མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གསོན་པ་དག་ལ་ལམ་ཞིག་འཚོལ།

བོད་ཀྱི་དུས་བབ།
༢༠༡༢/༠༦/༢༠
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་དུས་བབ་གསར་ཤོག་སྤྱིའི་འདོན་ཐེངས་ ༥༥༨ སྟེང་གི་རྩོམ་སྒྲིག་པའི་གཏམ།

ཉེ་ལམ་རྒྱ་ནག་དབུས་བརྙན་འཕྲིན་ཁང་གིས་བོད་མིའི་མེར་བསྲེགས་ལས་འགུལ་སྐོར་གྱི་གློག་བརྙན་ཐུང་ངུ་ཞིག་ཁྱབ་བསྒྲགས་བྱས་ཡོད། དེའི་ནང་གི་མི་སྣ་གཙོ་བོ་གཅིག་ ༢༠༠༩ ཟླ་ ༢ ཚེས་ ༢༦ ཉིན་རང་ལུས་མེར་བསྲེགས་གཏོང་མཁན་བཀྲ་བྷེ་ལགས་རེད། དེ་མིན། བོད་ནང་རང་ལུས་མེར་བསྲེགས་གཏོང་མཁན་དང་ཁམས་བྲག་མགོ་སོགས་སུ་རྒྱ་གཞུང་ལ་ངོ་རྒོལ་བྱས་པའི་བརྙན་དང་པར་ཁག་ཅིག་བསྡུ་སྒྲིག་བྱས་ཏེ་ནམ་མཁར་མི་ཤོང་བའི་འགྲེལ་བཤད་རྫུན་མ་བརྒྱབ་ཡོད། བོད་ནང་གི་བོད་མི་ཁག་ཅིག་ལ་སྐད་ཆ་འདྲི་ཁུལ་གྱིས་ཟུར་དུ་རྒྱ་སྐད་ཐོག་འགྲེལ་བཤད་རྫུན་སྒྲིག་བྱས་ཡོད།

            འདིས་འཛམ་གླིང་མི་མང་དང་རྒྱ་རིགས་མང་ཚོགས། ཡང་སྒོས་བོད་ནང་གི་བོད་མི་ཚོར་མགོ་སྐོར་བསླུ་བྲིད་གཏོང་ཐབས་བྱས་ཡོད་ལ། ཕྱིས་སུ་ཡང་ཁོང་ཅག་གིས་དཀའ་སྡུག་མནར་གཅོད་བཟོད་མེད་མྱང་དགོས་པ་དང་། རྒྱ་གཞུང་གི་དྲིལ་བསྒྲགས་རྫུན་མའི་ལག་ཆར་སྤྱོད་རྐྱང་བྱ་རྒྱུ་ཡིན་པ་སྨོས་ཀྱང་ཅི་དགོས། གནས་ཚུལ་འདི་བརྒྱུད་དེ་ང་ཚོར་དྲན་སྐུལ་བསླངས་པ་ནི། མེར་བསྲེགས་ཁྲོད་སྐུ་གྲོངས་ཟིན་པ་དག་གཟི་བརྗིད་ཀྱིས་བཞུད་ཚར་བ་དང་། ཁྱད་གསོད་དང་མནར་སྡུག་ཁྲོད་ཨམ་གཙིགས་བསྡམས་ཏེ་འཚོ་བཞིན་པ་དག་ལ་ང་ཚོས་བདག་པོ་རྒྱག་དགོས། ཁོང་ཅག་གི་ཆེད་དུ་ཕྱི་ལོགས་སུ་ཡོད་པའི་བོད་མི་ཚོས་རྒྱུ་ཡོད་ན་རྒྱུ་སྟོབས་ཚད་རན་དང་ངོ་ཡོད་ན་ངོ་ཆེན་ཞུ་རན་བསླེབས་ཡོད།

            ལྷ་ས་གྲྭ་བཞི་བཙོན་ཁང་སོགས་ནས་ལོ་མང་དཀའ་སྡུག་མྱངས་ཟིན་པའི་བོད་རིགས་ཆབ་སྲིད་བཙོན་པ་ཁ་ཤས་ཁྲིམས་ཆད་ཀྱི་དུས་ཡུན་མ་རྫོགས་གོང་སྨན་བཅོས་ཀྱི་མིང་ཐོག་ནས་ཕྱི་རྒྱལ་དུ་བླངས་ཡོད་ལ། འགའ་རེ་བཙོན་འཇུག་གི་དུས་ཡུན་རྫོགས་རྗེས་འཐེན་པའང་རེ་ཟུང་བྱུང་ཡོད། བདེན་པ་ལ་བདག་པོ་དང་འཐབ་རྩོད་ལ་རྒྱབ་དཔུང་ཡོད་ན། ལམ་ཁ་འདི་ནི་བོད་ཙམ་མིན་པར་རྒྱ་ནག་ནང་ཁུལ་དང་། རྒྱལ་ཁབ་གཞན་དག་གི་སྒེར་སྤྱོད་སྲིད་དབང་འོག་གི་སྲིད་དོན་བཙོན་པ་གྲགས་ཆེན། བཙན་དབང་མནར་གཅོད་འོག་གི་ཉེས་མེད་ཉམས་ཆུང་མི་སེར་ཐུན་མོང་ལ་དབང་བ་ཞིག་ཡིན།

            ཉི་མ་དེ་རིང་ལ་ཐུག་གི་བར་དུ་བོད་ཕྱི་ནང་གཉིས་སུ་བོད་མི་རིགས་ཀྱི་རང་དབང་དང་ཐོབ་ཐང་བརྩོན་ལེན་ཆེད། རང་ལུས་རིན་ཆེན་མེ་རུ་མཆོད་མཁན་ ༤༤ ཙམ་བྱུང་ཡོད་ཅིང་། དེ་དག་ལས་བཙན་བྱོལ་དུ་ ༥ དང་བོད་ནང་ ༣༩ བྱུང་ཡོད། དེའི་ཁྲོད་དུ་སྐུ་ཚེ་ཕན་པ་རྫོགས་ཟིན་པ་ ༣༢ ཙམ་བྱུང་ཡོད་པ་ལས་བོད་ནང་ ༣༠ དང་བཙན་བྱོལ་ནང་ ༢ ཙམ་ཆགས་ཡོད་ཅིང་། འདི་དག་ནི་སྐྱེས་པ་རླབས་ཆེ་ཞིང་འཆི་སྟངས་གཟི་བརྗིད་ལྡན་པ་ཞེ་གཅིག་ཡིན། འདས་གྲོངས་སུ་ཕྱིན་པ་རྣམས་དེ་བས་ཀྱང་མི་ཚེ་གཅིག་ལ་སྡོམ་ཚིག་གཅིག་གིས་སྐལ་བ་སྟོང་གི་རྡོ་རིང་བཞེངས་ཡོད་ལ། འཚོ་བཞུགས་གནང་བཞིན་པ་དག་ཀྱང་ཇི་སྲིད་འཚོ་བའི་བར་དུ་བོད་མི་རིགས་ཀྱི་དཔའ་བོའི་མཚན་སྙན་ནམ་ཞར་ཡང་གསུབ་ཏུ་མེད།

            བཀྲ་བྷེ་སོགས་ད་ལྟ་སྐུ་འཚོ་བཞུགས་བཞིན་པ་ ༡༢ ཙམ་ཡོད་པ་ལས། ཁག་ཅིག་རྒྱ་ལག་ཏུ་ཚུད་དེ་གར་སོང་ཆ་མེད་ཆགས་ཡོད་ལ། འགའ་རེ་དབང་བོ་སྐྱོན་ཅན་དུ་གྱུར་ཏེ་དཀའ་སྡུག་བཟོད་མེད་མྱངས་དང་མྱོང་བཞིན་ཡོད། ཁོང་ཅག་ང་ཚོས་གར་སོང་མིག་གིས་འཚོ་དགོས་ལ་གར་སྡོད་སེམས་སུ་ཉར་དགོས། བཙན་བྱོལ་བོད་གཞུང་གི་དབུ་ཁྲིད་རྣམ་པ་ཚོས་དྲང་བདེན་ཁ་རུ་འཁྱེར་བའི་རྒྱལ་སྤྱིའི་གཞུང་དང་ཚོགས་སྡེ་ཁག་ལ་རེ་སྐུལ་ཞུས་ཏེ། རྨས་མ་འདི་དག་སྨན་བཅོས་ཀྱི་ཆེད་ཕྱི་རྒྱལ་ཁག་ཏུ་འཐེན་ཐབས་ལ་འབད་དགོས་ལ། གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་གིས་ཀྱང་དུས་རྒྱུན་གཞས་གཅིག་གདངས་བརྒྱ་ཡིས་གྱེར་སྡོད་པ་ལས་ཤུལ་ལུས་རྨས་མ་འདི་དག་གི་རང་དབང་དང་མདུན་ལམ་ཆེད་འབུང་དགོས།

འབྲེལ་ཡོད་གསར་འགྱུར།

རྒྱ་ནག་གིས་དྲག་གནོན་དང་། དེའི་རིགས་ལ་སྒྱུ་རྩལ་དང་གསར་འགོད་ལས་རིགས་བརྒྱུད་གདོང་ལེན་ཇི་འདྲ་བྱེད་ཀྱི་ཡོད་པའི་སྐོར་ལ་མཁས་པའི་གཏམ་བཤད་ལས་རིམ་འཚོག་བཞིན་པ། ༢༠༢༦།༣།༡༡ དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གི་དྲག་གནོན་སྐོར་ལ་མཁས་པའི་གཏམ་བཤད་ཀྱི་ལས་རིམ་འཚོགས།

ཆུ་ཚོད་ ༧ སྔོན་ལ།
The third plenary meeting of the fourth session of the 14th National Committee of the Chinese People's Political Consultative Conference (CPPCC) is held at the Great Hall of the People in Beijing, capital of China, March 8, 2026. (Xinhua/Cao Yiming)
Mobile App

ཕྱི་ཟླ་ ༩ པའི་བདུན་ཕྲག་བཞི་པ་དེ་མི་རིགས་མཐུན་སྒྲིལ་ཡར་སྐུལ་གྱི་བདུན་ཕྲག་ཏུ་གཏན་འབེབ་བྱ་འཆར་འདུག

ཆུ་ཚོད་ ༨ སྔོན་ལ།
བོད་རྔ་བ་ཁུལ་ཁྱུང་ཆུ་རྫོང་དུ་རྒྱ་གཞུང་གིས་དམག་མི་མང་པོ་འགྲེམས་འཇོག་བྱས་ཏེ་སྔར་ལས་དམ་དྲག་བྱས། ༢༠༢༦།༠༣།༡༠ དྲ་ལམ་གྱི་པར།
Mobile App

གསུམ་བཅུ་དུས་དྲན་སྐབས་རྒྱ་གཞུང་གིས་སྔར་ལྷག་དམ་དྲག་བྱས།

ཆུ་ཚོད་ ༨ སྔོན་ལ།
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ལ་སྙིང་རྗེའི་གཟེངས་རྟགས་ཤིག་འབུལ་ལམ་ཞུས་སོང་།

ཆུ་ཚོད་ ༡༡ སྔོན་ལ།
Mobile App

གཅེས་ཕྲུག་གསུམ་ལ་ཨ་མའི་སྙིང་གཏམ།

ཆུ་ཚོད་ ༡༣ སྔོན་ལ།
པར་འགྲེལ། བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོག་བཞིན་པ། ༢༠༢༦།༣།༡༠ དུས་བབ་གསར་ཁང་གི་པར།
Mobile App

གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོགས།

༢༠༢༦/༠༣/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese