འདི་ལོའི་ཟླ་ ༥ བའི་ཕྱི་ཚེས་ ༣༠ ཉིན་གྱི་བོད་ནང་གི་ཕྱི་དྲོའི་ཆུ་ཚོད་ ༣ པ་ཡས་མས་སུ། མདོ་སྨད་འཛམ་ཐང་བར་མ་ཡུལ་ཚོའི་གཙང་སྡེ་བའི་རང་ལོ་ ༣༦ ཡིན་པའི་རྒྱལ་གཅེས་དཔའ་མོ་རི་ཀྱོ་ལགས་ཀྱིས། རྔ་པ་ཁུལ་འཛམ་ཐང་རྫོང་ཇོ་ནང་དགོན་ཆེན་གྱི་ཉེ་འཁྲིས་སུ། རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་སྐད་འབོད་བྱས་ཏེ་ས་གནས་དེར་སྐུ་གྲོངས་ཡོད་པ་ལྟར། ཉེ་ཆར་མེར་བསྲེགས་གནས་ཚུལ་བྱུང་རྗེས་རྒྱ་ནག་གཞུང་གིས་ས་གནས་སུ་དམག་མི་འགྲེམས་འཇོག་གིས་དམ་དྲག་དང་། བརྒྱུད་ལམ་ཁག་ལ་སྟངས་འཛིན་བྱས་ཏེ་སྐབས་དེའི་སྐུ་པར་ལག་སོན་བྱུང་མེད་ཀྱང་། དེ་རིང་བོད་ནས་འབྲེལ་ཡོད་མི་སྣ་ཞིག་གིས་ཁོ་མོའི་སྐུ་པར་ཕྱི་ཕྱོགས་སུ་མཁོ་སྤྲོད་བྱས་པ་ལག་སོན་བྱུང་ཡོད།
རྒྱལ་
སྙིང་སྟོབས་ཅན་གྱི་རི་ཀྱོ་ལགས་ཀྱི་སྐུ་པར་ལོན་པ་ཧ་ཅང་དགའ་བོ་བྱུང་།
ཁོང་གི་རྣམ་ཤེས་བདེ་བར་སྨོན།
བདེ་བའི་ལམ་དང་བདེ་བའི་རྟེན་བརྒྱུད་དེ།།
བདེ་ཆེན་ཆོས་སྐུའི་ཞིང་དུ་སྐྱེས་བར་ཤོག།
ཤུལ་ལྷག་ཕ་བུ་བཞི་ལ་སྤུན་ཟླ་མི་རིགས་ཚང་མས་དུས་ནས་དུས་སུ་རོགས་རམས་གནང་ཐུབ་པ་བྱེད་རྒྱུ་དང་། མོའི་བུ་྄ཕྲུག་ཚོ་ལ་སློབ་སྦྱོང་གི་གོ་སྐབས་བཟང་པོ་ཞིག་རག་ཐབས་བྱ་རྒྱུ་དེ་ནི། ང་ཚོས་བྱེད་དགོས་པ་དང་། ང་ཚོས་ཐུབ་ཚོད་དང་འོས་འཚམས་ཀྱི་ལས་ཞིག་་མ་ཡིན་ནམ།
མི་རིགས་ཀྱི་ཆེད་དུ་གཅེས་པའི་ཚེ་སྲོག་ཕུལ་བ་ནི་ངོ་མ་རླབས་ཆེན་རེད་སེམས་གཏིང་ནས་གུས་འདུལ་ཞུ།