲོ་གླེང་གནང་ཐུབ་ན་དགེ་མཚན་ཆེ་བ་མིན་འདུག་གམ་ ལྟ་གྲུབ་གསུམ་ངོམས་ཏེ་ ཚིག་རྫིག་པོ་ གཟུགས་ཡག་ཁུང་སྟོང་གི་བཀའ་མོལ་ ལོ་རྒྱུས་སྨྲ་བ་ལས་ ཐབས་ཇུས་གནད་ལ་འཁེལ་བ་མེད་པ་ མི་མང་ལ་ངོ་དགའ་སྤྲེད་ལེབ་ལས་ དོན་དངོས་པའི་ཐོག་ལ་ འགྲུབ་རྒྱུ་གང་ཡང་མེད་པ་ དཔེར་ན་ ཆེ་མཐོང་ལྡན་པ་ ངོ་བོ་ག་འདྲ་ཞིག་ལ་ཟེར་བ་རེད་ རྗེས་མ་གནས་ཚུལ་སྡུག་པ་ཞིག་བྱུང་ན་ བཀའ་ཤག་ནས་སྔོན་མ་ལབ་པ་ཡིན་པ་ ཆེ་མཐོང་ལྡན་པ་ དེ་དང་འགལ་བ་རེད་ཟེར་ བོད་ནང་ཁྱད་ལས་པ་འབུམ་གཅིག་ཙམ་ཐོན་ཐུབ་བྱེད་གི་ཡིན་ཟེར་ ཧ་ཅང་རྒོད་དྲོ་བའི་སྐད་ཆ་མ་རེད་དམ་ ག་འདྲ་བྱས་ནས་ སྟངས་འཛིན་གནང་རྩིས་ཡོད་ན་ རྒྱུ་དང་དཔལ་འབྱོར་སོགས་ནས་ རོགས་རམ་འཆར་གཞི་ཐབས་ཇུས་ག་འདྲ་གནང་ནས་ འབུམ་གཅིག་ཐོན་གྱི་རེད་ དྲ་གྲོགས་རྣམས་ནས་ གསུངས་ད་ གཞི་དངོས་པའི་གནས་ཚུལ་མཐུན་གྱི་འདུག་གམ་ སུ་ལ་མགོ་བསྐོར་གཏོང་གི་ཡོད་དམ་ ཞེས་ན་ བོད་མི་རིགས་འདི་མགོ་བསྐོར་འོག་ལ་ཚུད་གྱི་ཡོད་རེད་ བོད་མི་རིགས་འདིར་ གྱོང་རག་གི་ཡོད་པ་རེད་ ཕྱི་འབྲེལ་བཀའ་བློན་དང་ ཆོས་རིག་བཀའ་བློན་སོགས་ལ་གཟིགས་ཞིབ་གནང་ད་ རྒྱལ་ཁབ་ཅིག་གི་བཀའ་བློན་ངོ་ཚབ་མཚོན་ཐུབ་པ་འདུག་གམ་ ཆོས་དང་ཆབ་སྲིད་གང་གི་ཐད་ལ་འདང་གི་འདུག་ གུས་ཐ་ཤལ་བས་མཐོང་ཚུལ་ལ་ ད་ལན་བཀའ་བློན་རྣམས་ངན་པ་དཔུང་སྒྲིག་གི་ཚུལ་དུ་སླེབས་པ་འདྲ་པོ་མཐོང་གི་འདུག་ རང་ཅག་ལ་ ཤེས་འཇོན་གཉིས་ལྡན་བཀའ་བློན་འཇོན་པ་མང་པོ་ཡོད་ ཡིན་ན་ཡང་ བཀའ་ཁྲི་སེང་གེ་ལགས་ནས་ ཁྱེད་རང་ཚོས་གུས་རང་ལ་བཀའ་ཁྲི་འོས་ཤོག་བླུག་ན་ ཁྱེད་རང་བཀའ་བློན་ལ་གདམ་ཡང་ཟེར་ནས་ འཚང་རྒྱག་པ་རང་རེད་བཞག་ དངོས་བདེན་ཡིན་ ཁུངས་ལུང་དྲན་རྟགས་བཅས་ཡོད་ ག་དུས་ཡིན་ན་ ལྟ་གྲུབ་གསུམ་གྱིས་བོད་ཀྱི་བདེན་ཐབས་ག་འདྲ་བྱས་ནས་སེལ་ཐུབ་ན་ཨ་ དྲ་གྲོགས་རྣམས་ནས་ མ་འོངས་གལ་ཆེ་བས་ མང་གཙོའི་ཐོབ་ཐང་བེད་སྤྱོད་དེ་འགན་མཉམ་འཁྱེར་གྱིས་བཀའ་ཤག་གསར་པའི་སྐོར་སྐྱོན་དང་དགེ་མཚན་སོགས་ལ་བགྲོ་གླེང་གནང་ཐུབ་ན་ བོད་མི་རིགས་ལ་ཐུགས་ཕན་གསོ་ངེས་ཡིན་ འཕྲལ་སེལ་ངོ་དགའ་སྤྲེད་ལེབ་འཁྲབ་ན་ ཕུངས་རྒྱང་རིང་པོའི་ཐོག་ལ་ བོད་ལ་གྱོང་རག་པ་ཐེ་ཚོམ་མེད་ སྙིགས་དོར་བཅུད་ལེན་ངང་ ༸ གོང་ས་མཆོག་གིས་མང་གཙོ་ཡང་དག་པ་གསོལ་རས་གནང་ཡོད་པས་ བོད་རིགས་སྐྱེ་བོ་གནམ་བསྟན་ཡོངས་ནས་ཆོལ་གསུམ་གཅིག་ཏུ་སྒྲིམ་པའི་གཞུང་དེ་བདག་སྤྲོད་གནང་དགོས་ ལྷ་ཁང་མེས་ཚིག་ན་ རྒོད་མོ་ཚུག་ཚུག་ གཏོར་མ་ཁྱི་ཡིས་འཁྱེར་ན་རྒོད་མོ་ཚུག་ཚུག་ གནང་ན་ བོད་ཀྱི་འཐབ་རྩོད་ལ་ཁ་ཤོད་དོན་སྟོང་ལས་ དོན་ཕན་ལྡན་པ་ཆགས་གི་མེད་པ་ཨ་ཀྱང་ཀྱང་རེད་ གུས་རང་ལ་ཚོར་བ་གང་ཡོད་པ་དེ་བྲིས་པས་ མཁྱེན་ལྡན་ཡོངས་ནས་བཀའ་སློབ་དང་ བཀའ་སྐྱོན་ དགོངས་འཆར་གནང་ན་དགའ་བསུ་ཞུ་ སྡིངས་ཆ་འདིའི་བརྒྱུད་ནས་བརྗོད་གཞི་རྩ་དོན་ཐོག་ དྲ་གྲོགས་ཡོངས་རྫོགས་ནས་རྣམ་དཔྱོད་རྩལ་གོང་འཕེལ་ཡར་རྒྱས་ཡོང་ལ་གཞི་བཞག་ཏེ་མཆན་འབྲི་རོགས་གནང་ ཐུགས་ཆེ་གནང
གསེར་འབྲུག་སྡེར་ལྔ་ལགས་ གུས་པས་བྲིས་པའི་མཆན་རྣམས་ཞིབ་ཚགས་གཟིགས་གནང་ན་ལེགས་ གང་ཡིན་ཞུས་ན་ གནད་དོན་ཆ་ཚང་མགོ་ཚིགས་མིན་འདུག་ ་་གལ་སྲིད་ནོར་ཡོད་ན་གྲོས་ཚོགས་ནས་ནོར་པ་རེད་ ༡༩༩༧ ལོར་ གྲོས་ཚོགས་ནས་ གྲོད་ཆད་བཞག་སྟེ་ རྒྱ་བོད་འབྲེལ་ལམ་གནད་དོན་འགན་དབང་ཡོངས་རྫོགས་སམ་དབང་ཚད་ཡོངས་རྫོགས་ ༸གོང་ས་མཆོག་ལ་གྲོས་ཆོད་ཀྱི་ལམ་ནས་འབུལ་ཡོད་པ་ དངོས་ཡོད་རེད་ སྐབས་དེའི་བཀུར་འོས་སྤྱི་མཐུན་རྣམས་ལ་དགོངས་སྐོར་ཞུས་པ་འམ་ ཞིབ་འཇུག་མཐིལ་ཕྱིན་གནང་ཐུབ་ན་དགེ་མཚན་ཡོད་པ་སྨོས་མེད་རེད་ དེ་ནས་བརྒྱུད་ལམ་གཅིག་དང་ གྲོས་གཞི་གཅིག་གི་ཐོག་ནས་འབྲེལ་བ་གནང་པ་རེད་ སྐབས་དེར་༸གོང་ས་མཆོག་ལ་དབང་ཚད་འབུལ་ཚར་ཡིན་རྩ ས ༢༠༠༨ དེར་བརྟེན་ནས་དབང་ཚད་བེད་སྤྱོད་དེ་ བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་བསམ་འཆར་དང་ དེའི་འགྲེལ་བརྗོད་དང་བཅས་རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་སྤྲོད་པ་རེད་ དེའི་སྐོར་གྲོས་ཚོགས་ནང་ ལ་ བགྲོ་གླེང་དང་ གསན་ཞིབ་སོགས་ཞིབ་རྒྱས་ཚོགས་ཀྱང་ མཐའ་དོན་ གྲོས་ཚོགས་ནས་ ༡༩༩༧ ལོར་ གྲོས་ཚོགས་ནས་ གྲོད་ཆད་བཞག་ཡོད་སྟབས་ དབང་ཚད་ཡོངས་རྫོགས་འཛིན་སྐྱོང་བཀའ་ཤག་འདུག་པས་ ད་ལེན་རྒྱ་ནག་ལ་སྤྲོད་སྟངས་ཆ་ནས་ནོར་མིན་འདུག་ སྔར་གྲོས་ཆོད་བཞག་པ་དེ་ ཕྱི་བསྡུ་མེད་པའི་ཐོག་ ཕྱིན་ཆད་ཡང་འདི་ལུགས་ལྟར་ཡིན་པའི་དགག་བཞག་ཅིག་མེད་པས་གྲོས་ཆོད་བཞག་ཡོད་པས་ གལ་སྲིད་དོ་སྣང་ཆད་ལྷག་མེད་པ་སྤྲོད་ཐུབ་ན་ལེགས་ མགོ་ཚིགས་ལ་ མ་ཚིགས་པའི་བཀའ་མོལ་མ་གནང་ན་དགེ་མཚན་ཆེ་ གང་ཡིན་ཞུས་ན་ སྤྱི་ཚོགས་ནང་ཕན་རྒྱུ་ཚབ་ལས་ གནོད་པའི་རང་བཞིན་ཆགས་ངེས་ཡིན་པས་ གནདོན་ངེས་པར་དགོངས་པ་འཇགས་དགོས་ གུས་པའི་གྲོས་ཚོགས་ཀྱི་ཡིག་ཆ་གཞི་བཞག་ཁུངས་དེད་པ་ཡིན་པས ཞིབ་རྩ་མཁྱེན་འདོད་ན་ དེའི་སྐོར་ལ་ཡིག་ཆ་ཡོངས་རྫོགས་འཛིན་སྐྱོང་བཀའ་ཤ་དང་ གྲོས་ཚོགས་གཉིས་ལ་འབྲེལ་བ་གནང་ན་རག་ངེས་ཡིན་ གངས་ཅན་པ་ནས་ གལ་སྲིད་ལེན་གནང་ན་ ཨ་ལེབ་སྔོན་ལ་སྒྲོམ་འདི་མགོ་ཚིགས་པ་བྱས་ཏེ་ལྗགས་ལེན་ཡོད་པ་ཞུ་ ཐུགས་ཆེ་གནང།
མྱ་ངན་ལགས།
ཆོས་ཐམས་ཅད་རབ་ཏུ་རྣམ་པར་འབྱེད་པའི་རྣམ་དཔྱོད་དམ་ཤེས་རབ་ཀྱི་བློ་མིག་དེ་རང་རྒྱུད་ལ་རྣལ་མ་ཞིག་སྐྱེས་ཡོད་ན། དེས་རྒྱུད་ཀྱི་ཉོན་རྨོངས་ཐམས་ཅད་དྲུང་ནས་འབྱིན་པར་བྱས་ནས་ད་གཟོད་མི་གནས་པའི་མྱང་འདས་སྒོ་འཕངས་མངོན་དུ་བྱས་ཟིན་ཡོད་རྒྱུ་རེད་པ། བྱས་ཙང་ང་ཚོ་ཚང་མ་འཁོར་བ་འདིའི་ནང་གནས་སྟེ་ཁྱོད་དང་ང་ཞེས་ཚིག་ངན་ལུང་པ་གང་གིས་རྩོད་པ་འདི་ནས་བྱུང་བ་རེད་ལ་སྨྲ་ཤེས་དོན་གོ་མི་ཡི་མཚན་ཉིད་མ་ཚང་བ་དུད་འགྲོའི་ཁོངས་སུ་གཏོགས་པ་འདྲ་འདྲ་རེད་པ།
མ་ཟད་གཟུ་ལྡན་གྱིས་དམངས་གཙོའི་འགྲོ་ལུགས་ཤེས་མདོག་གིས་གྲོས་ཚོགས་ཀྱིས་ཐག་བཅད་དེ་འཛིན་སྐྱོང་གིས་ལག་བསྟར་གནང་གི་ཡོད་པ་འདྲ་ཞིག་བཤད་འདུག་ཀྱང་། འོ་ན་དེ་ལྟར་ཡིན་ན་ཁྲི་ཟུར་ཚང་འཛིན་སྐྱོང་ཁྲི་པ་ལས་ཐོག་སྐབས་ཀྲུང་དབྱང་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས་འབྲུ་འདོན་གྱི་བསམ་འཆར་ཡིག་ཆའམ། རང་སྐྱོང་མངོན་འདོད་ཡིག་ཆ་དེ་གྲོས་ཚོགས་ལ་མ་བསྟན་པར་ཐད་ཀར་གུང་ཁྲན་འཐབ་ཕྱོགས་གཅིག་གྱུར་པུ་ལ་ག་རེ་བྱས་ནས་སྤྲད་པ་རེད། ནུབ་ཕྱོགས་དམངས་གཙོ་ཡང་དག་པའི་འགྲོ་ལུགས་ལ་དཔེ་འདྲེན་གྱི་ཡོད་ན་དེ་འདྲ་རྩ་བ་ཉིད་ནས་མ་རེད། འཛིན་སྐྱོང་ལ་སོགས་པའི་གཞུང་འཛིན་མི་སྣ་ལ་སྐྱོན་བརྗོད་བྱས་མི་ཆོག་པ་ཞིག་དམངས་གཙོའི་སྤྱི་ཚོགས་གང་ན་ཡང་མེད་པ་རེད། སྐྱོན་བརྗོད་དང་ཐེར་འདོན་དགག་བྱ་སོགས་ནི་དམངས་གཙོ་ཡར་རྒྱས་ལ་སྐུལ་འདེད་དང་དམངས་གཙོའི་གྲུབ་ཆ་གལ་ཆེན་ཞིག་ཀྱང་རེད། འོན་ཀྱང་གཞི་མེད་ཀྱི་སྐྱོན་འདོགས་དང་དོན་སྟོང་གི་འུར་བསྟོད་གཉིས་ནི་དགོས་མེད་ཀྱི་ལོང་གཏམ་ཁོ་ན་ཡིན་པས་ཅི་ཡང་མི་ཕན་ནོ།
བསམ་འཆར་སྟོན་མཁན་ཚང་མས་སྤྱི་དོན་ལ་བསམ་ཏེ་མཆན་བུ་འབྲི་ཡི་ཡོད་པར་ཡིད་ཆེས་ཡོད། དགོངས་ཚུལ་མ་འདྲ་བར་ཡོང་དུས་ང་ཁེ་ཁྱོད་ཕམ་བྱེད་དགོས་པ་མ་མཐོང་། མཚམས་རེ་ཚིག་ཕྲན་བུ་མཐོ་དྲགས་སྐྱོན་ཡོང་དུས་ལམ་སང་ཁ་གཏད་གཅོག་རེ་གནང་དགོས་དོན་མེད། མཐར་ཐུག་གི་རྒྱལ་ཁ་སུར་ཐོབ་མིན་དེ་ཀློག་པ་པོ་རྣམས་ཀྱིས་ཐག་གཅོད་ཀྱི་རེད། མཆན་ནང་དུ་རྒྱས་བཤད་བྱེད་ན་དེབ་གཟུགས་འགའ་གྲུབ་ས་འདུག་པས་སྤྱི་ཁོག་ཙམ་ལས་འབྲི་ས་མེད་པས་ཀློག་པ་པོ་རྣམས་ཀྱིས་ཚོར་སྣང་ཙམ་མ་ཡིན་པར་དངོས་ཡོད་དང་ལོ་རྒྱུས་གཞི་བཟུང་ཐོག་ཐག་གཅོད་གནང་པའི་རེ་བ་ཡོད། སྤྱིར་བཏང་ང་ཚོས་ཆོས་ལ་དད་པ་དང་དག་སྣང་སྦྱོང་བའི་གཤིས་དེ་ཆབ་སྲིད་ལའང་དག་སྣང་སྦྱོང་སྟེ་བླ་མའི་མཛད་པ་རེད་ཟེར་ཏེ་ནོར་བ་དངོས་སུ་མཐོང་བཞིན་དྲང་དོན་ངེས་དོན་དང་དགོངས་གཞི་དགོས་པ་མང་པོ་ཞིག་ཕྱེས་བཞིན་པ་དེ་འཛམ་གླིང་སུའི་ཆབ་སྲིད་ལམ་ལུགས་དང་མི་མཚུངས་པར་མ་ཟད་ལོ་རྒྱུས་ལ་ཕྱི་མིག་གཅིག་བལྟས་ན་རང་རེ་ལ་ཁེ་ལས་གྱོང་མང་བ་མཐོང་ངོ་།།
བདེན་རྔ་ལགས་ བསོདནམས་རྒྱ་མཚོ་སོགས་ལ་ གཟུ་ལྡན་ནས་ཁྱེད་རང་ཚོ་ དུད་འགྲོ་དང་གཅིག་མཚུངས་ ཆོས་རབ་ཏུ་རྣམ་པ་འབྱེད་པའི་རྣམ་དཔྱོད་ཀྱིས་ཕོངས་པ་རེད་བྲིས་འདུག་ ལེན་ཞིག་ཨུ་ཡོད་ན་ དགོངས་འཆར་ཞིག་གནང་ཐུབ་པ་མིན་འདུག་གམ་ གུས་པས་བལྟས་ན་ གཟུ་ལྡན་ནས་བྲིས་པ་རྒྱུ་མཚན་མཐོང་
བདེན་རྔ་ལགས། ཁྱེད་ཀྱི་སྐད་ཆ་དེ་ནི་བྱིས་པ་བསམ་མེད་ཀྱི་སྐད་ཆ་ལྟ་བུ་ཞིག་རེད། དུས་རབས་ཉེར་གཅིག་པ་བརྡ་འཕྲིན་གྱི་དུས་རབས་འདིར། མིག་དང་རྣ་བ་བཀབ་ནས་སྡོད་མཁན་ཞིག་མིན་ན། རླབས་ཆེན་གྱི་སྐྱེས་བུ་དག་གི་མཛད་ཕྲིན་ལ་རྒྱུས་ལོན་བྱེད་རྒྱུ་ལས་སླ་པོ་རེད། ཁོང་ཅག་གི་ཉིན་རེའི་བྱེད་སྒོ་དག་གསར་འགྱུར་རྒྱུད་ལམ་ལ་དོ་སྣང་བྱེད་མཁན་ཞིག་ཡིན་ན་ཉིན་རེ་བཞིན་ཤེས་རྟོགས་ཐུབ།
ལུང་རྟོགས་ལགས།
ཁྱེད་ཀྱིས་ཟམ་གདོང་མཇལ་ཙམ་ལས་མ་མྱོང་མཁན་ཞིག་ཡིན་ཟེར་བ་དང་། ཁྱེད་ཁོ་ལ་སྐྱོན་ཡོན་གཉིས་དང་བྱས་ཉེས་གཉིས་སོགས་ལས་ཡོན་ཏན་དང་བྱས་རྗས་མང་ཟེར་ན་ནང་འགལ་གྱི་གཏམ་དང་། ཚོད་དཔགས་ཀྱི་ཟོ་ལས་མི་འདུག་སྙམས་ཏེ། ཐུགས་འཁྲ་མ་བཞེས་རོགས་གནང་། ང་ཚོས་རྗས་སོར་ཁོ་ལ་བལྟ་ན་ཤེས་ཀྱི་མོད།
མཐར་ཁྱེད་སྐུ་ཐུགས་བདེ་བ་དང་ཐུགས་བཞེད་འགྲུབ་པའི་སྨོན་འདུན་ཞུ།
བདེན་རྔ་ལགས། ང་ནི་རྩ་བཞི་ཆང་ལྔ་སྲུང་མཁན་གྱི་དགེ་སློང་ཞིག་ཡིན་པས་ཆང་གིས་གཟི་དོན་མེད་ལ། ཟམ་གདོང་རིན་པོ་ཆེ་འཇལ་མྱོང་བ་ཙམ་ལས་སྐད་ཆ་ཚིག་ཅིག་བཤད་མ་མྱོང་ལ་འབྲེལ་བ་གང་ཡང་མེད་པས་སྤྲེལ་ལེད་འཁྲབ་དགོས་དོན་མི་འདུག འོན་ཀྱང་ང་རང་བོད་གངས་ཅན་པའི་ཆབ་འབང་དཀྱུས་མ་ཞིག་དང་། ཁོང་རང་གཞུང་གི་དབུ་ཁྲིད་ཟུར་པ་ཞིག་ཡིན་པ་མ་ཟད། སྤྱིར་སྐྱོན་མེད་ཡོན་ཏན་ལྡན་པའི་མི་དཀོན་ཞེས་པ་ལྟར། ཟམ་གདོང་རིན་པོ་ཆེ་ལ་སྐྱོན་གཏན་ནས་ཡོད་མ་རེད་ཞེས་བཤད་མི་ཤེས་ཀྱང་། སྐྱོན་ཡོན་གཉིས་ཀྱི་ནང་ནས་ཡོན་ཏན་མང་བ་དང་། བྱེད་རྗེས་དང་བྱེད་ཉེས་གཉིས་ཀྱི་ནང་ནས་བྱེད་རྗེས་མང་བ་ས་རིས་ཐང་གསལ་རེད། དེས་ན་ངས་ཁོང་ལ་གུས་བཀུར་ཞུ་ཡི་ཡོད་ལ། སོ་སོའི་དབུ་ཁྲིད་ཟུར་པ། རྒན་རབས། མཁས་དབང་ཞིག་ལ་གུས་བཀུར་གཏན་ནས་མེད་པ་དགྲ་བོ་མཐོང་བ་ལྟ་བུའི་བྱེད་བབ་འདི་རིགས་ནི་ནམ་ཡང་ཡ་རབ་ཀྱི་བྱ་སྤྱོད་ཅིག་མིན་པས། ངས་ཁོང་ལ་སྐྱོན་བརྗོད་བྱེད་མཁན་གྱི་དྲ་འབུ་ཚོར་ངོ་རྒོལ་བྱེད་ཀྱི་ཡོད། མཁྱེན་སོང་ངམ།
ལུང་རྟོགས་ལགས།
ཁྱེད་ད་ཐང་ད་ངོ་མ་ཆང་གི་བཟི་ཡོད་པ་འདྲ་བོ་འདུག དེ་མིན་ན་ཁྱེད་ལ་ཟམ་གདོང་ལ་ངོ་དགའ་ཡིན་པ་འདྲ། ཁོང་ཇི་ལྟར་དོལ་རྒྱལ་རྗེས་འབྲང་བ་ཡིན། ཁོང་ཚོས་བརྗོད་པ་ཚད་དོ་རྒྱལ་གྱི་ཕྱོགས་ནས་སྐྱོན་བརྗོད་གྱི་ཡོད་པ་མི་མཐོང་ངམ། ངས་བལྟས་ཁྱེད་རང་ཚུད་པའི་མཆན་འབྲི་མཁོན་ཀུན་དོ་རྒྱལ་བ་ཡིན་པ་མིན་ཐག་ཆོད་རེད། གཞི་འཛིན་ས་མེད་པའི་སྐད་ཆ་མ་བཤད་པར་ཟམ་གདོང་གིས་གསལ་བཤད་ཅི་གནང་རྒུག་ན་མི་ལེགས་སམ།
http://www.tibetonline.tv/videos/644/tibetonlinetv-news-26-may,-2011 འདིར་ལན་གཅིག་གཟིགས་ན་ སླད་རྨོངས་གཉིད་དཀྲོག་ཐུབ་ངེས།
ད་དུང་མཆན་འབྲི་མང་དག་གཅིག་ནས་ བོད་དེ་རྒྱ་མིར་བཙང་པ་རེད་ རྒྱ་མིར་མགོ་སྒུར་བ་རེད་ སྐྱོན་བརྗོད་དང་ གཞི་འཛིན་ས་འདི་བཞག་འདུག་པས་ གསལ་བཤད་ཞུས་འདོད་པར་ སྤྱིར་འཛམ་གླིང་ནང་དམངས་གཙོ་རྒྱལ་ཁབ་ཡིན་ཕྱིན་ཆད་ཁྲིད་ལུགས་དང་ལམ་ལུགས་འགྲོསྟངས་ནི་ གྲོས་ཚོགས་ནས་ཐག་གང་བཅད་པ་དེ་ འཛིན་སྐྱོང་ནས་ལག་ལེན་བལྟར་ནས་འགྲོ་དགོས་པ་སྨོས་མེད་རེད་ རང་ཅག་བོད་གཞུང་དེ་ཡང་ དམངས་གཙོའི་གཞུང་རེད་ གྲོས་ཚོགས་ནས་གྲོས་ཆད་གཞི་བཞག་ལས་ འཛིན་སྐྱོང་བཀའ་ཤག་ནས་ཁྲིམས་ལུགས་ལག་ལྟར་གནང་བ་ལས་ སྣང་བ་གང་དྲན་གནང་ཡོད་མདོག་ཁ་པོ་མ་རེད་ལ་གནད་དོན་ཆེ་ཕྲ་སོགས་གང་ཐག་བཅད་གནང་ན་ བཀའ་ཤག་ལྷན་རྒྱས་ནས་བཀའ་གྲོས་གནང་ནས་ཐག་བཅད་གནང་གི་ཡོད་པ་སྨོས་མེད་རེད་ ནོར་འཁྲུག་དང་ལེགས་པའི་ཆ་གང་བྱུང་བ་རྣམས་ བཀའ་བློན་ཁྲི་པ་གཙོས་པའི་བཀའ་བློན་ཡོངས་ནས་འགན་འཁྱེར་དགོས་རེད་ མང་ཚོགས་ནས་ཀྱང་ དེ་ལྟར་སྐྱོན་བརྗོད་རྨང་གཞི་བཞག་དགོས་པ་བརྗེད་མི་ཉན་ སྔོན་ལ་སྒྲོམ་གཞི་འདི་མགོ་ཚིགས་གནང་ནས་མཆན་འབྲི་ཐུབ་ན་ གནས་ལུགས་རྒྱུ་མཚན་ཡོད་པ་ཆགས་ ཡང་ན་ སྐབས་དེར་བཀས་བཀོད་རྒྱུན་འཛིན་དམག་ཕྱོགས་ལྟ་བ་རེད་པས་ རྒྱུ་མཚན་ཁུངས་ལུང་དྲན་རྟགས་དང་བཅས་ཆད་ལྷག་མེད་པ་དངོས་ཐོག་བདེན་འཚོལ་ལམ་ནས་འཁྱེར་དགོས་ དམངའ་གཙོ་ཡང་དག་པའི་གཞུང་ཡིན་པ་ངོས་འཛིནགནང་གི་ཡོད་ལ་ རང་ཅག་ཚང་མས་ ༸རྒྱ་བ་དོན་གྱི་བདག་པའི་ཐུགས་དགོངས་འགྲུབ་ཐབས་ལ་ ཚང་མས་འཕྱར་གྲུབ་མཉམ་འདེབས་ཐོག་འཛེམས་སོན་མེད་པ་དག་སེར་གནང་ཐུབ་ན་དགེ་མཚན་ཆེ་ མ་རེད་པས་ གལ་སྲིད་ནོར་ཡོད་ན་གྲོས་ཚོགས་ནས་ནོར་པ་རེད་ ༡༩༩༧ ལོར་ གྲོས་ཚོགས་ནས་ གྲོད་ཆད་བཞག་སྟེ་ རྒྱ་བོད་འབྲེལ་ལམ་གནད་དོན་འགན་དབང་ཡོངས་རྫོགས་ ༸གོང་ས་མཆོག་འབུལ་ཡོད་པ་ དངོས་ཡོད་རེད་ སྐབས་དེའི་བཀུར་འོས་སྤྱི་མཐུན་རྣམས་ལ་དགོངས་སྐོར་ཞུས་པ་འམ་ ཞིབ་འཇུག་མཐིལ་ཕྱིན་གནང་ཐུབ་ན་དགེ་མཚན་ཡོད་པ་སྨོས་མེད་རེད་ དེ་ནས་བརྒྱུད་ལམ་གཅིག་དང་ གྲོས་གཞི་གཅིག་གི་ཐོག་ནས་འབྲེལ་བ་གནང་པ་རེད་ གང་ལྟར་དབུ་མའི་ལམ་གྱི་སྲིད་ཇུས་བྱུང་རིམ་མདོར་ཙམ་བཀོད་ན་ ༡༩༧༠ ལོར་༸གོང་ས་མཆོག་གིས་བོད་རིགས་འདི་ཛ་དྲག་ཆགས་འཇིགས་ལས་སྐྱོབས་ཐུབ་པའི་ཆེད་ རངགཞན་གཉིས་ཕན་གྱི་སྲིད་ཇུས་གསར་བཏོན་གནང་པ་རེད་ དེ་ནས་ གྲོས་ལ་དབང་བའི་སྤྱི་མཐུན་དང་ བཀའ་ཤག་ གནད་ཡོད་མི་སྣ་གལ་ཆེ་རྣམས་ནས་བཀའ་གྲོས་གནང་ཏེ་རྒྱབ་སྐྱོར་ཐོབ་ དེ་ནས་ བཙན་བྱོལ་སྤྱི་ཚོགས་ནང་ མ་མོས་འོས་བསྡུར་གནང་ནས་བརྒྱ་ཆ་དྲུག་ཅུ་བརྒལ་བ་དང་ དམིགས་བསལ་ཚོགས་ཆེན་སྔ་ཕྱི་གཉིས་དང་ བོད་གཞུང་མང་རྒྱ་ཡོངས་ཚོགས་ཆེན་མཚོགས་ནས་མ་མོས་ཐོབ་ གྲོས་ཚོགས་ནས་སྔ་ཕྱི་མང་དག་གྲོས་ཆད་འཇོག་གནང་མཛད་ཡོད་ གང་ལྟར་སྐབས་འདིར་ བོད་གཞུང་གི་ཁྲིམས་ལུགས་ཁས་ལེན་ཕྱིན་ཆད་ གཞུང་གི་སྲིད་བྱུས་ཆགས་ཡོད་ འཛམ་གླིང་རྒྱ་སྤྱི་ལྟ་སྟངས་ལ་སྲིད་ཇུས་འདིར་གཞི་བཅོལ་ནས་རྒྱ་སྐྱོར་གནང་གི་ཚང་མས་མཁྱེན་དགོས་ངེས་ཡིན་ བོད་གཞུང་ཁྲིམས་བཟོ་ལྷན་ཚོགས་ནས་གཏན་ལ་ཕབ་པའི་བཅའ་ཁྲིམས་རིན་པོ་ཆེའི་ནང་གསལ་ དོན་ཚན་བཅུ་གསུམ་པ་ ཡུལ་མིའི་ལས་འགན་། བོད་ཀྱི་ཡུལ་མི་ཚང་མས་བསྒྲུབ་དགོས་པའི་ལས་འགན་གཤམ་གསལ་
༡ བོད་རྒྱལ་ཁབ་ལ་ཡིད་ཆེས་བློ་གཏད།
༢ བཅའ་ཁྲིམས་དང་ ཁྲིམས་ལུགས་ཁག་ལ་སྙིང་ནས་བརྩི་བཀུར་དང། ཉམས་ལེན། དེས་གྲོས་ཚོགས་ནས་གྲོས་ཆད་གང་བཞག་པ་དེ་ ཁྲིམས་ཆགས་གི་ཡོད་པ་ཚང་མའི་མཁྱེན་གསལ་རེད་ བོད་མི་སྤྱི་བོ་གནམ་བསྟན་ཡོངས་ནས་བོད་གཞུང་དང་བཅའ་ཁྲིམས་རིན་པོ་ཆེ་ཁས་ལེན་ཕྱིན་ཆད་ འདི་ལྟར་རེད་ རྒྱ་སྤྱིའི་ཁྲིམས་ལུགས་དང་འགྲོ་སྟངས་ བོད་གཞུང་གི་བཅའ་ཁྲིམས་རིན་པོའི་དགོངས་དོན་འདི་བཞིན་རེད་ ཁྲིམས་ལུགས་ལ་བརྩི་བཀུར་གནང་དང་མིན་གནང་ སོ་སོའི་རང་དབང་རེད་ གུས་པའི་ཆ་རེ་ཆོ་རོ་ ངང་བྲིས་པས་ རྣམ་དཔྱོད་ཅན་ནས་ཁ་གསལ་བཀོད་རོགས།
གཟུར་གནས་དྲ་གྲོགས་རྣམས་པ་ལགས། འདིར་མཁས་དབང་ཁོང་ལ་རྒོལ་མཁན་རྣམས་ནི། དོལ་རྒྱལ་རྗེས་འབྲང་བ། དེ་བཞིན་ནང་ཁུལ་ཕྱོགས་ཞེན་ཅན་གྱི་ཀླད་མེད་དག་ཡིན་པ་ནི་ཁོང་ཚོའི་ཚིག་དོན་ནས་གསལ་ཡོང་གི་འདུག་ན། འདི་རིགས་ལ་ཡ་བྱས་པ་ལས་དབྱུག་བཞགས་ན་བཟང་། འོན་ཀྱང་ང་ཚོས་ནམ་ཡང་དོག་ཟོན་བྱེད་སྟེ་མི་འདི་ཚོའི་གཡོ་འོག་ལ་མ་ཚུད་པ་བྱེད་དགོས།
རྫུན་འཇོམ་ལ་རེད་རྫུན་གྱི་ཕུང་པོ་རེད།།
ཕྱི་ནང་མི་ཤེས་ར་གཟི་སྨྱོན་པ་རེད།།
ལེགས་ཉེས་མི་ཤེས་བླུན་པོ་མགོ་འཐོམ་རེད།།
རྗིད་ཁོག་མེད་པ་ཤོག་བུ་རླུང་ཁྱེར་རེད།།
ཡི་གེའི་དག་ཆ་ཙམ་ཡང་མི་ཤེས་པར།།
མཁས་པའི་དབང་པོ་ཁོང་ལ་རྒོལ་བ་འདི།།
གྲོང་གསེབ་གནས་པའི་ཁྱི་རྒན་རྒྱ་བོ་ཡིས།།
གདོང་ལྔའི་དབང་པོར་རྒོལ་དང་ཁྱད་པར་ཅི།།
དྲ་གྲོགས་རྣམས་ཀྱིས་ཐུགས་སྣང་གནང་དགོས་པར་ཞིག་ལ་ ལེགས་ཉེས་འབྱེད་པའི་རྣམ་དཔྱོད་ཀྱིས་ཕུང་པའི་བཟང་ངན་དབྱེ་འབྱེད་མིན་ཤེས་མཁན་ཆེས་ཉུང་ཤོས་ཤིག་གི་ མིང་འདྲ་མིན་བྲིས་ཏེ་ དགྲ་དགའ་གཉེན་སྡུག་རང་བཞིན་གནང་ཏེ་མཁས་དབང་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་ལ་གཞི་མེད་བསྙོན་འཛུགས་གནང་གིས་འདུག་པས་ རྣམ་དཔྱོད་གཟུ་ལྡན་རྣམས་ནས་ ཡ་ལེན་མ་གནང་ན་དགེ་མཚན་ཤིན་ཏུ་ཆེ་ ནང་གི་ཡོན་ཏན་དང་ ཕྱིའི་སྐུ་སྤྱོད་གཉིས་ཀས་གྱེར་བའི་སྐྱེ་བོ་དག་ལ་ སྐྱག་པ་བསྔོགས་ན་དྲི་མ་ཁ་རོགས་རང་རེད་ མཆན་འབྲི་མཁན་རྣམས་ལྡི་ལི་རྒྱུགས་ཁྱི་ཁ་ཤས་ཤིག་རེད་ དགོས་ས་ཆད་ མིན་དགོས་ས་ལྷག་ ཞེན་འགོག་གནང་དགོས་ས་ཆད་ མིན་དགོས་ས་གནང་ བོད་གཞུང་དེ་རྩ་གཏོར་རི་འཐོར་འགྲོ་ན་ཧ་སངས་རྒྱུ་མེད་མཁན་ཁག་ཅིག་རེད་ དགྲ་མགོ་བྱུག་པའི་ཤིང་ཐོ་འཕྱར་རྒྱུ་མེད་ལ་ བློ་ཁོག་ཡང་མེད་ བོད་རིགས་ནང་ཁུལ་ལྕགས་ཐོ་འཕྱར་ཏེ་འཇིང་པ་སྦམ་མདོག་ཡང་ བློ་ཁོག་ཡོད་ན་ རྒྱ་མིར་ཁ་གཏད་བཅོག་ད་ སྐུ་གཟུགས་མཆོད་མེར་སྒྲོན་ད་ ཐོག་མར་གུས་པའི་རེ་བར་ དུས་བབས་དྲ་རྒྱ་གཟིགས་པ་པོ་ཡོངས་ལ་ཐུགས་ཕན་གསོ་བའི་ཆེད་དུ་ རིག་པའི་གཞུང་ལུགས་རྨང་གཞི་ཐོག་བགྲོ་གླེང་གནང་རོགས་འབོད་བསྐུལ་རིམ་པ་བྱས་ཀྱང་ དམན་ཚང་བོུའི་སྐད་ཆ་ཤོད་སྟངས་ལས་མིན་འདུག་པས་ གུས་པའི་འདི་བྲིས་པ་ཡིན་ ཨ་མ་དང་འདྲེ་མོ་ནོར་ མི་རིགས་དང་པད་ཕྱག་བརྗེ་ ད་ཡིན་ན་ སྔོན་མར་བོད་རྒྱལ་ཁབ་དེ་ འདི་འདྲ་བྱས་ནས་ཕུང་པ་རེད་ བཙན་བྱོལ་སྒྲིག་འཛུགས་འདི་ཡང་རིང་པོ་མིན་ཐོགས་པ་ཕུང་ས་རེད་ མདོག་ཆ་འདིས་ རྒྱ་ནགི་བསམ་དོན་ཡིན་བཞིན་དུ་འགྲུབ་པ་ཐེ་ཚོམ་མིན་འདུག་ བོད་ནང་སྐུ་ལུས་མཆོད་མེ་སྒྲོན་མ་གནང་ལེགས་ གུས་རང་ སེམས་པ་བཏིང་ནས་ཕམ་གི་འདུག་ ད་གང་དྲག་ཨ་ ་ཡ་ང་སྙིང་རྗེ་མེད་པའི་མི་རིགས་ཆེ་བ་གཅིག་གིས་རྡུང་འདེད་གཏོང་བཞིན་སྐབས་ བསམ་ཤེས་ཏོག་ཙམ་ཡང་གནང་ཐུབ་པ་མིན་འདུག་གམ་ མི་རིགས་ཀྱི་ལ་རྒྱ་ག་བ་ཡོད་ན་ གངས་ཅན་པ་རྣམས་ འདི་འདྲ་གནང་ན་ འཇུག་འབྲས་ག་རི་ཡོང་གི་རེད་ ཐུགས་བསམ་བཞེས་རོགས་ འོ་མའི་རྒྱ་མཚོའི་ནང་ཁྲག་གི་ཐིགས་པ་འཛགས་པ་དང་མཚུངས་ལ་ སྤྱི་ཚོགས་འདི་མདའ་དཀྲུག་ཕུགས་དཀྲུག་ཆགས་པ་ཟུར་བལྟས་རེད་མིན་འདུག་གམ་ གུས་པའི་རེ་བར ་བོད་བསྟན་སྲིད་མི་རིགས་འདི་དངོས་ཡོད་ཛ་དྲག་ཆགས་ཡོད་པས་རྩ་དོན་ལ་ཕན་པའི་མཆན་འབྲི་རོགས་གནང་ ལག་གཉིས་ཐལ་མོ་སྦྱར་ནས་རེ་སྐུལ་ཞུ་གི་ཡོད་ གངས་ཅན་པ་རྣམས་ རང་ཅག་ཚང་མའི་འདིར་ལན་གཅིག་ཀློག་ན་ ༸ སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་མཆོག་བཀའ་བློན་ཁྲི་བའི་མཛད་ཁུར་འཁྱུར་སྐབས། སྦེལ་ཇམ་མི་མང་ནས་ཟངས་ལས་བྱས་པའི་ཐུགས་རྗེ་ལེགས་གསོའི་ཡི་གི་ཕུལ་བ་འདིར་ དཀྱུས་སུ་འགོད་འབུལ་ཞུས་པ་འདི་ལྟར།
ཐུགས་རྗེ་ལེགས་གསོའི་བསྟོད་ཚིག་དགྱེས་པའི་གླུ་དབྱངས་།
༄༅། །བརྗིད་ཅིང་མཚར་བའི་མཚན་དཔེའི་མེ་ཏོག་གངས་ཅན་ཞིང་དུ་བཞད་དང་ལྷན།།
གཞོན་ནུའི་དུས་ནས་༸རྒྱལ་བའི་བསྟན་ལ་དད་གསུམ་གྱིས་དྲངས་རབ་ཏུ་བྱུང་།།
བཅུ་ཕྲག་རིག་པའི་གནས་ལ་བསླབས་ནས་ཁྱད་དུ་འཕགས་པའི་དྲན་དབང་མཆོག།
མཁས་བཙུན་བཟང་པོའི་སྐྱེད་ཚལ་སྣུམ་པོར་འཆད་རྩོད་རྩོམ་པའི་མེ་ཏོག་འབར།།
བོད་ཁམས་སྣོད་བཅུད་གཡར་སར་ལྷུང་བའི་དུས་ཀྱི་རྒུད་ཚོགས་རྡོལ་བའི་ཚེ།།
དཔའ་མཛངས་་ཁྱེད་ཀྱི་རྨད་བྱུང་སྙིང་སྟོབས་རི་རྒྱལ་ལྷུན་པོ་ལྟ་བུས་ནི།།
༸གོང་ས་ཆེན་པོའི་བཀའ་ལུང་བདུད་རྩི་ཐུགས་ཀྱི་མཐིལ་དུ་ལེགས་བསྐྱིལ་ནས།།
གངས་ཅན་བསྟན་སྲིད་དོན་ཆེན་ཁོ་ནར་ལེགས་སྐྱེས་ཕུལ་འདི་ཆེས་རྨད་བྱུང་།།
བཀའ་ཡི་བློན་པོ་ཁྲི་བ་དང་ནི་གྲོས་ལ་དབང་བའི་གཙོ་བོ་སོགས།།
དུ་མའི་ལས་ཀྱི་སྣེ་མོར་བཞེངས་ཏེ་ལུགས་གཉིས་མཛོད་ལ་དབང་བསྒྱུར་ནས།།
ཐབས་མཁས་ཐུགས་རྗེས་རྒྱལ་ཐབས་འཕྲིན་ལས་ཆེ་རྒུའི་ཡིད་དབང་འཕྲོག་དང་ལྷན།།
བོད་འབངས་འཕྲལ་ཕུགས་བདེ་ལ་བཀོད་པའི་བརྟན་བརླིང་ལམ་བཟང་ཁྱེད་ཀྱིས་བསྐྲུན།།
ཨེ་མ་ཁྱེད་ཀྱི་ལེགས་ཉེས་འབྱེད་པའི་རྣམ་དཔྱོད་བཀྲ་བའི་མཁའ་དབྱིངས་ནས།།
རླབས་ཆེན་ཁྱེད་ཀྱི་བསྟན་སྲིད་མཛད་བཟང་མཚན་སྙན་འབྲུག་སྒྲ་ལྡིར་བ་ལ།།
བདག་ཅག་བོད་འབངས་དགའ་མགུའི་ཚོར་ཤུགས་རྨ་བྱའི་སྒྲོ་མདོངས་རྒྱས་པའི་ངང་།།
ཁྱེད་ཀྱི་བཀའ་དྲིན་ཡིད་ལ་བསམ་བཞིན་ཐུགས་རྗེ་ལེགས་གསོའི་ཆར་ཆེན་འབེབས།།
བཀའ་ཡི་མདུན་ན་འདོན་ཁྲི་བ་སེམས་དཔའ་ཆེན་པོ་༸སྐྱབས་རྗེ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་ནས་། ༸ གོང་ས་མཆོག་གི་བཀའ་དགོངས་ཐུགས་ཀྱི་གན་མཛོད་དུ་བཟུང་ནས་སྐུ་ཚེ་རིལ་བུའི་མཛད་འཕྲིན་བོད་བསྟན་སྲིད་མི་རིགས་ཀྱི་སླད་དུ་ལེགས་སྐྱེས་སུ་ཕུལ་བའི་རླབས་ཆེན་གྱི་མཛད་རྗེས་ལ། འདི་ག་ཡུ་རོབ་རྦེལ་ཇམ་གནས་སྡོད་བོད་རིགས་ཚོགས་པས་སྣེ་འཁྲིད་ནས་ མདོ་དབུས་ཁམས་གསུམ་གྱི་གངས་ཅན་བོད་རིགས་སྤུན་ཟླ་ཡོངས་ནས་མཉམ་རུབ་ཀྱིས་མ་གྲོས་བསམ་པ་གཅིག་མཐུན་ངང་ཐུགས་རྗེ་ལེགས་གསོའི་ཆེད་བསྟོད་ཚིག་དགྱེས་པའི་གླུ་ དབྱངས་ཀྱིས་སྣེ་དྲངས་ཏེ། སྟོན་པ་ཐུབ་པའི་དབང་དཔོའི་ སྐུ་བརྙན་མཐོང་གྲོལ་མ་འདི་བཞིན་ཕྱི་ལོ་ ༢༠༡༡ ཟླ་བ་ ༠༥ཚེས་ ༢༥ བཟང་པོར་ཕུལ་བས་སྐུ་ཚེ་མཛད་འཕྲིན་སླར་ཡང་རྒྱས་པའི་རྒྱུར་གྱུར་ཅིག་གུ། དྲ་རྒྱའི་ཁ་བྱང་ཡིན་། ། http://www.tibetonline.tv/play.php
TibetonlineTV News 26 May, 2011
ལུང་རྟོགས་མ་རེད་ལོག་རྟོགས་ཕུང་བོ་རེད། །ངོ་པག་འཐུག་པས་ཟམ་གདོང་ངོ་དགའ་བྱེད། །ངོ་མེད་ངོ་དགའ་བལྟས་ན་དོན་མེད་རེད། །
ང་ལ་སྐྱོན་བརྗོད་བྱས་ཀྱང་སྐྱོན་མི་ཚུག །གཞན་སྐྱོན་མ་བརྗོད་ཟེར་བ་ཁྱེད་ཀྱི་གཏམ། །རང་གི་རང་འགལ་བྱས་གད་མོས་གནས། །མགོ་མ་ཚོས་ན་ཁ་མཆུ་བཙིམ་ན་དགའ། །
མི་ཉག་བཙན་པོས་མི་ཉན་རྒྱུ་ཟི་བཤད། །ངོ་ཚ་མེད་ན་ཅི་ཡང་བཤད་ན་ཆོག །རྟགས་གསལ་རྟ་རྡང་ནང་ནས་འཕང་ན་ཆོག །དགྲ་བོ་ཤར་བཞག་མདའ་མོ་ནུབ་ཡང་འཕེན། །
རྟོགས་སད་པ་ཚོས་བདེན་རྔ་སོགས་ལ་བརྒོར་རྡུང་བཏང་བར་ལན་གནང་བ་ཐུགས་རྗེ་ཆེ། ཨ་མའི་བུ། བཙན་པོའི་གདུང་རྒྱུད་རེད་ཡ།
བཀའ་བློན་མཆོག་དང་པོ་ཚོགས་འདུ་འདིར་འགྲོ་འཆར་ཡོད་པ་མ་རེད། ༧རིན་པོ་ཆེ་སོགས་བཅར་བའི་དབང་གིས་འགྲོ་རྒྱུའི་བློ་ཁོག་ཅིག་རྙེད་པ་རེད། རྣམ་པ་ཚོས་དོན་མེད་རྩོད་པ་མ་བྱེད། ༧རིན་པོ་ཆེ་མཆོག་ཚོགས་འདུར་ཕེབས་འདུག
ཨེ་མ་ཟམ་གདོང་གི་བྱ་ལག
ནང་བསྟན་གཞུང་ལ་ཕྱོགས་ཙམ་སྦྱང་པའི་འབྲས།
རང་བརྒྱུད་མ་ཐུལ་ང་རྒྱལ་འཕེལ་བའི་རྒྱུ།
དངུལ་ཕོགས་ཐུབ་ཆེད་སློབ་སྤྱི་ཡན་ཆད་གནང་།
རིག་གཞུང་སྐྱོབ་ན་གཞན་སྐད་ཅིའི་ཕྱིར་བསྲེ།
བོད་ཕྲུག་སྟོང་ཕྲག་སྐྱེད་སྲིང་བྱས་ཟེར་འུར།
མི་ངན་ཁྱོད་ཀྱིས་གཏམ་ངན་གང་སར་ཁྱབ།
ཁྱོད་འདྲ་ལྐུགས་པ་འཛམ་གླིང་འདི་ལ་དཀོན།
དམན་པ་ཁྱོད་འདྲ་བོད་པ་ནང་ལ་མེད།
ཁྱོད་ལ་ལྷག་བསམ་མེད་ལ་གཡོ་རྒྱུ་མང་།
ཁྱེད་ཀྱི་བྱས་ཉེས་གཟུགས་སུ་གྲུབ་ཡོད་ན།
འཛམ་གླིང་འདི་ལ་མི་ཤོང་ཁོ་ཐག་རེད།
ཆོག་མེད་ཟང་ཟིང་དངུལ་གི་དངུལ་ཁང་བཀང་།
མིང་དང་སྙན་གྲགས་ཁོ་ན་དོན་དུ་གཉེར།
བསོད་བདེ་མེད་པའི་སྐྱེ་ས་ཁམས་ལ་སྐྱེས།
རླུང་རྟ་རྒྱུགས་པའི་དབུས་ལ་འཚར་སོང་ཟེར།
གསུང་དེ་ཆགས་སྡང་ཞེ་སྡང་གང་དུ་གཏོགས།
བོད་པའི་ཞབས་འདྲེན་ཟམ་གདོང་བླ་མས་ཞུས།
དཔྱོད་ལྡན་མི་དམངས་རེ་ཐག་ཆད་ནས་ཡོད།
སྤྱི་འཐུས་ཚོགས་གཙོ་ཧམ་བཟུང་ཁམས་གཉིས་བགོས།
བཙན་བྱོལ་བོད་གཞུང་གཏོར་ཏེ་སྒྲིག་འཛུགས་སྒྱུར།
མཚན་སྙན་ཆོ་ལོར་རྔམ་སྟེ་གྷན་དྷི་ཡི།
འཚེ་མེད་ལྟ་གྲུབ་བརྐུས་ཏེ་གསར་གཏོད་བསྒྲགས།
བོད་སོག་ལས་ཁུངས་སྐོར་གྱི་རྩོད་རྙོག་བསླངས་།
ཉེས་མེད་ཉེས་འཛུགས་ཨ་ཐར་དགྲ་རུ་བཟུང་།
དོ་རྒྱལ་ཐུག་ན་རང་སྲོག་དོར་ཕོད་ཟེར།
རྒྱ་དམར་ཐུག་དུས་ཀྲུང་ཧ་སྤྱི་མཐུན་འབོད།
ནང་ལ་དཔའ་རྩལ་ལྡན་ཡང་དགྲ་ལ་ཞུམ།
བོད་ལ་དྲིན་ཞིག་བཟོས་རབས་ལོ་རྒྱུས་མེད།
བཀའ་ཁྲིར་གཡོ་འཚང་འགན་ཁུར་ཤིག་ཙམ་མེད།།
རྩ་དོན་བདེན་དོན་ཚང་མ་བློས་བཏང་བྱས།
དབང་ཆ་གཅིག་སྡུད་གནང་ཏེ་སྒེར་མགོར་བསྒྱུར། ལྐོག་ཟ་མཚམས་བཅད་ཟེར་ཡང་སྒེར་བདག་བྱས།།
ཤེས་འཇོན་ལས་བྱེད་ཚང་མ་ཡིད་ཐང་ཆད།།
ཟམ་གདོང་རྒྱུག་ཁྱི་མིན་ཕྱིན་རྒྱང་ཕུད་གཏོང་།།
དཔལ་འབྱོར་དཀའ་ངལ་སེལ་རབས་གང་སར་བསྒྲགས།
འཛམ་གླིང་འདི་ལ་ཁྱོད་འདྲ་ཤིན་ཏུ་མང་།
ཨུ་ཚུགས་སྲོལ་རྒྱུན་ཞིང་ལས་འབད་ཡོད་ཀྱང་།
མཐའ་འཁྱོངས་མ་བྱུང་ཞིང་པས་ལོ་མང་ལ།
ངལ་འབྲས་མེད་པར་གྱུར་དེར་ཉམས་སྣང་མེད།
སྒྲོ་བཏགས་ཆོ་ལོ་ཕུལ་བའི་ཕྱུགས་གསོ་རིག། ཟམ་གདུང་བླ་མས་ཐོག་མར་བཟོས་རབས་བཤད།
ལོ་ངོ་བཅུ་ལ་རྒྱ་བོད་ཞི་མོལ་ཕྱིར།
ཡོད་ཚད་བློས་བཏང་གནང་ཏེ་བདེན་སྐད་ཙམ།
སྒྲོགས་ས་མེད་པར་བཟོས་པའི་བྱས་ཉེས་ཀུན།
ང་ནི་བླ་མའི་བཀའ་ལས་ཆབ་སྲིད་དང་།
མི་རིགས་བདེན་དོན་ནམ་ཡང་སྒྲུབ་ཀྱི་མེད། ཟེར་སྟེ་༧ གོང་ས་མཆོག་ལ་ལན་ཁག་དཀྲིས།།
ཁོངས་འཁྱོལ་མེད་པའི་ཤེས་ཡོན་སྲིད་ཇུས་སྤེལ།
ཁྱེད་ཀྱི་བྱས་ཉེས་རེ་རེ་དྲན་དུས་སུ།
སེམས་པ་གཏིང་ནས་སྐྱོ་ཡང་བྱ་ཐབས་བྲལ།
ཁྱེད་ལ་ཡོད་པ་ཕྱོགས་རེ་ཆགས་སྡང་ཙམ།
ཁྱེད་ལ་མེད་པ་དྲང་བདེན་ལྷག་བསམ་རེད།
བློ་ལྡན་སུ་ཡང་ཁྱེད་ལ་སྐྱུག་རེ་བྲོ།།
ད་གང་ལྟར་ང་ཚོ་ཕལ་ཆེ་བ་ཁ་ཤོ་དང་སྣ་ཤོ་རྐྱང་རྐྱང་རེད། ཁ་ཤོས་སྣ་ཤོ་ལ་གཅིག་བཤད་ཁུལ་བྱེད་པ་ལས་སོ་སོའི་མདོགས་རྒྱ་དང་སྤྱོད་ཚུལ་ལ་གཅིག་བལྟས་ན་མི་ལེགས་སམ།
མི་ཉག་བཙན་པོ་ལགས།
ཁྱེད་ཀྱིས་རྫུན་འཇོམ་ལ་ཚུལ་གསུམ་ཚང་བའི་གཏན་ཚིག་ཀྱི་རིག་པ་བཏང་མི་འདུག་ལ། ཁྱོད་གཉིས་དབར་རང་ལྟ་མཆོག་འཛིན་གྱིས་ཁྱོད་ཤི་ང་གསོན་གྱི་དམག་འཁྲུག་ཅིག་རྒྱག་བཞིན་པའི་འཚོར་སྣང་བྱུང་། མ་གཞི་སྐབས་འདིར་བཤད་བྱ་ནི་གོང་གི་གསར་འགྱུར་ནང་ཟམ་གདོང་བླ་མ་ལྷོ་ཀོ་རི་ཡཱར་ཚོགས་པའི་འཛམ་གླིང་ནང་པའི་ཚོགས་ཆེན་སྟེང་བོད་ཚབ་དང་མཉམ་བཞུགས་གནང་ཡོད་མེད་དང་། བརྒྱུད་ལམ་ཁག་ཏུ་ཐོན་གསལ་ལྟར་ན་༧སྐུ་འདུན་སྐུ་ཚབ་ཡིན་རབས་དེ་དངོས་ཡོད་ཡིན་མིན། གལ་ཏེ་དངོས་ཡོད་ཡིན་ན་ཚོགས་ཆེན་སྟེང་མི་བཞུགས་པའི་ཐད་དང་རྒྱ་ལ་བསྟུན་མཁས་ཡིན་མིན་ཐད་གྲོ་གླེང་གནང་དགོས་པ་རེད།
འོན་ཀྱང་དེ་ལས་ལྡོག་ཏེས་སྐུ་ཉིད་ཀྱིས་འབྲེལ་མེད་དོན་གཞན་དང་མིང་གནས་རྗེས་འགྲེལ་གྱིས་རང་ཉིད་འབྱུང་ཁུངས་ལོ་རྒྱུས་འདྲ་ཞིག་བཀོད་འདུག་ཀྱང་། དེ་འདྲའི་ལོ་རྒྱུས་རང་བཞིན་ལྡན་པའི་མི་རིགས་ཀྱི་ཁོངས་སུ་གཏོག་ཡོད་ན་རྫུན་འཇོམ་ལ་ཚུལ་གསུམ་ཚང་བའི་རིག་པ་བཏང་ཚུལ་ནང་། ཁྱེད་ཀྱིས་འདི་ལྟར་་་་་མི་ངན་དང་་་་རྒྱ་མིའི་རྒྱུགས་ཁྱི་་་་རྒྱ་དམར་གྱི་རྐུབ་གཡོག་་་་་་རྒྱ་དམར་གྱི་སྐྱག་གཅིན་ལྡག་མཁན་་་རྒྱ་མིའི་སོ་ཉུལ་་་་་དོལ་རྒྱལ་རྗེས་འབྲངས་བ་སོགས་བྲིས་ནས་ཚུལ་གསུམ་ཚང་བའི་གཏན་ཚིག་བཀོད་ཡོད་མདོག་སྨྲས་པ་ནི་ཅི་འདྲའི་ཚུལ་གསུམ་རིག་པ་སྐྱོ་བ་ལ། དེ་འདྲའི་ཚུལ་གསུམ་རིག་པ་ཞིག་གྲོང་པའི་ཨ་པ་དང་རྫི་བོ་ཚོས་ཀྱང་ཆར་པ་འབེབ་འབེབ་གཏོང་ཤེས་ཀྱི་རེད། མ་ཟད་ཁྱེད་ཀྱིས་འབྱུང་ཁུངས་ཀྱི་ཞབས་འདྲེན་བཞག་གནང་བ་མ་རེད་པས། དོན་དངོས་བྱས་ན་ཟམ་གདོང་བླ་མའི་གསང་གསུམ་གྱི་ཡོན་ཏན་དང་མཛད་རྗེས་དྲངས་ནས་ཚུལ་གསུམ་གཏན་ཚིག་བཀོད་ནས་ཟམ་གདོང་བླ་མ་དཀར་འདོན་བྱེད་དགོས་ཀྱང་དེ་ལས་ལྡོག་པས་སོ། སྤྱིར་ངས་ཟམ་གདོང་བླ་མར་དད་པ་དང་ཡིད་ཆེས་བྱེད་ཀྱི་མེད་ཀྱང་བོད་རྒྱུད་ནང་བསྟན་གྱི་བླ་སྤྲུལ་ཞིག་ཡིན་པའི་ཆ་ནས་དང་སྤྱི་ཚོགས་ཀྱི་འགན་འཁུར་གནང་བའི་མཛད་རྗེས་དང་། ལྷག་པར་དུ་ཡུན་རིང་བཙན་བྱོལ་ནང་ཤེས་ཡོན་ཐད་མཛད་རྗེས་ཆེན་པོ་བཞག་པའི་ངོས་འཛིན་ཐོག་གུས་བརྩི་དང་རྗེས་སུ་ཡིད་རངས་ཞུ་གི་ཡོད། འོན་ཀྱང་ཁོང་གིས་ཆབ་སྲིད་ཐད་གཡོན་ཐལ་ཅན་གྱི་སྲིད་བྱུས་ལ་ངས་ངོས་ལེན་ཞུ་གི་མེད་ལ་སྐྱོན་བརྗོད་དང་དགག་པ་ཡང་རྒྱག་གི་ཡོད། བྱས་ཙང་ད་རེས་ཚོགས་ཆེན་སྟེང་མི་བཞུགས་པ་ལ་ང་དོགས་པ་ཅུང་ཟད་ཡོད།
སྤྲུལ་དབང་ཆེན།
དགའ་ན་དབུ་ལ་ལྷ་སྐུ་བཞེངས་པ་དང་།
མ་དགའ་མགོ་ལ་གླང་རྭ་བཙུགས་པ་སོགས།
བོད་མིར་གདོད་ནས་འབྱར་བའི་གཤིས་ངན་དེས།
རྒྱལ་རབས་ལོ་རྒྱུས་ཀློག་ལ་ཡིད་མ་ཆེས།།
ཆོས་བཞིན་མི་སྤྱོད་ཆོས་སྲིད་ཟུང་འབྲེལ་དང་།
ཆབ་སྲིད་མི་ཤེས་ཆོས་ཀྱིས་ལྷན་པོ་ཅན།
བོད་མིས་བཟོས་པའི་ཆོས་སྲིད་ཆོ་མེད་དེས།
མིག་གཉིས་ཟུམ་ནས་ཐལ་སྦྱར་བློ་མ་བདེ།།
ངེས་འབྱུང་མེད་ཀྱང་ཐེག་དམན་གྲལ་ན་འཚང་།
བྱང་སེམས་བྲལ་ཡང་ཐེག་ཆེན་སྒོམ་ལ་གཞོལ།
ཐེག་པ་གང་རུང་གཉིས་ལས་ཡོལ་བ་དེས།
བོད་མིའི་ཆོས་པར་རློམ་ལ་ཞེ་མ་བདེ།།
སེམས་ཅན་ཐམས་ཅད་ཁ་ནས་འདོན་སྒྲ་ཙམ།
ཆོས་གོས་དམར་སེར་མཛེས་པའི་རྒྱན་གོས་ཙམ།
ཤ་ཁྲག་དམར་ཟས་སྤྱང་བཞིན་སྤྱོད་པ་དེས།
སྤྱན་རས་གཟིགས་ལས་མཆེད་ལ་དོགས་མ་བདེ །།
དགོན་པ་ཁེ་སྤོགས་ཡོང་སྒོ་གསོག་སྒར་ཞིག །
བཙུན་པས་ཆོས་བརྒྱད་འཁོར་བ་སྐྱོང་ཐབས་ཙམ།
ཕལ་ཆེར་ཚུལ་འཆོས་མགོ་སྐོར་བསླུ་བྲིད་དེས།
དགོན་པ་གྲྭ་ཚང་མཇལ་ལ་སེམས་མ་སྐྱིད།།
དགོན་ཁྲིམས་སྒེར་གཅོད་བཙོན་དོང་ཐར་མེད་ཞིག །
ཆོས་ཁྲིམས་རང་བཟོས་རང་སྡུག་ཁུར་ཆེན་ཞིག །
ཆོས་ལ་བརྟེན་ནས་ཆོས་མིན་རྣམ་རྟོག་དེས།
ཆོས་དཔོན་ཕལ་ཆེར་བརྟེན་ལ་སྙིང་མ་དགའ།།
གྲྭ་བའི་མི་དམངས་བློ་ངོར་བསྟུན་དགོས་གཅིག །
དམངས་ཚོགས་ཐག་གཅོད་གྲྭ་བཙུན་བཟང་ངན་གཉིས།
སྟོན་པས་འདུལ་ཁྲིམས་ཡུལ་མིས་བཅོས་བསྒྱུར་དེས།
གྲྭ་བཙུན་ངུར་སྨིག་བགོས་ལ་དོན་མ་མཆིས།།
རྨོངས་དད་ཆེ་ནས་མཐོང་ཚད་ལྷར་བཀུར་དང་།
དག་སྣང་སྦྱང་ནས་ཐམས་ཅད་མཉམ་པ་གཉིས།
དབྱེ་འབྱེད་མི་ཤེས་མང་ཕྱོགས་རྗེས་རྒྱུག་དེས།
བླ་ཆེན་ཐོབ་ཆེན་ཅན་ལ་དད་མ་གུས།།
ཡིག་རྨོངས་མང་ནས་རྣར་ཐོས་གོ་ལོག་དང་།
གླེན་པ་མང་ནས་ཨུ་ཚིགས་དད་ཞེན་གཉིས།
བོད་པའི་ནང་ཆོས་རུལ་བའི་གཞིར་འགྱུར་ཕྱིར།
ཡ་མཚན་ངོ་མཚར་འཛིན་ལ་སྐྱུག་རེ་བྲོ།།
མཁས་བཙུན་བཟང་གསུམ་ཡལ་བའི་མཁན་སློབ་དང་།
ལུང་རྟོགས་དམ་ཆོས་བྲལ་བའི་དགེ་སྤྲུལ་སོགས།
ལྟར་སྣང་བཅོས་མས་བཅིངས་བའི་སྤྱི་ཚོགས་དེས།
ཞི་བདེའི་བྱ་དཀར་ཞོན་ལ་དགོད་རེ་ཤོར།།
འབྱོར་ལྡན་འགྲན་བརྡུར་བྱེད་པའི་ཚོགས་བསགས་དང་།
ཚོང་རྟེན་དམ་ཆོས་འཆད་པས་ཆོས་སྤེལ་གཟུགས།
སྐུ་བསོད་རྒྱུ་ནོར་འཛོམས་ན་གོང་བཀུར་དེས།
ནོར་གྱིས་ཆོས་ལ་དབང་བསྒྱུར་ཡིད་རེ་མུག །།
རྒྱ་ཆེན་ཐོས་མང་ཐོས་དོན་གདམས་པར་རྟོགས།
དེ་དོན་ཉམས་ལེན་དཔྱོད་ལྡན་སྐྱེས་བུ་རྣམས།
སྤྱི་བོར་ནོར་བུ་བཞིན་དུ་རབ་མཆོད་དེས།
མ་ནོར་ལམ་མཆོག་ཡང་དག་དོན་རྟོགས་ཤོག །། འདི་ཁ་བརྡ་ནས་ཕབ་བཤུས་བྱས་ཏེ་འདིར་ཆེད་དུ་བཀོད་པ་ཡིན།
རྨོངས་པ་ཅན་ཚོས་ངོ་བསྟོད་གཏམ་འཆལ་སྤེལ།།
ཕལ་པ་ཅན་ཚོས་གཡོ་སྒྱུའི་ཚིག་མདའ་འཕེན།།
མཁས་བླུན་བར་མས་ཅི་ཡང་མི་བཤད་པའི།།
ཕྱོགས་ལྷུང་བོད་མིའི་གཤིས་ཀར་ཡིད་རེ་དམུག།
བླ་སྤྲུལ་ཅན་ཚོས་ཕན་ཚུན་བསྟོད་རེས་བྱས།།
སྐུ་ངོ་རྒྱག་པས་ཕན་ཚུན་ངོ་སྤྲེལ་ལད།།
བར་གྱི་འབངས་རྣམས་ཅི་བྱ་བཏོལ་མེད་བསྐྱལ།།
དོང་དམར་བོད་མིའི་གཤིས་ཀར་སྐྱུགས་རེ་བྲོ།།
བཀྱག་ན་དབུ་ལ་སངས་རྒྱས་དངོས་སུ་བཞེངས།།
སྡུག་ན་མགོ་ལ་གླང་གི་རྭ་ཅོ་འཛུགས།།
བཀྱག་བཀྱག་སྐྱག་པས་རང་རྐུབ་བཀྱག་གྱུར་ཀྱང་།།
ཐ་མ་སྐྱག་དྲི་རང་ལས་ཁ་རྒྱུ་མེད།།
དོང་དམར་བོད་མིའི་ཀླད་པར་བློ་མི་བདེ།།
གོས་དམར་བོད་མིའི་ཆོས་པར་ཡིད་མ་ཆེས།།
མེ་དམར་བོད་མིའི་སྲིད་ལ་བློ་མ་བདེ།།
མ་མི་མིན་མེད་ཚིག་འདིར་ཇི་མི་སྙམ།།
རྫུན་འཇོམ་རྫུན་འཇོམ་མ་རེད་བདེན་འཇོམ་རེད།།
དྲང་བདེན་མི་ཤེས་བླུན་པོ་མགོ་འཐོམ་རེད།།
ཟམ་གདོང་བླ་མས་དོལ་རྒྱལ་འགོག་པ་ལས།།
དོལ་རྒྱལ་བསྟེན་པའི་ལོ་རྒྱུས་སྲིད་ན་མེད།།
གཅིག་སྒྲིལ་ཚོགས་པའི་ཤི་མཇུག་བཅངས་ཏེ་མདོ་སྟོད་དུམ་བུ་གཉིས་སུ་བགོས།།
བོད་བརྒྱུད་ནང་བསྟན་རིས་སུ་བཅད་དེ་ཆོས་བརྒྱུད་གཞན་གྱི་མགྲིན་པ་བཙིར།།
དམར་པོའི་གཞུང་ལ་སྤྲེལ་ལད་འཁྲབ་ཏེ་གང་ཅན་མཐུན་སྒྲིལ་རྡོག་བརྫིས་བྱས།།
བླུན་པོ་ཚོགས་དག་མགུ་བ་སྐྱེད་པའི་གནའ་གཏམ་རིང་མོས་གཞན་མགོ་བསྐོར།།
དགའ་ལྡན་ཕོ་བྲང་རྩལ་འདོན་བྱས་ཏེ་གདན་ས་གསུམ་ནས་རྒྱབ་དཔུང་བཙལ།།
སོག་པོ་དག་ལ་ལོ་རྒྱུས་གླེང་སྟེ་གཙང་རྒྱལ་བསད་པའི་དཔའ་དར་འཐེན།།
སྐྱེས་ས་སྒང་དྲུལ་ཡུལ་ནས་ཡིན་རུང་དུང་ཞེན་དབུས་ལ་ཕྱོགས་སུ་ལྷུང་།།
མི་ཚེ་སྲིད་ཀྱི་སྟིགས་བུར་འགྱིངས་ཡང་ལག་རྗེས་ནང་གི་གས་ཁ་ཙམ།།
སྤྱི་མཐུས་ཚོགས་གཙོའི་གོ་གནས་བཞེས་དུས་སྤྱི་དོན་སྒེར་གྱི་ཕྱོགས་སུ་དྲངས།།
བཀའ་ཁྲིའི་མི་ལོ་བཅུ་ལ་བྱས་ཏེ་རྩ་དོན་རྩོད་མཁན་མགོ་བོ་མནན།།
མཁས་པའི་དབང་པོས་འཛམ་གླིང་མ་མཐོང་མགོ་བོ་ནང་རྩོད་ལས་ལ་འཁོར།།
བྱས་རྗེས་བྱས་ཉེས་བཤད་བཤད་མི་དགོས་གཞོན་སྐྱེས་དག་གི་སེམས་ལ་གལས།།
ཟབ་གདོང་བླ་མའི་སྐུ་ཚེ་ཡུན་བརྟན་ཤོག །