མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འབར་མའི་ཁ་ཆེ་བ་དང་ནང་པའི་བར་གྱི་ཟིང་འཁྲུག

བོད་ཀྱི་དུས་བབ།
༢༠༡༢/༠༦/༢༡
Share on FacebookShare on TwitterShare on EmailShare on Whatsapp

འབར་མའི་ཁ་ཆེ་དང་ནང་པའི་བར་ཟིང་འཁྲུག་བྱུང་སྟེ་མི་ ༨༠ ལྷག་དམར་གསོད་དང་། ཁྲི་ཕྲག་མང་པོ་བྷང་ལཱ་ཌེ་ཤི་སོགས་སུ་བྲོས་བྱོལ་དུ་འགྲོ་བཞིན་ཡོད་ཀྱང་། ད་ཆར་བྷང་ལཱ་ཌེ་ཤི་ཡིས་བྲོལ་བ་རྣམས་ས་མཚམས་ནས་ཡོང་མ་བཅུག་པར་ཕྱིར་སློག་བྱེད་ཀྱི་ཡོད་འདུག

དེ་རིང་ཕྱི་ཚེས་ ༢༡ ཉིན་འབར་མའི་གཞུང་འབྲེལ་མི་སྣ་ཞིག་གིས་གསར་ལམ་དུ་བརྗོད་པ་ལྟར་ན། འབར་མའི་ནུབ་ཕྱོགས་རཱ་ཁེན་(Rakhine) མངའ་སྡེའི་ནང་ཟིང་འཁྲུག་བྱུང་སྟེ་ཟླ་འདིའི་ནང་ཡུལ་མི་ ༨༠ ལྷག་རྐྱེན་ལམ་དུ་བཏང་ཡོད་པའི་ཁྲོད་ཀྱི་མི་ ༧༡ ཙམ་ཉེ་བའི་བདུན་ཕྲག་གཅིག་ཙམ་གྱི་ནང་རྐྱེན་ལམ་དུ་བཏང་ཡོད་འདུག་ལ། ད་ལྟ་འབར་མ་གཞུང་གིས་ཟིང་འཁྲུག་བྱུང་ཡུལ་ཁག་ཏུ་ཟིང་འཁྲུག་ཞི་འཇགས་གཏོང་ཕྱིར་ཛ་དྲག་དམག་དཔུང་གི་བཀའ་ཁྱབ་(Emergency Order) བཏང་ཡོད་ཀྱང་། ཟིང་འཁྲུག་གི་གནས་བབ་ཛ་དྲག་ཆེ་རུ་འགྲོ་བཞིན་ཡོད་འདུག

ཟིང་འཁྲུག་གི་ཐོག་མའི་རྒྱུ་རྐྱེན་ནི་ཕྱི་ཟླ་ ༥ ནང་ས་ཁུལ་དེའི་ཁ་ཆེ་བ་གསུམ་གྱིས་ནང་པའི་ན་གཞོན་བུད་མེད་ཅིག་ལ་བཙན་གཡེམ་དམར་གསོད་བྱས་པ་ལས་བྱུང་པ་ཞིག་ཡིན་འདུག ཟླ་འདིའི་ཕྱི་ཚེས་ ༣ ཉིན་ཡུལ་མི་ནང་པ་བ་ཁག་ཅིག་གིས་སྤྱི་སྤྱོད་རླངས་འཁོར་ཞིག་ལ་དྲག་རྒོལ་བྱས་ཏེ་ཁ་ཆེ་བ་མི་ ༡༠ དམར་གསོད་བཏང་རྗེས། རཱ་ཁེན་མངའ་སྡེའི་མཱ་འིང་ཌེཝ་(Maung Daw) གྲོང་ཁྱེར་ནང་གི་ཁ་ཆེ་བ་ཚོས་གཟའ་པ་སངས་ཉིན་གྱི་ཁ་ཆེའི་ཞལ་འདོན་གྲུབ་མཐར་ཁོང་ཚོ་འདུ་འཛོམས་ཐོག ས་གནས་ནང་པ་བ་ཚོའི་སྟེང་དྲག་རྒོལ་དང་ཁང་ཁྱིམ་དག་ལ་གཏོར་བཤིག་མེ་བསྲེགས་བཏང་པ་སོགས་ཀྱིས། རཱ་ཁེན་མངའ་སྡེ་ནང་གི་ཁ་ཆེ་བ་དང་ནང་པའི་བར་འཁྲུག་རྩོད་ཆེ་རུ་ཕྱིན་ཏེ། ཁ་ཆེ་དང་ནང་པའི་བར་ཕན་ཚུན་དགྲ་ཤ་ལེན་རེས་ཀྱི་ཛ་དྲག་ཆེ་བའི་ཟིང་འཁྲུག་ཅིག་གི་ངོ་བོར་གྱུར་ཡོད་འདུག

ཕྱི་ཚེས་ ༡༠ ཉིན་འབར་མའི་སྲིད་འཛིན་ཐེན་སེན་(Thein Sein) གྱིས་རཱ་ཁེན་མངའ་སྡེ་ནང་ཛ་དྲག་དམག་གི་བཀའ་ཁྱབ་བཏང་སྟེ། ཟིང་འཁྲུག་ཞི་འཇགས་གཏོང་དགོས་པའི་བཀའ་བཏང་ཡོད་འདུག ཛ་དྲག་དམག་གི་བཀའ་ཁྱབ་ནི་རྒྱལ་ཁོངས་བདེ་འཇགས་མེད་སྐབས་སྲིད་འཛིན་གྱི་མིང་ཐོག་ནས་དམག་ཤུགས་བཀོད་སྤྱོད་བྱེད་པ་ཞིག་དང་། ཛ་དྲག་དམག་གི་བཀའ་ཁྱབ་བཏང་པའི་དུས་ཡུན་རིང་། བཀའ་ཁྱབ་གཏོང་ཡུལ་ནང་གཞུང་གི་རྩ་ཁྲིམས་དང་ཡུལ་གྱི་སྒྲིག་ཁྲིམས་ལས་དམག་གི་དབང་ཤུགས་ཆེ་བ་ཡིན། བཀའ་ཁྱབ་བཏང་རྗེས་སྲིད་འཛིན་ཐེན་སེན་གྱིས་ “དྲག་སྤྱོད་ཟིང་འཁྲུག་དེ་ནི་འབར་མའི་རྒྱལ་ཁོངས་བདེ་འཇགས་དང་དམངས་གཙོ་བཅོས་སྒྱུར་ལ་འཕྲད་པའི་ཉེན་ཁ་ཆེན་པོ་ཞིག་རེད་”ཅེས་བསྒྲགས་འདུག

རཱ་ཁེན་མངའ་སྡེའི་མང་ཚོགས་ནི་ནང་པ་དང་ཁ་ཆེ་གཉིས་ཀྱིས་གྲུབ་ཡོད་ཅིང་། ཁ་ཆེ་ནི་ཡུལ་དེའི་གྲངས་ཉུང་མི་རིགས་ཆགས་ཡོད་པ་མ་ཟད། རོ་ཧེན་གྷ་ཡཱ་(Rohingya) ཟེར་པའི་ཁ་ཆེ་བ་རྣམས་བྷང་ལཱ་ཌེ་ཤི་ནས་ཡོང་སྟེ་འབར་མའི་ནང་ཁྲིམས་འགལ་ཐོག་གནས་སྡོད་བྱེད་ཀྱིན་པའི་ཕྱི་མིར་རྩི་སྲོལ་ཡོད་འདུག་ལ། ཐེངས་འདིའི་ནང་པ་དང་འཁྲུག་རྩོད་བྱེད་མཁན་ཁ་ཆེ་བ་ཚོ་རོ་ཧེན་གྷ་ཡཱའི་རིགས་ཀྱི་ཁ་ཆེ་བ་ཡིན་འདུག རྒྱལ་ཚོགས་ཀྱིས་འབར་མའི་ནང་གི་རོ་ཧེན་གྷ་ཡཱའི་རིགས་ཀྱི་ཁ་ཆེ་བ་ཚོ་འཛམ་གླིང་ནང་གི་བྲལ་རིམ་དབྱེ་འབྱེད་ཀྱིས་འགྲུལ་བཞིན་དང་ས་ཆའི་བདག་དབང་སློབ་སྦྱོང་། སྤྱི་ཚོགས་ལས་རིགས་སོགས་ཀྱི་ཐད་དྲག་གནོན་ཆེ་ཤོས་ཕོག་མཁན་ཞིག་ཡིན་པར་ངོས་འཛིན་བྱས་ཡོད་པ་རེད་ལ། ཕྱི་ཚེས་ ༡༩ ཉིན་རྒྱལ་ཚོགས་ཟ་འབྲུ་རོགས་སྐྱོར་སྡེ་ཚན་གྱིས་ “འབར་མའི་ཟིང་འཁྲུག་གི་རྐྱེན་པས་བྲོས་བྱོལ་དུ་འགྲོ་མཁན་མི་ ༦༦༠༠༠ ཙམ་ལ་ཟ་འབྲུ་མཁོ་སྤྲོད་བྱེད་ཀྱི་ཡོད་པ་དང་། ད་དུང་བྲོས་བྱོལ་བ་ ༢༥༠༠༠ ཙམ་ལ་ཟ་འབྲུའི་རོགས་སྐྱོར་གྱི་དགོས་མཁོ་ཡོད་འདུག་”ཅེས་བསྒྲགས་འདུག

ཉེ་དུས་ཀྱི་འབར་མའི་ནང་གི་ནང་པ་དང་ཁ་ཆེ་བར་གྱི་ཟིང་འཁྲུག་ཛ་དྲག་ཆེ་རུ་ཕྱིན་སྟབས། ད་ཆར་ཟིང་འཁྲུག་བྱུང་ཡུལ་གྱི་ཁ་ཆེ་བ་ཁྲི་ཕྲག་མང་པོ་བྷང་ལཱ་ཌེ་ཤི་གཙོས་པའི་ཁྱིམ་མཚེས་རྒྱལ་ཁབ་ཁག་གི་ནང་བྲོས་བྱོལ་དུ་འགྲོ་བཞིན་ཡོད་འདུག གནས་ཚུལ་དེའི་ཐད་བྷེ་བྷེ་སེའི་གསར་འགོད་པ་ཇོ་ནཱ་(Jonah Fisher) ཡིས་བརྗོད་པ་ལྟར་ན། ད་ཆར་ཟིང་འཁུག་བྱུང་ཡུལ་ས་གནས་ཡུལ་མི་མང་པོ་འབར་མའི་ས་ཁུལ་གཞན་དང་། དེ་བཞིན་བྷང་ལཱ་ཌེ་ཤི་སོགས་ཀྱི་ནང་བྲོལ་བྱོལ་དུ་འགྲོ་བཞིན་ཡོད་ཀྱང་། བྷང་ལཱ་ཌེ་ཤི་ཕྱོགས་ནས་ད་སྔ་འབར་མ་ནས་བྲོས་བྱོལ་བ་ཧ་ཅང་མང་པོ་བྷང་ལཱ་ཌེ་ཤི་ནང་འབྱོར་ཡོད་སྟབས། དེ་ལས་མང་བ་ཡོང་འཇུག་རྒྱུ་ཁག་པོ་ཡིན་པར་བརྗོད་དེ། ད་ཆར་སྐམ་ས་དང་མཚོ་ལམ་བརྒྱུད་འབར་མ་ནས་བྲོས་བྱོལ་དུ་ཡོང་མཁན་སྟོང་ཕྲག་མང་པོ་ས་མཚམས་ནས་ཡོང་མ་བཅུག་པར་ཕྱིར་སློག་བྱེད་ཀྱི་ཡོད་པར་བརྗོད་འདུག

མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བྷང་ལཱ་ཌེ་ཤི་ཡིས་ཉེན་ཁའི་གནས་ལས་བྲོས་བྱོལ་དུ་ཡོང་མཁན་ཚོ་ས་མཚམས་ནས་ཡོང་མ་བཅུག་པར་ཕྱིར་སློག་བྱེད་པ་དེ་ནི་རྒྱལ་སྤྱིའི་ཁྲིམས་ལུགས་དང་འགལ་ཡོད་པའི་སྐྱོན་བརྗོད་བྱས་ཡོད་པ་རེད།

བཙན་གཡེམ་དམར་གསོད་གཏོང་མཁན་ཁ་ཆེ་བ་གསུམ་པོ་ཉེན་རྟོག་པས་འཛིན་བཟུང་བྱས་རྗེས་མི་གཅིག་བཀག་ཉར་ཁང་ནས་ཤི་ཡོད་འདུག་ལ། གཞན་གཉིས་ལ་ཟླ་འདིའི་ཚེས་ ༡༨ ཉིན་ཚེ་བཙོན་གྱི་ཁྲིམས་ཐག་བཅད་ཡོད་འདུག

གསར་འགོད་པ། བནྡེ་སྐྱབས།

 

འབྲེལ་ཡོད་གསར་འགྱུར།

པར། བདག་དབང་། བོད་ཀྱི་དཔེ་མཛོད་ཁང་།
Mobile App

གསར་འགྱུར་མེ་ལོང་ལོ་ ༡༠༠ འཁོར་བའི་རྗེས་དྲན།

༢༠༢༥/༡༠/༡༡
FILE - Venezuelan opposition leader Maria Corina Machado gestures at a protest ahead of the Friday inauguration of President Nicolas Maduro for his third term, in Caracas, Venezuela January 9, 2025. [File photo: Reuters/Maxwell Briceno]
Mobile App

༢༠༢༥ ལོའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ལྕམ་མཱ་རི་ཡ་ཁོ་རི་ནཱ་མཱ་ཆཱ་ཌོ་ལགས་སུ་ཐོབ།

༢༠༢༥/༡༠/༡༠
བོད་རིགས་དཔོན་པོ་བསྟན་འཛིན་དང་རྒྱ་ནག་གཞུང་གི་ཆོས་ལུགས་ལས་དོན་བཀག་སྡོམ་གྱི་བཅའ་ཁྲིམས། པར་དུས་བབ་ཀྱིས་བསྒྲིགས།
Mobile App

ཆོས་ལུགས་ལ་དད་མོས་བྱས་པའི་ཉེས་མིང་འོག་བོད་རིགས་དཔོན་པོ་ཞིག་གནས་དབྱུང་བཏང་།

༢༠༢༥/༡༠/༡༠
Hungary's Laszlo Krasznahorkai poses for photographers in London [File: Matt Dunham/AP]
Mobile App

འདི་ལོའི་ནོ་སྦེལ་རྩོམ་རིག་གཟེངས་རྟགས་དེ་ཧང་གྷ་རིའི་རྩོམ་པ་པོ་ལཱ་སི་ལོ་ཀ་རཱ་སི་ཛ་ན་ཧོར་ཁའེ་ཐོབ། 

༢༠༢༥/༡༠/༡༠
From left, Susumu Kitagawa, Richard Robson and Omar Yaghi, winners of the Nobel Prize in Chemistry, announced at the Nobel Assembly of the Karolinska Institutet, in Stockholm, Sweden, on October 8, 2025
Mobile App

ནོ་སྦེལ་རྫས་འགྱུར་རིག་པའི་གཟེངས་རྟགས་ཡོངས་བསྒྲགས་གནང་།

༢༠༢༥/༡༠/༠༩
The 7th Young Indian Scholars’ Conference on Tibetan Studies Commences in Dharamshala Organises by Tibet Policy Institute (TPI). PC : CTA
Mobile App

རྒྱ་གར་ན་གཞོན་བོད་རིག་པ་ཉམས་ཞིབ་པའི་ཚོགས་འདུ་ཐེངས་བདུན་པ་མཇུག་བསྡུས།

༢༠༢༥/༡༠/༠༩

མཆན། 6

  1. ལུང་རྟོགས། says:
    ལོ་ 13 སྔོན།

    ཁ་ཆེ་འདི་ཚོའི་ཧམ་ཤད་ལ་ཚོད་ཅིག་མི་འདུག

    Reply
  2. ཤེལ་དཀར་བློ་བཟང་། says:
    ལོ་ 13 སྔོན།

    ཆོས་ཀྱི་གནས་ལུགས་ཡག་པོ་མ་ཤེས་ན། ཆོས་དུག་ཏུ་འགྱུར་ཟེར་བ་བདེན་པ་རེད། ད་གཟབ་གཟབ་བྱས་ན་མ་གཏོགས་མི་ཁ་ཤས་ལ་ལག་ཆ་བེད་སྤྱོད་བྱེད་རྒྱུའི་གོ་སྐབས་རག་པ་རེད།།

    Reply
  3. ཤེལ་དཀར་བློ་བཟང་། says:
    ལོ་ 13 སྔོན།

    ཆོས་དུག་ཏུ་འགྱུར་བ་རེད། ཡག་རྟགས་མ་བྱུང་།

    Reply
  4. མངའ་རིས་བུ། says:
    ལོ་ 13 སྔོན།

    ་མ་བཟང་ཐལ།
    ད་ཁ་ནང་གཉིས་ཀྱི་ལོ་རྒྱུས་ཀྱི་རྩོད་སྙོག་གི་དབུ་འཁྱུད་བརྩམས་སོང།
    ཆོས་ལུགས་ཀྱི་ནད་གཞི་འདི་རིགས་ནི་དེང་དུས་གྲགས་པའི་བཅོས་ཐབས་མེད་པའི་ཨེཌ་ནད་གཞི་དང་གཅིག་པ་རེད།
    འདི་ཚོའི་རིགས་ལ་གཟབ་གཟབ་མ་བྱས་ན་ཉིན་གཅིག་འུབ་མི་འདུས་པའི་ཉེན་ཁ་ཡོད་རེད་པ།

    Reply
  5. འབྲོང་བུ་སོག་ཚ། says:
    ལོ་ 13 སྔོན།

    འབར་མའི་ནང་ཁ་ཆེ་བ་ཚོ་ད་ལྟ་མེ་ཆུང་དུས་མ་བསད་ན། རྗེས་མ་མེ་ཇེ་ཆེར་སོང་ཚེ་བོད་ནང་བཞིན་ཁ་ཆེ་བ་ཚོས་ཁྱབ་སོང་ན་འབར་མ་དེ་ཕང་པ་ལ་ཨང་། བོད་ལ་ཁ་ཆེ་དེ་དགའ་ལྡན་ཕོ་བྲང་གི་གཞུང་འཛིན་སྐབས་བྱུང་ཡོད་པའི་སྐོར་ཞིག་གོ་ཐོས་བྱུང་། གང་ཡིན་ཡང་ད་ལྟའི་འབར་མའི་གཞུང་དེ་ཡི་ལས་ཀ་ཡག་པོ་ཞིག་བྱེད་རྒྱུ་དེ་གལ་ཆེན་པོ་རེད་ད།

    Reply
  6. བསོད་ནམས་རྒྱ་མཚོ། says:
    ལོ་ 13 སྔོན།

    འོ། མ་བཟང་ཐལ། ལྟས་ངན་ཤོས་དེ་ནང་འཁྲུག་ཤོར་བ་དེ་རེད། འབར་མས་དམངས་གཙོ་གྱི་མདུན་སྐྱོད་ཀྱི་གོམ་པ་སྤོ་བཞིན་པའི་སྐབས་འདིར། འབར་མའི་མཚན་སྙན་གང་སར་ཁྱབ་བཞིན་འདུག  ཞབས་འདྲེན་མ་ཞུ་མཐུན་སྒྲིག་བྱེད་ན་བཟང་། རེད་རེད་ཆོས་ལུགས་ཤོག་ཞེན་གྱི་རྨོངས་གཉིད་ལས་ལོ་ཤས་གྲོལ་གྱི་མ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese