དེ་རིང་ཉིན་གུང་བཞུཊ་སྒར་ངྷ་སར་ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་དབུ་བརྙེས་ཏེ། མི་ལོ་ཧྲིལ་པོ་ ༢༠ འཁོར་བའི་དུས་དྲན་སྲུང་གཙི་གནང་སོང་།
དེ་རིང་ཕྱི་ཚེས་ ༢༨ ཉིན་གྱི་ཉིན་གུང་ཆུ་ཚོད་ ༡༢ སྟེང་བཞུཊ་སྒར་ངྷ་ས་མེག་གྷན་དུ། ༼ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་༽ དབུ་བརྙེས་ཏེ་མི་ལོ་ཧྲིལ་པོ་ ༢༠ འཁོར་བའི་མཛད་སྒོ་ཞིག་ཚོགས་ཡོད་ཅིང་། མཛད་སྒོའི་སྐུ་མགྲོན་དུ་ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་གི་འགན་འཛིན་ཟུར་པ་རྩོམ་པ་པོ་འཇམ་དབྱངས་ནོར་བུ་ལཊ་དང་། འགན་འཛིན་ཟུར་པ་བོད་རང་བཙན་འཐབ་རྩོད་པ་ལྷ་བཟང་ཚེ་རིང་རྣམ་གཉིས་གཙོས། བོད་མི་མང་སྤྱི་འཐུས་རྒྱུན་ལས་ཁག་ཅིག་དང་བོད་ཀྱི་དཔེ་མཛོད་འགན་འཛིན་དགེ་བཤེས་ལྷག་རྡོར་ལཊ། དེ་བཞིན་ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་གི་གྲོགས་པོ་རྙིང་པ་སྐོར་ཞིག་འདུ་འཛོམས་བྱུང་འདུག
མཛད་སྒོའི་ཐོག་མར་ཨ་མྱེས་རྨ་ཆེན་རིག་གཞུང་ཞིབ་འཇུག་ཁང་གི་འགན་འཛིན་བཀྲ་ཤིས་ཚེ་རིང་ལགས་ཀྱིས་མཛད་སྒོའི་ལས་སྡོམ་ངོ་སྤྲོད་དང་སྦྲགས། འདས་པའི་མི་ལོ་ཉི་ཤུའི་རིང་ཁོང་རང་ཉིད་ལ་ལྷག་བསམ་དང་སྙིང་སྟོབས་སེམས་ཤུགས་བཅས་ཡོད་ནའང་། ལས་ཀའི་ཉམས་མྱོང་མེད་པ་དང་རྒྱུ་དཔལ་འབྱོར་མེད་པ། མཐོ་རིམ་དཔོན་རིགས་ཚོར་འབྲེལ་བ་བྱེད་མ་ཤེས་པའི་སྟབས་ཀྱིས།ད་བར་ལས་ཀ་འདི་བྱས་པ་ཡིན་ཞེས་ངོམས་སོ་བྱ་རྒྱུ་གང་ཡང་མེད་ཀྱང་། ད་བར་ཞིབ་འཇུག་ཁང་འདིས་བོད་ཀྱི་ལོ་རྒྱུས་སྐོར་གྱི་དཔེ་དེབ་ ༢༣ ཙམ་པར་སྐྲུན་ཞུས་ཡོད་པ་མ་ཟད། དཔེ་དེབ་ ༤ མི་འགྱངས་བར་པར་སྐྲུན་བྱ་རྒྱུ་ཡིན་སྐོར་བརྗོད་སོང་།
མཛད་སྒོའི་ཐོག་རྩོམ་པ་པོ་འཇམ་དབྱངས་ནོར་བུ་ལཊ་དང་རང་བཙན་འཐབ་རྩོད་པ་ལྷ་བཟང་ཚེ་རིང་། ངྷ་སར་གནས་སྡོད་བོད་ཀྱི་གྲོགས་པོ་ཨ་རི་བ་སྐུ་ཞབས་ཕེ་ཊིར་བྷི་རོན་ (Peter Brown) བཅས་ཀྱིས། ༡༩༥༨ ལོར་པར་སྐྲུན་ཞུས་པའི་༼བོད་ལྗོངས་བསྟན་དམག་གི་རྩ་ཁྲིམས་༽ཞེས་པའི་དཔེ་དེབ་བསྐྱར་དུ་པར་སྐྲུན་འགྲེམས་སྤེལ་དང་། བཀའ་ཟུར་ཙོང་ཁ་ལྷ་མོ་ཚེ་རིང་ལགས་ཀྱིས་བརྩམས་པའི་༼བཙན་རྒོལ་རྒྱལ་སྐྱོབ་དེབ་ཕྲེང་གསུམ་པ༽། ༼བཀའ་གཙུགས་དང་རྡོ་རིང་ཡི་གེ༽ཞེས་པའི་དཔེ་དེབ་བཅས་དབུ་འབྱེད་གནང་བ་མ་ཟད། སྐབས་དེར། ༡༩༦༠ ལོ་ནས་ ༡༩༧༤ ལོའི་བར་བོད་མི་ཚོ་གློ་དམག་སྒར་ནང་འཛུལ་ཞུགས་ཀྱིས་བཙན་རྒོལ་རྒྱལ་སྐྱོབ་ལས་འགུལ་ནང་ཞུགས་པའི་པར་རིས་ཁག་ཅིག་ཀྱང་འགྲེམས་སྟོན་གནང་སོང་།
མཇུག་ཏུ་རྩོམ་པ་པོ་འཇམ་དབྱངས་ནོར་བུ་ལགས་དང་ལྷ་བཟང་ཚེ་རིང་། དེ་བཞིན་ཨ་རི་བ་ཕེ་ཊིར་བྷི་རོན་བཅས་ཀྱིས། ལོ་རྒྱུས་ཉམས་ཞིབ་པ་བཀྲ་ཤིས་ཚེ་རིང་ལགས་ནི་བོད་ཕྱི་ནང་གཉིས་སུ་ངེས་པ་དོན་གྱི་མཁས་པ་ཞིག་ཡིན་ཚུལ་དང་། བོད་ཀྱི་ལོ་རྒྱུས་ཞིབ་འཇུག་ཐོག་མུ་མཐུད་འབད་བརྩོན་གནང་དགོས་པའི་འབོད་སྐུལ་བཅས་གནང་སོང་།
གསར་འགོད་པ། དཔལ་ལྡན།
ལོ་ངོ་ཇི་ཙམ་རིང་དེབ་ཇི་ཙམ་མང་པོ་བཏོན་ཐུབ་དང་མ་ཐུབ་ཀྱི་ཁྱད་པར་མེད། ལོ་ངོ་ ༢༠ ནང་དེབ་ཤོག་བུ་ ༡༠༠ ཡོད་པའི་ཚད་ལྡན་གཅིག་བཏོན་ཐུབ་ནའང་དེ་ནི་བོད་མི་རིགས་ཀྱི་གཟི་བརྗིད་དང་འབྱུང་འགྱུར་གྱི་ཤེས་རབ་ཀྱི་རལ་གྲི་རྣོན་པོ་ཞི་ཆགས་ཡོད།
གང་ལྟར་བོད་ཀྱི་རིག་གཞུང་ཐོག་ནུས་ཤུགས་བཏོན་ནས་དཔེ་དེབ་གང་ཙམ་བཏོན་ཐུབ་པར་སྙིང་དབུས་ནས་ཡི་རངས་དང་བསྔགས་བརྗོད་བྱེད་པར་མཐོང་།
བོད་ཀྱི་རིག་གཞུང་དང་། སྐད་ཡིག ཆོས་ལུགས། ཤེས་བྱ། ལོ་རྒྱུས་སོགས་གང་སར་བྱས་རྗེས་ཅུང་ཟད་ལས་འཇོག་མ་ཐུབ་ནའང་དེ་ཡང་གཟི་བརྗིད་ཅིག་རེད།
མཁས་པ་ཡིན་མིན་མི་ཤེས་མོད། གཞུང་གི་དངུལ་གྱིས་བཙུགས། ལོ་རེར་ཟུར་བཅད་པེད་ཤག་གནང། ད་དུང་གཞུང་གི་ཡིག་ཆ་གལ་ཆེན་ཀྱང་གཡར་པ་བཅས་བྱས་མཐར། མཐའ་མ་དེར་བཀྲ་ཤིས་ཚེ་རིང་ཕྱི་སྡོད་རྒྱ་མི་ཆགས་པ་དེ་རེད། མཁས་པ་ཆགས་ཀི་ཆགས་ཀི ཕྱོགས་རིས་ཇེ་ཆེ་ཇེ་ཆེ། གཞུང་དང་མི་མང་ལ་ཕན་ཅི་གང་མི་ཐོག་པ་འདི་ཚོ་ག་རེ་ཡིན་ན། དེབ་དེ་རྣམས་ཨ་མྱེས་རྨ་ཆེན་ལས་ཁུངས་ནས་ཐེ་བྱུས་བྱས་པ་ཙམ་གཏོགས། མང་ཆེ་བ་རང་རང་ས་ན་་སྒྲོམ་གཞི་བཏིང་ཚར་བ་རྐྱང་རེད། དཔེར་ན་ཙོང་ཁ་ལྷ་མོ་ཚེ་རིང་གི་དེབ་དེ་རྣམས་རེད། ད་བཤད་ནས་ཅི་ཕན། དེང་སང་བོད་ཀྱི་མཁས་པ་ཚོ་རྒྱ་དགའ་བོད་དགའ་གཉིས་ཀ་ཆགས། སྐྱབས་བཅོལ་ཀྱང་བརླག་འགྲོ་ཡི་འདུག་པས། དགོས་པ་ཅང་མཐོང་མ་སོང། མཁར་རྨེའུ་བསམ་གཏན་ཡང་དེ་རེད། པད་མ་འབུམ་ཡང་རྒྱ་ནག་ལ་ཐེངས་གཅིག་ཕྱིན་པ་རེད་ཟེར། ད་ག་རེ་བྱེད་ག བོད་པའི་ལྷ་སྲུང་དགའ་བོ་ཨ་མྱེ་རྨ་ཆེན་གྱི་མིང་དེ་མ་སྤྱད་ཡག་ག ཨ་མྱེས་རྨ་ཆེན་ཟེར་བ་ལས། དབྱིན་ཇི་བུ་མོ་སྐྲ་རིང་ཞིབ་འཇུག་ཁང་ཟེར་ན་ཡག་ས་རེད།
ང་ཚོས་རྒྱ་མིས་ལོ་རྒྱུས་ལ་འཁྱོགས་བརྗོད་དང་ལོ་རྒྱུས་ནག་གསུབ་བྱེད་ཀྱིན་འདུག་ཟེར་གྱིན་ཟེར་གྱིན་ལ། ང་ཚོ་རངགི་ལོ་རྒྱུས་ལ་མཁས་པ་ཡིན་ཟེར་མཁན་འགའ་ཤས་ཀྱིས་ལོ་རྒྱུས་ལ་འཁྱོགས་བརྗོད་བྱེད་པ་འདི་དངོས་གནས་བློ་ཕན་པ་ཞིག་རེད། བཙན་རྒོལ་རྒྱལ་སྐྱོར་གྱི་དེབ་ཕྲེང་ཁ་ཤས་ནང་བལྟས་ན་གསལ།
མཁས་དབང་བཀྲིས་ཚེ་རིང་དང་འཇམ་དབྱངས་ནོར་བུ། ལྷག་བསམ་ཚེ་རིང་ཁྱེད་རང་གསུམ་ནི་བོད་ཀྱི་མ་འོངས་དངོས་གཟིགས་ཀྱི་སྐྱེས་ཆེ་གསུམ་ཡིན་པ་དེ་རིང་བར་བོད་རིགས་མང་ཚོགས་ཀྱི་མ་མཐོང་བ་རེད་། དེ་ནི་རྒྱ་ནག་ལ་བསྟུན་མཁས་ཀྱི་སྲིད་ཇུས་སམ་ཨ་རི་ལ་སྐྱབས་བཅོལ་བའི་དཔུང་པ་དེའི་ཁ་ཤུགས་ལས་གསལ་པོ་ཉིན་རེ་ནས་ཉིན་རེ་དེ་རིང་ནས་རྩིས་ན་བོད་ནང་བོད་རིགས་དཔའ་བོ་ག་ཚོད་གཅིག་གི་སྐུ་ལུས་མཆོག་འབུལ་སོང་དེའི་ཤེས་ངེས་རེད་།
ཆབ་བྲག་ལགས། ཁྱེད་རང་གིས་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་གཙོ་བྱས་ནས་བུ་ག་ཚོད་སྐྱེས་སོང་ངམ། གང་ལྟར་ཡང་ཨ་མྱེས་རྨ་ཆེན་ཚོགས་མི་རྣམས་བསམ་བློ་དང་། ཤེས་ཡོན། ལྷག་བསམ་ཡོད་མཁན་ཤ་སྟག་ཡིན་ཙང་རང་ཚུགས་བརྟན་པོར་བཟུང་ནས་ད་བར་གནས་པ་རེད་ལ་མ་འོངས་པར་ཡང་གནས་ངེས་རེད། འོན་ཀྱང་བོད་ཀྱི་རྩོམ་པོ་པོའི་མཐུན་ཚོགས་ག་ཚོད་གནས་མིན་ངས་མི་ཤེས། གང་ཡིན་ཟེར་ན་དེའི་ནང་གི་ཚོགས་མི་རྣམས་ཀྱི་གནས་ཚད་དང་ལྷག་བསམ། བསམ་བློ་སོགས་ཕྱོགས་མང་པོ་ཞིག་ལ་མི་འདང་བའི་ཆ་ཤ་སྟག་རེད། དེ་ནས་ཚིག་བཅད་རེ་ཟུང་བྲིས་པ་ཙམ་གྱིས་རྩོམ་པོ་པོའི་མིང་ཁྱེར་མཁན་ལ་མཐུན་ཚོགས་དེས་གོ་སྐབས་སྤྲད་དེ་ཕྱི་གླིང་དུ་གནས་སྡོད་བྱས་པའི་གནས་ཚུལ་འང་མཐོན་པ་རེད། དེ་དག་ནི་ངོ་མ་ངོ་ཚ་དགོས་པ་ཞིག་མ་རེད་དམ། ཆབ་བྲག་ལགས།
ཧ་ཧ། ཨ་མྱེ་རྨ་ཆེན་གྱིས་དེབ་༢༣ པར་སྐྲུན་བྱས་འདུག ཡུལ་སྐྱོང་ཆེན་པོ་ཁོང་ལ་སྐུ་ངལ་བྱུང་ཡོད་འགྲོ།
ཉེ་རབས་བཙན་བྱོལ་བོད་ཀྱི་ལོ་རྒྱུས་ནང་ཁོང་ཚོ་ལྟ་བུའི་བྱས་རྗེས་དང་རང་ཚུགས།བློ་སྟོབས་གསལ་བའི་དཔུང་ཁག་ཅིག་མཐོང་རྒྱུ་ཧ་ལམ་མེད་ཚོད་རེད། ཁོང་ཚོར་མི་ཁ་དང་འཕྱ་དམོད།ཐ་ན་ནེས་རྡུང་སོགས་ཀྱིས་ཅི་འདྲའི་བཙིར་ཡང་ད་ལྟ་མི་རེ་རེ་ཁྱད་ཆོས་གསལ་བོ་ངང་མི་ཡུལ་ལ་གདོང་སྟོན་ཐུབ་པར་བཞུགས་ཡོད། རིག་གཞུང་ལས་ཁང་འདིའི་དེབ་ཕྲེང་རེ་རེར་ཁྱད་ཆོས་དང་དགེ་མཚན་བླ་ལྷག་གིས་ཕྱུག་ནས་ཡོད།
ཆབ་བྲག་གི་ཁྱི་རྔ་འདོགས་འོས་པའི་དེབ་རྫོབ་ཡི་གེ་གད་སྙིགས་དེ་དག་ལས། ཁོ་ཚོ་ངོ་མ་རིན་ཐང་ཆེ་ཨང་།
ཞིབ་འཇུག་ཁང་འདི་ཐོག་མར་གསར་འཛུགས་གནང་མཁན་རྣམ་པའི་དཔུང་གདང་མ་འཐོར་བར་དམིགས་དོན་ལ་སྙེག་ཐུབ་ཡོད་ཚེ་ལོ་ངོ་ཉི་ཤུའི་དེ་རིང་གི་མཛད་སྒོ་འདིར་ཨ་མྱེ་རྨ་ཆེན་དངོས་སུ་ཕེབས་ནས་རྟེན་འབྲེལ་ཞུ་སྲིད་པ་ཞིག་ཡིན་མོད་དེ་མ་བྱུང། ད་གང་ལྟར་མི་གཅིག་ལ་བརྟེན་ནས་གསོན་ཐུབ་པ་འདི་ཡང་ལས་སླ་བོ་ཞིག་ག་ལ་ཡིན། མི་ལོ་ཉི་ཤུ་དེབ་ཕྲེང་ཉེར་གསུམ། ལོ་རེར་བུ་རེར་འཁྲུངས་འདུག་པས། རྟེན་འབྲེལ་ཞུ།